ཧོའེ་ཨན་རྫོང་།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-06-01 09:13ལ་འགྲུབ།

ཧོའེ་ཨན་རྫོང་།

ཧོའེ་ཨན་རྫོང་།
​ཧོའེ་ཨན་རྫོང་ནི་ཧོ་པེ་ཞིང་ཆེན་ཀྲང་ཅ་ཁོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཧོ་པེ་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་ཆགས་ཡོད་པ་དང་། ཧྲན་ཞི་དང་ཧོ་པེ། མོང་གོལ་ཞིང་ཆེན(ཁུལ)གསུམ་གྱི་འབྲེལ་མཚམས་སུ་ཆགས་ཡོད། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་གྲོང་ཁྱེར་དང་། པེ་ཅིང་དང་ཧོ་པེ་དང་མོང་གོལ་གྱི་དཔལ་འབྱོར་ཁུལ་གྱི་འབྲེལ་མཚམས་སུ་གནས་ཡོད། རྫོང་ཡོངས་ཀྱི་ས་རྒྱ་ཆེ་ཞིང་ས་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1706ཡོད། བེད་སྤྱོད་ཆོག་པའི་ས་ཆའི་རྒྱ་ཁྱོན་མུའུ་ཁྲི150ཡོད་པའི་ནང་རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི60ཡོད། དེའི་ཁོངས་སུ་གྲོང་རྡལ4དང་ཤང7 སྲིད་འཛིན་གྲོང་ཚོ273དང་མི་ཁྲི24.6ཡོད་པའི་ནང་ཞིང་ལས་མི་གྲངས་ཁྲི17.8ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
怀安县
ཕྱི་ཡིག་གི་མིང་།
Huai'an County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཧོ་པེ་ཞིང་ཆེན་ཀྲང་ཅ་ཁོའུ་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ4དང་ཤང7ཡོད།
གནས་ཡུལ།
ཧོ་པེ་ཞིང་ཆེན་ནུབ་བྱང་རྒྱུད་དང་། ཅིན་ཅི་མེང་གསུམ་གྱི་ཞིང་ཆེན(རང་སྐྱོང་ལྗོངས)འབྲེལ་མཚམས།
སྲིད་གཞུང་གནས་ཡུལ།
ཁྲའེ་ཀོའུ་པའོ་གྲོང་རྡལ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1706ཡོད།
མི་གྲངས།
ཁྲི24.7ཡོད།
ནམ་ཟླ།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཀྲའོ་ཧྭ་དགོན་པ། གནའ་བོའི་ལྕགས་རི་རིང་པོ། ཧུའུ་ཝོ་དགོན་པའི་རྗེས་ཤུལ་སོགས།
སྐད།
ཅིན་སྐད།
མེ་འཁོར་འབབ་ཚུགས།
ཧོའུ་ཨན་འབབ་ཚུགས།
གནམ་གྲུ་ཐང་།
ཀྲང་ཅ་ཁོའུ་ནིན་ཡོན་གནམ་གྲུ་ཐང་།
ས་ཁོངས་ཁ་པར་ཨང་རྟགས།
0313
སྦྲག་སྲིད་ཨང་རྟགས།
076150
སྲིད་འཛིན་ཚབ་ཨང་།
130728
རླངས་འཁོར་ཚབ་ཨང་།
ཅི(冀)G
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1948ལོའི་ཟླ11པའི་ཚེས29ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་མངའ་ཁོངས་གཉིས་པ་ཡིན། ཀྲུང་གོ་གསར་པ་བཙུགས་པའི་སྔ་རྗེས་སུ་བྱང་དུ་དབྱང་ཧོ་དང་ཝན་རྫོང་གཉིས་ཀྱི་ས་མཚམས་བྱས་ཤིང་། ཤར་ཕྱོགས་སུ་ཀུའུ་ཧོང་རི་བོ་དང་ཞོན་ཧྭ་རྫོང་གཉིས་ཀྱི་ས་མཚམས་བྱས། ལྷོ་ཕྱོགས་སུ་ལིན་ཀོན་མིའོ་ཧྲན་དང་ཧུའུ་ཝོ་ཧྲན་གཉིས་དང་ཧྲན་ཞིའི་ཐེན་ཀྲེན་རྫོང་གཉིས་ཀྱི་ས་མཚམས་བྱས།

