ཅིང་དབྱང་ཆུས།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-05-28 14:20ལ་འགྲུབ།

ཅིང་དབྱང་ཆུས།

ཅིང་དབྱང་ཆུས།
ཅིང་དབྱང་ཆུས་ནི་ཏེ་དབྱང་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོ་ཞིག་ཡིན་ཞིང་། ཁྲིན་ཏུའུ་བདེ་ཐང་གི་བྱང་ཤར་གྱི་མཐའ་རུ་གནས་པ་དང་། ཤར་གྱི་ཕྱོགས་སུ་ཀྲུང་ཅང་རྫོང་ཉེ་བ་དང་། ནུབ་ཀྱི་ཕྱོགས་སུ་མེན་ཀྲུའུ་གྲོང་ཁྱེར་དང་ཧྲི་ཧྥང་གྲོང་ཁྱེར་གཉིས་ལ་འབྲེལ་ཡོད། བྱང་གི་ཕྱོགས་སུ་ལུའོ་ཅང་ཆུས་དང་མེན་དབྱང་གྲོང་ཁྱེར་ཨན་ཀྲོའུ་ཆུས་གཉིས་ལ་འབྲེལ་ཡོད། ལྷོ་ཡི་ཕྱོགས་སུ་ཀོང་ཧན་གྲོང་ཁྱེར་ལ་འབྲེལ། དེ་ནི་ཏེ་དབྱང་གྲོང་ཁྱེར་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་ཡིན། སྤྱི་ལོ2016ལོའི་བར་ཅིང་དབྱང་ཆུས་གྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ648ལ་སླེབས་པ་དང་མི་རིགས་ཁྲི74.8ལ་སླེབས་ཡོད། ཅིང་དབྱང་ཆུས་ལ་ཡུན་རིང་བའི་ལོ་རྒྱུས་ལྡན་པ་དང་། ཁོངས་གཏོགས་ཆུས་སུ་ཞའོ་ཆོན་གནའ་བོའི་གྲོང་རྡལ་དང་ཏེ་དབྱང་ལྷ་ཁང་སོགས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས་ཁུལ་མང་པོ་ཡོད། སྤྱི་ལོ2019ལོའི་ཟླ2པའི་ཚེས2ཉིན་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱིས་རྫོང་རིམ་པའི་རྒྱལ་ཡོངས་ཀྱི་གཞི་རིམ་ཀྲུང་ལུགས་གསོ་རིག་ལས་དོན་གྱི་སྔོན་ཐོན་ཚན་པར་བདམས་པ་རེད། སྤྱི་ལོ2019ལོའི་ཟླ10པར་སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཚན་རྩལ་གསར་གཏོད་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས་སུ་ཚུད་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཅིང་དབྱང་ཆུས།
རྒྱ་ཡིག་གི་མིང་།
旌阳区
ཕྱི་ཡིག་གི་མིང་།
Jingyang District
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེན་ལུའུ་ཀྲོའུ་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་གཞུང6 གྲོང་རྡལ7
སྲིད་གཞུང་སྡོད་གནས།
ཅིང་དབྱང་ཁྲོམ་གཞུང་རྨ་ཆུའི་ཤར་ལམ་ཨང་རྟགས99པ།
ས་ཁོངས་ཁ་པར་ཨང་རྟགས།
0838
སྦྲག་སྲིད་ཚབ་ཨང་།
618000
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ648
མི་གྲངས།
ཁྲི74.8(སྤྱི་ལོ2016ལོ)
ནམ་ཟླ།
ཚ་ཁུལ་ཕལ་བའི་བརླན་བཤེར་རང་བཞིན་གྱི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
川F
སྲིད་འཛིན་ཚབ་ཨང་།
510603
མེ་འཁོར་འབབ་ཚིགས།
ཏེ་དབྱང་མེ་འཁོར་འབབ་ཚིགས།
GDP
དམངས་སྒོར་དུང་ཕྱུར477.80(སྤྱི་ལོ2016ལོ)
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1949ལོའི་རྗེས་སུ་མེན་དབྱང་ས་ཁུལ་གྱི་མངའ་འོག་ཏུ་གཏོགས།

