མེན་ཀྲུའུ།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-05-28 15:21ལ་འགྲུབ།

མེན་ཀྲུའུ།

མེན་ཀྲུའུ།
མེན་ཀྲུའུ་ནི་སི་ཁྲོན་ཞིང་ཆེན་ཁོངས་ཀྱི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན་པ་དང་། ཏེ་དབྱང་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱེད་བཞིན་ཡོད་པ་རེད། གྲོང་ཁྱེར་དེ་ནི་སི་ཁྲོན་གཤོངས་སའི་ནུབ་བྱང་རྒྱུད་དུ་གནས་པ་དང་། རྒྱབ་རི་ལུང་མོན་རི་རྒྱུད་ལ་བསྟེན་ཡོད། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1245ཡོད་པ། དེའི་ཁོངས་སུ་ཁྲོམ་གཞུང2དང་གྲོང་རྡལ10ཡོད། སྤྱི་ལོ2017ལོར་སྤྱིའི་མི་གྲངས་ཁྲི50.1ཡོད། གྲོང་ཁྱེར་གྱི་ཤར་ལྷོའི་མཚམས་སུ་ཏེ་དབྱང་གྲོང་ཁྱེར་གྱི་ཧུའེ་དབྱང་ཆུས་སུ་ཡོད་པ་དང་། བྱང་ཤར་ཕྱོགས་སུ་མེན་དབྱང་གྲོང་ཁྱེར་ཨན་ཀྲོའུ་ཆུས་ལ་ས་མཚམས་འབྲེལ་ཡོད། ལྷོ་ནུབ་ཏུ་ཧྲི་ཧྥང་གྲོང་ཁྱེར་དང་ཁ་སྤྲོད་དུ་གནས་པ་དང་། ནུབ་བྱང་དུ་རྔ་བ་ཁུལ་མའོ་རྫོང་དང་འབྲེལ་ཡོད་ཅིང་། དེ་ནི་རྒྱལ་ཡོངས་ཀྱི་འཕེལ་རྒྱས་སྒྱུར་བཅོས་ཚོད་ལྟའི་གྲོང་ཁྱེར་དང་། “ལོ་ལྔ་ཚན་པ་བཅུ་གསུམ་པའི”འཆར་མང་གཅིག་སྒྲིལ་གྱི་ཚོད་ལྟའི་གྲོང་ཁྱེར། ཐོན་ཁུངས་སྨིན་ཅན་གྱི་གྲོང་ཁྱེར། སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་དཔེ་སྟོན་རྫོང་། སི་ཁྲོན་ཞིང་ཆེན་གྱི་ཁོར་ཡུག་མཛེས་སྡུག་ལྡན་པའི་དཔེ་སྟོན་གྲོང་ཁྱེར། བཟོ་ལས་སྟོབས་ཆེའི་རྫོང་གི་དཔེ་སྟོན་རྫོང(གྲོང་ཁྱེར)། གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་གཙོ་གནད་རྫོང་བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་། སྤྱི་ལོ2017ལོར་གྲོང་ཁྱེར་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར260.7ལ་སླེབས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་སྒོར32437དང་སྒོར16855ལ་སླེབས་ཡོད། སྤྱི་ལོ2019ལོའི་ཟླ1པའི་ཚེས9ཉིན་ལོ་རེའི་རི་མོ་དེ་སྤྱི་ལོ2018ལོ་ནས་སྤྱི་ལོ2020ལོའི་ལོ་འཁོར་གྱི“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ”གྱི་མིང་ཐོའི་ནང་ཚུད་ཡོད། སྤྱི་ལོ2019ལོའི་ཀྲུང་གོའི་ནུབ་རྒྱུད་ཕུལ་བྱུང་ཅན་གྱི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་སུ་ཚུད་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
མེན་ཀྲུའུ།
རྒྱ་ཡིག་གི་མིང་།
Mianzhu City
ཕྱི་ཡིག་གི་མིང་།
绵竹
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེན་ཏེ་དབྱང་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་གཞུང2 གྲོང་རྡལ10
སྲིད་གཞུང་སྡོད་གནས།
ཅན་ནན་ཁྲོམ་གཞུང་།
ས་ཁོངས་ཁ་པར་ཨང་རྟགས།
0838
སྦྲག་སྲིད་ཚབ་ཨང་།
618200
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1245.3
མི་གྲངས།
ཁྲི50.1
ནམ་ཟླ།
ཚ་ཁུལ་ཕལ་བའི་བརླན་བཤེར་ཅན་གྱི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
川F
སྲིད་འཛིན་ཚབ་ཨང་།
510683
GDP
དམངས་སྒོར་དུང་ཕྱུར260.7
མེ་འཁོར་འབབ་ཚིགས།
མེན་ཀྲུའུ་མེ་འཁོར་འབབ་ཚིགས། མེན་ཀྲུའུ་ལྷོ་ཚིགས།
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1949ལོའི་ཟླ12པའི་ཚེས25ཉིན། མེན་ཀྲུའུ་ཞི་བས་བཅིངས་འགྲོལ་བཏང་། བཅིངས་འགྲོལ་བཏང་རྗེས་སི་ཁྲོན་ནུབ་རྒྱུད་སྲིད་འཛིན་ཁུལ་གྱི་མེན་དབྱང་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་རུ་གཏོགས།

