ཨན་ཉིང་གྲོང་ཁྱེར།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2020-06-02 16:54ལ་འགྲུབ།

ཨན་ཉིང་གྲོང་ཁྱེར།

ཨན་ཉིང་གྲོང་ཁྱེར།
ཨན་ཉིང་གྲོང་ཁྱེར་ནི་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱེད་པའི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན་ཞིང་། ཡུན་ནན་དབུས་རྒྱུད་ཀྱི་ས་མཐོའི་ཤར་རྒྱུད་མཐའ་མཚམས་སུ་གནས་པ་དང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1313ཟིན་ཡོད། ཨན་ཉིང་གྲོང་ཁྱེར་ནས་ཁུན་མིང་དང་བར་ཐག་ལ་སྤྱི་ལེ32ཡོད། ཁུན་མིང་ནས་ཡུན་ནན་ནུབ་ཕྱོགས་ནས་ས་ཁུལ་དང་ཁུལ་བརྒྱད་བརྒྱུད་པ་མ་ཟད། ཝན་ཏེན་ནི་ཐད་ཀར་འབར་མ་དང་འབྲེལ་ནས་འགྲིམ་འགྲུལ་གྱི་ལྟེ་གནས་ཤིག་ཡིན། གྲོང་ཁྱེར་གྱི་བྱང་ཤར་དང་ནུབ་རིའི་ཁུལ་འབྲེལ་ཡོད་ལ། ཤར་ལྷོ་ནི་ཅིན་ཉིང་ས་ཁུལ་གྱི་ས་མཚམས་དང་འབྲེལ་བ་དང་། ནུབ་ཕྱོགས་ནི་དབྱི་མོན་དང་ལུའུ་ཧྥེང་རྫོང་དང་འབྲེལ་ཡོད། ཆ་སྙོམས་ས་བབ་མཐོ་ཚད་སྨི1800ཟིན་པ་དང་ལོའི་ཆ་སྙོམས་དྲོད་ཚད14.7Cཡིན་པ་རེད། སྤྱི་ལོ1995ལོར་རྫོང་གྲོང་ཁྱེར་དུ་བསྒྱུར་བ་དང་དེའི་ཁོངས་གཏོགས་སུ་སྲང་ལམ9ཡི་དོན་གཅོད་ཁང་ཡོད། གྲོང་མིའི་ཨུ་ཡོན་ལྷན་ཁང64དང་། སྡེ་ཁུལ་སྡོད་དམངས་ཨུ་ཡོན་ལྷན་ཁང34བཅས་ཡོད་པ་དང་། རྒྱུན་སྡོད་མི་གྲངས་ཁྲི36.7(སྤྱི་ལོ2015ལོར)བཅས་ཡོད། ཨན་ཉིང་གྲོང་ཁྱེར་ལ་ལོ་རྒྱུས་ཀྱི་རྒྱུན་རིང་བས“ཐང་ཁྲོན་གནས་མཆོག”ཅེས་བརྗོད་ཀྱི་ཡོད། ཨན་ཉིང་གི་ས་བབ་ལེགས་པ་དང་འགྲིམ་འགྲུལ་དར་རྒྱས་ཆེ་བས་རྒྱལ་ལམ320ནས་འབར་མར་ཤར་བགྲོད་ཐུབ་པ་དང་། ཁུན་མིང་དང་ཨན་ཉིང་། ཨན་ཁྲུའུ། ཁྲེང་ཏུའུ། ཁུན་མིང་མྱུར་བགྲོད་ལྕགས་ལམ་སོགས་ས་ཁོངས་བརྒྱུད་ཡོད་པ་རེད། ཨན་ཅིན་མྱུར་བགྲོད་གཞུང་ལམ་དང་ཁུན་ཀོང་ལྕགས་ལམ་གྱི་ལྕགས་ལམ་ཉིས་གཤིབ་མ་སྐྲུན་འགོ་ཚུགས་ནས་པའེ་ཡུག་གཞུང་ལམ་སྲིད་འཛིན་གྲོང་ཚོ་ཁག་ལ་ཐད་ཀར་ཤར་གཏོང་ཐུབ་ལ་ཁུན་མིན་དང་བར་ཐག་སྤྱི་ལེ32ཡོད། ཨན་ཉིང་ནི་ཁུན་མིང་ནས་ཡུན་ནན་ནུབ་རྒྱུད་ཀྱི་ས་ཁུལ་དང་ཁུལ་བརྒྱད་དང་འབྲེལ་ནས་ཐད་ཀར་འབར་མ་དང་འབྲེལ་བའི་འགྲིམ་འགྲུལ་ལྟེ་གནས་ཤིག་ཡིན། སྤྱི་ལོ2019ལོ་ནས་བཟུང་། སྔ་རྗེས་སུ་སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཕྱོགས་བསྡུས་སྟོབས་ཤུགས་ཀྱི་ཕུལ་བྱུང་རྫོང་བརྒྱ་དང་། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་སྟོབས་ཆེན་བརྒྱ། སྤྱི་ལོ2019ལོའི་ཀྲུང་གོའི་ནུབ་རྒྱུད་ཀྱི་ཕུལ་བྱུང་རྫོང་བརྒྱ། སྤྱི་ལོ2019ལོའི་རྒྱལ་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་ཕུལ་བྱུང་རྫོང་བརྒྱ། སྤྱི་ལོ2019ལོའི་རྒྱལ་ཡོངས་མ་འཇོག་མི་མངོན་པའི་སྟོབས་ཤུགས་ཀྱི་ཕུལ་བྱུང་རྫོང(གྲོང་ཁྱེར)བཅུ་ཡི་ཨང་དང་པོ། རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་སྐྱོང་ཚོད་ལྟའི་ཚན་པ་བཅས་ལ་བདམས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
安宁
ཕྱི་ཡིག་གི་མིང་།
Anning City
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ལྷོ་ནུབ་ས་ཁུལ།
མངའ་ཁོངས། 
ཁྲོམ་གཞུང3ཡོད།
སྦྲག་སྲིད་ཨང་རྟགས།
650300
རླངས་འཁོར་ཚབ་ཨང་།
云A
མི་གྲངས།
མི་གྲངས་ཁྲི36.7(སྤྱི་ལོོ2015ལོ)ཡོད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1313ཡོད།
ནམ་ཟླ།
ཚ་ཁུལ་ཕལ་བའི་མཐོ་སྒང་གི་དུས་རླུང་ནམ་ཟླ།
ས་ཁོངས་ཁ་པར་ཚབ་ཨང་།
0871
ཡུལ་སྐད།
ལྷོ་ནུབ་སྐད།
མེ་འཁོར་འབབ་ཚུགས།
ཝུན་ཆོན་འབབ་ཚུགས།
1 ལོ་རྒྱུས་འཕེལ་རིམ། 