སྤྱི་ལོ1959ལོར་ལུའོ་ཅང་རྫོང་མེད་པར་བཟོས་ནས་ཏེ་དབྱང་རྫོང་དང་ཟླ་སྒྲིལ་བཏང་།

སྤྱི་ལོ1983ལོར་ཏེ་དབྱང་གྲོང་ཁྱེར་བཙུགས།

སྤྱི་ལོ1984ལོར་ཏེ་དབྱང་རྫོང་མེད་པར་བཟོས་ནས་གྲོང་ཁྱེར་དབུས་ཆུས་བཙུགས།

སྤྱི་ལོ1996ལོར་གྲོང་ཁྱེར་དབུས་ཆུས་མེད་པར་བཟོས་པ་དང་།    དབྱང་དབྱང་ཆུས་དང་ལུའོ་ཅང་རྫོང་གཉིས་སོ་སོར་བཙུགས་ཡོད།

2 སྲིད་འཛིན་ཁོངས་བགོས།

ཁྲོམ་གཞུང་དྲུག ཐན་ཡོན་ཁྲོམ་གཞུང་། ཏུང་ཧུའུ་ཁྲོམ་གཞུང་། ཏུང་ཏུང་ཁྲོམ་གཞུང་། པ་ཅའོ་ཅིན་ཁྲོམ་གཞུང་། ཐེན་ཡོན་ཁྲོམ་གཞུང་། ཏུང་ཧུའུ་ཁྲོམ་གཞུང་།

གྲོང་རྡལ་བདུན། ཧོང་ཞུས་གྲོང་རྡལ། པའེ་ལུང་གྲོང་རྡལ། ཏེ་ཤིན་གྲོང་རྡལ། ཤིན་ཀྲུང་གྲོང་རྡལ། ཧྲོང་ཏུང་གྲོང་རྡལ། ཧོ་ཞིན་གྲོང་རྡལ། ཞའོ་ཆོན་གྲོང་རྡལ།

དེའི་ནང་དབྱི་ཏུང་ཁྲོམ་གཞུང་དང་། པ་ཅའོ་ཅིང་ཁྲོམ་གཞུང་། ཧོ་ཤིན་གྲོང་རྡལ་ཞའོ་ཧོ་གྲོང་ཚོ། ཕུའུ་ཞིན་གྲོང་ཚོ་བཅས་ཏེ་དབྱང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ལ་ཚབ་བྱས་ནས་དོ་དམ་བྱ་རྒྱུར་སྤྲད་ཡོད་པ་རེད།

3 མི་གྲངས་གནས་ཚུལ།
3_1 མི་གྲངས།

སྤྱི་ལོ2016ལོར་ཅིང་དབྱང་ཆུས་ཀྱི་གསར་སྐྱེས་མི་རིགས6588ཡོད་པ་དང་། མི3606འདས་གྲོངས་སུ་གྱུར། ལོ་མཇུག་ཏུ་བསྡོམས་དུད284897ལ་སླེབས་པ་དང་། ཐེམ་ཐོ་ཡོད་པའི་མི་གྲངས་ཁྱོན697421ལ་སླེབས། རྒྱུན་སྡོད་མི་གྲངས་ཁྲི74.80ལ་སླེབས་ཡོད།

3_2 མི་རིགས།

སྤྱི་ལོ2016ལོའི་བར་ཅིང་དབྱང་ཆུས་སུ་ཧེ་རིགས་དང་། མན་ཇུ་རིགས། བོད་རིགས། ཧོར་རིགས། ཀྲོང་རིགས་སོགས་གྲངས་ཉུང་མི་རིགས35ཡོད་པ་དང་ཁྱོན་མི་གྲངས4732ཡོད་པ་རེད།

4 དཔལ་འབྱོར་རགས་བཤད།   

ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྤྱི་ལོ2011ལོའི་སྒོར་དུང་ཕྱུར347.94ནསསྤྱི་ལོ2016ལོའི་སྒོར་དུང་ཕྱུར477.80བར་འཕར་ཏེ་ལོ་རེར་ཆ་སྙོམས8.30%འཕར་བ་དང་། ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར27.14ནས་སྒོར་དུང་ཕྱུར33.77བར་འཕར་ནས་ལོ་རེར་ཆ་སྙོམས4.46%འཕར། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར8.07ནས་སྒོར་དུང་ཕྱུར11.29བར་འཕར་ནས་ལོ་རེར་ཆ་སྙོམས6.95%འཕར། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར19147ནས་སྒོར30294བར་འཕར་ནས་ལོ་རེར་ཆ་སྙོམས9.61%འཕར། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར9051ནས་སྒོར15663བར་འཕར་ནས་ལོ་རེར་ཆ་སྙོམས11.59%འཕར་ཡོད། ཐོན་ལས་གསུམ་གྱི་བསྡུར་ཚད8.04:65.64:26.32ནས6.00:56.40:37.60བར་ལེགས་སྒྲིག་བྱས་ཡོད།