སྤྱི་ལོ1981ལོར་སི་ཁྲོན་ཞིང་ཆེན་མེན་དབྱང་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་རུ་གཏོགས།

སྤྱི་ལོ1983ལོའི་ཟླ4པའི་ཚེས1ཉིན། སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཁྱིམ་མཚེས་ཏེ་དབྱང་རྫོང་གི་ས་ཁུལ་རིམ་པའི་ཏེ་དབྱང་གྲོང་ཁྱེར་འཛུགས་གྲབས་བྱེད་པའི་སྐོར་གྱི་སྙན་ཞུར་འཐད་པ་བྱུང་བར་མ་ཟད། མེན་ཀྲུའུ་རྫོང་ལ་ཏེ་དབྱང་གྲོང་ཁྱེར་འཛུགས་པའི་གྲ་སྒྲིག་ཚོ་ཆུང་ལ་ཞུགས་དགོས་པའི་བརྡ་བརྒྱབ། ཟླ6པའི་ཚེས14ཉིན། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་དངོས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་ཞུ་ཕུལ།

སྤྱི་ལོ1983ལོའི་ཟླ8པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཆན་བཀོད་བཀའ་ལན〔རྒྱལ་ཁབ་ཀྱི་ཡི་གེ་ཨང156པ〕ཡིག་ཆའི་ནང་དུ། ས་ཁུལ་རིམ་པའི་ཏེ་དབྱང་གྲོང་ཁྱེར་བཙུགས་པ་དང་། མེན་ཀྲུའུ་རྫོང་ནི་མེན་དབྱང་ས་ཁུལ་ནས་ཏེ་དབྱང་གྲོང་ཁྱེར་དུ་བསྒྱུར།

སྤྱི་ལོ1996ལོའི་ཟླ10པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། མེན་ཀྲུའུ་རྫོང་མེད་པར་བཟོས་ཏེ་མེན་ཀྲུའུ་གྲོང་ཁྱེར་བཙུགས།

སྤྱི་ལོ2010ལོའི་ཟླ5པའི་ཚེས10ཉིན་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སི་ཁྲོན་མེན་ཀྲུའུ་དཔལ་འབྱོར་གསར་སྤེལ་ཁུལ་འཛུགས་རྒྱུར་ཆོག་མཆན་སྤྲད་པ་དང་འཆར་འགོད་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ22ལ་སླེབས་ཡོད།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2019ལོ་བར་མེན་ཀྲུའུ་གྲོང་ཁྱེར་ཁོངས་སུ་ཁྲོམ་གཞུང2(ཅན་ནན་ཁྲོམ་གཞུང་། ཙི་ཡན་ཁྲོམ་གཞུང)དང་གྲོང་རྡལ10(ཅིའུ་ལུང་གྲོང་རྡལ། ཧན་དབང་གྲོང་རྡལ། ལུའུ་ཐང་གྲོང་རྡལ། ཀོང་ཅི་གྲོང་རྡལ། ཡུས་ཆོན་གྲོང་རྡལ། ཤིན་ཧྲི་གྲོང་རྡལ། ཧྥུའུ་ཤིན་གྲོང་རྡལ། ཧྲི་ཏི་གྲོང་རྡལ། ཆིང་ཕིང་གྲོང་རྡལ)ཡོད་པ་དང་། གྲོང་མིའི་ཚོགས་ཆུང1915ཡོད། གྲོང་ཁྱེར་སྲིད་གཞུང་ནི་ཧུའེ་ལན་གི་ལམ་ཆེན་གྱི་དུམ་བུའི་ཨང་རྟགས393-395པར་བཅའ་སྡོད་བྱས་ཡོད་པ་རེད།