སྤྱི་ལོ1951ལོར་རྫོང་སྲིད་གཞུང་དེ་ཧོའེ་ཨན་གྲོང་ཁྱེར་ནས་ཁྲའེ་ཀོའུ་པའོ་རུ་སྤོས།

སྤྱི་ལོ1952ལོའི་ཟླ11པའི་ཚེས15ཉིན། ཁྲ་ཧར་ཞིང་ཆེན་ཕྱིར་འཐེན་བྱས། ཧོ་པེ་ཞིང་ཆེན་ཁོངས་སུ་བསྒྱུར་རྒྱུ་དང་། ཧོའེ་ཨན་རྫོང་ཁོངས་ཀྲང་ཅ་ཁོའུ་ཀྲོན་ཆུས་སུ་གཏོགས།

སྤྱི་ལོ1958ལོའི་ཟླ10པར། ཧོའེ་ཨན་དང་ཝན་ཆོན་རྫོང་གཉིས་ཟླ་སྒྲིལ་བཏང་ཞིང་། ཁྲའེ་ཀོའུ་བཙན་རྫོང་བཙུགས་པ་རེད།

སྤྱི་ལོ1959ལོའི་ཟླ5པར། ཀྲང་ཅ་ཁོའུ་ཀྲོན་ཆུས་དང་ཀྲང་ཅ་ཁོའུ་གྲོང་ཁྱེར་ཟླ་སྒྲིལ་བཏང་བ་དང་། ཧོའེ་ཨན་རྫོང་ནི་ཀྲང་ཅ་ཁོའུ་གྲོང་ཁྱེར་དུ་གཏོགས།

སྤྱི་ལོ1961ལོའི་ཟླ12པའི་ཚེས25ཉིན་ཧོའེ་ཨན་དང་ཝན་ཆོན་རྫོང་གཉིས་ཀྱི་ལམ་ལུགས་བགོས་ཤིང་། ཧོའེ་ཨན་ནི་ཀྲང་ཅ་ཁོའུ་ས་ཁུལ་དུ་གཏོགས།

སྤྱི་ལོ1993ལོར་ཀྲང་ཅ་ཁོའུ་ས་ཁུལ་དང་གྲོང་ཁྱེར་ཟླ་སྒྲིལ་བཏང་བ་དང་། ཧོའེ་ཨན་རྫོང་ནི་ཀྲང་ཅ་ཁོའུ་གྲོང་ཁྱེར་ལ་གཏོགས།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ1997ལོར་ཧོའེ་ཨན་རྫོང་གི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1692.5ཡོད་པ་དང་། མི་གྲངས་ཁྲི24ཡོད། མངའ་ཁོངས་སུ་གྲོང་རྡལ4དང་ཤང7ཡོད་པ་དེ་དག་ནི་ཁྲེ་ཀོའུ་པའོ་གྲོང་རྡལ་དང་། ཙུའོ་ཝེ་གྲོང་རྡལ། ཐོའུ་པེ་ཧུའུ་གྲོང་རྡལ། ཧོའེ་ཨན་གྲོང་རྡལ། སན་པའོ་ཤང་། ཏུའུ་ཁོའུ་པའོ་ཤང་། དྲུག་པ་ཤང་། ཤིས་དབན་པའོ་ཤང་། ཤིས་ཧྲ་གྲོང་ཁྱེར་དང་གྲོང་གསེབ། ཕིང་ཕིང་ཀྲོང་ཤང་། ཝང་ཧུའུ་ཐུན་ཤང་བཅས་རེད།

སྤྱི་ལོ2002ལོའི་ལོ་མཇུག་ཏུ། ཧོའེ་ཨན་རྫོང་གི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1706ཡོད་པ་དང་། མི་གྲངས་ཁྲི24.57ཡོད། ཁོངས་གཏོགས་སུ་གྲོང་རྡལ4དང་། ཤང7སྡེ་ཁུལ10སྲིད་འཛིན་གྲོང་ཚོ273བཅས་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

