ཁུན་མིང་གྲོང་ཁྱེར།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2020-06-02 16:54ལ་འགྲུབ།

ཁུན་མིང་གྲོང་ཁྱེར།

ཁུན་མིང་གྲོང་ཁྱེར།
ཁུན་མིང་གྲོང་ཁྱེར་གྱི་མིང་གཞན་ལ་ཁྲུན་ཁྲེང་ཡང་ཟེར། ཡུན་ནན་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་དང་ཡུན་ནན་དབུས་རྒྱུད་གྲོང་ཁྱེར་མང་ཚོགས་ཀྱི་ལྟེ་བའི་གྲོང་ཁྱེར་ཞིག་ཡིན་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་གལ་ཆེན་གྱི་གྲས་ཤིག་ཡིན་པའི་མཆན་འགོད་བཀའ་ལན་གནང་ཡོད། སྤྱི་ལོ2018ལོའི་བར་གྲོང་ཁྱེར་ཡོངས་ཀྱི་ཁོངས་གཏོགས་སུ་ཆུས7དང་། རྫོང3 རྫོང་རིམ་པའི་ཚབ་གཉེར་གྲོང་ཁྱེར1 རང་སྐྱོང་རྫོང3བཅས་ཡོད་པ་དང་སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ21473ཟིན་ཡོད། རྒྱུན་སྡོད་མི་གྲངས་ཁྲི685.0ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས་ཁྲི499.02ཟིན་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད72.85%ཟིན། རྒྱུན་སྡོད་མི་གྲངས་ཁྲི219ཟིན་ཡོད། ཁུན་མིང་ནི་ཀྲུང་གོའི་ལྷོ་ནུབ་ས་ཁུལ་དང་། ཡུན་ཀུའེ་ས་མཐོའི་དབུས་རྒྱུད་དུ་གནས་ཡོད། “ཤར་ངོས་ཀུའེ་ཀྲོའུ་ནས་ཀུའེ་ཀྲོའུ་ མཚོ་རྒྱུད་བར་དང་བྱང་ངོས་ཁྲོན་ཡུས་བརྒྱུད་དེ་ཀྲུང་ཡོན་དུ་ཐོན། ལྷོ་ཕྱོགས་སུ་ལའོ་ཏ་ཐའེ་ལ་འབྲེལ། ནུབ་ཏུ་འབར་མ་དང“རྒྱ་གར་ལ་འབྲེལ་བའི”དམིགས་བསལ་གྱི་ས་བབ་དེ་ལྷོ་བྱང་རྒྱལ་སྤྱིའི་བགྲོད་ལམ་ཆེན་མོ་དང་ཧྲེན་ཀྲེན་གྱིས་འགོ་འཛུགས་ས་བྱས་པའི་ཤར་ནུབ་ནས་ཨེ་ཤེ་ཡ། ཡོ་རོབ་ཀྱི་སྐམ་ས་ཆེན་མོའི་ཟམ་པའི་འབྲེལ་མཚམས་སུ་གནས་ཡོད། ཀྲུང་གོས་ཨེ་ཤེ་ཡ་ཤར་ལྷོ་དང་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་ཕྱེ་བའི་གྲོང་ཁྱེར་ཞིག་དང་། རང་མོས་ཉོ་ཚོང་ཁུལ་གྱི་དཔལ་འབྱོར་ཁུལ། མེ་ཀུང་གཙང་པོ་ཆེན་པོའི་ས་ཁོངས་ཕལ་པའི་དཔལ་འབྱོར་མཉམ་ལས་ཁུལ། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ་ཆེན་པོའི་ས་ཁོངས་དཔལ་འབྱོར་མཉམ་ལས་ཁུལ་བཅས་ཀྱི་འབྲེལ་མཚམས་ཤིག་རེད། ཁུན་མིང་གྲོང་ཁྱེར་ནི་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་ཞིག་ཡིན་ཞིང་། ལོ་ངོ་ཁྲི་གསུམ་གྱི་གོང་ནས་བཟུང་མིའི་རིགས་ཏེན་ཁྲི་ཡི་མཐའ་འཁོར་དུ་སྐྱེ་འཕེལ་བྱུང་ཡོད། མིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་ནན་མིང་ཡུང་གི་སྲིད་དབང་ཁུན་མིང་དུ་བཙུགས་ཡོད། ཁུན་མིང་གྲོང་ཁྱེར་ནི་ཚ་ཁུལ་བྱང་མའི་འཕྲེད་ཐིག་དམའ་བའི་མཐོ་སྒང་གི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས་ཤིང་ཕྱོགས་གསུམ་རི་བོས་བསྐོར་ཞིང་། ལྷོ་རུ་ཏེན་ཁྲི་མཚེའུ་ཡོད་ལ། མཚོ་འགྲམ་གྱི་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་རེད། ཀྲུང་གོའི་ཁུན་མིང་གྲོང་ཁྱེར་ནི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་ཚོང་འདུས་བྱེད་གནས་དང་། ཀྲུང་གོའི་རྒྱལ་སྤྱིའི་ཡུལ་སྐོར་ཉོ་ཚོང་ཚོགས་འདུ། ཀྲུང་གོའི་ཁུན་མིང་རྒྱལ་སྤྱིའི་ཡུལ་སྐོར་དུས་ཆེན་བཅས་ཀྱིས་ཁུན་མིང་གྲོང་ཁྱེར་ནི་ཀྲུང་གོའི་འགྲེམས་སྟོན་གྲོང་ཁྱེར་གཙོ་བོའི་གྲས་སུ་གྱུར་ཡོད། སྤྱི་ལོ2018ལོར་ཀྲུང་གོའི་སྐམ་ས་ཆེན་མོའི་ཚོང་ལས་གྲོང་ཁྱེར་ཡག་ཤོས23པ་དང་འབྲེལ་རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར(ཆུས)བསྐྱར་དུ་གཏན་འཁེལ་བྱས་པ་རེད། སྤྱི་ལོ2019ལོའི་ཟླ12པར་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་ཁུན་མིང་གྲོང་ཁྱེར་ལ“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར”ཞེས་མིང་བཏགས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
昆明
ཕྱི་ཡིག་གི་མིང་།
Kunming
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་གནས་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ལྷོ་ནུབ་ས་ཁུལ།
མངའ་ཁོངས། 
ཆུས7དང་རྫོང3  རྫོང་རིམ་པའི་ཚབ་གཉེར་གྲོང་ཁྱེར1དང་རང་སྐྱོང་རྫོང3བཅས་ཡོད།
སྦྲག་སྲིད་ཨང་རྟགས།
650000
སྲིད་འཛིན་ཚབ་ཨང་།
530100
རླངས་འཁོར་ཚབ་ཨང་།
云A
མི་གྲངས།
མི་གྲངས་ཁྲི685.0(སྤྱི་ལོ2018ལོའི་རྒྱུན་སྡོད་མི་གྲངས)ཡོད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ21473ཡོད།
ནམ་ཟླ།
ཚ་ཁུལ་ཕལ་བའི་མཐོ་སྒང་གི་དུས་རླུང་ནམ་ཟླ།
ས་ཁོངས་ཁ་པར་ཚབ་ཨང་།
0871
ཡུལ་སྐད།
ལྷོ་ནུབ་སྐད།
མེ་འཁོར་འབབ་ཚུགས།
ཁུན་མིང་འབབ་ཚུགས།
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར6475.88(སྤྱི་ལོ2019ལོ)ཡོད།
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1900ལོར་ཁུན་མིང་དུ་ཚོང་གཉེར་ཁེ་ལས་བྱུང་། 