ཐང་ཝུའུ་ཏེ་སྲིད་ལོ་བཞི་པར(སྤྱི་ལོ621ལོར)ཨན་ཉིང་རྫོང་ཞེས་ཟེར།

ཡོན་ནས་ཡོན་སྲིད་ལོ་བཅུ་གཉིས་པའི(སྤྱི་ལོ1275ལོ)བར་ལ་ཨན་ཉིང་ཁུལ་ཞེས་ཟེར།

མིན་གོའི་སྲིད་ལོ་གཉིས་པར(སྤྱི་ལོ1913ལོར)སླར་ཡང་ཨན་ཉིང་རྫོང་ཞེས་འབོད།

སྤྱི་ལོ1950ལོའི་ཟླ4པའི་ཚེས20ཉིན། ཨན་ཉིང་རྫོང་མི་དམངས་སྲིད་གཞུང་བཙུགས།

སྤྱི་ལོ1956ལོའི་ཟླ10པར། ཨན་ཉིང་རྫོང་ནི་ཁུན་མིང་གྲོང་ཁྱེར་ཨན་ཉིང་ཁུལ་དུ་བསྒྱུར།

སྤྱི་ལོ1959ལོའི་ཟླ9པར་སླར་ཡང་ཨན་ཉིང་རྫོང་ཞེས་འབོད།

སྤྱི་ལོ1995ལོའི་ཟླ10བའི་ཚེས13ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཨན་ཉིང་རྫོང་མེད་པར་བྱས་ནས་རྫོང་རིམ་པའི་ཨན་ཉིང་གྲོང་ཁྱེར་བཙུགས། ཨན་ཉིང་གྲོང་ཁྱེར་ནི་ཡུན་ནན་ཞིང་ཆེན་གྱི་ཐད་སྐྱོང་ཁུལ་དང་ཁུན་མིང་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱེད་པ་རེད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

