སྤྱི་ལོ1950ལོར་སི་ཁྲོན་ནུབ་རྒྱུད་སྲིད་འཛིན་ཀུང་ཧྲུའུ་ཆུས་བཙུགས། ཧྲི་ཧྥང་རྫོང་ནི་མེན་དབྱང་ཀྲོན་ཆུས་ཀྱི་ཁོངས་གཏོགས་ཡིན།
སྤྱི་ལོ1953ལོར་ཧྲི་ཧྥང་རྫོང་ཝུན་ཅང་ཀྲོན་ཆུས་སུ་བགོས།
སྤྱི་ལོ1960ལོར་ཀོང་ཧན་དང་ཧྲི་ཧྥང་རྫོང་གཉིས་ཟླ་སྒྲིལ་ནས་མིང་ལ་ཀོང་ཧན་རྫོང་ཞེས་བཏགས།
སྤྱི་ལོ1963ལོར་ཧྲི་ཧྥང་རྫོང་སླར་གསོ་བྱས་པ་དང་། ཀོང་ཧན་རྫོང་དང་ཧྲི་ཧྥང་རྫོང་གཉིས་སུ་དབྱེ་ཡོད།
སྤྱི་ལོ1970ལོར་ཝུན་ཅང་ཀྲོན་ཆུས་དེ་ཝུན་ཅང་ས་ཁུལ་དུ་བསྒྱུར་ཞིང་། ཧྲི་ཧྥང་རྫོང་ནི་ཝུན་ཅང་ས་ཁུལ་དུ་གཏོགས།
སྤྱི་ལོ1983ལོའི་ཟླ3པའི་ཚེས3ཉིན། ཝུན་ཅང་ས་ཁུལ་མེད་པར་བཟོས་ཤིང་། ཧྲི་ཧྥང་རྫོང་དེ་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཁོངས་སུ་བགོས།
སྤྱི་ལོ1984ལོའི་ཟླ9པའི་ཚེས12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཧྲི་ཧྥང་རྫོང་ནི་ཁྲིན་ཏུའུ་གྲོང་ཁྱེར་ནས་ཏེ་དབྱང་གྲོང་ཁྱེར་གྱི་མངའ་འོག་ཏུ་བགོས།
སྤྱི་ལོ1994ལོའི་ཟླ9ཚེས29ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཧྲི་ཧྥང་རྫོང་མེད་པར་བཟོས་ནས་ཧྲི་ཧྥང་གྲོང་ཁྱེར(རྫོང་རིམ་པ)བཙུགས་ཏེ་དེ་སྔའི་ཧྲི་ཧྥང་རྫོང་གི་སྲིད་འཛིན་ས་ཁོངས་དེ་ཧྲི་ཧྥང་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་བྱས་པ་དང་། སི་ཁྲོན་ཞིང་ཆེན་སྲིད་གཞུང་གིས་ཏེ་དབྱང་གྲོང་ཁྱེར་གྱིས་ཚབ་ཏུ་དོ་དམ་བྱ་རྒྱུའི་མངགས་བཅོལ་བྱས་པ་རེད།
སྤྱི་ལོ2019ལོའི་ཟླ12པར་ཧྲི་ཧྥང་གྲོང་ཁྱེར་གྱི་ཁོངས་སུ་ཁྲོམ་གཞུང2(ཧྥང་ཐེན་ཁྲོམ་གཞུང་། ཧྥེ་ཅའོ་ཁྲོམ་གཞུང)ཡོད་པ་དང་། གྲོང་རྡལ8(ཧྲུའེ་ཧྭ་གྲོང་རྡལ། ལུའོ་ཧྲུའེ་གྲོང་རྡལ། མ་ཙུའུ་གྲོང་རྡལ། ཧྲི་ཀུའུ་གྲོང་རྡལ། མ་ཅིན་གྲོང་རྡལ། ནན་ཆོན་གྲོང་རྡལ། ཧའོ་ཕུང་་གྲོང་རྡལ ) གྲོང་ཁྱེར་མི་དམངས་སྲིད་གཞུང་ནི་ཡེང་ཧྥེང་བྱང་ལམ་ཨང་རྟགས1པོར་བཅའ་སྡོད་བྱས་ཡོད།
2018ལོའི་ལོ་མཇུག་བར་ཧྲི་ཧྥང་གྲོང་ཁྱེར་གྱི་དུད་ཚང་བསྡོམས་འབོར་ཁྲི18.0ལ་སླེབས་པ་དང་མི་གྲངས་བསྡོམས་འབོར་ཁྲི42.8ལ་སླེབས་པའི་ནང་ཞིང་ལས་མིན་པའི་མི་གྲངས་ཁྲི13.6ཡོད་པ་རེད། ལོ་ཧྲིལ་པོར་སྐྱེས་པའི་མི་གྲངས3277ཡོད་པ་དང་རྐྱེན་ལམ་དུ་ཤོར་བའི་མི་གྲངས2845ཡོད། ལོ་མཇུག་ཏུ་རྒྱུན་སྡོད་མི་གྲངས་ཁྲི41.81ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད52.5%ལ་སླེབས་ཡོད།
