ཏུང་ཆུས།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-05-28 15:24ལ་འགྲུབ།

ཏུང་ཆུས།

ཏུང་ཆུས།
ཏུང་ཆུས་ནི་སི་ཁྲོན་ཞིང་ཆེན་ཕན་ཀྲི་ཧྭ་གྲོང་ཁྱེར་གྱི་གྲོང་ཁུལ་ཆུས་གཙོ་བོ་ཞིག་ཡིན་པ་དང་། ཕན་ཀྲི་ཧྭ་གྲོང་ཁྱེར་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། དངུལ་རྩ། ཚོང་དོན་ལྟེ་གནས་བཅས་རེད། ས་ཁོངས་སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ167.225ཡོད་པ་དང་། ཆུས་མི་དམངས་སྲིད་གཞུང་ནི་ཕན་ཀྲི་ཧྭ་ལམ་ཆེན་གྱི་དཀྱིལ་དུམ་གྱི་ཨང་རྟགས225པར་བཅའ་སྡོད་བྱས་ཡོད། སྤྱི་ལོ2014ལོའི་ལོ་མཇུག་བར་ཏུང་ཆུས་གྱི་མི་གྲངས་ཁྲི30.82ལ་སླེབས་ཡོད། སྤྱི་ལོ2018ལོའི་ལོ་མཇུག་བར་གྲོང་རྡལ1དང་ཁྲོམ་གཞུང9ཡོད། སྤྱི་ལོ2018ལོར་ཏུང་ཆུས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར477.23ལ་སླེབས། ཏུང་ཆུས་ནི་ཕན་ཀྲི་ཧྭ་གྲོང་ཁྱེར་ཅིན་ཧྲ་གཙང་པོའི་ཤར་རྒྱུད་ཀྱི་ངོགས་གཉིས་ཀྱི་རི་ལྡེབས་ཁུལ་དུ་གནས་པ་དང་ནུབ་ངོས་ཕྱོགས་ནི་ཡུན་ཕན་རི་རྩེ་དང་བསིལ་རླུང་ཉག་ག་གཉིས་ནས་རེན་ཧོ་ཆུས་དང་ཞི་ཆུས་གཉིས་ལ་འབྲེལ་ཡོད། ལྷོ་ངོས་ཀྱི་ཕྱོགས་ནི་ཆུ་བོ་ཆེན་པོའི་དབུས་ལམ་གྱི་པ་སི་ཡན་དུ་སླེབས་ཡོད། བྱང་ངོས་ཕྱོགས་ནི་ཧེ་ཧྲན་རི་བོའི་འདབས་དང་ལའོ་ཡན་ཧྲན་གཉིས་ཀྱིས་རེན་ཧོ་ཆུས། ཡན་པེན་རྫོང་གཉིས་ལ་སྦྲེལ་ཡོད། སྤྱི་ལོ2019ལོའི་ཟླ7པར་ཏུང་ཆུས་རྒྱལ་ཁབ་ཀྱི་ཤེས་བྱའི་བདག་དབང་སྟོབས་ཤུགས་ཆེ་བའི་རྫོང་གི་ལས་གྲྭའི་ཚོད་ལྟའི་རྫོང(ཆུས)དུ་བདམས་པ་རེད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཏུང་ཆུས།
རྒྱ་ཡིག་མིང་།
东区
ཕྱི་ཡིག་གི་མིང་།
Dong Area
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ལྷོ་ནུབ་ས་ཁུལ།
མངའ་ཁོངས།
གྲོང་རྡལ1 ཁྲོམ་གཞུང9
སྲིད་གཞུང་སྡོད་གནས།
ཏུའུ་ཁོའུ་ཁྲོམ་གཞུང་།
ས་ཁོངས་ཁ་པར་ཨང་རྟགས།
0812
སྦྲག་སྲིད་ཚབ་ཨང་།
617067
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ167.23
མི་གྲངས།
ཁྲི31.38
རླངས་འཁོར་ཚབ་ཨང་།
川D
སྲིད་འཛིན་ཚབ་ཨང་།
510402
གནམ་གྲུའི་ཐང་།
ཕན་ཀྲི་ཧྭ་པའོ་ཨན་གནམ་གྲུའི་ཐང་།
མེ་འཁོར་འབབ་ཚིགས།
སྨི་ཏི་མེ་འཁོར་འབབ་ཚིགས།
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1950ལོར་བཅིངས་འགྲོལ་ཐོབ་ནས་ཞི་ཁང་ཞིང་ཆེན་ཞི་ཁྲང་ཀྲོན་ཆུས་སུ་བསྒྱུར།