ཨན་ཉིང་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་སྲང་ལམ་དོན་གཅོད་ཁང9དང་གྲོང་མིའི་ཨུ་ཡོན་ལྷན་ཁང64ཡོད། གྲོང་མིའི་ཚོ་ཆུང347དང་། སྡེ་ཁུལ་སྡོད་དམངས་ཨུ་ཡོན་ལྷན་ཁང34  སྡོད་དམངས་ཚོ་ཆུང152བཅས་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཨན་ཉིང་གྲོང་ཁྱེར་ནི་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱེད་པའི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན་ཞིང་། ཡུན་ནན་དབུས་རྒྱུད་ཀྱི་ས་མཐོའི་ཤར་རྒྱུད་མཐའ་མཚམས་སུ་གནས་པ་དང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1313ཟིན་ཡོད། ཨན་ཉིང་གྲོང་ཁྱེར་ནས་ཁུན་མིང་དང་བར་ཐག་ལ་སྤྱི་ལེ32ཡོད། ཁུན་མིང་ནས་ཡུན་ནན་ནུབ་ཕྱོགས་ནས་ས་ཁུལ་དང་ཁུལ་བརྒྱད་བརྒྱུད་པ་མ་ཟད། ཝན་ཏེན་ནི་ཐད་ཀར་འབར་མ་དང་འབྲེལ་ནས་འགྲིམ་འགྲུལ་གྱི་ལྟེ་གནས་ཤིག་ཡིན། གྲོང་ཁྱེར་གྱི་བྱང་ཤར་དང་ནུབ་རིའི་ཁུལ་འབྲེལ་ཡོད་ལ། ཤར་ལྷོ་ནི་ཅིན་ཉིང་ས་ཁུལ་གྱི་ས་མཚམས་དང་འབྲེལ་བ་དང་། ནུབ་ཕྱོགས་ནི་དབྱི་མོན་དང་ལུའུ་ཧྥེང་རྫོང་དང་འབྲེལ་ཡོད།

3_2 ས་དབྱིབས།

ཨན་ཉིང་གྲོང་ཁྱེར་གྱི་ས་དབྱིབས་ནི་ཤར་ལྷོ་མཐོ་ཞིང་ནུབ་བྱང་དམའ། སྲང་ལམ་བརྒྱད་དང་ལེན་རན། ལུའུ་ཡན་བཅས་རི་ཁྲོད་གཞོང་ས་གསུམ་ཡོད་པ་དང་། དེ་བྱིངས་རི་ཁུལ་དང་རི་ཁུལ་ཕྱེད་ཙམ་ཡིན། གྲོང་ཁྱེར་ནང་གི་ལྷོ་ནུབ་རྒྱུད་ཀྱི་ཧེ་ཧྥུན་བྲག་ཕུག་ནི་ཨན་ཉིང་གྲོང་ཁྱེར་གྱི་ཆེས་མཐོ་བའི་གནས་ཡིན་ཞིང་ས་བབ་མཐོ་ཚད་ལ་སྨི2617.7ཡོད་པ་དང་། དམའ་ཤོས་ནི་ཚའོ་ཕུའུ་གྲོང་རྡལ་ཝང་ཅ་ཐན་གྲོང་ཚོ་ཨུ་ལྷན་གྱི་ཧུང་ཧོ་ཆུ་བོ་བཞུར་ཁུལ་གྱི་ཨན་ཅ་རི་བོའི་ལུང་གཞུང་ཡིན་ལ་ས་བབ་མཐོ་ཚད་སྨི1680ཡོད་པ་རེད།