སྤྱི་ལོ2018ལོར་ཧྲི་ཧྥང་གྲོང་ཁྱེར་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར323.8བྱུང་བ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས9.3%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར30.9ལ་སླེབས་ནས4.0%འཕར། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར163.5ལ་སླེབས་ནས10.5%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར129.3ལ་སླེབས་ནས9.0%འཕར་ཡོད། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར77343(ལོ་རེར་ཆ་སྙོམས་རྒྱུན་སྡོད་མི་གྲངས་ལྟར་བརྩིས་པ)ལ་སླེབས་ནས 9.3%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་དེ་ལོ་སྔོན་མའི10.2:50.1:39.7ནས9.6:50.5:39.9བར་ལེགས་སྒྲིག་བྱས་ཡོད།
སྤྱི་ལོ2018ལོར་ཧྲི་ཧྥང་གྲོང་ཁྱེར་གྱི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར165.2ལ་སླེབས་ནས9.3%སྤྱི་ལོའཕར་བ་དེསGDPཡི51.0%བཟུང་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར6.5ལ་སླེབས་ནས1.9%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར84.7ལ་སླེབས་ནས10.6%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར74.0ལ་སླེབས་ནས9.0%འཕར་ཡོད། གྲོང་མིའི་འཛད་སྤྱོད་རིན་གོང་གི་སྤྱིའི་ཆུ་ཚད(CPI)ལོ་གོང་མ་ལས0.7%འཕར་བ་དེའི་ནང་ཟས་རིགས་རིགས་ཀྱི་རིན་གོང1.0%འཕར་ཡོད། ཚོང་ཟོག་སིལ་འཚོང་རིན་གོང0.8%འཕར་བ་དང་། ཞིང་ལས་ཐོན་སྐྱེད་རྒྱུ་ཆས་ཀྱི་རིན་གོང0.1%འཕར་ཡོད།
སྤྱི་ལོ2018ལོར་ཧྲི་ཧྥང་གྲོང་ཁྱེར་གྱིས་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར161.3བཏང་བ་དེ་ལོ་གོང་མའི་རྩིས་བྱ་གཅིག་མཚུངས་ལས20.1%འཕར་ཡོད། དེའི་ནང་བཟོ་ལས་མ་འཇོག་སྒོར་དུང་ཕྱུར70.5ལེགས་གྲུབ་ལ་སླེབས་པ་དེ་རྩིས་བྱ་གཅིག་མཚུངས་ལས24.6%འཕར་བ་དང་། ལག་རྩལ་བསྒྱུར་བཀོད་ཐད་མ་དངུལ་སྒོར་དུང་ཕྱུར59.3བཏང་བ་དེ་དུས་མཚུངས་ལས31.9%འཕར་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་ཐོན་ལས་དང་པོའི(ཞིང་དུད་ཚུད་མེད)མ་འཇོག་སྒོར་དུང་ཕྱུར0.9ལེགས་གྲུབ་ལ་སླེབས་པ་དང་། ཐོན་ལས་གཉིས་པས་མ་དངུལ་སྒོར་དུང་ཕྱུར70.5བཏང་བ་དེ་དུས་མཚུངས་ལས24.6%འཕར། ཐོན་ལས་གསུམ་པར་མ་དངུལ་སྒོར་དུང་ཕྱུར86.7བཏང་ནས་རྩིས་བྱ་གཅིག་མཚུངས18.7%འཕར་ཡོད།