རྫོང་ཨན་རྫོང་ནི་ཧོ་པེ་ཞིང་ཆེན་ཀྲང་ཅ་ཁོའུ་གྲོང་ཁྱེར་གྱི་ཁོངས་གཏོགས་རྫོང་ཡིན། ཧོ་པེ་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་ཆགས་ཡོད་པ་དང་། ཅིན་ཅི་དང་ནང་སོག་ཞིང་ཆེན(ཁུལ)གསུམ་གྱི་འབྲེལ་མཚམས་སུ་ཆགས་ཡོད། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་གྲོང་ཁྱེར་དང་། ཅིན་ཅི་དང་སོག་ཡུལ་དཔལ་འབྱོར་ཁུལ་གྱི་འབྲེལ་མཚམས་སུ་གནས་ཡོད། “གསེར་གྱི་ཟུར་གསུམ་”ཞེས་འབོད་སྲོལ་ཡོད། ས་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1706ཡོད། བེད་སྤྱོད་ཆོག་པའི་ས་ཞིང་གི་རྒྱ་ཁྱོན་ལ་མུའུ་ཁྲི150ཡོད་པའི་ནང་རྨོ་ཞིང་གི་རྒྱ་ཁྱོན་ལ་མུའུ་ཁྲི60ཡོད་པ་རེད།

3_2 ནམ་ཟླ།

ཧོའེ་ཨན་རྫོང་གི་དྲོད་རྒྱུན་སྐམ་སའི་རང་བཞིན་གྱི་དུས་རླུང་གནམ་གཤིས་ཡིན། ལོ་རེར་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད2156ཡོད་པ་དང་དྲོད་ཚད་མཐོ་ཤོས39.4℃ཡིན་པ་དང་། ཐལ་དྲགས་ཀྱི་དྲོད་ཚད་དམའ་ཤོས-28.1℃ཡིན། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད7.5℃ཡིན། ནུས་ལྡན་དྲོད་ཚད2335-3486℃ཡིན། ཆ་སྙོམས་སུ་སད་མེད་དུས་ཀྱི་ཉིན140ཡིན། ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི383.5ཡིན།

4 མི་གྲངས་དང་མི་རིགས།

སྤྱི་ལོ2000ལོར་མི་གྲངས་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི་གཞི་གྲངས་ལྟར་ན། རྫོང་ཡོངས་ཀྱི་མི་གྲངས་བསྡོམས་འབོར224710ཡོད། མི་རིགས་ནི་རྒྱ་རིགས་གཙོ་བོ་ཡིན།

སྤྱི་ལོ2002ལོའི་ལོ་མཇུག་ཏུ་མི་གྲངས་ཁྲི24.57ཡོད།

སྤྱི་ལོ2014ལོའི་ལོ་མཇུག་ཏུ་མི་གྲངས་ཁྲི24.75ཡོད།

5 འགྲིམ་འགྲུལ།

ཅིན་པའོ་ལྕགས་ལམ་ནི་རྫོང་གྲོང་གི་ཁྲའེ་ཀོའུ་མཁར་བརྒྱུད་ཅིང་། མངའ་ཁོངས་སུ་ས་ཚིགས4བཙུགས་ཡོད། མངའ་ཁོངས་ནང་གི་གཞུང་ལམ་མ་ལམ་འཕྲེད་གཞུང་དུ་བསྣོལ་ནས་རྒྱལ་ལམ110རྫོང་ཏ་དབྱིན་ཁྲོན་བརྒྱུད་དེ་ཀྲང་ཅ་ཁོའུ་ནས་ཏ་ཐུང་བར་གྱི་གཞུང་ལམ་ཧོའེ་ཨན་དུམ་བུའི་རིམ་པ་གཉིས་པའི་སྣུམ་ནག་གཞུང་ལམ་དེ་ཅིན་རྡོ་སོལ་ཕྱིར་གཏོང་གི་བགྲོད་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།

6 དཔལ་འབྱོར།
6_1 ཕྱོགས་བསྡུས།

སྤྱི་ལོ2020ལོའི་ཟླ2པའི་ཚེས29ཉིན་རྫོང་དབུལ་པོའི་གྲལ་ནས་ཐར་ཏེ་དབུལ་སྒྲོལ་བྱས་པ་རེད།