3_3 ནམ་ཟླ།

ཨན་ཉིང་གྲོང་ཁྱེར་ནི་ཚ་ཁུལ་གྱི་འཕྲེད་ཐིག་དམའ་བའི་ས་ཁུལ་དུ་གཏོགས་ཤིང་དུས་ཚིགས་ཀྱི་དྲོད་ཚད་ཁྱད་པར་ཆེན་པོ་མེད་པ་དང་རླན་ཚད་གསལ་པོ་ཡོད། ལོ་རེའི་ཆ་སྙོམས་དྲོད་ཚད14.9℃ཡིན་པ་དང་། ཆེས་ཐལ་དྲགས་པའི་དྲོད་ཚད31.5℃ཡིན་ལ། ཆེས་ཐལ་དྲགས་པའི་དྲོད་ཚད-7.8℃ཡིན། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧ་ལམ་ཧའོ་སྨི1000.5ཟིན་ཡོད། ཟླ་རེར་ཆེས་ཆེ་བའི་ཆར་འབབ་ཚད་ཧའོ་སྨི208.3དང་། ཉིན་རེར་ཆེས་ཆེ་བའི་ཆར་འབབ་ཚད་ཧའོ་སྨི153.3ཡིན། ཆར་པ་འབབ་སྐབས་གཙོ་བོ་ཟླ5~9བར་གཅིག་སྡུད་བྱས་ཡོད། ལོ་རེར་ཉི་འོད་ཕོག་ཚད་ཆུ་ཚོད2327.5ཟིན་པ་དང་ལོ་རེར་རླངས་པར་འགྱུར་ཚད་ཧའོ་སྨི1856.4ཟིན་གྱི་ཡོད། 

4 མི་གྲངས་དང་མི་རིགས།
4_1 མི་གྲངས། 

ཨན་ཉིང་གྲོང་ཁྱེར་གྱི་རྒྱུན་སྡོད་མི་གྲངས་ཁྲི35.7ཟིན་པ་དེ་སྤྱི་ལོ2012ལོའི་ལོ་མཇུག་ལས1.7%འཕར་ཡོད། ཨན་ཉིང་གྲོང་ཁྱེར་གྱི་ཐེམ་ཐོའི་མི་གྲངས་ཁྲི26.89ཟིན་ཡོད། སྤྱི་ལོ2012ལོའི་ལོ་མཇུག་ལས0.5%འཕར་ཡོད། དེའི་ནང་ཞིང་ལས་མི་གྲངས་ཁྲི7.66ཡོད། སྤྱིའི་མི་གྲངས་གྱི28.5%བཟུང་། ཞིང་ལས་མིན་པའི་མི་གྲངས་ཁྲི19.23ཟིན་པ་དེས་སྤྱིའི་མི་གྲངས་གྱི71.5%བཟུང་ཡོད། ཐེམ་ཐོའི་མི་གྲངས་ཁྲོད་སྐྱེས་པ་ཁྲི13.7ཟིན་ཡོད། བུད་མེད་ཁྲི13.19ཡོད་པ་དེས་བཟུང་བའི་བསྡུར་ཚད་སོ་སོར51.1%དང49.1%ཟིན་ཡོད། ལོ40ནས14བར་གྱི་མི་གྲངས་ཁྲི3.56དང་། ལོ15ནས64བར་གྱི་མི་གྲངས་ཁྲི20.0ཡོད། ལོ65ཡན་གྱི་མི་གྲངས་ཁྲི3.33ཟིན་པ་དེས་སྤྱིའི་མི་གྲངས་གྱི་བསྡུར་ཚད་ཀྱི་སོ་སོར13.2%དང་། 74.4%  12.4%བཅས་ཟིན་ཡོད། ཨན་ཉིང་གྲོང་ཁྱེར་དུ་གྲངས་ཉུང་མི་རིགས་ཀྱི་མི་གྲངས38065ཡོད་པ་དེས་སྤྱིའི་མི་གྲངས་གྱི14.2%བཟུང་ཡོད། གྲངས་ཉུང་མི་རིགས་ཀྱི་མི་གྲངས་གཙོ་བོར་པའེ་རིགས11340དང་། དབྱིས་རིགས14079དང་། མིའོ་རིགས3967  ཧུའེ་རིགས3173བཅས་ཡོད། ཨན་ཉིང་གྲོང་ཁྱེར་གྱི་མི་གྲངས་དང་འཆར་ལྡན་བུ་བཙའི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱུང་ཡོད། མི་གྲངས་འཕར་ཚད་ལ་ཚོད་འཛིན་ནུས་ལྡན་བྱེད་ཐུབ་པ་དང་། མི་གྲངས་གྱི་བྱང་ཚད་དང་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་། སྤྱི་ལོ2013ལོར་ཨན་ཉིང་གྲོང་ཁྱེར་གྱི་མི་གྲངས་སྐྱེ་ཚད10.42‰ཟིན་པ་དང་། ཤི་ཚད5.22‰ཡིན་པ་དང་། རང་བྱུང་འཕར་ཚད5.20‰ཡིན།