སྤྱི་ལོ1905ལོར(ཀོང་ཞུས་ལོ་སུམ་ཅུ་པར)ཆིང་རྒྱལ་རབས་ཀྱིས་ཁུན་མིང་ནི་ཚོང་འགྲུལ་གྲོང་ཁྱེར་དུ་བསྒྱུར།  

སྤྱི་ལོ1905ལོར། ཁུན་མིང་གིས་ཧྲང་པུའུ་དང་སྤྱི་ལོ1910ལོར་ཏེན་ཡུའེ་ལྕགས་ལམ་བཟོས་པས། ཁུན་མིང་གྲོང་ཁྱེར་ནི་སྒོ་འབྱེད་གྲོང་ཁྱེར་ཞིག་ཏུ་གྱུར།     

སྤྱི་ལོ1908ལོར(ཀོང་ཞུས་ཁྲི་ལོ་སུམ་ཅུ་སོ་བཞི་པར) ཏེན་ཁྲི་རུ་མེ་འཁོར་ཆུང་ཆུང་ཞིག་བྱུང་ནས་གྲོང་ཁྱེར་ཁྲོད་དུ་ཡང“མི་ཤུགས་རླངས་འཁོར་ཀུང་སི”བཙུགས་ཡོད།   

སྤྱི་ལོ1910ལོར་ཁུན་མིང་ལྕགས་ལམ་བཟོས་ཤིང་། ཁུན་མིང་གིས་ཞིང་ཆེན་ཡོངས་ཀྱི་ཚོང་ལས་དང་ཉོ་ཚོང་ལྟེ་གནས་ཀྱི་དཔལ་འབྱོར་གོ་གནས་དང་འགྲིམ་འགྲུལ་ལྟེ་བའི་གནས་བབ་ལ་སྔར་བས་ཤུགས་སྣོན་བརྒྱབ་ཡོད། སྤྱི་ལོ1911ལོར(ཞོན་ཐུང་ཁྲི་ལོ་གསུམ་པ) གྲོང་ཁྱེར་ཡོངས་སུ་འབར་ཞུན་དང་གྲོ་ཞིབ། ཤེལ་སྒོ། ཐ་མག ལྕགས་རིགས། ཇ་བཟོ་བ། ཀོ་ཆས་ལས་སྣོན། ནུབ་སྨན་ལས་སྣོན། ཕག་ཉྭ་བསྙལ་མའི་ལྕགས་ཀྲིན་སོགས་ལས་རིགས་བཅུ་ལྷག་ཡོད་པ་དང་། མང་ཤོས་ནི་འབར་ཞུན་ལས་རིགས་ཡིན། བཟོ་གྲྭ་བཞི་ཡོད་ཅིང་། གཞན་ཡང་རྡོ་སོལ་དང་། ཞ་ཉེ། ཟངས། ལྕགས། དཀར་ཡོལ། མེ་ཏོག་སོགས་གཏེར་ཁ་ཁག་བཞི་བཅུ་ཞེ་གསུམ་གྱི་གཞི་ཁྱོན་ཆུང་བའི་སྔོག་འདོན་བྱས་ཡོད།    

སྤྱི་ལོ1911ལོའི“ཀྲུང་ཅིའུ་འོས་ལངས”དང་ཆིང་རྒྱལ་རབས་ཀྱིས་ཡུན་ནན་གྱི་དབང་སྒྱུར་མགོ་རྟིང་བསློགས།    

སྤྱི་ལོ1915ལོར་ཁུན་མིང་དུ“རྒྱལ་སྲུང་གི་ཐོག་མའི་འོས་འགན”བྱུང་ནས་རྒྱལ་ཡོངས་ཀྱིས་དང་ལེན་བྱས།   

སྤྱི་ལོ1919ལོར་ཡུན་ནན་གྲོང་ཁྱེར་སྲིད་གཞུང་བཙུགས།    

སྤྱི་ལོ1922ལོར་ཁུན་མིང་གྲོང་ཁྱེར་སྲིད་གཞུང་དུ་བསྒྱུར།   

སྤྱི་ལོ1928ལོའི་ཟླ8པའི་ཚེས1ཉིན་ཁུན་མིང་གྲོང་ཁྱེར་སྲིད་གཞུང་བཙུགས། འཇར་འགོག་དམག་འཁྲུག་གི་སྐབས་སུ། ཁུན་མིང་ནི་ཀྲུང་གོའི་འཇར་འགོག་དམག་འཁྲུག་ལ་འདེགས་སྐྱོར་བྱེད་པའི་དཔལ་འབྱོར་དང་། རིག་གནས། དམག་དོན་བཅས་ཀྱི་གྲོང་རྡལ་གལ་ཆེན་གྱི་གྲས་ཤིག་དང་། དམངས་གཙོའི་མཁར་རྫོང་གྲགས་ཅན་ཞིག་ཏུ་གྱུར་ཡོད། 

