ལུའོ་ཅང་ཆུས།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-05-28 14:20ལ་འགྲུབ།

ལུའོ་ཅང་ཆུས།

ལུའོ་ཅང་ཆུས།
ལུའོ་ཅང་ཆུས་ནི་སི་ཁྲོན་ཞིང་ཆེན་ཏེ་དབྱང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཁྲིན་ཏུའུ་བདེ་ཐང་གི་བྱང་ཤར་མཚམས་སུ་གནས་པ་དང་། ཤར་ངོས་ཕྱོགས་སུ་ཀྲུང་ཅང་རྫོང་དང་འབྲེལ་བ་དང་། ལྷོ་ངོས་སུ་ཏེ་དབྱང་གྲོང་ཁྱེར་གྱི་ཧུའེ་དབྱང་ཆུས་དང་འབྲེལ། ནུབ་ངོས་སུ་མེན་དབྱང་གྲོང་ཁྱེར་གྱི་ཨན་ཀྲོའུ་ཆུས་དང་འབྲེལ་བ་དང་། བྱང་ངོས་སུ་མེན་དབྱང་གྲོང་ཁྱེར་གྱི་ཕེ་ཁྲེང་ཆུས་དང་འབྲེལ་ཡོད། ཆུས་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ447.88ལ་སླེབས་པ་དེ་ནི་ཁྲིན་ཏེ་མེན་དཔལ་འབྱོར་ཁུལ་གྱི་བར་ཁྱམས་གལ་ཆེན་ཞིག་རེད། ལུའོ་ཅང་ཆུས་ནི་རྫོང་གི་མིང་དེ་ཐོག་མར་ཐང་རྒྱལ་རབས་ནས་འགོ་ཚུགས་ཤིང་། ལོ་ངོ1700ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། སྤྱི་ལོ1959ལོར་ལུའོ་ཅང་རྫོང་དེ་ཏེ་དབྱང་རྫོང་དང་ཟླ་སྒྲིལ་བཏང་བ་དང་། སྤྱི་ལོ2017ལོའི་ཟླ7པར་རྫོང་དང་ཆུས་བཙུགས་པ་དང་། ལུའོ་ཅང་རྫོང་ལུའོ་ཅང་ཆུས་སུ་བསྒྱུར། ལུའོ་ཅང་ཆུས་ཁོངས་སུ་གྲོང་རྡལ10དང་། གྲོང་ཚོ102 སྡེ་ཁུལ25བཅས་ཡོད་པ་དང་། སྤྱི་ལོ2018ལོའི་ཟླ5པ་བར་ཆུས་ཡོངས་ཀྱི་ཐེམ་ཐོ་མི་གྲངས་ཁྲི25ཡོད་པ་རེད། སྤྱི་ལོ2017ལོར་ལུའོ་ཅང་ཆུས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར112ལ་སླེབས་པ་དེ་དུས་མཚུངས་ལས9.7%འཕར་བ་དང་། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར13580དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར29300ལ་སླེབས། ཐོན་ལས་ཐེངས་གསུམ་གྱི་བསྡུར་ཚད17.9:54.7:27.4བར་ལེགས་སུ་ཕྱིན་ཡོད། སྤྱི་ལོ2018ལོའི་ཟླ5པ་བར་Aརིམ་པའི་མཛེས་ལྗོངས་ཁུལ2བཏོད་པ་དང་། པད་མ་གླིངA4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་ཤང་ཧྲན་པན་གླིང་ཕྲནA3རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་བཙུགས་ཡོད། སྤྱི་ལོ2019ལོའི་ཟླ12པའི་ཚེས6ཉིན་རྒྱལ་ཡོངས་ཀྱི་ཞིང་པའི་མཉམ་ལས་ཁང་གི་སྤུས་ཚད་མཐོར་གཏོང་གི་རྫོང་ཧྲིལ་པོའི་སྐུལ་འདེད་ཚོད་ལྟའི་ཚན་པར་བདམས།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ལུའོ་ཅང་ཆུས།
རྒྱ་ཡིག་གི་མིང་།
罗江区
ཕྱི་ཡིག་གི་མིང་།
Luojiang District
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ཆུས།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེན་ཏེ་དབྱང་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ7
སྲིད་གཞུང་སྡོད་གནས།
ཝན་ཨན་གྲོང་རྡལ་ཅིང་ལི་བྱང་ལམ་ཨང་རྟགས88པ།
ས་ཁོངས་ཁ་པར་ཨང་རྟགས།
0838
སྦྲག་སྲིད་ཚབ་ཨང་།
618500
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ44.878
མི་གྲངས།
ཁྲི25(སྤྱི་ལོ2016ལོ)
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
川F
སྲིད་འཛིན་ཚབ་ཨང་།
510604
GDP
དམངས་སྒོར་དུང་ཕྱུར98(སྤྱི་ལོ2016ལོ)
མེ་འཁོར་འབབ་ཚིགས།
ལུའོ་ཅང་མེ་འཁོར་འབབ་ཚིགས། ལུའོ་ཅང་ཤར་ཚིགས།
1 ​ལོ་རྒྱུས་འཕེལ་རིམ།