ས་གནས་དེ་གའི་གྲགས་ཅན་སྤུས་ལེགས་ཀྱི་ཐོན་རྫས་གསར་པ་ཕྱིར་ཚོང་ཁྲོམ་ར་སྔར་བས་རྒྱ་ཆེར་ཕྱིན་ནས་བཅད་གྲངས་ཡན་གྱི་ཚོང་དོན་འཁོར་རྒྱུག་ཁེ་ལས108ལ་སླེབས་པ་དང་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར741.50ལ་སླེབས་ནས་ལོར་ཆ་སྙོམས14.10%འཕར་ཡོད་པ་རེད། སྡོད་ཁང་འཛད་སྤྱོད་ལ་སྐུལ་མ་གཏོང་བའི་སྲིད་ཇུས་བཏོན་པ་དང་། རང་སྡོད་དང་ལེགས་བཅོས་རང་བཞིན་གྱི་དགོས་མཁོ་ཧུར་ཐག་གིས་ཚོང་རར་ཞུགས་པ་དང་། རིམ་རྩིས་བརྒྱབ་ན་སྤྱི་གསོག་མ་དངུལ་དངུལ་བུན་སྒོར་དུང་ཕྱུར9.96བཏང་བ་དང་། གླ་ཁེའི་སྡོད་ཁང་འཛུགས་སྐྲུན་ལ་མ་དངུལ་སྒོར་ཁྲི4900ཁ་གསབ་བྱས། ཚོང་ཟོག་སྡོད་ཁང་སྨི་གྲུ་བཞི་མ་ཁྲི210ཕྱིར་འཚོང་བྱས་ཡོད། ཅིན་ཚོང་མགྲོན་དང་ཏེ་དབྱང་ཆོན་གྱི་འཚོལ་བཤེར་སོགས་ས་གནས་དེ་གའི་དྲ་ཐོག་ཚོང་དོན་ལས་སྟེགས14འཕེལ་རྒྱས་མྱུར་པོ་བྱུང་བ་དང་། ཧུའེ་དབྱང་ཆུས་གློག་རྡུལ་ཚོང་དོན་མཐུན་ཚོགས་བཙུགས། ཨ་ལི་པ་པ་ཏེ་དབྱང་གཉེར་སྐྱོང་ལྟེ་གནས་དབན་ཏ་ཁོའོ་གཏོད་གླིང་དུ་གཞིས་མར་ཆག གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་དྲ་ཚིགས་ཁྱབ་ཚད60%ལ་སླེབས། སྡེ་ཁུལ་དང་གྲོང་གསེབ་ཀྱི་ཟོག་འགྲེམས་སྡེབ་སྐྱེལ་གྱི“མཐའ་མའི་འགག་གནད”ཤར་གཏོང་ཐུབ་ཡོད། སྤྱི་ལོ2016ལོར་གློག་རྡུལ་ཚོང་དོན་གྱི་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར45ལ་སླེབས་པ་དེ་སྤྱི་ལོ2011ལོ་དང་བསྡུར་ན450%འཕར་ཡོད།