སྤྱི་ལོ1937ལོར་འཇར་འགོག་དམག་དཔུང་དར་རྒྱས་བྱུང་། ས་ཆ་གཞན་གྱི་བཟོ་གྲྭ་དང་སློབ་གྲྭར་གནས་སྤོ་བྱས་ཤིང་། མ་དངུལ་དང་སྒྲིག་ཆས། ཤེས་ལྡན་མི་སྣ་འབོར་ཆེན་ཞིག་ཁུན་མིང་དུ་འབྱོར། ཁུན་མིང་གི་དཔལ་འབྱོར་དུས་ཐུང་ནང་དར་རྒྱས་ཕུན་སུམ་ཚོགས་པ་ཡོང་བར་སྐུལ་འདེད་བཏང་ཡོད། གོ་མིན་ཏང་ཀྲུང་དབྱང་དང་ཡུན་ནན་ས་གནས་ཀྱི་དཔོན་ངན་མ་རྩས་གཅིག་རྗེས་གཉིས་མཐུད་དུ་ཁུན་མིང་དུ་བཟོ་གྲྭའི་ཁེ་ལས་གསར་གཏོད་དང་གསར་འཛུགས་བྱས། དཔེར་ན། ཀྲུང་དབྱང་འཕྲུལ་ཆས་བཟོ་གྲྭ་དང་། ཟངས་བཞུ་བཟོ་གྲྭ། གློག་འདོན་བཟོ་གྲྭ། གློག་འདོན་བཟོ་གྲྭ53 མཚོན་ཆའི་བཟོ་གྲྭ། གློག་ཤུགས་ངར་ལྕགས་བཟོ་གྲྭ།  སྐུད་འཁེལ་བཟོ་གྲྭ།  རྡོ་ཐ་བཟོ་གྲྭ་སོགས་སྔ་རྗེས་སུ་བཙུགས།     

སྤྱི་ལོ1949ལོའི་ཟླ12པའི་ཚེས9ཉིན། ལུའུ་ཧན་ཡུས་ཀྱིས་དམག་དཔུང་ཁྲིད་ནས་ཁུན་མིང་དུ་འོས་ལངས་བྱས་ཤིང་། ཁུན་མིང་དུ་ཞི་བས་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།  

སྤྱི་ལོ1958ལོའི་ཟླ12པར་ལུང་ཆོན་ཆུས་ཀོན་ཏུའུ་ཆུས་སུ་ཟླ་སྒྲིལ་བཏང་།

སྤྱི་ལོ1958ལོར་ཧྥུ་རྨིན་རྫོང་ནི་ཁྲུའུ་ཞུང་དབྱིས་རིགས་རང་སྐྱོང་ཁུལ་ནས་ཁུན་མིང་གྲོང་ཁྱེར་གྱི་མངའ་ཁོངས་སུ་བགོས།     

སྤྱི་ལོ1959ལོའི་ཟླ4པར་ཆུས་ཅིང་ཆེད་ཁུལ་དབྱི་ལིའང་རྫོང་དང་ཡུས་མིང་རྫོང་གི་གཏེར་ཁུལ་ཁ་ཤས་ཁུན་མིང་གྲོང་ཁྱེར་དུ་བགོས་ནས་མིང་ལ་ལིའང་གཏེར་ཁུལ་ཞེས་བཙུགས། ཟླ9པར་ཆུས་དེ་མེད་པར་བཟོས་ནས་དེ་སྔའི་ཁོངས་གཏོགས་རྫོང་སོ་སོར་ཕྱིར་སྤྲད། ཟླ10པར། ལུང་ཆོན་ཆུས་ནི་ཀོན་ཏུའུ་ཆུས་ལ་དབང་བར་བྱས། ཨན་ཉིང་ཆུས་མེད་པར་བྱས་ནས་ཨན་ཉིང་རྫོང་བསྐྱར་དུ་བཙུགས། ཧའེ་ཁོའུ་ཁུལ་ནི་ཧའེ་ཞིན་མི་དམངས་ཀུང་ཧྲེ་རུ་བསྒྱུར་བ་དང་། ཨན་ཉིན་རྫོང་གི་མངའ་ཁོངས་སུ་བགོས།   

སྤྱི་ལོ1960ལོར། ཡུས་ཞི་ཆེད་ཁུལ་གྱི་ཅིན་ཉིང་རྫོང་ནི་ཁུན་མིང་གྲོང་ཁྱེར་གྱི་མངའ་ཁོངས་སུ་བགོས་ཡོད། (དེ་སྔོན་ཡུས་ཞི་ཆེད་ཁུལ་གྱི་ཁྲེང་ཀུང་རྫོང་དང་ཁུན་དབྱང་རྫོང་ཁག་སྤྱི་ལོ1958ལོ་དང་སྤྱི་ལོ1959ལོར་ཅིན་ཉིང་རྫོང་གི་མངའ་ཁོངས་སུ་ཟླ་སྒྲིལ་བཏང)    