སྤྱི་ལོ2015ལོའི་ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་རྒྱུན་སྡོད་མི་གྲངས་ཁྲི36.7ཟིན་པ་དང་མི་གྲངས་སྐྱེ་ཚད10.04‰ཟིན། ཤི་ཚད5.50‰དང་རང་བྱུང་འཕར་ཚད6.54‰ཡིན། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད73.43%ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས་ཁྲི26.95ཟིན། གྲོང་གསེབ་ཀྱི་མི་གྲངས་ཁྲི9.25ཟིན་ཡོད། ལོ་མཇུག་ཏུ་ཐེམ་ཐོའི་མི་གྲངས་ཁྲི27.17ཟིན་པའི་ནང་ཞིང་ལས་མི་གྲངས་ཁྲི9.53དང་ཞིང་ལས་མིན་པའི་མི་གྲངས་ཁྲི17.64ཡོད་པ་རེད།

4_2 མི་རིགས།

ཨན་ཉིན་གྲོང་ཁྱེར་ནི་མི་རབས་ནས་མི་རབས་བར་རྒྱ་རིགས་དང་། དབྱིས་རིགས། པའེ་རིགས། མིའོ་རིགས། ཧུའེ་རིགས་བཅས་མི་རིགས་ལྔ་འདུས་སྡོད་བྱས་ཡོད། ཨན་ཉིང་གྲོང་ཁྱེར་ལ་བསྡོམས་པས་མི་རིགས39ཡོད། གྲངས་ཉུང་མི་རིགས་ཀྱི་མི་གྲངས་གྱིས་ཨན་ཉིང་གྲོང་ཁྱེར་གྱི་ཐེམ་ཐོའི་མི་གྲངས་བསྡོམས་འབོར་གྱི12.99%ཟིན་ཡོད། མི་རབས་ནས་མི་རབས་བར་རྒྱ་རིགས་དང་། དབྱིས་རིགས། མིའོ་རིགས། པའེ་རིགས། ཧུའེ་རིགས་བཅས་མི་རིགས་ལྔ་འདུས་སྡོད་བྱས་ཡོད། མི་སྟོང་ཡན་གྱི་གྲངས་ཉུང་མི་རིགས4ཡོད་དེ། དབྱིས་རིགས12244ཡོད། པའེ་རིགས་ཀྱི་མི་གྲངས10564དང་། མིའོ་རིགས3555ཡོད། ཧུའེ་རིགས3253བཅས་ཡོད་པ་རེད།  

5 དཔལ་འབྱོར།

སྤྱི་ལོ2008ལོར་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར17405ཟིན་ནས་དངོས་སུ10%འཕར་བ་དང་། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར5563ཟིན་ནས་དོན་དངོས་ཐོག10.5%འཕར་ཡོད། འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་གྱི་འགག་རྩའི་རང་བཞིན་གྱི་དམིགས་ཚད་ཆེན་པོ་གཉིས་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ནས་སྤྱི་ལོ2008ལོའི་ཀྲུང་གོའི་ཕྱོགས་ཡོངས་ནས་འབྱོར་འབྲིང་གི་འཚར་ལོངས་རྣམ་པའི་པའེ་ཅ་རྫོང(གྲོང་ཁྱེར)གི་གྲས་ཤིག་རེད།

སྤྱི་ལོ2009ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར115.53ཟིན་པས17.3%འཕར་ཡོད། སྤྱིར་བཏང་གི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར10.85ཟིན་པས27.1%འཕར་ཡོད། བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར400ལས་བརྒལ་ནས་སྒོར་དུང་ཕྱུར406ཟིན་ནས23.6%འཕར་ཡོད། ཞིང་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར10ལས་ཐོག་མར་བརྒལ་ནས་སྒོར་དུང་ཕྱུར10.94ཟིན་ནས6.8%འཕར་ཡོད། ལོ3བསྟུད་མར་ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་སྟོབས་ཆེན་བཅུའི་གྲས་སུ་ཚུད་ཡོད།

སྤྱི་ལོ2015ལོར་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར260.15ཟིན་པ་དེ་སྤྱི་ལོ2014ལོ་ལས3.6%འཕར་ཡོད། མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར(རྒྱུན་སྡོད་མི་འབོར་ལྟར་བརྩིས་པ)སྒོར71372ཡིན་པ་དེ་སྤྱི་ལོ2014ལོ་ལས2.2%འཕར་ཡོད།

ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཁྲོད། ཐོན་ལས་དང་པོར་འཕར་ཐང་སྒོར་དུང་ཕྱུར12.56བྱུང་བ་དེ་སྤྱི་ལོ2014ལོ་ལས5.9%འཕར་ཡོད། དཔལ་འབྱོར་འཕར་ཚད་བརྒྱ་ཆའི་གཞི་གྲངས0.3སྐུལ་ཁྲིད་བྱས། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར119.60མངོན་འགྱུར་བྱུང་ཡོད། སྤྱི་ལོ2014ལོ་ལས0.03%འཕར་བ་དང་། དཔལ་འབྱོར་བརྒྱ་ཆའི་གཞི་གྲངས0.02འཕར་བར་སྐུལ་ཁྲིད་བྱས་ཡོད། དེའི་ནང་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར102.89མངོན་འགྱུར་བྱུང་ཡོད། སྤྱི་ལོ2014ལོ་ལས1.4%ཆག་པ་དང་། དཔལ་འབྱོར་བརྒྱ་ཆའི་གཞི་གྲངས0.6ཆག་པར་སྐུལ་ཁྲིད་བྱས་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར127.99མངོན་འགྱུར་བྱུང་། སྤྱི་ལོ2014ལོ་ལས7.5%འཕར་ནས་དཔལ་འབྱོར་བརྒྱ་ཆའི་གྲངས3.3འཕར། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་རིན་ཐང་འཕར་མའི་བསྡུར་ཚད་སོ་སོར4.8%དང་། 46.0% 49.2%བཅས་ཟིན་ཡོད། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕར་ཐང་སྒོར་དུང་ཕྱུར103.25ཟིན་པ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཡོངས་ཀྱི39.7%བཟུང་ནས3.5%འཕར།

5_1 ཐོན་ལས་དང་པོ།

སྤྱི་ལོ2009ལོར་འབྲུ་རིགས་སྤྱིའི་ཐོན་འབོར་ཏུན་ཁྲི5.7ཟིན་ཏེ16.2%འཕར་ཡོད། རྡོ་ཐའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར7.172ཟིན་ནས29.7%འཕར་ཏེ་ཉེ་བའི་ལོ་ལྔའི་རིང་གི་ཆུ་ཚད་ཡག་ཤོས་སུ་སླེབས་ཡོད་པ་རེད། ཞིང་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར6.86ཟིན་ནས5.8%འཕར་ཡོད། ཕྱུགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར5བཏང་ནས13%འཕར་ཡོད།

5_2 ཐོན་ལས་གཉིས་པ།

སྤྱི་ལོ2009ལོར་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར68.66ཟིན་ནས21.4%འཕར་བ་དངGDPབརྒྱ་ཆའི་གནས13འཕར་རྒྱུར་སྐུལ་ཁྲིད་ཐུབ་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས88བར་མང་དུ་ཕྱིན་ནས་རིན་ཐང་འཕར་མ་སྒོར་དུང་ཕྱུར66.13ཟིན་ནས22%འཕར་ཡོད། ཞིང་ཆེན་བཟོ་ལས་ཀྱི་ཕུལ་བྱུང་རྫོང(གྲོང་ཁྱེར)གི་མཚན་སྙན་ཐོབ། ལོ་ཧྲིལ་པོར་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལ་ཁེ་སྤོགས་དང་དཔྱ་ཁྲལ་སྒོར་དུང་ཕྱུར4.43བྱུང་ནས160%འཕར། རིན་ཐང་འཕར་མ་སྒོར་དུང་ཕྱུར20.9ཟིན་ནས10%འཕར་ཡོད།

5_3 ཐོན་ལས་གསུམ་པ།

སྤྱི་ལོ2008ལོའི་ལོ་ཧྲིལ་པོར་ཡུལ་སྐོར་བ་ཁྲི184.4ལ་སྣེ་ལེན་ཞུས་པ་དང་། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར6.23ཟིན་ནས4.4%འཕར་ཡོད། ས་ཁང་བདག་ཁོངས་ལ་མ་དངུལ་གཏོང་ཤུགས་ཆེ་བས་མ་དངུལ་སྒོར་དུང་ཕྱུར14.5བཏང་ནས117.3%འཕར་ཡོད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར21.88ཟིན་ནས་དོན་དངོས་ཐོག24.6%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར36.51ཟིན་ནས14.2%འཕར་ཡོད།


དཔྱད་གཞིའི་ཡིག་ཆ།