6_2 ཞིང་ལས།

ཧོའེ་ཨན་རྫོང་ནི་དཔེ་མཚོན་གྱི་ཞིང་ལས་རྫོང་ཞིག་ཡིན་ཞིང་། ཕྱུགས་རིགས་དང་། སྔོ་ཚལ། ཞོག་ཁོག ཤིང་འབྲས་བཅས་གཙོ་བོར་བྱེད་པའི་གཙོ་ཁྲིད་ཐོན་ལས་བཞི་ཆགས་ཡོད། རྫོང་གི་རྨོ་ཞིང་རྒྱ་ཁྱོན་ལ་མུའུ་ཁྲི64ཡོད་པ་རེད། ས་རྒྱུའི་རིགས་དབྱིབས་གཙོ་བོ་ནི་ཁྲེ་སེར་ནག་ཡིན་པ་དང་། PHརིན་ཐང7.5ནས8.5བར་ཡིན། འཚོ་བཅུད་ཆ་སྙོམས་འདུས་ཚད་ནི་སྐྱེ་ལྡན་རྫས0.99%དང་། ཏན་ཡོངས0.053%མྱུར་ཕན་ལིན4PPMམྱུར་ཕན་ཅཱ107PPMབཅས་ཡིན། འདེབས་འཛུགས་བྱས་པའི་ལོ་ཏོག་གཙོ་བོ་ནི་ཞོག་ཁོག་དང་། སྔོ་ཚལ། མ་རྨོས་ལོ་ཏོག འབྲུ་རིགས། ཆུ་འབྲས། སྲན་ཆེན། ཉི་མའི་མེ་ཏོག་སོགས་ཡོད། རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་སྔོན་ཐོན་རྫོང་ཡིན།

རྒྱལ་ཡོངས་ཀྱི་འབབ་རྒྱུད་ཆུང་གྲས་ཕྱོགས་བསྡུས་བཅོས་སྐྱོང་གི་གཙོ་གནད་རྫོང་དང་། རྒྱལ་ཁབ་ཀྱི་ལྕགས་རི་རིང་པོ་ས་བོན་ཐོན་སྐྱེད་རྟེན་གཞིའི་རྫོང་། ཧོ་པེ་ཞིང་ཆེན་ཚོང་འབྲུ་ཐོན་སྐྱེད་རྟེན་གཞིའི་རྫོང་བཅས་སུ་བཅུག་ཡོད། ཧོའེ་ཨན་རྫོང་གི་ཞིང་ལས་ཁྱད་ལྡན་ལ་བརྟེན་ནས་འཕེལ་རྒྱས་ཡོང་ཐབས་བྱས་ཏེ་སྔ་རྗེས་སུ་མ་རྨོས་ལོ་ཏོག་དང་། ཞོག་ཁོག བདུག་བཟོས་ཤ་བཟོས་ཐོན་རྫས། སྲོག་ཆགས་དཀོན་རིགས་གསོ་སྤེལ་བཅས་སྣེ་འདྲེན་ཐོན་ལས་བཞི་གྲུབ་ཡོད། གསེར་གྱི་ཤིང་འབྲས་དམར་པོ་དང་། ཁམ་ལེབ་ལེབ་མོ། ཧོའེ་ཨན་ལི་ཙི་བཅས་གཙོ་བོར་བྱས་པའི་དཔལ་འབྱོར་ནགས་ཚལ་དང་ཤ་སྣག་ཅན་གྱི་གསོ་སྤེལ་རྟེན་གཞི་ཆེན་པོ་བཞི་བཙུགས།