4_1 ཐོན་ལས་དང་པོ།

སྤྱི་ལོ2016ལོར་ཞིང་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར57.50ལ་སླེབས་པ་དེ་ལོ་རེར་ཆ་སྙོམས4%འཕར་བའི་ནང་འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར31.50ལ་སླེབས་པ་དེས54.80%བཟུང་ཡོད། འབྲུ་རིགས་ཐོན་འབོར་བསྡོམས་གྲངས་ཏུན་ཁྲི22ཡས་མས་སུ་བརྟན་སྲུང་བྱ་དགོས། ལྟེ་བའི་གྲོང་ཁུལ་གྱི་གཏན་འཇགས་རང་བཞིན་གྱི་གཞི་རྩའི་ཞིང་ཁ་དབྱེ་འབྱེད་གཏན་འཁེལ་བྱས་ནས་འབྲུ་སྣུམ་ཐོན་མཐོ་གཏོད་པའི་དཔེ་སྟོན་ཁུལ་མུའུ་ཁྲི8དང་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི19.78བསྐྲུན་པ་དང་། ཚད་ལྡན་ཅན་གྱི་གསོ་ཚགས་ར་བ40དང་ཞིང་ཆེན་དང་པུའུ་རིམ་པའི་སྒོ་ཕྱུགས་དང་ཁྱིམ་བྱ་ཚད་ལྡན་ཅན་གྱི་དཔེ་སྟོན་ར་བ7བསྐྲུན་ནས་ཞིང་ཆེན་ཡོངས་ཀྱི“རྫབ་རླངས་ཅན་གྱི་རྫོང”ཁག་དང་པོ་གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད། ཞིང་ཞོར་ཐོན་རྫས་སྤུས་རྟགས་ཅན་དང་། བྱང་རྒྱུད་ཀྱི་སྤུས་ལེགས་འབྲུ་སྣུམ་དང་། བྱང་རྒྱུད་ཀྱི་ཁྱད་ལྡན་ཤིང་འབྲས་དང་སྔོ་ཚལ། ཏུང་ཏུང་དཔལ་འབྱོར་ནགས་གླིང་དང་ཤིང་འབྲས་བཅས་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ། ཝུན་ཧྲི་ཤ་བྱ་དང་མེ་སྟག་འབྲས་སོགས་ཚོང་རྟགས་སྣ་ཁ18ལ་སླེབས་པ་དང་། ཞིང་ལས་པུའི་སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་ཐོན་ཡུལ་གྱི་སྤྱི་ཡོངས་ཁས་ལེན་བྱས་པ་བརྒྱུད་སུར་པན་གསར་པ་དང་ཏུང་མེ་ཕུའུ་སེ་ཙོ་སོགས་སྤྱི་གནོད་མེད་པའི་ཞིང་པ(ཕྱུག)ཐོན་རྫས37ལ་སླེབས་པ་དང་ལྗང་མདོག་བཟའ་བཅའ14ལ་སླེབས་ནས་སི་ཁྲོན་ཞིང་ཆེན་གྱི་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་དཔེ་སྟོན་རྫོང་གྲུབ་འབྲས་ཐོབ་པའི་ངང་བཏོད་པ་རེད། ཐོན་ལས་བྱེད་པོ་དཔེ་གསར་ཅན་དུ་གྱུར་ནས་ཞིང་དུད་ལ་ས་ཞིང་མུའུ་ཁྲི10.28བརྒྱུད་བཤུག་བྱ་རྒྱུར་ཁྲིད་སྟོན་བྱས་པ་དང་། ཞིང་པའི་ཆེད་དོན་མཉམ་ལས་རྩ་འཛུགས440དང་ཁྱིམ་ཚང་ཞིང་ར36ཡོད། གྲོང་ཁྱེར་རིམ་པ་ཡན་གྱི་སྣེ་འདྲེན་ཁེ་ལས55ཡོད་པ་བཅས་ཀྱིས་ཞིང་དུད90%ཡན་ལ་སྐུལ་ཁྲིད་བྱས་ཡོད་པ་རེད། ཞིང་ལས་སྐྱེ་དངོས་གཙོ་བོ་འཕྲུལ་ཆས་ཅན་དུ་འགྱུར་ཚད75%ལ་སླེབས་ཡོད།