3 མི་གྲངས་གནས་ཚུལ།

སྤྱི་ལོ2018ལོར་མེན་ཀྲུའུ་ནས་ཡིན་པའི་མི་གྲངས499535ཡོད་པའི་ནང་སྐྱེས་པའི་མི་གྲངས248278དང་བུད་མེད་མི་གྲངས་ཁྲི251257ཡོད་པ་དང་ཕོ་མོའི་བསྡུར་ཚད1:1.012ཡིན་པ་རེད། ལོ་དེར་སྐྱེས་པའི་མི་གྲངས3694ཡོད་པ་དང་། ཤི་བའི་མི་གྲངས3227ཡོད། ལོ་མཇུག་ཏུ་དུད་ཚང254508ཡོད། རང་རེའི་གྲོང་ཁྱེར་གྱི་ལོ་མཇུག་ཏུ་རྒྱུན་སྡོད་མི་གྲངས་ཁྲི46.02ལ་སླེབས་པ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད50.88%ལ་སླེབས་ནས་ལོ་གོང་མ་ལས1.36%འཕར་ཡོད།

4 དཔལ་འབྱོར་རགས་བཤད།

སྤྱི་ལོ2018ལོར་མེན་ཀྲུའུ་གྲོང་ཁྱེར་གྱིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར291.8ལ་སླེབས་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས8.5%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར31.1ལ་སླེབས་ནས3.8%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར150.5ལ་སླེབས་ནས8.5%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར110.1ལ་སླེབས་ནས10.0%འཕར་ཡོད། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་བསྡུར་ཚད་ནི10.7:51.6:37.7ཡིན། རྒྱུན་སྡོད་མི་གྲངས་ལྟར་བརྩིས་པའི་མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར63593ཡིན་པ་དེ་ལོ་གོང་མ་ལས8.1%འཕར་ཡོད། སྤྱི་ལོ2018ལོའི་ཟླ12པའི་ཚེས31ཉིན་གྱི་དངུལ་བརྗེས་འཛའ་ཐང་ལྟར་བརྩིས་ན་མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཨ་སྒོར9249ལ་སླེབས་པ་རེད།

སྤྱི་ལོ2018ལོར་མེན་ཀྲུའུ་གྲོང་ཁྱེར་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར63.6ལ་སླེབས་པ་དེ་དུས་མཚུངས་ལས20.7%འཕར་ཡོད། ས་གནས་ནོར་སྲིད་ཀྱི་ཡོང་འབབ་སྒོར་དུང་ཕྱུར26.5བྱུང་བ་དེ་དུས་མཚུངས་ལས23.9%འཕར་བའི་ནང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར19.0ལ་སླེབས་པ་དེ་དུས་མཚུངས་ལས17.4%འཕར་བ་དང་། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར7.5ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས44.0%འཕར། གཞུང་ཁོངས་མ་རྩའི་གཉེར་སྐྱོང་སྔོན་རྩིས་ཡོང་འབབ་སྒོར་ཁྲི44ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས10.0%འཕར་ཡོད། ནོར་སྲིད་ཀྱི་སྤྱིའི་གཏོང་སྒོ་སྒོར་དུང་ཕྱུར40.8ལ་སླེབས་པ་དེ་དུས་མཚུངས་ལས23.1%འཕར་བའི་ནང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར34.0ལ་སླེབས་པ་དེ་དུས་མཚུངས་ལས21.6%འཕར་བ་དང་། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར6.8ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས31.5%འཕར། གཞུང་ཁོངས་མ་རྩའི་གཉེར་སྐྱོང་སྔོན་རྩིས་གཏོང་སྒོ་སྒོར་ཁྲི44ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས10.0%འཕར་ཡོད།

སྤྱི་ལོ2018ལོར་མེན་ཀྲུའུ་གྲོང་ཁྱེར་གྱི་དམངས་གཉེར་དཔལ་འབྱོར་གྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར192.5ལ་སླེབས་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས8.7%འཕར་ཡོད། དམངས་གཉེར་དཔལ་འབྱོར་གྱིས66.0%ལ་སླེབས་ཡོད།