སྤྱི་ལོ1961ལོར། ཨན་ཉིང་རྫོང་གི་ཧའེ་ཞིན་མི་དམངས་ཀུང་ཧྲེ་ནི་ཞི་ཧྲན་ས་ཁུལ་དུ་བགོས་ནས་ཧའེ་ཁོའུ་མི་དམངས་ཀུང་ཧྲེ་ཞེས་པར་བསྒྱུར།

སྤྱི་ལོ1962ལོར། ཅིན་ཉིང་རྫོང་གི་མངའ་ཁོངས་སུ་ལུང་ཅེ་དང་ཝུའུ་ཅ་ཡིང་། ཏ་ཡུས། ལུའོ་ཡང་། མ་ཅིན་ཕུའུ་སོགས་མི་དམངས་ཀུང་ཧྲེ5ལོགས་སུ་དབྱེ་ནས་ཁྲེང་ཀུང་ཆུས་བཙུགས།

སྤྱི་ལོ1965ལོའི་བར་དུ་ཁུན་མིང་གྲོང་ཁྱེར་གྱི་ཐད་སྐྱོང་ཆུས་སུ་ཆུས4དང་རྫོང4ཡོད་པ་སྟེ། ཕན་ལུང་ཆུས་དང་། ཝུའུ་ཧྭ་ཆུས། ཀོན་ཏུའུ་ཆུས། ཞི་ཧྲན་ཆུས། ཨན་ཉིང་རྫོང་། ཧྥུ་རྨིན་རྫོང་། ཅིན་ཉིང་རྫོང་། ཁྲེང་ཀུང་རྫོང་བཅས་ཡིན་ཞིང་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ6465ཡོད་པ་དང་། ལོ་མཇུག་ཏུ་མི་གྲངས1382536ཡོད། 

སྤྱི་ལོ1983ལོའི་ཟླ10པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། ཆུས་ཅིང་ཆེད་ཁུལ་གྱི་དབྱི་ལིའང་རྫོང་དང་། དབྱི་མིང་རྫོང་། ལུའུ་ནན་དབྱིས་རིགས་རང་སྐྱོང་རྫོང་། ཁྲུའུ་ཞུང་དབྱིས་རིགས་རང་སྐྱོང་ཁུལ་བཅས་ཀྱི་ལུའུ་ཆོན་རྫོང་ནི་ཁུན་མིང་གྲོང་ཁྱེར་ལ་སྤྲད་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཆུས་དེ་ཆུས་བཞི་དང་རྫོང་བརྒྱད་དུ་རྒྱ་སྐྱེད་པ་རེད།    

སྤྱི་ལོ1985ལོའི་ཟླ6པར་ལུའུ་ཆོན་རྫོང་ནི་ལུའུ་ཆོན་དབྱིས་རིགས་མིའོ་རིགས་རང་སྐྱོང་རྫོང་དུ་བསྒྱུར།    

སྤྱི་ལོ1995ལོའི་ཟླ10བའི་ཚེས13ཉིན། ཨན་ཉིང་རྫོང་ནས་གྲོང་ཁྱེར་བཙུགས།    

སྤྱི་ལོ1998ལོའི་ཟླ10ཚེས8ཉིན་ལུའུ་ནན་དབྱིས་རིགས་རང་སྐྱོང་རྫོང་གི་མིང་ཧྲི་ལིན་དབྱིས་རིགས་རང་སྐྱོང་རྫོང་ཞེས་པར་བསྒྱུར། ཟླ12པར་མིང་དངོས་སུ་བསྒྱུར།    

སྤྱི་ལོ1998ལོའི་ཟླ12པའི་ཚེས6ཉིན། ས་ཁུལ་རིམ་པའི་ཏུང་ཁྲོན་གྲོང་ཁྱེར་མེད་པར་བཟོས་ཏེ། ཁུན་མིང་གྲོང་ཁྱེར་ཏུང་ཁྲོན་ཁུལ་བཙུགས། ཞུན་ཏན་ཧུའེ་རིགས་དབྱི་རིགས་རང་སྐྱོང་རྫོང་ནི་ཆུས་ཅིན་གྲོང་ཁྱེར་ནས་ཁུན་མིང་གྲོང་ཁྱེར་གྱི་མངའ་འོག་ཏུ་བཅུག་པ་རེད།   