མིན་གོའི་དུས་སྐབས་སུ་ལུའོ་ཅང་རྫོང་གི་མངའ་ཁོངས་དེ་ཆིང་རྒྱལ་རབས་ཀྱི་དུས་སྐབས་དང་འདྲ་བར་འཕོ་འགྱུར་ཆེན་པོ་བྱུང་མེད།

སྤྱི་ལོ1950ལོར་སི་ཁྲོན་ནུབ་རྒྱུད་སྲིད་འཛིན་ཀུང་ཧྲུའུ་ཆུས་མེན་དབྱང་ཀྲོན་ཆུས་བཙུགས་ནས་ཁོངས་གཏོགས་སུ་བཅུག

སྤྱི་ལོ1959ལོར་ལུའོ་ཅང་རྫོང་དེ་ཏེ་དབྱང་རྫོང་དང་ཟླ་སྒྲིལ་བཏང་བ་རེད།

སྤྱི་ལོ1983ལོར་ས་ཁུལ་རིམ་པའི་ཏེ་དབྱང་གྲོང་ཁྱེར་བཙུགས་པ་དང་དེའི་ཁོངས་གཏོགས་ཡིན།

སྤྱི་ལོ1984ལོར་ཏེ་དབྱང་རྫོང་མེད་པར་བཟོས་ནས་ཏེ་དབྱང་གྲོང་ཁྱེར་གྱི་དབུས་ཆུས་བཙུགས།

སྤྱི་ལོ1996ལོར་དེ་སྔའི་ཏེ་དབྱང་གྲོང་ཁྱེར་གྱི་དབུས་ཁུལ་དུ་དབྱི་དབྱང་ཆུས་དང་ལུའོ་ཅང་རྫོང་དུ་བགོས་ཡོད།

སྤྱི་ལོ2017ལོར་ལུའོ་ཅང་རྫོང་གིས་རྫོང་མེད་པར་བཟོས་ནས་ལའོ་ཅང་ཆུས་བཙུགས་ཡོད།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2020ལོར་ལུའོ་ཅང་ཆུས་ཁོངས་སུ་གྲོང་རྡལ7(ཅིང་ལེ་སྡེ་ཁུལ། ཏུང་ཧྲེང་སྡེ་ཁུལ། གནས་མཇལ་སྡེ་ཁུལ། ཧྥུ་ལེ་སྡེ་ཁུལ། ཧན་ལིན་སྡེ་ཁུལ། ཁུའེ་ཞིན་ཀོ་སྡེ་ཁུལ། ལི་མིང་སྡེ་ཁུལ། ལུའུ་ཧྥེང་སྡེ་ཁུལ། ཅིན་ཡན་སྡེ་ཁུལ། སེང་གེ་ཧྥེང་སྡེ་ཁུལ། པན་ཀྲུའུ་སྡེ་ཁུལ། པའེ་ཡུན་སྡེ་ཁུལ། ཆུ་མིག་སྡེ་ཁུལ། ནན་ཐ་སྡེ་ཁུལ། མང་ཅང་སྡེ་ཁུལ། ཡུན་ལིན་སྡེ་ཁུལ། ལིན་ནན་སྡེ་ཁུལ། ཅ་ཧོ་སྡེ་ཁུལ། ཏ་ཁྲེང་སྡེ་ཁུལ། ཁྲང་ཀྲེན་སྡེ་ཁུལ། ཨའེ་ཅ་པ་སྡེ་ཁུལ། ལུའོ་ཧན་ཁྲང་སྡེ་ཁུལ། ཧྥེང་ཆུང་སྡེ་ཁུལ། ཧོ་ཧྲེང་སྡེ་ཁུལ། ཐེན་ཞིང་སྡེ་ཁུལ)དང་། གྲོང་ཚོ102 སྡེ་ཁུལ25བཅས་ཡོད་པ་དང་ལུའོ་ཅང་ཆུས་མི་དམངས་སྲིད་གཞུང་ནི་ཝན་ཨན་གྲོང་རྡལ་ཅིང་ལེ་བྱང་ལམ་ཨང་རྟགས88པར་བཅའ་སྡོད་བྱས་ཡོད་པ་རེད།