སྤྱི་ལོ2018ལོར་ཧྲི་ཧྥང་གྲོང་ཁྱེར་དུ་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར18.8བྱུང་བ་དེ་དུས་མཚུངས་ལས16.6%འཕར་བ་དང་དུས་མཚུངས་ལས18.4%འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར31.9ལ་སླེབས་པ་དེ་དུས་མཚུངས་ལས11.5%འཕར་ཡོད།
སྤྱི་ལོ2018ལོར་ཧྲི་ཧྥང་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར3505050ལ་སླེབས་ནས8.2%འཕར་བ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་རེའི་ཆ་སྙོམས་འཚོ་བའི་འཛད་སྤྱོད་རང་བཞིན་གྱི་གཏོང་སྒོ་སྒོར23896.7ལ་སླེབས་ནས5.1%འཕར་ཡོད། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར18426ལ་སླེབས་ནས9.2%འཕར་བ་དང་། གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་འཚོ་བའི་འཛད་སྤྱོད་རང་བཞིན་གྱི་གཏོང་སྒོ་སྒོར14477.7ལ་སླེབས་ནས8.9%འཕར་ཡོད།
སྤྱི་ལོ2018ལོར་ཧྲི་ཧྥང་གྲོང་ཁྱེར་གྱི་འབྲུ་རིགས་ལོ་ཏོག་འདེབས་ཁྱོན་ལོ་གོང་མ་ལས1.7%འཕར་ཡོད། སྣུམ་རྒྱུའི་ལོ་ཏོག་འདེབས་ཁྱོན་སྤྱི་ཆིང་4930ལ་སླེབས་ནས7.0%མར་ཆག སྨན་རྒྱུ་འདེབས་ཁྱོན་སྤྱི་ཆིང2160ལ་སླེབས་ནས9.0%འཕར། སྔོ་ཚལ་སྤྱི་ཆིང12740བཏབ་ནས8.0%འཕར་ཡོད།
སྤྱི་ལོ2018ལོར་ཧྲི་ཧྥང་གྲོང་ཁྱེར་གྱི་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི19.0ལ་སླེབས་པ་དེ་དུས་མཚུངས་ལས0.5%འཕར་ཡོད། ཞའོ་ཁྲུན་གྱི་འབྲུ་རིགས་ཐོན་ཚད0.5%མར་ཆག དཔྱིད་ཀྱི་འབྲུ་རིགས0.7%འཕར་ཡོད། དཔལ་འབྱོར་སྐྱེ་དངོས་ནང་སྣུམ་རྒྱུ་ཐོན་ཚད་ཏུན་ཁྲི1.3ལ་སླེབས་ནས6.0%མར་ཆག་པ་དང་། རྡོ་ཐའི་ཐོན་ཚད་ཏུན་ཁྲི0.4ལ་སླེབས་ནས5.0%འཕར། སྔོ་ཚལ་ཐོན་ཚད་ཏུན་ཁྲི49.0ལ་སླེབས་ནས11.0%འཕར། ཇ་ལོ་ཐོན་ཚད་ཏུན་ཁྲི0.01ལ་སླེབས་ནས27.2%མར་ཆག ཤིང་ཏོག་ཐོན་ཚད་ཏུན་ཁྲི0.8ལ་སླེབས་ནས18.5%འཕར། སྨན་རྫས་ཐོན་ཚད་ཏུན་ཁྲི0.8ལ་སླེབས་ནས11.0%འཕར་ཡོད།