སྤྱི་ལོ2004ལོའི་ཟླ7པའི་ཚེས22ཉིན། ཁུན་མིང་གྲོང་ཁྱེར་གྱིས་ཝུའུ་ཧྭ་དང་ཕན་ལུང་། ཀོན་ཏུའུ། ཞི་ཧྲན་བཅས་ཁུལ་བཞི་ཁུལ་བཞིའི་སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས་ལེགས་སྒྲིག་དངོས་སུ་བྱེད་འགོ་བརྩམས།     

སྤྱི་ལོ2011ལོའི་ཟླ5བའི་ཚེས20ཉིན་ཁྲེང་ཀུང་རྫོང་གི་ཆུས་བཙུགས་མེད་པ་དང་ཁུན་མིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གནས་ཡུལ་ཕན་ལུང་ཆུས་ཏུང་ཧྥུན་ཤར་ལམ་ནས་ཁྲེང་ཀུང་ཆུས་ཅིན་ཤིའུ་ཁྲོམ་གཞུང་དུ་སྤོས་པ་རེད། 

སྤྱི་ལོ2016ལོའི་ཟླ11པའི་ཚེས24ཉིན་ཅིན་ཉིང་རྫོང་དུ་ཆུས་བཙུགས།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཁུན་མིང་གྲོང་ཁྱེར་ནི་ཀྲུང་གོའི་ལྷོ་ནུབ་ས་ཁུལ་དང་། ཡུན་ཀུའེ་ས་མཐོའི་དབུས་རྒྱུད་དུ་གནས་ཡོད། “ཤར་ངོས་ཀུའེ་ཀྲོའུ་ནས་ཀུའེ་ཀྲོའུ་མཚོ་རྒྱུད་བར་དང་བྱང་ངོས་ཁྲོན་ཡུས་བརྒྱུད་དེ་ཀྲུང་ཡོན་དུ་ཐོན། ལྷོ་ཕྱོགས་སུ་ལའོ་ཏ་ཐའེ་ལ་འབྲེལ།  ནུབ་ཏུ་འབར་མ་དང“རྒྱ་གར་ལ་འབྲེལ་བའི”དམིགས་བསལ་གྱི་ས་བབ་དེ་ལྷོ་བྱང་རྒྱལ་སྤྱིའི་བགྲོད་ལམ་ཆེན་མོ་དང་ཧྲེན་ཀྲེན་གྱིས་འགོ་འཛུགས་ས་བྱས་པའི་ཤར་ནུབ་ནས་ཨེ་ཤེ་ཡ། ཡོ་རོབ་ཀྱི་སྐམ་ས་ཆེན་མོའི་ཟམ་པའི་འབྲེལ་མཚམས་སུ་གནས་ཡོད། ཀྲུང་གོས་ཨེ་ཤེ་ཡ་ཤར་ལྷོ་དང་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་ཕྱེ་བའི་གྲོང་ཁྱེར་ཞིག་དང་། རང་མོས་ཉོ་ཚོང་ཁུལ་གྱི་དཔལ་འབྱོར་ཁུལ། མེ་ཀུང་གཙང་པོ་ཆེན་པོའི་ས་ཁོངས་ཕལ་པའི་དཔལ་འབྱོར་མཉམ་ལས་ཁུལ། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ་ཆེན་པོའི་ས་ཁོངས་དཔལ་འབྱོར་མཉམ་ལས་ཁུལ་བཅས་ཀྱི་འབྲེལ་མཚམས་ཤིག་ཡིན་ཞིང་སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ21473ཟིན་ཡོད།།

3_2 ས་ངོས།    

ཁུན་མིང་གྲོང་ཁྱེར་གྱི་ལྟེ་གནས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1891ཡོད། གོང་ཝང་རི་བོ་ནི་ཁུན་མིང་གི་མངའ་ཁོངས་སུ་ཆེས་མཐོ་བའི་གནས་ཡིན། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4247.7ཡོད་པ་དང་འབྲི་ཆུ་དང་ཕུའུ་ཏུའུ་གཙང་པོའི་འདྲེས་མཚམས་ནི་ཁུན་མིང་ས་ཁོངས་ཁྲོད་ཀྱི་ས་བབ་དམའ་ཤོས་ཡིན་ལ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི746ཡོད། ལྷོ་ཕྱོགས་དམའ་བས་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་སྐས་དབྱིབས་ཅན་གྱི་རྣམ་པ་རིམ་བཞིན་ཇེ་དམའ་རུ་འགྲོ་བཞིན་ཡོད།