སྤྱི་ལོ1955ལོའི་ཟླ10པར་ཞི་ཁང་ཞིང་ཆེན་གྱིས་སི་ཁྲོན་ཞིང་ཆེན་ཞི་ཁྲང་ཀྲོན་ཆུས་ཁོངས་མེད་པར་བཟོས།

སྤྱི་ལོ1965ལོར་ཞི་ཁྲང་ཀྲོན་ཆུས་ཡན་པེན་རྫོང་གི་དབྱིན་ཅང་ཀུང་ཧྲེ་དེ་ཏུའུ་ཁོའུ་གྲོང་ཁྱེར་ཅིན་ཅང་ཆུས་ཀྱི་ཁོངས་སུ་བགོས།

སྤྱི་ལོ1973ལོར་ཏུའུ་ཁུའོ་གྲོང་ཁྱེར་གྱི་ཏ་ཧོ་ཆུས་ཀྱི་ཆན་ཅིང་ཀུང་ཧྲེ་དང་ཅིན་ཅང་ཆུས་ཀྱི་ཡིང་ཅང་ཀུང་ཧྲེ། དེ་མིན་གྲོང་ཁྱེར་གྱིས་ས་ཁོངས་གཞན་འགའ་ལེགས་བསྒྲིགས་བྱས་ནས་ཏུའུ་ཁུའོ་གྲོང་ཁྱེར་གྱི་ཏུང་ཆུས་ཀྱི་ཁོངས་སུ་བཞག སྤྱི་ལོ1975ལོའི་ཟླ7པར་ཡང་ཏ་ཧོ་ཆུས་ཀྱི་ཆན་ཅིང་ཀུང་ཧྲེ་དང་ཅིན་ཅང་ཆུས་ཀྱི་ཡིང་ཅང་ཀུང་ཧྲེ(གྲོང་ཁྱེར་གྱི་ས་ཁོངས་གཞན་དག་ཕུད)གཉིས་དེ་ཏུའུ་ཁུའོ་གྲོང་ཁྱེར་གྱི་གྲོང་འདབས་ཆུས་སུ་བསྒྱུར། (སྤྱི་ལོ1981ལོའི་ཟླ8པར་རེན་ཧོ་ཆུས་ཞེས་པར་མིང་བསྒྱུར)

སྤྱི་ལོ1987ལོའི་ཟླ1པར་། ཏུའུ་ཁོའུ་གྲོང་ཁྱེར་ཞེས་པ་དེ་ཕན་ཀྲི་ཧྭ་གྲོང་ཁྱེར་ཞེས་པར་མིང་བསྒྱུར།

སྤྱི་ལོ1994ལོའི་ཟླ2པའི་ཚེས2ཉིན། སི་ཁྲོན་ཞིང་ཆེན་དམངས་སྲིད་ཐིང་གིས་ཕན་ཀྲི་ཧྭ་གྲོང་ཁྱེར་གྱི་ཏུང་ཆུས་དང་། ཞི་ཆུས། རེན་ཧོ་ཆུས་བཅས་ཆུས་གསུམ་གྱི་ས་ཁོངས་ཁ་ཤས་ལེགས་སྒྲིག་བྱེད་པར་ཆོག་མཆན་བཀོད། ཟླ3པའི་ཚེས1ཉིན་ནས་བཟུང་། སྔོན་ཆད་རེན་ཧོ་ཆུས་སུ་གཏོགས་པའི་དབྱིན་ཅང་ཞང་གི་ས་ཁོངས་མང་ཆེ་ཤས(ཞིན་ཀྲོང་གྲོང་ཚོ་ནུབ་ཆུས་སུ་བགོས་ཡོད)དང་ཆན་ཅིང་ཤང་གི་པེན་ཚའོ་ཀང་གྲོང་ཚོ། ཏུའུ་ཁོའུ་གྲོང་ཚོའི་གྲུ་ཁ། སོན་ཅའོ་ཧྲུའུ། ལའོ་ཞུང་ཆི་བཅས་གྲོང་མིའི་ཚོ་ཆུང་གསུམ(རྗེས་སུ་ཟླ་སྒྲིལ་བཏང་ནས་ཧྭ་ཧྲན་གྲོང་ཚོར་བསྒྱུར་ཡོད)ཏུང་ཆུས་དུ་བགོས། དེ་སྔའི་ཏུང་ཆུས་ཀྱི་བདག་སྐྱོང་བྱེད་ཁོངས་ཀྱི་ཆུ་བོ་ཆེན་པོའི་དབུས་ལམ་དང་། ཅིན་ཅང་སྲང་ལམ་དོན་གཅོད་ཁང་གི་ཁོངས་དབྱེ་ཁོངས་རེན་ཧོ་ཆུས་ཀྱི་ཁོངས་སུ་གཏོགས་པར་བྱས།