སྤྱི་ལོ2018ལོར་ཧྲི་ཧྥང་གྲོང་ཁྱེར་དུ་མྱུག་གསོ་སྤྱི་ཆིང2དང་། མི་ཐབས་ལ་བརྟེན་ནས་ནགས་བཟོ་བྱས་པའི་རྒྱ་ཁྱོན་སྤྱི་ཆིང173ཐོན་འབབ་དམའ་བའི་ནགས་ཚལ་སྒྱུར་བཀོད་རྒྱ་ཁྱོན་སྤྱི་ཆིང127བཅས་ལ་སླེབས་པ་དང་ལོ་དེའི་སྡོང་ཕྲུག་ཐོན་ཚད་སྡོང་རྐང་ཁྲི36ལ་སླེབས་ཡོད། ལོ་མཇུག་ཏུ་ནགས་ཤིང་ཁེབས་ཚད37.4%ལ་སླེབས་ཡོད།
སྤྱི་ལོ2018ལོར་ཧྲི་ཧྥང་གྲོང་ཁྱེར་གྱི་ཆུ་ཐོན་གསོ་སྤེལ་རྒྱ་ཁྱོན་སྤྱི་ཆིང180ལ་སླེབས་པ་དང་། ཆུའི་ཐོན་རྫས་ཐོན་ཚད་ཏུན5438ལ་སླེབས་ནས3.9%འཕར་ཡོད།
སྤྱི་ལོ2018ལོར་ཧྲི་ཧྥང་གྲོང་ཁྱེར་གྱི་འཕྲུལ་གློག་ཆུ་འབུད་རྒྱ་ཁྱོན་སྤྱི་ཆིང9334ལ་སླེབས་པ་དང་ལོ་མཇུག་ཏུ་ཞིང་ལས་འཕྲུལ་ཆས་ཀྱི་སྤྱིའི་སྒུལ་ཤུགས་སྟོང་ཝ་ཁྲི17.9ལ་སླེབས་ཡོད། ལོ་ཧྲིལ་པོར་གྲོང་གསེབ་ཏུ་གློག་སྤྱོད་ཚད་སྟོང་ཝ་ཁྲི23108ལ་སླེབས་ཏེ4.3%འཕར་ཡོད།
སྤྱི་ལོ2018ལོར་ཧྲི་ཧྥང་གྲོང་ཁྱེར་དུ་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར157.8བྱུང་བ་དེ་ལོ་གོང་མ་ལས་10.3%འཕར་ཡོད། ལོ་མཇུག་ཏུ་ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས་ཁྱིམ་དུད233ཡོད་པ་དང་། ཚད་ལོན་ཡན་གྱི་བཟོ་ལས་འཕར་ཐང12.5%འཕར་ཡོད། ཡང་བའི་བཟོ་ལས་དང་ལྕི་བའི་བཟོ་ལས་ལ་གཞིགས་ན། ཡང་བའི་བཟོ་ལས་ཀྱི་འཕར་ཐང8.5%འཕར་བ་དང་། ལྕི་བའི་བཟོ་ལས་ཀྱི་རིན་ཐང་འཕར་མ15.1%འཕར་ཡོད། ལས་རིགས་གཙོ་བོ་དྲུག་ནས་བལྟས་ན། ལྕགས་བཞུའི་ལས་རིགས10.0%འཕར་བ་དང་། ཨར་ལས་རྒྱུ་ཆའི་ལས་རིགས6.1%འཕར། སྨན་དང་སྨན་བཅོས་ལས་རིགས4.0%མར་ཆག བཟའ་བཅའི་ལས་རིགས10.4%འཕར། འཕྲུལ་ཆས་ལས་རིགས17.8%འཕར། རྫས་འགྱུར་བཟོ་ལས་ལས་རིགས17.0%མར་ཆག་པ་བཅས་རེད།
སྤྱི་ལོ2018ལོར་ཧྲི་ཧྥང་གྲོང་ཁྱེར་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལ་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར371.1ལ་སླེབས་པ་དེ་དུས་མཚུངས་ལས13.4%འཕར་ཡོད།
སྤྱི་ལོ2018ལོའི་ལོ་མཇུག་བར་ཧྲི་ཧྥང་གྲོང་ཁྱེར་གྱི་དུས་མཇུག་ཏུ་འོས་ཐོབ་རིམ་པ་ཡན་གྱི་ཨར་སྐྲུན་ཁེ་ལས23ཡོད་པ་དང་ཨར་སྐྲུན་གྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར32.5ལེགས་གྲུབ་ལ་སླེབས་པ་དེ་དུས་མཚུངས་ལས48.6%འཕར་ཡོད་པ་རེད། ལོ་ཧྲིལ་པོར་ཨར་ལས་ལས་རིགས་ཀྱི་རིན་ཐང་འཕར་མ་ལོ་གོང་མ་ལས14.0%འཕར།