སྤྱི་ལོ2018ལོའི་ལོ་མཇུག་ཏུ་མེན་ཀྲུའུ་གྲོང་ཁྱེར་གྱི་སྒེར་གཉེར་ཁེ་ལས4268དང་ཐོ་འགོད་མ་རྩ་སྒོར་ཁྲི2037964.2ལ་སླེབས་པ་དང་། དུད་ཚང729མང་དུ་ཕྱིན། ཐོ་འགོད་མ་དངུལ་སྒོར་ཁྲི176986.9མང་དུ་ཕྱིན་ཡོད་པ་རེད། རྐྱང་བའི་བཟོ་ཚོང་དུད་ཚང25580དང་ལས་ཞུགས་མི་སྣ32390ཡོད་པ་དང་། མ་དངུལ་སྒོར་ཁྲི177837.8བཏང་བ་དང་། དུད་ཚང3288མང་དུ་ཕྱིན། ལས་ཞུགས་མི་སྣ4528མང་དུ་ཕྱིན། མ་དངུལ་སྒོར་ཁྲི28610.6མང་དུ་ཕྱིན་ཡོད་པ་རེད།

4_1 ཐོན་ལས་དང་པོ།

སྤྱི་ལོ2018ལོར་མེན་ཀྲུའུ་གྲོང་ཁྱེར་ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར53.3ལ་སླེབས་པ་དེ་དུས་མཚུངས་ལས3.7%འཕར་ཡོད། ཞིང་ནགས་འབྲོག་ཉ་གསུམ་ཞབས་ཞུའི་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར33.0ལ་སླེབས་ནས་བསྡུར་གཞི་ཡོད་པའི་རིན་གོང3.9%འཕར་ཡོད།

སྤྱི་ལོ2018ལོར་མེན་ཀྲུའུ་གྲོང་ཁྱེར་གྱི་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི27.6ལ་སླེབས་པ་དེ་ལོ་གོང་མ་ལས0.9%མར་ཆག་ནས་སྔར་བཞིན་ལོ་རྒྱུས་ཀྱི་ཐོན་མཐོའི་ལོ་ཞིག་ཡིན་པ་དང་ལོ་དྲུག་བསྟུད་མར་ཏུན་ཁྲི27ཡན་རྒྱུན་འཁྱོངས་ཐུབ་ཡོད། དཔལ་འབྱོར་སྐྱེ་དངོས་ཡོངས་ཁྱབ་ངང་ཐོན་འཕར་བྱུང་ནས་ཐོན་འབོར་བསྡོམས་འབོར་ཏུན་ཁྲི42.1ལ་སླེབས་ནས2.1%འཕར་བའི་ནང་སྔོ་ཚལ1.8%འཕར་བ་དང་། ཀྭ་རིགས་དང་ཤིང་འབྲས8.1%འཕར། ཀྲུང་ལུགས་སྨན་རྩྭ13.0%འཕར་བ་བཅས་རེད། འབྲོག་ལས་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་སྤྱི་ལོ2018ལོར་རང་རེའི་གྲོང་ཁྱེར་གྱི་ཕག་པ་བཤས་གཏོང་ཚད་མགོ་གྲངས་ཁྲི50.7ལ་སླེབས་ནས0.8%འཕར་བ་དང་། ཤ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི4.7ལ་སླེབས་ནས2.3%འཕར།        

4_2 ཐོན་ལས་གཉིས་པ།

སྤྱི་ལོ2018ལོར་མེན་ཀྲུའུ་གྲོང་ཁྱེར་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར145.9ལ་སླེབས་པ་དེ་དུས་མཚུངས་ལས8.8%འཕར་བའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ8.5%འཕར་ཡོད། ངེད་གྲོང་ཁྱེར་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས141 གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར447.4ལ་སླེབས་པ་དེ་དུས་མཚུངས་ལས12.9%འཕར། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར72.7ལ་སླེབས་པ་དེ་དུས་མཚུངས་ལས52.9%འཕར། ཁེ་སྤོགས་དང་དཔྱ་ཁྲལ་བསྡོམས་འབོར་སྒོར་དུང་ཕྱུར108.8ལ་སླེབས་པ་དེ་དུས་མཚུངས་ལས41.7%འཕར།