6_3 བཟོ་ལས།

སྤྱི་ལོ2000ལོའི་སྔོན། རྫས་འགྱུར་བཟོ་ལས་དང་། ཨར་ལས་རྒྱུ་ཆ། ལྕགས་རིགས་ལྔ། ཤོག་བུ་བཟོ་བ་བཅས་གཙོ་བོར་བྱས་པའི་བཟོ་ལས་ཐོན་སྐྱེད་མ་ལག་གྲུབ་ཅིང་། “སྙེ་ཤུགས་”རྟགས་ཅན་གྱི་གཅིན་རྒྱུ་ལ་ཨུ་རུ་སུའི་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ཀྱི་གསེར་གྱི་བྱ་དགའ་ཐོབ་པ་རེད། ཧོ་པེ་ཞིང་ཆེན་གྱི“སྤུས་ཚད་ལྟ་སྐུལ་ཞིབ་བཤེར་མི་དགོས་པའི་ཐོན་རྫས”ཐོབ་རྗེས། སྤྱི་ལོ1996ལོར་ཀྲུང་གོའི་གྲགས་ཅན་ཁེ་ལས་བརྒྱའི་ཐོན་རྫས་ངོ་སྤྲོད་དང་དེའི་སྤུས་ཚད་ཁས་ལེན་བྱེད་སྒོའི་ནང“ཀྲུང་གོའི་གྲགས་ཅན་ཐོན་རྫས་ཀྱི་མཚན་སྙན”ཐོབ་ཡོད།

སྤྱི་ལོ2010ལོ་ནས་བཟུང་ཐོན་ལས་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་ཧུར་ཐག་བཏང་ནས་གླིང་ཁུལ་ཆེན་པོ་གསུམ་བསྐྲུན་པ་སྟེ།

ཧོ་པེ་ཧོའེ་ཨན་བཟོ་ལས་སྡེ་གླིང་ནི་རྫོང་གྲོང་གི་ནུབ་རྒྱུད་དུ་གནས་ཡོད། སྤྱི་ལོ2011ལོར་ཞིང་ཆེན་རིམ་པའི་གཙོ་གནད་བཟོ་ལས་གླིང་ཁུལ་དུ་བཅུག་པ་དང་སྤྱི་ལོ2015ལོའི་ཟླ12པར་རྒྱལ་ཁབ་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། རྒྱལ་ཁབ་ཚན་རྩལ་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག“རྒྱལ་ཁབ་ཀྱི་འཕྲལ་བསྟུན་ཐོན་ལས་དཔེ་སྟོན་རྟེན་གཞི”སྤྲད་པ་རེད། རྒྱལ་ཡོངས་ཀྱི་ཁག་དང་པོའི་དཔེ་སྟོན་རྟེན་གཞི7གྱི་གྲས་ཤིག་རེད་ལ། ཆོག་མཆན་ཐོབ་པའི་རྫོང་རིམ་པའི་གླིང་ཁུལ་འབའ་ཞིག་ཀྱང་རེད།

ནན་ཧྲན་དཔལ་འབྱོར་གསར་སྤེལ་ཁུལ་དེ་ཧོའེ་ཨན་རྫོང་ཙུའོ་ཝུའེ་གྲོང་རྡལ་དུ་གནས་པ་དང་སྤྱི་ལོ2015ལོའི་ཟླ4པར་ཞིང་ཆེན་རིམ་པའི་གཙོ་གནད་གླིང་ཁུལ་དུ་བཅུག་ཡོད། གླིང་ཁུལ་གྱི་ལྟེ་བའི་ཁེ་ལས་ནི་ཀྲང་ཅ་ཁོའུ་ཝོར་ཝོ་རླངས་འཁོར་སྒུལ་བྱེད་འཕྲུལ་འཁོར་བཟོ་སྐྲུན་ཚད་ཡོད་ཀུང་སི་དང་ཅི་ལི་ཝོར་ཝོ་ཁའེ་གཡོད་རླངས་འཁོར་ལྷུ་ལག་ཆེ་གྲས(ཀྲང་ཅ་ཁོའུ)ཚད་ཡོད་ཀུང་སི་ཡིན་པ་རེད། སྤྱི་ལོ2015ལོའི་གླིང་ཁུལ་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར16ཟིན་ཡོད།

ཀྲུང་གོ་དང་སུའེ་ཙེར་གྱི་ཁེ་ལས་ཆུང་འབྲིང་གི་རྒྱལ་སྤྱིའི་མཉམ་ལས་གླིང་དུ་གནས་ཡོད། སྤྱི་ལོ2014ལོར་ཀྲུང་གོའི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་སྐུལ་འདེད་ལྟེ་གནས་ཀྱིས་སྒོ་བྱང་བཀལ་ཡོད། ཀྲུང་གོ་དང་སུའེ་ཏེན་གྱི་ཁེ་ལས་འབྲིང་ཆུང་བར་གྱི་རྒྱལ་སྤྱིའི་མཉམ་ལས་གཙོ་བོར་བཟུང་ཡོད།