4_2 ཐོན་ལས་གཉིས་པ།

སྤྱི་ལོ2016ལོར་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར2187.02ལ་སླེབས་ཡོད། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་བྱས་པར་རིམ་རྩིས་བྱས་ན་ལག་རྩལ་སྒྱུར་བཀོད་ཐད་མ་དངུལ་སྒོར་དུང་ཕྱུར184བཏང་བ་དང་སྒོར་ཁྲི2000ཡན་གྱི་ལག་རྩལ་སྒྱུར་བཅོས་རྣམ་གྲངས280ལས་མཇུག་འགྲིལ་ནས་སྲོལ་རྒྱུན་ཐོན་ལས་བཟང་སྒྲིག་རིམ་སྤོར་ལ་སྐུལ་ཁྲིད་བྱས་ཡོད། ཏེ་སེའར་རྫས་འགྱུར་བཟོ་ལས་དེ་རྒྱལ་ཡོངས་ཀྱི་ཡང་བའི་བཟོ་ལས་ཀྱི་ཁེ་ལས་རྩེ་གྲ་བརྒྱ་དང་དམིགས་བསལ་གློག་སྒྱུར་བཟོ་པ་དེ་ཞིང་ཆེན་རིམ་པའི“དྲ་སྦྲེལ+བཟོ་སྐྲུན”གྱི་དཔེ་སྟོན་ཁེ་ལས་སུ་གྱུར་ཡོད། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་ཕྱིན་པ་དང་། ལོར་རྡོ་སྣག་ཞཱི་ཕྱེ་མ་ཏུན30བཟོ་སྐྲུན་ཐོན་སྐྱེད་སྒྲུབ་རིམ་དང་། ལིན་སྐྱུར་ལྕགས་ལིས་གློག་རྫས་ཏུན1500ཡི་གློག་རྫས་ཕོ་སྣེའི་རྒྱུ་ཆའི་རྣམ་གྲངས་སྔ་རྗེས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་། ཧ་ཡང་མཁའ་དབྱིངས་ཀྱི་ལྕགས་རིགས་འབར་རྫསUPSགློག་ཁུངས་ལ་ཚད་ཡོད་ཐོན་སྐྱེད་མངོན་འགྱུར་བྱུང་ཡོད། ཆུས་ཡོངས་ཀྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཁེ་ལས57ལ་སླེབས་ནས་ཐོན་ལས་བཟུང་ཚད13%འཕར་ཡོད། གླིང་ཁུལ་གྱི་ཐེག་ནུས་ཆེ་རུ་ཕྱིན་པ་དང་བཟོ་ལས་གཅིག་སྡུད་འཕེལ་རྒྱས་ཁུལ་ཞིང་ཆེན་རིམ་པའི་མཐོ་གསར་ལག་རྩལ་ཐོན་ལས་གླིང་ཁུལ་དུ་རིམ་སྤོར་བྱས་ནས་ཧྲའོ་ཧྲན་ལམ་དང་ཐུའོ་ཅང་ལམ་སོགས་གཙོ་གནད་ལམ་དྲ12བསྐྲུན་པ་དང་བསྐྲུན་ལ་སླེབས་པའི་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ17ལ་སླེབས་ཡོད་པ་རེད། རྒྱུ་ཆ་གསར་པའི་ཚན་རྩལ་ལས་གཏོད་གླིང3སྒོ་ཕྱེ་བ་དང་། རྒྱལ་ཡོངས་ཀྱི་སྒྲིག་ཆས་གློག་ཐག་དང་གློག་ཤུགས་ལེ་ལག་ཚང་བའི་ཐོན་ལས་ཀྱི་གྲགས་ཅན་སྤུས་རྟགས་དཔེ་སྟོན་ཁུལ་གྲུབ་འབྲས་ཐོབ་པའི་ངང་བཏོད། གླིང་ཁུལ་དུ་རིམ་རྩིས་བྱས་ན་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར1437ལ་སླེབས་པ་བཅས་རེད།