3 མི་གྲངས་གནས་ཚུལ།

སྤྱི་ལོ2010ལོར་མི་གྲངས་ཡོངས་བཤེར་ཐེངས་དྲུག་པའི་ནང་ལུའོ་ཅང་ཆུས་ཀྱི་རྒྱུན་སྡོད་མི་གྲངས་ཁྲི21.2ཡོད་པའི་ནང་ཝན་ཨན་གྲོང་རྡལ་གྱི་མི་ཁྲི5.5དང་། ཆིའུ་ཅ་གྲོང་རྡལ་གྱི་མི་ཁྲི2.5 ཅིན་ཧྲན་གྲོང་རྡལ་གྱི་མི་ཁྲི3.3 ལུའེ་ཕིང་གྲོང་རྡལ་གྱི་མི་ཁྲི2.3 ཡུས་ཡིང་གྲོང་རྡལ་གྱི་མི་ཁྲི1 ཧུའེ་ཅུའེ་གྲོང་རྡལ་གྱི་མི་ཁྲི0.8 ཐུའོ་ཡོན་གྲོང་རྡལ་གྱི་མི་ཁྲི1 ཞིན་ཧྲེང་གྲོང་རྡལ་གྱི་མི་ཁྲི2.5 པེན་ལུང་གྲོང་རྡལ་གྱི་མི་ཁྲི0.9 པའེ་མ་ཀོན་གྲོང་རྡལ་གྱི་མི་ཁྲི1.1བཅས་ཡོད།

སྤྱི་ལོ2018ལོའི་ཟླ5པ་བར་ལུའོ་ཅང་ཆུས་ཀྱི་མི་གྲངས་ཁྲི25ལ་སླེབས་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་ཁྲི8.63ཡོད་པ་དང་གྲོང་གསེབ་ཀྱི་གྲོང་མི་ཁྲི16.37ཡོད་པ་དེ་རྒྱ་རིགས་ཀྱི་མི་གྲངས་གཙོ་བོར་བྱས་ཡོད།

4 དཔལ་འབྱོར་རགས་བཤད།

སྤྱི་ལོ2017ལོར་ལུའོ་ཅང་ཆུས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར112ལ་སླེབས་པ་དེ་སྤྱི་ལོ2016ལོ་ལས9.7%འཕར་ཡོད། ཁོངས་གཏོགས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཁྲོད་ཐོན་ལས་གཅིག་གིས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར21ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས1%འཕར་བ་དང་། ཐོན་ལས་གཉིས་པའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར64.2ལ་སླེབས་པ་དེ་དུས་མཚུངས་ལས12.2%འཕར། ཐོན་ལས་གསུམ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར30.6ལ་སླེབས་པ་དེ་དུས་མཚུངས་ལས63.5%འཕར་ཡོད། སྤྱི་ལོ2017ལོར་ལུའོ་ཅང་ཆུས་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི1.36ལ་སླེབས་པ་དེ་དུས་མཚུངས་ལས9.2%འཕར་བ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི2.93ལ་སླེབས་པ་དེ་དུས་མཚུངས་ལས8.3%འཕར་ཡོད།