7 སྤྱི་ཚོགས་ལས་དོན།
7_1 ཚན་རིག་ལག་རྩལ།

སྤྱི་ལོ2011ལོར་ཚན་རྩལ་རྣམ་གྲངས3རེ་ཞུ་བྱས་ཡོད། དེའི་ནང་གྲོང་ཁྱེར་རིམ་པ2(བྱ་ཤ་གསོ་སྤེལ་དང་ལས་སྣོན། གཟན་ཆས་སྡེབ་སྦྱོར་ཞིབ་སྤེལ)དང་། ཞིང་ཆེན་རིམ་པ1(བྱ་ཤ་གསར་པའི་སོན་རིགས་ལེགས་གཏོང་འདེམས་གསོ་ལས་སྣོན་ཞིབ་ཚགས་ལག་རྩལ་གསར་སྤེལ)བཅས་ཡོད།

ཧོའེ་ཨན་རྫོང་གི་ཞིང་ལས་གཙོ་ཁྲིད་ཐོན་ལས་ལ་དམིགས་ནས་རྣམ་པ་སྣ་མང་གི་གསོ་སྦྱོང་བྱེད་སྒོ་སྤེལ་དགོས། ཁྱོན་ཞིང་པ་མི་ཐེངས་ཁྲི3དང་དཔྱད་གཞི་སྣ་ཚོགས་ཁྲི་ལྷག་ཙམ་པར་འགྲེམས་བྱས་ཡོད། དཔེར་ན། དུག་སེལ་ཞོག་ཁོག་མངར་མོ་འདེབས་གསོ་དང་། ཀྲང་ཙ་ཀུའུ་ཡི་རིགས་རྒྱུད་གསར་པའི་འདེབས་འཛུགས། དམིགས་བསལ་ཅན་གྱི་སྲོག་ཆགས་གསོ་སྤེལ་སོགས་འདེབས་གསོའི་ལག་རྩལ། ཚན་རྩལ་གསོ་སྦྱོང་དང་ཁྱབ་གདལ་གཏོང་བ་དེས་ཞིང་པར་དེང་རབས་ཞིང་ལས་ཀྱི་ལག་རྩལ་ཁོང་དུ་ཆུད་པ་དང་དཔལ་འབྱོར་གྱི་ཕན་འབྲས་བཟང་པོ་ཐོབ་པ་རེད། སྤྱི་ལོ2011ལོར་ཧོའེ་ཨན་རྫོང་སྔོ་ཚལ་མཐུན་ཚོགས་དེ་ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱིས་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཞིང་ཕན་གྲོང་དར་གྱི་སྔོན་ཐོན་ཚན་པར་བདམས་པ་རེད།

7_2 སློབ་གསོ།

ཧོའེ་ཨན་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་ཁག་གིས“སློབ་གསོ་སྟོབས་ལྡན་གྲོང་རྡལ”དང“རིག་གནས་སྟོབས་ལྡན་གྲོང་རྡལ”གྱི་འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས་བྱས། མ་དངུལ་སྒོར་ཁྲི500བཏང་ནས་ཚད་ལྡན་ཅན་གྱི་ལྟེ་བའི་བུ་བཅོལ་ཁང་གསར་སྐྲུན་བྱས་ཡོད། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ5200ཟིན་པ་དང་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ2100ཟིན་ནས་ཕྲུ་གུ350ལྷག་ཙམ་ཤོང་ཐུབ་པ། ཚབ་ཁྲིད་དགེ་རྒན་གྱི་སློབ་ཁྲིད་ལོ་ཚད་གླ་ཕོགས་སྤྲོད་པའི་ཐོ་འགོད་ལས་དོན་ལེགས་སྒྲུབ་བྱས་པ་རེད། ལོ60ཡན་གྱི་མི91ཡོད་པ་དང་། ལོ60མན་གྱི་མི123ཡོད། སྤྱི་ལོ2012ལོ་ནས་བཟུང་རྫོང་མཁར་ཁུལ་གསར་སློབ་ཆུང(ཁྲང་ཧྲེང་སློབ་ཆུང)དང་། གྲོང་ཁུལ་རྙིང་པའི་ཚོད་ལྟའི་སློབ་ཆུང་། ཁུལ་གསར་བུ་བཅོལ་ཁང་བཅས་གསར་དུ་བསྐྲུན་ཡོད།