སྤྱི་ལོ2018ལོར་མེན་ཀྲུའུ་གྲོང་ཁྱེར་བཟའ་བཅའ་ལས་སྣོན་ལས་རིགས་ཀྱི་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར125.8ལ་སླེབས་པ་དེ་དུས་མཚུངས་ལས6.2%འཕར་བ་དང་། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར20.4ལ་སླེབས་པ་དེ་དུས་མཚུངས་ལས15.1%འཕར་ཡོད། ལིན་འགྱུར་བཟོ་ལས་ལ་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར141.1ལ་སླེབས་པ་དེ་དུས་མཚུངས་ལས9.8%འཕར། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར43.3ལ་སླེབས་པ་དེ་དུས་མཚུངས་ལས86.1%འཕར་ཡོད། འཕྲུལ་ཆས་ལས་སྣོན་ལས་རིགས་ཀྱི་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར58.4ལ་སླེབས་པ་དེ་དུས་མཚུངས་ལས5.0%འཕར། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར3.1ལ་སླེབས་པ་དེ་དུས་མཚུངས་ལས11.3%འཕར་ཡོད། ཨར་སྐྲུན་རྒྱུ་ཆའི་ལས་རིགས་ལ་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར22.4བྱུང་བ་དེ་དུས་མཚུངས་ལས23.2%འཕར། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར1.6ལ་སླེབས་པ་དེ་དུས་མཚུངས་ལས48.9%འཕར་ཡོད།

སྤྱི་ལོ2018ལོ་བར་མེན་ཀྲུའུ་གྲོང་ཁྱེར་དུ་ཁྱོན་ཆེད་བསྐོས་ཨར་སྐྲུན་ཁེ་ལས24ཡོད་པ་རེད། ཨར་སྐྲུན་ལས་གྲྭའི་རྣམ་གྲངས36ཡོད་པ་དང་། འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི114.3ལ་སླེབས། ནུས་རྒྱུ་གྲོན་ཆུང་གི་ཨར་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི95.2ལ་སླེབས། ནུས་རྒྱུ་གྲོན་ཆུང་གི་ཨར་སྐྲུན་བསྡུར་ཚད83.3%ལ་སླེབས། ལོ་ཧྲིལ་པོར་ཨར་སྐྲུན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་26.5ལ་སླེབས་པ་དེ་དུས་མཚུངས་ལས8.3%འཕར་ཡོད།

4_3 ཐོན་ལས་གསུམ་པ།

སྤྱི་ལོ2018ལོར་མེན་ཀྲུའུ་གྲོང་ཁྱེར་གྱིས་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར179.2བཏང་བ་དེ་དུས་མཚུངས་ལས12.8%འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོར་མ་དངུལ་སྒོར་དུང་ཕྱུར13.1བཏང་བ་དེ་དུས་མཚུངས་ལས72.1%འཕར་བ་དེས་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་བསྡོམས་འབོར་གྱི7.3%བཟུང་བ་དང་། ཐོན་ལས་གཉིས་པས་མ་དངུལ་སྒོར་དུང་ཕྱུར86.8བཏང་བ་དེ་དུས་མཚུངས་ལས3.7%མར་ཆག་པ་དེས་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་བསྡོམས་འབོར་གྱི48.4%བཟུང་། ཐོན་ལས་གསུམ་པར་མ་དངུལ་སྒོར་དུང་ཕྱུར79.3བཏང་བ་དེ་དུས་མཚུངས་ལས44.1%འཕར་བ་དེས་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་བསྡོམས་འབོར་གྱི44.3%བཟུང་ཡོད།

སྤྱི་ལོ2018ལོ་བར་མེན་ཀྲུའུ་གྲོང་ཁྱེར་གྱི་ཚོང་སྒྱུར་ཁང་པ་ཕྱིར་ཚོང་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི43.7ལ་སླེབས་པ་དེ་དུས་མཚུངས་ལས106.2%འཕར་བ་དང་། ཚོང་སྒྱུར་སྡོད་ཁང་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར21.3ལ་སླེབས་པ་དེ་དུས་མཚུངས་ལས167.8%འཕར་ཡོད། ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར17.4བཏང་བ་དེ་དུས་མཚུངས་ལས206.2%འཕར་ཡོད། ཚོང་སྒྱུར་སྡོད་ཁང་གི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི178.0ལ་སླེབས་པ་དེ་དུས་མཚུངས་ལས་152.8%འཕར་བའི་ནང་གསར་དུ་ལས་འགོ་བཙུགས་པའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི113.8ལ་སླེབས་པ་དེ་དུས་མཚུངས་ལས་ལྡབ6.4འཕར་བ་དང་། ཚོང་སྒྱུར་སྡོད་ཁང་ལེགས་གྲུབ་བྱུང་བའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི2.5ལ་སླེབས་པ་དེ་དུས་མཚུངས་ལས58.8%མར་ཆག་ཡོད།