4_1 ཐོན་ལས་དང་པོ།

ལུའོ་ཅང་ཆུས་ཀྱི་ཞིང་ལས་ཀྱིས་སྲོལ་རྒྱུན་ཞིང་ལས་རིམ་སྤོར་ལ་གཞི་ཚུགས་པ་དང་དེང་རབས་ཞིང་ལས་འཕེལ་རྒྱས་བཏང་ཡོད། སྤྱི་ལོ2016ལོར། གཡེར་མ། ཤིང་ཏོག་ལི་སྤུས་ལེགས། འབྲས་ཚལ་རེས། ཆུ་འབྲས་དང་པད་ཁ་སོགས་ཀྱི“མུའུ་ཁྲི་ཡི་ཐོན་ལས་དཔེ་སྟོན་གླིང་དྲུག”བསྐྲུན་པ་དང་སྤྱིའི་རྒྱ་ཁྱོན་མུའུ་ཁྲི12ལ་སླེབས་པ་དང་། ཞིང་ཆེན་རིམ་པའི་སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་རྟེན་གཞི22བསྐྲུན། ལུའོ་ཅང་གི་ཞིང་ལས་སྤུས་རྟགས5བསྐྲུན། གཙོ་གནད་ཁེ་ལས31འཕེལ་རྒྱས་བཏང་། ཆེད་གཉེར་མཉམ་ལས་རྩ་འཛུགས70གསར་སྐྲུན་བྱས་པ་བཅས་རེད། ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི8.8སྒྱུར་བཀོད་བྱས་པ་དང་། ཆུ་རྐའི་མ་ལག་གསར་པ་སྤྱི་ལེ471.8བསྐྲུན། ལོ་ལྔའི་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི63.9ལ་སླེབས་པ་བཅས་རེད། སི་ཁྲོན་ཞིང་ཆེན་གྱི་དེང་རབས་འབྲོག་ལས་གཙོ་གནད་ཁུལ་གྲུབ་འབྲས་ཐོབ་པའི་ངང་བཏོད།

སྤྱི་ལོ2017ལོར་ལུའོ་ཅང་ཆུས་སུ་གཡེར་མ་སྔོན་པོ་དང་ཚ་ལུ་མ་སོགས་འདེབས་ཁྱོན་མུའུ6000མང་དུ་བཏང་བ་དང་། སྤུས་ལེགས་པད་ཁ་ལྟེ་བའི་དཔེ་སྟོན་ཁུལ་མུའུ་ཁྲི2.6དང་དེང་རབས་ཀྱི་ཁྱད་ལྡན་ཕན་འབྲས་ཞིང་ལས་ཚད་ལྡན་ཅན་གྱི་རྟེན་གཞི་མུའུ་ཁྲི1གསར་དུ་བསྐྲུན། ཡུས་ཅ་གྲོང་རྡལ། རྒྱལ་ཁབ་རིམ་པའི་ཞིང་ལས་ཕྱོགས་བསྡུས་ཚད་ལྡན་ཅན་གྱི་དཔེ་སྟོན་ཁུལ་གྲུབ་འབྲས་ཐོབ་པའི་ངང་བསྐྲུན་ཡོད། རགས་ཆུའི་འབྲུབ་འགོག་བཅོས་སྒྲིག་སྤྱི་ལེ3.2ལེགས་གྲུབ་བྱུང་བ་དང་། གྲོང་གསེབ་ཀྱི་ཡུར་བུའི་མ་ལག་སྤྱི་ལེ40དང་འཁྱིལ་རྫིང37བཅོས་སྒྲིག་བྱས། ཆུ་འདྲེན་ས་ཚིགས53གསར་སྐྲུན་བྱས་པ། ཚད་གཞི་མཐོ་བའི་ཞིང་ཁ་མུའུ4700སྒྱུར་བཀོད་བྱས། ཏུའུ་ཅང་ཡན་དེང་རབས་ཅན་གྱི་ཞིང་ཆུ་གཏོང་ཁུལ་ཆེ་གྲས་ཀྱི་ཚོད་ལྟའི་རེ་ཞུ་ལེགས་གྲུབ་བྱུང་བ་བཅས་རེད། ཞིང་ལས་ཐོན་རྫས“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད22ལེགས་གྲུབ་བྱུང་། ཐེན་མ་རི་བོ་དང་དཔྱིད་ཀྱི་མེ་ཏོག སྟོན་ཟླའི་ཞིང་ཆེན་རིམ་པའི་ཁམས་གསོ་རྟེན་གཞི2བསྐྲུན་ནས་རྒྱལ་ཡོངས་ཀྱི་སོས་དལ་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་དཔེ་སྟོན་རྫོང་གྲུབ་འབྲས་ཐོབ་པའི་ངང་བསྐྲུན་ཡོད།