7_3 རིག་གནས།

ཧོའེ་ཨན་རྫོང་ལ“རིག་གནས་རྫོང”ཞེས་འབོད་སྲོལ་ཡོད་པ་དང་མིང་དང་ཆིང་རྒྱལ་རབས་སྐབས་ཅིན་ཧྲི་དང་ཅུས་རེན། ཧྲེང་རེན་བཅས་མི400ལྷག་ཙམ་ཡོད། དེང་རབས་སུ་སླེབས་སྐབས་དཔེར་ན་ཁང་ཧྲི་ཨེན་དང་། རོན་མུའུ་ཧན། ལི་ཅན་ཧྲེང་སོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་སྐྱེས་ཆེན་དམ་པ་ཐོན་ཡོད། མིག་མངས་རིག་གནས་ཀྱི་ཤུགས་རྐྱེན་གཏིང་ཟབ་པ་དེ་ནི་རྒྱལ་ཡོངས་ཀྱི“མིག་མངས་ཀྱི་ཕ་ཡུལ”5ཡི་གྲས་ཤིག་རེད། བཟའ་བཏུང་རིག་གནས་གཏིང་ཟབ་ཅིང་རྒྱ་ཆེ། བདུག་ཤ་དང་། སྲན་ཞོའི་པགས་པ། དར་གོས་བག་ལེབ་ཚང་གཅིག་ལ“ཧོའེ་ཨན་ནོར་བུ་གསུམ”ཟེར་ཞིང་། ཁྲའེ་ཀོའུ་པའོ་ཡི་བདུག་ཤ་ནི་ཀྲུང་ཧྭའི་ཚོང་རྟགས་རྙིང་བའི་ཐོན་རྫས་སུ་བཞག 《ཀྲུང་གོའི་བཟའ་བཅའི་ཚིག་མཛོད》ཅེས་པའི་ནང་བདམས་པས་ཅིན་ཅི་མོང་དང་པེ་ཅིང་དང་ཐེན་ཅིན་རྒྱུད་དུ་སྐད་གྲགས་ཆོད་ཡོད།

7_4 འཕྲོད་བསྟེན།

ཧོའེ་ཨན་རྫོང་གི་འཕྲོད་བསྟེན་སྨན་བཅོས་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་གྲོང་ཚོའི་སྨན་པ་ཐེངས3གསོ་སྦྱོང་བྱས་པ་རེད། འཕྲོད་བསྟེན་ཐེངས8གཅིག་སྡུད་ཀྱིས་གཙང་བཤེར་བྱས་ཤིང་། ལོ་འདིའི་ནང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པའི་ནང་ཞུགས་མཁན་མི་གྲངས16381ཡོད།

8 གཟི་བརྗིད་མཚན་སྙན།

སྤྱི་ལོ2018ལོའི་ཟླ9པའི་ཚེས25ཉིན་ཚོང་དོན་པུའི“སྤྱི་ལོ2018ལོའི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང”གི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

སྤྱི་ལོ2020ལོའི་ཟླ4པར་ཧོ་པེ་ཞིང་ཆེན་ལུས་རྩལ་ཅུས་ཀྱིས“སྤྱི་ལོ2019ལོའི་ལོ་འཁོར་གྱི་ལུས་རྩལ་ལས་དོན་གྱི་ཕུལ་བྱུང་རྫོང(གྲོང་ཁྱེར་དང་ཆུས)”ལ་དཔྱད་འདེམས་བྱས་པ་རེད།

སྤྱི་ལོ2020ལོའི་ཟླ5པར་སྤྱི་ལོ2020ལོར་ཀྲུང་གོའི་ཧྥུའུ་ཅ་རྫོང་དང་གྲོང་ཁྱེར་བརྒྱའི་ནང་བདམས་པ་རེད།

དཔྱད་གཞིའི་ཡིག་ཆ།