3_3 ནམ་ཟླ། 

ཁུན་མིང་གྲོང་ཁྱེར་ནི་འཕྲེད་ཐིག་བྱང་མའི་འཕྲེད་ཐིག་དམའ་བའི་ཚ་ཁུལ་དང་མཐོ་སྒང་རི་ཁུལ་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། ཧིན་རྡུ་རྒྱ་མཚོ་ཆེན་མོའི་ལྷོ་ནུབ་ཀྱི་དྲོད་རླངས་དང་བརླན་གཤེར་གྱི་ཤུགས་རྐྱེན་ཐེབས་པའི་རྐྱེན་གྱིས། ཉི་འོད་ཕོག་ཡུན་རིང་བ་དང་སད་ཡུན་ཐུང་། ལོ་རེའི་ཆ་སྙོམས་དྲོད་ཚད15℃ཡིན་པ་དང་ལོ་རེར་ཆ་སྙོམས་ཉི་འོད་ཕོག་ཡུན་ཆུ་ཚོད2200ཡས་མས་ཡིན། སད་མེད་དུས་ཉིན240ཡན་ཡིན།

3_4 མི་གྲངས།    

སྤྱི་ལོ2018ལོར་ཁུན་མིང་གྲོང་ཁྱེར་གྱི་རྒྱུན་སྡོད་མི་གྲངས་ཁྲི685.0ཟིན་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་མི་གྲངས་ཁྲི499.02ཟིན་པ་དེས་རྒྱུན་སྡོད་མི་གྲངས་གྱི་བསྡུར་ཚད་ཀྱི72.85%བཟུང་ཡོད།   

སྤྱི་ལོ2018ལོར་ཁུན་མིང་གྲོང་ཁྱེར་གྱི་ཐེམ་ཐོའི་མི་གྲངས་ཁྲི571.66ཟིན་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས་ཁྲི352.74ཡོད་པ་དེས་ཐེམ་ཐོའི་མི་གྲངས་གྱི་བསྡུར་ཚད་ཀྱི61.7%བཟུང་ཡོད།     ཁུན་མིང་གྲོང་ཁྱེར་གྱི་མི་གྲངས་རྒྱ་རིགས་གཙོ་བོ་ཡིན་པ་དེས་གྲོང་ཁྱེར་དེ་ཡོངས་ཀྱི་རྒྱུན་སྡོད་མི་གྲངས་གྱི86.16%བཟུང་ཡོད། གྲངས་ཉུང་མི་རིགས་ཁག་གི་མི་གྲངས་གྱིས་གྲོང་ཁྱེར་ཡོངས་ཀྱི་རྒྱུན་སྡོད་མི་གྲངས་གྱི13.84%ཟིན་ཡོད། མི་ཁྲི་ཡན་གྱི་གྲངས་ཉུང་མི་རིགས8ཡོད་དེ། དབྱིས་རིགས391337ཡོད། མི་གྲངས་བསྡོམས་འབོར་གྱི7.7%ཟིན་པ་དང་ཧུའེ་རིགས་མི་གྲངས146922ཟིན་ཡོད། མི་གྲངས་བསྡོམས་འབོར་གྱི2.9%ཟིན་པ་དང་། པའེ་རིགས་ཀྱི་མི་གྲངས་71443ཟིན་པ། མི་གྲངས་བསྡོམས་འབོར་གྱི1.4%ཟིན། མིའོ་རིགས45013ཟིན་ཡོད། མི་གྲངས་བསྡོམས་འབོར་གྱི0.89%དང་། ལི་སུའུ་རིགས་ཀྱི་མི་གྲངས17289ཟིན་ཡོད། མི་གྲངས་བསྡོམས་འབོར་གྱི0.34%ཟིན་པ་དང་། ཀྲོང་རིགས་ཀྱི་མི་གྲངས13835ཟིན་ཡོད། མི་གྲངས་བསྡོམས་འབོར་གྱི0.27%ཟིན་པ་དང་། ཏའེ་རིགས་ཀྱི་མི་གྲངས13101ཟིན། མི་གྲངས་བསྡོམས་འབོར་གྱི0.27%ཟིན། ཧ་ཉི་རིགས་ཀྱི་མི་གྲངས10649ཟིན་ཡོད། དེས་སྤྱིའི་མི་གྲངས་གྱི0.21%ཟིན་ཡོད། ལོ་ཧྲིལ་པོར་སྐྱེས་པའི་མི་གྲངས58796ཡོད་པ་དང་མི་གྲངས་རང་བྱུང་འཕར་ཚད6.23‰ཟིན་ཡོད།