4_2 ཐོན་ལས་གཉིས་པ།

ལུའོ་ཅང་ཆུས་ཀྱིས་ཞིང་ཆེན་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ་བསྐྲུན་པ་དང་བསྐྲུན་ལ་སླེབས་པའི་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ10.5ལ་སླེབས་པ་དང་སྐྱེད་ཚལ་དུ་ཞུགས་པའི་ཁེ་ལས145ཡོད་པ་རེད། སི་ཁྲོན་གྱི་ཚི་སྣའི་ལག་རྩལ་སྒྱུར་བཅོས་རིམ་སྤོར་དང་། ཏི་ཧྥུ་གཉིས་གསུམ་གྱི་རྒྱས་སྐྲུན་ལེགས་གྲུབ་བྱུང་བ་དང་། ཡུན་ཧྭ་དང་། ཀྲུང་གོའི་མཁའ་འགྲུལ་དོ་དམ་ལས་རིགས། ལོ་ཆུང་རྩྭ་པིན་ཚའོ་སོགས་གསར་དར་ཐོན་ལས་ནང་འདྲེན་བྱས་ཡོད། རིམ་རྩིས་བྱས་ན་ལག་རྩལ་སྒྱུར་བཀོད་ཐད་མ་དངུལ་སྒོར་དུང་ཕྱུར110.3བཏང་ནས་རྒྱལ་ཁབ་ཀྱི་ཁེ་དབང་བེད་སྤྱོད་བདག་ཐོབ700ལྷག་ཙམ་དང་། གྲགས་ཅན་སྤུས་ལེགས་སྤུས་རྟགས4 ས་ཁམས་མཚོན་རྟགས་ཐོན་རྫས1བཅས་འདུན་ཞུ་བྱས་པ་དང་རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཁེ་ལས7བསྐྲུན་ཡོད་པ་རེད། སྤྱི་ལོ2016ལོར་ལུའོ་ཅང་ཆུས་ཀྱི་གཞི་ཁྱོན་ཡན་གྱི་ཁེ་ལས116ལ་སླེབས་པ་དང་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར259.2ལ་སླེབས།

སྤྱི་ལོ2017ལོར་ལུའོ་ཅང་ཆུས་ཀྱི་དམག་དམངས་མཉམ་འདྲེས་ཁེ་ལས23ལ་སླེབས་པ་དང་། སི་ཁྲོན་ཞིང་ཆེན་དུ་ཚོད་ལྟའི་ནུས་པ་ལྡན་པའི“གཉིས་གཏོད་ལྟེ་གནས”བསྐྲུན་པ་དང་། ལག་རྩལ་སྒྱུར་བཀོད་ཐད་མ་དངུལ་སྒོར་དུང་ཕྱུར17.5བཏང་། ལག་རྩལ་སྒྱུར་བཅོས་རྣམ་གྲངས21ལག་བསྟར་བྱས་པ། རྒྱལ་ཁབ་ཀྱི་ཁེ་བེད་བདག་ཐོབ་340དང་། ཚོང་རྟགས་གྲགས་ཅན3ཚོང་རྟགས་གྲགས་ཅན10བཅས་ཡིག་ཐོག་སྙན་ཞུ་ཕུལ། ལྗོངས་ཡོངས་སུ་མཐོ་གསར་ལག་རྩལ་ཁེ་ལས10ཡོད་པ་བཅས་རེད། སྤྱི་ལོ2017ལོར་ཆུས་ཡོངས་སུ་གཞི་ཁྱོན་ལྡན་པའི་ཁེ་ལས120ལ་སླེབས་པ་དང་ཁེ་ལས16མང་དུ་ཕྱིན་ནས་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར317ལ་སླེབས་པ་དང་དམག་དམངས་མཉམ་འདྲེས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར80ལ་སླེབས་ཡོད་པ་རེད།