སྤྱི་ལོ2019ལོའི་ཟླ12པའི་ཚེས13ཉིན་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཏུང་ཆུས་དུ་ས་ཁོངས་ལེགས་སྒྲིག་བྱ་རྒྱུའི་ཆོག་མཆན་བཀོད་པ་སྟེ། ནན་ཧྲན་ཁྲོམ་གཞུང་མེད་པ་བཟོས་ནས་དེ་སྔའི་ནན་ཧྲན་ཁྲོམ་གཞུང་དང་དབྱིན་ཅང་གྲོང་རྡལ་ཧྭ་ཧྲན་གྲོང་ཚོའི་ཚོགས་ཆུང་བཞི་པའི་ཁོངས་གཏོགས་སྲིད་འཛིན་ས་ཁོངས་དེ་ཏ་ཏུའུ་ཁོའུ་ཁྲོམ་གཞུང་གི་དོ་དམ་བྱེད་ཁོངས་སུ་བཅུག་ཡོད། ཁྲང་ཧྲོའུ་ལམ་གྱི་ཁྲོམ་གཞུང་དང་། ཙའོ་ཙེ་ཕིང་ཁྲོམ་གཞུང་། ཤང་དབྱང་གྲོང་ཚོའི་ཁྲོམ་གཞུང་བཅས་མེད་པ་བཟོས་ནས་དེ་དག་གི་དེ་སྔའི་ས་ཁོངས་དང་དབྱིན་ཅང་གྲོང་རྡལ་ནའོ་ནུང་ཀོའུ་གྲོང་ཚོའི་ཚོགས་ཆུང་བཞི་པའི་ཁོངས་གཏོགས་སྲིད་འཛིན་ས་ཁོངས་དེ་རང་རང་ཕིང་ཁྲོམ་གཞུང་གི་ཁོངས་སུ་བཅུག

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2019ལོའི་ལོ་མཇུག་བར་ཕན་ཀྲི་ཧྭ་གྲོང་ཁྱེར་ཏུང་ཆུས་སུ་གྲོང་རྡལ1དང་ཁྲོམ་གཞུང5ཡོད་པ་སྟེ། དབྱིན་ཅང་གྲོང་རྡལ་དང་། པིང་ཚའོ་ཀང་ཁྲོམ་གཞུང་། ཏ་ཏུའུ་ཁོའུ་ཁྲོམ་གཞུང་། ན་ནུང་ཕིང་ཁྲོམ་གཞུང་། ཀྭ་ཙེ་ཕིང་ཁྲོམ་གཞུང་། སྨི་ཏི་ཁྲོམ་གཞུང་བཅས་ཡིན་ལ། ཁྱོན་གྲོང་ཚོ9དང་སྡེ་ཁུལ59ཡོད་པ་རེད།

3 མི་གྲངས་གནས་ཚུལ།
3_1 མི་གྲངས།

སྤྱི་ལོ2010ལོའི་ཟླ11པའི་ཚེས1ཉིན་བར་ཕན་ཀྲི་ཧྭ་གྲོང་ཁྱེར་ཏུང་ཆུས་གྱི་རྒྱུན་སྡོད་མི་གྲངས364326ལ་སླེབས་ཡོད། ཆུསས་ཡོངས་ཀྱི་ཐེམ་ཐོའི་མི་གྲངས315349ལ་སླེབས་ཡོད། ཆུས་ཡོངས་ཀྱི་རྒྱུན་སྡོད་མི་གྲངས་ནང་ཁྱོན་བསྡོམས་ཁྱིམ་ཚང126168ཡོད་པ་དང་། ཁྱིམ་ཚང་གི་མི་གྲངས332998ཡོད་པ། ཆ་སྙོམས་བྱས་ན་ཁྱིམ་ཚང་རེའི་མི་གྲངས2.63ཡོད་པ་དེ་སྤྱི་ལོ2000ལོར་རྒྱལ་ཡོངས་ཀྱི་མི་གྲངས་ཡོངས་བཤེར་ཐེངས་ལྔ་པ་བྱས་པའི་མི2.85ལས0.22ཉུང་དུ་ཕྱིན་ཡོད། ཆུས་ཡོངས་ཀྱི་རྒྱུན་སྡོད་མི་གྲངས་ནང་སྐྱེས་པའི་མི་གྲངས187959ཡོད་པ་དེས51.59%བཟུང་བ་དང་། བུད་མེད་མི་གྲངས176367ཡོད་པ་དེས48.41%བཟུང་ཡོད། སྤྱིའི་མི་གྲངས་གྱི་ཕོ་མོའི་བསྡུར་ཚད་དེ་སྤྱི་ལོ2000ལོར་རྒྱལ་ཡོངས་ཀྱི་མི་གྲངས་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི111.39ནས106.57བར་མར་ཆག་ཡོད།