4_3 ཐོན་ལས་གསུམ་པ།

སྤྱི་ལོ2016ལོར་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར731ལ་སླེབས་ནས་ལོ་རེར་ཆ་སྙོམས10.40%འཕར་ཡོད། རིམ་པ་མཐོ་འབྲིང་གི་ཚོང་ལས་སྟོབས་ཤུགས་གསོག་འཇོག་བྱས་པ་དང་། ཝན་ཏ་ཐང་ཆེན་དང་གནས་མཆོག་ལུང་སོགས་ཚོང་ལས་ཕྱོགས་བསྡུས་ཅན་དུས་བཀག་ལྟར་ལས་གཉེར་བྱེད་འགོ་ཚུགས། པི་ཀུའེ་ཡོན་དང་རེ་བར་གྲོང་ཁྱེར་སོགས་སྤུས་ལེགས་སྡོད་ཁང་རྣམ་གྲངས་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་། ཏེ་དབྱང་དེང་རབས་དངུལ་རྩའི་གསར་གཏོད་ལྟེ་གནས་བདེ་བླག་ངང་སྒོ་བྱང་བཀལ་བ་དང་། རིམ་པ་མཐོ་འབྲིང་གི་སྡོད་གནས་དང་། ཚོང་ཟོག་སྣ་ཚོགས། ལུས་ཁམས་ལུས་སྦྱོང་སོགས་དེང་རབས་ཞབས་ཞུའི་ལས་རིགས་ཟམ་མི་ཆད་པར་གཅིག་སྡུད་བྱུང་བ། རྨ་ཆུའི་གྲོང་གསར་གྱི་ཚོང་ཁུལ་དུང་ཕྱུར་བརྒྱ་མགྱོགས་མྱུར་མར་ཆགས་ཡོད། ཆེད་ལས་ཁྲོམ་ར་ཁྱུ་ཚོགས་འཕེལ་རྒྱས་ཕྱིན་ནས་བསམ་ཡུལ་ལས་འདས་པའི་ཁྱིམ་ཚང་དང་ཧེང་ཏ་འཛུགས་སྐྲུན་རྒྱུ་ཆའི་གྲོང་ལས་གཉེར་བྱེད་འགོ་ཚུགས་པ་དང་ཧེང་ཏ་དུས་ཐེངས་གཉིས་པའི་འཛུགས་སྐྲུན་མགྱོགས་སུ་ཕྱིན་ནས་ལྕགས་རིགས་འཕྲུལ་གློག་དང་། རླངས་འཁོར་སྒྲིག་ཆས། ཨར་ལས་རྒྱུ་ཆ། ཁྱིམ་ཆས་ཁྲོམ་ར་བཅས་ཉིན་བཞིན་སྟོབས་ཆེར་ཕྱིན་ཡོད། དེང་རབས་ཟོག་འགྲེམས་ཚོགས་པའི་འཕེལ་རྒྱས་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ཏེ་དབྱང་དེང་རབས་ཟོག་འགྲེམས་གྲུ་ཁ་རགས་ཙམ་མར་ཆག ལྕགས་ལམ་ཟོག་འགྲེམས་ར་ལོ་མཇུག་ཏུ་གཉེར་སྐྱོང་ཐུབ་པ། པེ་ཏ་ཧོང་གི་ཞིང་ལས་ཐོན་རྫས་ཟོག་འགྲེམས་གླིང་གི་རྣམ་གྲངས་བརྟན་པོའི་ངང་སྤེལ་བ། གཞུང་ལམ་དང་ལྕགས་ལམ་མཉམ་འདྲེན་དང་གྲོང་ཁྱེར་གྱི་སྡེབ་སྐྱེལ་སོགས་ཟོག་འགྲེམས་ནུས་པ་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད། ཁྱད་ལྡན་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཁྲེང་ཏེ་མན་ལེ་མྱུར་བགྲོད་ལྕགས་ལམ་ཡུལ་སྐོར་མནའ་འབྲེལ་ནང་ཞུགས་ཏེ་གྲོང་ཁྱེར་ཡོངས་སུ་ཡུལ་སྐོར་ཐོན་ལས་ཚོང་ཚོགས་སྔོན་ལ་བཙུགས་པ་དང་ཤའོ་ཆོན་གྱི“ཚོགས་འདུ་ཐེངས་དགུ་པ”དང་། ཤིན་ཀྲུང་གི“ཧོ་ལན་ཟླ་བ”ཧྲོང་ཏུང་གི“མེ་ཏོག་ཟླ་བ”སོགས་ཀྱི་བྱེད་སྒོ་སྤེལ་ནས་དུས་བཞི་ལ་ལྟ་ས་ཡོད་པ་དང་ཟླ་རེ་བཞིན་བཀྲག་མདངས་འཚེར་ས་ཡོད་པའི་གྲོང་གསེབ་ཀྱི་ཡུལ་སྐོར་རྣམ་པ་མངོན་ཡོད། དེང་རབས་ཞིང་ལས་ཐོན་ལས་རྟེན་གཞི“མཛེས་ལྗོངས་ཁུལ་ཅན”དུ་གྱུར་ནས་ཞའོ་རེན་སོས་དལ་དམར་འོད་ཞིང་ལས་ཐོན་ལས་གླིང་དེ་ཞིང་ཆེན་ཡོངས་ཀྱི་དཔེ་སྟོན་ཞིང་ལས་བརྗོད་དོན་གཙོ་བོའི་སྤྱི་གླིང་ཁག་དང་པོར་བདམས་པ་རེད། ཤིན་ཀྲུང་ལུང་ཅུས་གྲོང་ཚོ་དང་གྲོང་བྱང་ཧྲེང་ཧྥུང་གྲོང་ཚོར་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གྲོང་གསེབ་ཡུལ་སྐོར་དཔེ་སྟོན་གྲོང་ཚོའི་མཚན་སྙན་ཐོབ་པ་རེད། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར64.78བྱུང་ཡོད།

དཔྱད་གཞིའི་ཡིག་ཆ།