4_3 ཐོན་ལས་གསུམ་པ།

སྤྱི་ལོ2017ལོར་ལུའོ་ཅང་ཆུས་ཀྱིས་པད་མ་ཀོན་རྒྱལ་ཁབ་ཀྱིA4རིམ་པའི་མཛེས་ལྗོངས་ཁུལ་རིམ་སྤོར་བྱས་པ་དང་། མཛེས་ལྗོངས་ཁུལ་གྱི་མཚམས་ཚིགས་སྒྱུར་བཀོད་དང་ཝུའུ་ཏིང་ཀུའུ་འོད་གསལ་ལས་གྲྭ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་གྲུབ་ལ་སླེབས། ཝན་ཧྥོ་ཐང་ཆེན་དང་ནུས་མང་ཐད་འཕུར་གནམ་གྲུ་ཐང་སོགས་རྣམ་གྲངས་འཛུགས་སྐྲུན་བྱེད་འགོ་ཚུགས། པད་མ་ཀོན་གྲོང་རྡལ་གྲུབ་འབྲས་ཐོབ་པའི་ངང་རྒྱལ་ཡོངས་ཀྱི་ལུས་རྩལ་སྤྲོ་གསེང་ཁྱད་ལྡན་གྲོང་རྡལ་ཆུང་ངུ་ཁག་དང་པོར་བདམས་པ་རེད། “གཟི་ཚ་སྡེ་དགུའི་སྐོར་ལམ་ཆེན་མོའི”ཡུལ་སྐོར་བར་ཁྱམས་ཀྱི་ས་ཁོངས་མནའ་འབྲེལ་ནང་ཞུགས་ནས“ཧན་གཉིས་རྒྱལ་ཁབ་གསུམ་གྱི་ཆིན་ཧྲུའུ་གནའ་ལམ”གྱི་གནས་གཏན་འཁེལ་གྱི་ལུས་རྩལ་གྲོང་ཁྱེར་གྱི་གདན་ཞུའི་འགྲན་བསྡུར་དང་། བར་སྣང་དམའ་བའི་ཡུལ་སྐོར་གནམ་གྲུ་གཏོང་ཐེངས་དང་པོའི་མཛད་སྒོ་སྤེལ། ATVཡི་ལེགས་སྐྱེས་འགྲན་བསྡུར་སོགས་འགྲན་བསྡུར་ཆེ་གྲས་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དང་། “སྤྱི་ལོ2017ལོའི་ཀྲུང་གོའི་ལུའོ་ཅང་སྙན་ངག་དུས་ཆེན”དང“སྤྱི་ལོ2017ལོའི་སི་ཁྲོན་གྱི་མཛེས་སྡུག་ལྡན་པའི་ཞིང་སྡེའི་སྤྲོ་སྐྱིད་ཡུལ་སྐོར་དང་ལུའོ་ཅང་གཙང་པོའི་བཙུན་མོ་འཐོག་པའི་དུས་ཆེན”སོགས་ཁྱད་ལྡན་དུས་ཆེན་འདུ་ཚོགས་བདེ་བླག་ངང་གཉེར་བ་རེད། གློག་རྡུལ་ཚོང་དོན་གྲོང་གསེབ་ཏུ་སྤེལ་བའི་ཞིང་ཆེན་རིམ་པའི་དཔེ་སྟོན་རྣམ་གྲངས་ཀྱིས་གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་ལས་སྟེགས20བསྐྲུན་པ་དང་། དམངས་ཕན་ཟོག་ཉོའི་སི་ཁྲོན་ཡོངས་ཀྱི་བྱ་སྤྱོད་དང་། སི་ཁྲོན་གྱི་ཚོང་ཟོག་རྒྱལ་ཡོངས་སུ་སྤྱོད་པ་དང་། ཁེ་ལས་ཁྲི་རྒྱལ་ཁབ་ནས་ཐོན་པ་བཅས་ཀྱི་ཁྲོམ་ར་ཆེན་པོ་གསུམ་གྱི་རྒྱ་སྐྱེད་བྱེད་སྒོའི་ནང་ཞུགས་པ་དང་། “ལེགས་སྒྲིག་བྱང་བུ”བཏོད་པ། “ལུའོ་ཅང་གི་བཟོ་སྐྲུན”ཁྱབ་གདལ་བཏང་། བཟའ་བཏུང་དང་། ཚོང་དོན། ཟོག་འགྲེམས་སོགས་དེང་རབས་ཞབས་ཞུའི་ལས་རིགས་ལ་ཞུགས་པས་ལྗོངས་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་རིན་ཐང་འཕར་མ10%འཕར་ཡོད། སྤྱི་ལོ2017ལོར་ཡུལ་སྐོར་བ་མི་ཐེངས་ཁྲི372.3ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས15.9%འཕར་བ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར30.2ལ་སླེབས་པ་དེ་དུས་མཚུངས་ལས63.5%འཕར།

དཔྱད་གཞིའི་ཡིག་ཆ།