སྤྱི་ལོ2018ལོར་ཧྲི་ཧྥང་གྲོང་ཁྱེར་གྱི་ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར14.2བཏང་བ་དེ་ལོ་གོང་མ་ལས་237.0%འཕར་བ་དང་ཚོང་སྒྱུར་སྡོད་ཁང་གི་ཨར་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི144.5ལ་སླེབས་ནས63.4%འཕར་བ་དང་། ཚོང་སྒྱུར་སྡོད་ཁང་བསྐྲུན་ལ་སླེབས་པའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི12.7ལ་སླེབས་ནས1088.5%འཕར། ཚོང་སྒྱུར་སྡོད་ཁང་གི་ཕྱིར་ཚོང་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི36.3ལ་སླེབས་ནས47.8%འཕར། ཚོང་སྒྱུར་སྡོད་ཁང་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར15.4ལ་སླེབས་ནས52.5%འཕར་ཡོད།
སྤྱི་ལོ2018ལོར་ཧྲི་ཧྥང་གྲོང་ཁྱེར་དུ་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར99.6ལ་སླེབས་ནས12.4%འཕར་ཡོད། ས་ཁོངས་དབྱེ་ནས་བལྟས་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁྲོམ་རའི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར69.7ལ་སླེབས་ནས12.1%འཕར་བ་དང་། གྲོང་གསེབ་ཀྱི་ཁྲོམ་རའི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར29.9ལ་སླེབས་ནས12.9%འཕར་ཡོད། འཛད་སྤྱོད་ཀྱི་རྣམ་པར་གཞིགས་ན། ལོ་ཧྲིལ་པོར་བཟའ་བཏུང་ཡོང་འབབ་སྒོར་དུང་ཕྱུར24.0བྱུང་ནས10.4%འཕར་བའི་ནང་བཅད་གྲངས་ཡན་གྱི་ཁེ་ལས(ཚན་པ)ཀྱི་བཟའ་བཏུང་ཡོང་འབབ་སྒོར་དུང་ཕྱུར3.3ལ་སླེབས་ནས17.1%འཕར་བ་དང་། ལོ་ཧྲིལ་པོར་ཚོང་ཟོག་སིལ་འཚོང་བྱས་གྲངས་སྒོར་དུང་ཕྱུར75.6ཡིན་པས13.0%འཕར་ཡོད། དེའི་ནང་བཅད་གྲངས་ཡན་གྱི་ཁེ་ལས(སྡེ་ཚན)ཀྱི་ཚོང་ཟོག་སིལ་འཚོང་བྱས་གྲངས་སྒོར་དུང་ཕྱུར9.0ཡིན་པས25.0%འཕར་ཡོད།
སྤྱི་ལོ2018ལོར་ཧྲི་ཧྥང་གྲོང་ཁྱེར་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་བཅོལ་དངུལ་སྣ་ཚོགས་ལྷག་གྲངས་སྒོར་དུང་ཕྱུར276.5ལ་སླེབས་པ་དེ་ལོ་གོང་མའི་ལོ་མཇུག་ལས་སྒོར་དུང་ཕྱུར16.9མང་དུ་ཕྱིན་ནས6.5%འཕར་ཡོད། དེའི་ནང་གྲོང་མིའི་བཅོལ་དངུལ་སྒོར་དུང་ཕྱུར208.8ལ་སླེབས་པ་དེ་ལོ་གོང་མའི་ལོ་མཇུག་ལས་སྒོར་དུང་ཕྱུར20.8འཕར་ནས11.1%འཕར་ཡོད། དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར151.2ལ་སླེབས་པ་དེ་ལོ་གོང་མའི་ལོ་མཇུག་ལས་སྒོར་དུང་ཕྱུར8.8འཕར་ནས6.2%འཕར་ཡོད།