4 དཔལ་འབྱོར།
4_1 ཐོན་ལས་དང་པོ།

སྤྱི་ལོ2018ལོར། ཁུན་མིང་གྲོང་ཁྱེར་གྱི་ཞིང་ནགས་འབྲོག་ཉ་ལས་གསུམ་དང་ཞིང་ནགས་འབྲོག་ཉ་གསུམ་གྱི་ཞབས་ཞུའི་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར374.84ཡིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་རྒྱག་རྒྱུ། ལོ་གོང་མ་ལས6.2%འཕར་ཡོད། དེའི་ནང་ཞིང་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར209.44ཟིན་ནས7.6%འཕར་བ་དང་། ནགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར17.02ཟིན་ནས8.4%འཕར། འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར125.99ཟིན་ནས4.4%འཕར། ཉ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར9.11ཟིན་ནས0.5%ཆག ཞིང་ནགས་འབྲོག་ཉ་གསུམ་གྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར13.28ཟིན་ནས6.4%འཕར་ཡོད། 

4_2 ཐོན་ལས་གཉིས་པ། 

སྤྱི་ལོ2018ལོར་ཁུན་མིང་གྲོང་ཁྱེར་དུ་ལོ་ཧྲིལ་པོར་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར1266.94བྱུང་བ་དེ་ལོ་གོང་མ་ལས13.6%འཕར་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང14.0%འཕར་ཡོད། དཔལ་འབྱོར་གྱི་རིགས་དབྱེ་ནས་བལྟས་ན། གཞུང་དབང་དང་གཞུང་དབང་མ་རྐང་ཚོད་འཛིན་ཁེ་ལས20.3%འཕར་ཡོད། མ་རྐང་ལམ་ལུགས་ཀྱི་ཁེ་ལས4.2%འཕར་བ་དང་། ཕྱི་རྒྱལ་གྱི་ཚོང་པ་དང་ཞང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་ཚོང་པས་མ་དངུལ་བཞག་པའི་ཁེ་ལས4.3%ཆག་ཡོད། ཐུན་མོང་ཁེ་ལས30.9%ཆག་ནས་མ་རྐང་མཉམ་ལས་ཁེ་ལས11.8%འཕར་ཡོད། རིགས་དབྱེ་ནས་བལྟས་ན། གཏེར་འདོན་ལས་རིགས10.5%ཆག བཟོ་སྐྲུན་ལས་རིགས16.6%འཕར། གློག་ཤུགས་དང་། ཚ་ཤུགས། སོལ་རླངས། ཆུ་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས་བཅས6.9%འཕར་ཡོད། 

4_3 ཐོན་ལས་གསུམ་པ།   

སྤྱི་ལོ2018ལོར་ཁུན་མིང་གྲོང་ཁྱེར་དུ་ལོ་ཧྲིལ་པོའི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར2787.41ཟིན་པ་དེ་ལོ་གོང་མ་ལས10.0%འཕར་ཡོད། གཉེར་སྐྱོང་བྱ་ཡུལ་གྱི་བསྡོམས་རྩིས་ལ་གཞིགས་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར2625.74ཡིན་པས9.8%འཕར་བ་དང་། གྲོང་གསེབ་ཀྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར161.66ཟིན་ནས13.2%འཕར་ཡོད། འཛད་སྤྱོད་རིགས་ཀྱི་བསྡོམས་རྩིས་ལ་གཞིགས་ན། ཚོང་ཟོག་སིལ་ཚོང་སྒོར་དུང་ཕྱུར2307.04ཟིན་ནས9.4%འཕར་བ་དང་། བཟའ་བཏུང་ཡོང་འབབ་སྒོར་དུང་ཕྱུར480.37ཟིན་ནས12.9%འཕར་ཡོད།


དཔྱད་གཞིའི་ཡིག་ཆ།