སྤྱི་ལོ2018ལོ་བར་མེན་ཀྲུའུ་གྲོང་ཁྱེར་གྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར94.3ལ་སླེབས་པ་དེ་དུས་མཚུངས་ལས12.6%འཕར་ཡོད། ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར77.7ལ་སླེབས་པ་དེ་དུས་མཚུངས་ལས12.6%འཕར་བ་དེས་རང་རེའི་གྲོང་ཁྱེར་གྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་གྱི82.4%བཟུང་བ་དང་། གྲོང་གསེབ་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར16.6ལ་སླེབས་པ་དེ་དུས་མཚུངས་ལས12.7%འཕར་བ་དེས་རང་རེའི་གྲོང་ཁྱེར་གྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་གྱི17.6%བཟུང་ཡོད། ལས་རིགས་དབྱེ་ནས་བལྟས་ཚེ་སྡེབ་ཚོང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར27.0ལ་སླེབས་པ་དེ་དུས་མཚུངས་ལས27.4%འཕར་བ་དང་། སིལ་ཚོང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར41.0ལ་སླེབས་པ་དེ་དུས་མཚུངས་ལས10.2%འཕར། ཞག་སྡོད་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར3.8ལ་སླེབས་པ་དེ་དུས་མཚུངས་ལས9.1%འཕར། བཟའ་བཏུང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར22.5ལ་སླེབས་པ་དེ་དུས་མཚུངས་ལས3.0%འཕར་ཡོད།

སྤྱི་ལོ2018ལོ་བར་མེན་ཀྲུའུ་གྲོང་ཁྱེར་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར29.4ལ་སླེབས་པ་དེ་དུས་མཚུངས་ལས3.3%འཕར་ཡོད། དེའི་ནང་ཕྱིར་གཏོང་དངུལ་འབོར་སྒོར་དུང་ཕྱུར28.1ལ་སླེབས་པ་དེ0.2%མར་ཆག་པ་དང་ནང་འདྲེན་དངུལ་འབོར་སྒོར་དུང་ཕྱུར1.3ལ་སླེབས་ནས361.3%འཕར་ཡོད།

སྤྱི་ལོ2018ལོ་བར་མེན་ཀྲུའུ་གྲོང་ཁྱེར་དུ་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར72.3ལ་སླེབས་པ་དེ་དུས་མཚུངས་ལས44.5%འཕར་བ་དང་། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི706ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས34.1%འཕར་ཡོད།

སྤྱི་ལོ2018ལོ་བར་མེན་ཀྲུའུ་གྲོང་ཁྱེར་དངུལ་རྩའི་སྒྲིག་གཞིའི་ཕྱི་དངུལ་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར334.6ལ་སླེབས་པ་དེ་ལོ་འགོ་ལས་སྒོར་དུང་ཕྱུར25.4འཕར་བ་དེ་དུས་མཚུངས་ལས8.2%འཕར་བ་དང་། དེའི་ནང་ཁྱིམ་དུད་ཀྱི་བཅོལ་དངུལ་སྒོར་དུང་ཕྱུར196.4ལ་སླེབས་པ་དེ་ལོ་འགོ་ལས་སྒོར་དུང་ཕྱུར13.5འཕར་བ་དེ་དུས་མཚུངས་ལས7.4%འཕར་ཡོད། དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར127.4ལ་སླེབས་ནས་ལོ་འགོ་ལས་སྒོར་དུང་ཕྱུར3.3འཕར་བ་དེ་དུས་མཚུངས་ལས2.7%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་སྡོད་ཁང་གི་བཅོལ་དངུལ་ལྷག་གྲངས་སྒོར་ཁྲི4.3ལ་སླེབས་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁམས། རིག་གནས། མི་རིགས། ཡུལ་གྲུ།