སྤྱི་ལོ2018ལོའི་ལོ་མཇུག་བར་ཕན་ཀྲི་ཧྭ་གྲོང་ཁྱེར་ཏུང་ཆུས་གྱི་ཐེམ་ཐོའི་མི་གྲངས་ཁྲི28.93ཡོད་པ་དེ་སྤྱི་ལོ2017ལོ་དང་བསྡུར་ན་མི་ཁྲི0.77ཉུང་དུ་ཕྱིན་པའི་ནང་ཞིང་ལས་མི་གྲངས་ཁྲི0.78དང་། ཞིང་ལས་མིན་པའི་མི་གྲངས་ཁྲི28.15བུད་མེད་མི་གྲངས་ཁྲི14.24བཅས་ཡོད་པ་རེད། སྐྱེས་པའི་མི་གྲངས1826དང་རྐྱེན་ལམ་དུ་ཤོར་བའི་མི་གྲངས2841ཡོད།

3_2 མི་རིགས།

སྤྱི་ལོ2010ལོའི་ཟླ11པའི་ཚེས1ཉིན་གྱི་བར་ཕན་ཀྲི་ཧྭ་གྲོང་ཁྱེར་ཏུང་ཆུས་གྱི་རྒྱུན་སྡོད་མི་གྲངས་ཁྲོད་རྒྱ་རིགས་མི་གྲངས352028ལ་སླེབས་པ་དེས96.62%བཟུང་བ་དང་། གྲངས་ཉུང་མི་རིགས་ཁག་གི་མི་གྲངས12298ཡོད་པ་དེས3.38%བཟུང་ཡོད། སྤྱི་ལོ2000ལོར་རྒྱལ་ཡོངས་ཀྱི་མི་གྲངས་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པ་བྱས་པ་དང་བསྡུར་ན། རྒྱ་རིགས་མི་གྲངས44754མང་དུ་ཕྱིན་ནས0.71%མར་ཆག་པ་དང་། གྲངས་ཉུང་མི་རིགས་ཁག་གི་མི་གྲངས3865མང་དུ་སོང་ནས0.71%འཕར་ཡོད།

4 དཔལ་འབྱོར་རགས་བཤད།

སྤྱི་ལོ2018ལོར་ཕན་ཀྲི་ཧྭ་གྲོང་ཁྱེར་ཏུང་ཆུས་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར477.23ལ་སླེབས་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན7.5%འཕར་བ་དང་བསྡོམས་འབོར་སི་ཁྲོན་ཞིང་ཆེན་གྱི་རྫོང(གྲོང་ཁྱེར་དང་ཆུས)183གྱི་ཁྲོད་ཨང18པར་སླེབས་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི7067ལ་སླེབས་ནས4.0%འཕར་ནས་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད0.1%ལ་སླེབས་པ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར267.76ལ་སླེབས་ནས6.7%འཕར་བ་དང་། དཔལ་འབྱོར་འཕར་རྒྱུར་སྐྱེས་འབུལ་ཚད53.4%ལ་སླེབས། དཔལ་འབྱོར་འཕར་ཚད4.0%ལ་སྐུལ་ཁྲིད་ཐུབ་པ་དང་། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར208.76ལ་སླེབས་ནས8.6%འཕར་བ་དང་། དཔལ་འབྱོར་འཕར་རྒྱུར་སྐྱེས་འབུལ་ཚད46.6%ལ་སླེབས། དཔལ་འབྱོར་འཕར་ཚད3.5%འཕར་རྒྱུར་སྐུལ་ཁྲིད་ཐུབ་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་དེ་ལོ་གོང་མའི0.1:57.4:42.5ནས0.2:56.1:43.7བར་ལེགས་སྒྲིག་བྱས་ཡོད། ཏུང་ཆུས་གྱི་དམངས་གཉེར་དཔལ་འབྱོར་གྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་སྤྱི་ལོ200.3ལ་སླེབས་ནས7.6%འཕར་བ་དེས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད42.0%བཟུང་བ་དེ་སྤྱི་ལོ2017ལོ་ལས1%མཐོ་རུ་ཕྱིན་ཡོད།

སྤྱི་ལོ2018ལོར་ཕན་ཀྲི་ཧྭ་གྲོང་ཁྱེར་ཏུང་ཆུས་སུ་ས་གནས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར8.99ལ་སླེབས་ནས4.9%འཕར་བའི་ནང་ཁྲལ་འབབ་ཁག་སྒོར་དུང་ཕྱུར5.49ལེགས་གྲུབ་ལ་སླེབས་པ་དང39.3%འཕར་ཡོད། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར17.08ཡིན་པས0.9%མར་ཆག་ཡོད།

5 ཐོན་ལས་དང་པོ།

སྤྱི་ལོ2018ལོར་ཕན་ཀྲི་ཧྭ་གྲོང་ཁྱེར་ཏུང་ཆུས་དུ་ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི13315ལ་སླེབས་ནས4.3%འཕར་ཡོད། དེའི་ནང་ཞིང་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི2113ལ་སླེབས་ནས5.2%འཕར་བ་དང་། ནགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི171ལ་སླེབས་ནས0.3%འཕར། འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི10116ལ་སླེབས་ནས4.2%འཕར། ཉ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི64ལ་སླེབས་ནས1.1%འཕར། ཞིང་ལས། ནགས་ལས། འབྲོག་ལས། ཉ་ལས་གསུམ་གྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི819ལ་སླེབས་ནས5%འཕར་ཡོད།

སྤྱི་ལོ2018ལོར་ཕན་ཀྲི་ཧྭ་གྲོང་ཁྱེར་ཏུང་ཆུས་གྱི་འབྲུ་རིགས་འདེབས་ཁྱོན་སྤྱི་ཆིང133.3ལ་སླེབས་ནས0.3%མར་ཆག་པ་དང་། སྣུམ་རྒྱུ་འདེབས་ཁྱོན་སྤྱི་ཆིང32ལ་སླེབས་ནས0.01%འཕར། སྔོ་ཚལ་འདེབས་ཁྱོན་སྤྱི་ཆིང178ལ་སླེབས་ནས0.02%མར་ཆག་ཡོད། ལོ་ཧྲིལ་པོར་འབྲུ་རིགས་སྤྱིའི་ཐོན་འབོར་ཏུན781ལ་སླེབས་ནས-0.2%འཕར་བ་དང་། སྣུམ་རྒྱུ་ཐོན་ཚད་ཏུན44ལ་སླེབས་ནས0.0%འཕར། སྔོ་ཚལ་ཐོན་ཚད་ཏུན6865ལ་སླེབས་ནས0.0%འཕར། ཤིང་ཏོག་རིགས་ཀྱི་ཐོན་ཚད་ཏུན18008ལ་སླེབས་ནས0.01%འཕར་ཡོད། ཤ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན2517ཡིན་པ་དེ0.7%མར་ཆག ཕག་ཤའི་ཐོན་ཚད1329ལ་སླེབས་ནས1.6%འཕར། ཚགས་ཤ་ཐོན་ཚད་ཏུན17ལ་སླེབས་ནས7.5%མར་ཆག ལུག་ཤའི་ཐོན་ཚད་ཏུན35ལ་སླེབས་ནས0.6%མར་ཆག་ཡོད།

6 ཐོན་ལས་གཉིས་པ།

སྤྱི་ལོ2018ལོར་ཕན་ཀྲི་ཧྭ་གྲོང་ཁྱེར་ཏུང་ཆུས་གྱི་བཟོ་ལས་ཡོངས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར229.86ལ་སླེབས་ནས6.6%འཕར་ནས་དཔལ་འབྱོར་འཕར་རྒྱུར་སྐྱེས་ཕུལ་ཚད49.2%ལ་སླེབས་ཡོད། ལོ་མཇུག་ཏུ་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས71ཡོད་པ་དང་། ལོ་ཧྲིལ་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང5.4%འཕར་ཡོད།

སྤྱི་ལོ2018ལོར་ཕན་ཀྲི་ཧྭ་གྲོང་ཁྱེར་ཏུང་ཆུས་འཛུགས་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར40.43ལ་སླེབས་ནས9.0%འཕར་བ་དང་། ལོ་མཇུག་ཏུ་འོས་ཐོབ་རིམ་པ་ཡན་གྱི་སྤྱིའི་འགན་གཙང་ལེན་མཁན་དང་ཆེད་ལས་འགན་གཙང་ལེན་མཁན་ཁེ་ལས་64ཡོད་པ། ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར217.15ལ་སླེབས་ཡོད།

7 ཐོན་ལས་གསུམ་པ།

སྤྱི་ལོ2018ལོར་ཕན་ཀྲི་ཧྭ་གྲོང་ཁྱེར་ཏུང་ཆུས་དུ་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར220.11ལ་སླེབས་ནས10.6%འཕར་ཡོད། ལས་རིགས་ཀྱི་ཚོགས་ཆུང་ཁག་བགོས་ནས་བལྟས་ན། སྡེབ་ཚོང་སིལ་ཚོང་ལས་རིགས་ཀྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར196ལ་སླེབས་པ་དང་། ཞག་སྡོད་བཟའ་བཏུང་ལས་རིགས་ལ་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར24.11ལ་སླེབས་ཡོད་པ་རེད།

8 སྤྱི་ཚོགས་ལས་དོན།
8_1 སློབ་གསོའི་བྱ་གཞག

སྤྱི་ལོ2018ལོའི་ལོ་མཇུག་བར་ཕན་ཀྲི་ཧྭ་གྲོང་ཁྱེར་ཏུང་ཆུས་སུ་སློབ་འབྲིང་དཀྱུས་མ20དང་སློབ་ཆུང་དཀྱུས་མ10ཡོད་པ་རེད། འོས་འགན་སློབ་གསོའི་དུས་མཚམས་སུ་སློབ་གྲྭར་ཡོད་མུས་ཀྱི་སློབ་མ43896ཡོད་པའི་ནང་སློབ་ཆུང་གི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ20571དང་སློབ་འབྲིང་དཀྱུས་མའི་སློབ་མ23325ཡོད་པ་རེད། སློབ་ཆུང་དུ་ཆེད་བསྐོས་དགེ་རྒན1227ཡོད་པ་དང་། སློབ་འབྲིང་དཀྱུས་མའི་ཆེད་བསྐོས་དགེ་རྒན1835ཡོད།

8_2 འཕྲོད་བསྟེན་ལས་དོན།

སྤྱི་ལོ2018ལོའི་ལོ་མཇུག་བར་ཕན་ཀྲི་ཧྭ་གྲོང་ཁྱེར་ཏུང་ཆུས་དུ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི259ཡོད་པ་རེད། སྨན་ཁང་གི་འཕྲོད་བསྟེན་ཁང་གི་ལག་རྩལ་མི་སྣ5600ཡོད་པའི་ནང་ལས་གཉེར(ལས་རོགས)སྨན་པ་དཀའ་བཅུ་པ2063ཡོད། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ཉལ་ཁྲི5237ཡོད།

8_3 ཚན་རིག་ལག་རྩལ

སྤྱི་ལོ2018ལོར་ཕན་ཀྲི་ཧྭ་གྲོང་ཁྱེར་ཏུང་ཆུས་ཀྱི་ཁེ་བེད་བདག་ཐོབ་ཀྱི་དབང་ཆ་སྤྲོད་གྲངས1688ལ་སླེབས་པ་དང་། ཆེད་ལས་ལག་རྩལ་མི་སྣ3015ཡོད།

རིག་གནས་ལས་དོན།

སྤྱི་ལོ2018ལོའི་ལོ་མཇུག་བར་ཕན་ཀྲི་ཧྭ་གྲོང་ཁྱེར་ཏུང་ཆུས་དུ་ཟློས་གར་ཁང་གི་གློག་བརྙན་ཁང10དང་། ལུས་རྩལ་ཁང6 སྤྱི་པའི་དཔེ་མཛོད་ཁང་གི་ཉར་ཚགས་དཔེ་དེབ་བཅས་ཁྱོན་དེབ370ཡོད་པ་རེད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁམས། མི་རིགས། རིག་གནས། རྫོང་། ཆུས།