ཡུས་རྫོང་།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-06-01 09:12ལ་འགྲུབ།

ཡུས་རྫོང་།

ཡུས་རྫོང་།
ཡུས་རྫོང་ནི་ཧོ་པེ་ཞིང་ཆེན་ཀྲང་ཅ་ཁོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་རྫོང་ཞིག་ཡིན། གནའ་བོའི་མིང་ལ་ཝེ་ཀྲོའུ་ཟེར་ཞིང་། “ཡན་ཡུན་ཀྲོའུ་བཅུ་དྲུག”གི་གྲས་ཤིག་ཡིན། ཧོ་པེ་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་པ་དང་། ཤར་དུ་པེ་ཅིན་དང་། ལྷོ་རུ་པའོ་ཏིང་དང་འབྲེལ་ཡོད། ནུབ་ཧྲན་ཞི་ཏ་ཐུང་དང་ཉེ་ཞིང་། བྱང་ཀྲང་ཅ་ཁོའུ་དང་འབྲེལ་ཡོད། རྫོང་ཁོངས་ཤར་ནུབ་ཀྱི་བར་ཐག་སྟོང་སྨི74.55དང་ལྷོ་བྱང་གཞུང་ཐག་སྟོང་སྨི71.25དང་། ཤར་གྱི་གཞུང་ཐིག114°13′~115°04′དང་། བྱང་གི་འཕྲེད་ཐིག39°34′~40°10′བར་དུ་གནས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
蔚县
ཕྱི་ཡིག་གི་མིང་།
Yu county
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཀྲུང་གོ་ཧྭ་པེ།
མངའ་ཁོངས།
གྲོང་རྡལ11དང་། ཤང11ཡོད།
གནས་ཡུལ།
ཧོ་པེ་ཞིང་ཆེན་ཀྲང་ཅ་ཁོའུ་གྲོང་ཁྱེར།
སྲིད་གཞུང་གནས་ཡུལ།
ཡུས་ཀྲིག་གྲོང་རྡལ།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ3220ཡོད།
མི་གྲངས།
ཁྲི50ཡོད།
ནམ་ཟླ།
དྲོད་རྒྱུན་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཝུའེ་ཀྲོའུ་གནའ་གྲོང་དང་། ཝུན་ཆོན་གནའ་བོའི་གྲོང་རྡལ། རི་བོ་རྩེ་ལྔའི་གསེར་ཆུ་མཛེས་ལྗོངས་ཁུལ། ཧྥེ་ཧུའུ་ཡུས་མཁའ་དབྱིངས་རྩྭ་ཐང་མཛེས་ལྗོངས་ཁུལ།
སྐད།
ཅིན་སྐད།
ས་ཁོངས་ཁ་པར་ཨང་རྟགས།
0313
སྦྲག་སྲིད་ཨང་རྟགས།
075700
རླངས་འཁོར་ཚབ་ཨང་།
ཅི(冀)G
1 ​ལོ་རྒྱུས་འཕེལ་རིམ།

ཆིན་རྒྱལ་རབས་ཀྱི་དུས་སུ་ཧྲན་ཤིས་ཏ་ཐུང་སྲིད་གཞུང་གི་ཁོངས་སུ་གཏོགས། ཁང་ཞི་ཁྲི་ལོ་སུམ་ཅུ་སོ་གཉིས་པར(སྤྱི་ལོ1693ལོ) ཝེ་ཀྲོའུ་ཝེ་ཏིང་ཡུས་རྫོང(རྫོང་མིང་འདི་ནས་བཟུང)དུ་བསྒྱུར་ནས་ཞོན་ཧྭ་ཧྥུ་ཡི་ཁོངས་སུ་གཏོགས། སྤྱི་ལོ1757ལོར་ཡུས་རྫོང་ཡུས་ཀྲོའུ་ཁོངས་སུ་ཚུད། 

ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་དང་པོར(སྤྱི་ལོ1912ལོ)ཝེ་ཀྲོའུ་ནི་ཀྲི་ལི་ཞིང་ཆེན་ཁོའུ་བྱང་ལམ་གྱི་ཁོངས་སུ་གཏོགས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་གཉིས་པར(སྤྱི་ལོ1913ལོ)ཝེ་ཀྲོའུ་ཞེས་པ་དེ་ཡུས་རྫོང་དུ་བསྒྱུར། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བཅུ་བདུན་པར(སྤྱི་ལོ1928ལོ)ཁྲ་ཧར་ཞིང་ཆེན་གྱི་ཁོངས་སུ་གཏོགས།

ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ཡུས་རྫོང་ནི་ཁྲ་ཧར་ཞིང་ཆེན་གྱི་ཁྲ་ནན་ཆེད་གཏོགས་ཡིན་པ་དང་། སྤྱི་ལོ1952ལོའི་རྗེས་སུ་ཀྲང་ཅ་ཁོའུ་ཆེད་གཏོགས་ཁུལ་དེ་ཧོ་པེ་ཞིང་ཆེན་གྱི་ཁོངས་སུ་གཏོགས། སྤྱི་ལོ1958ལོའི་ཟླ10པར་དབྱང་ཡོན་རྫོང་མེད་པར་བཟོས་ནས་ཡུས་རྫོང་དུ་གྱུར། ལོ་དེའི་ཟླ11པར་ཞོན་ཧྭ་རྫོང་ཅན་ཡིང་ཡུས་རྫོང་གི་མངའ་འོག་ཏུ་བགོས། སྤྱི་ལོ1961ལོའི་ཟླ7པའི་ཚེས9ཉིན། དབྱང་ཡོན་རྫོང་དང་ཞོན་ཧྭ་རྫོང་སླར་གསོ་བྱས་ཤིང་། ཡུས་རྫོང་གིས་ད་ལྟའི་མངའ་ཁོངས་སླར་གསོ་བྱས་ཡོད།

སྤྱི་ལོ2018ལོའི་ཟླ5པའི་ཚེས2ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡུས་རྫོང་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་དུ་བརྩི་རྒྱུའི་མོས་མཐུན་བྱུང་པ་རེད།

2 ས་ཁམས་ཁོར་ཡུག
2_1 གནས་ཡུལ།

ཡུས་རྫོང་ནི་ཧོ་པེ་ཞིང་ཆེན་ཀྲང་ཅ་ཁོའུ་གྲོང་ཁྱེར་གྱི་ལྷོ་ཕྱོགས་དང་ཐའེ་ཧང་རི་བོའི་ནུབ་བྱང་འདབས་སུ་གནས་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3220ཡོད། ཤར་དུ་ཧའོ་ལུའུ་རྫོང་དང་ས་མཚམས་འབྲེལ་ཡོད། ལྷོ་པའོ་ཏིང་གྲོང་ཁྱེར་གྱི་ཆུས་ཡོན་རྫོང་དང་ཡུས་ཧྲུའེ་རྫོང་དང་འབྲེལ་ཞིང་། ནུབ་ཧྲན་ཞི་ཞིང་ཆེན་གྱི་ཀོང་ལིང་རྫོང་དང་ལིན་ཆིའུ་རྫོང་དང་འབྲེལ་ཡོད། བྱང་ཕྱོགས་ནི་ཞོན་ཧྭ་ཆུས་དང་དབྱང་ཡོན་རྫོང་དང་འབྲེལ་ཡོད།

2_2 ནམ་ཟླའི་ཁྱད་ཆོས།

ཡུས་རྫོང་ནི་དྲོ་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས། མཐོ་དམན་ཧེ་བག་ཆེན་པོ་ཡོད་པའི་རྐྱེན་གྱིས་གནམ་གཤིས་མངོན་གསལ་རེད། དེའི་ཁྱད་ཆོས་གཙོ་བོ་ནི་དབྱར་དུས་བསིལ་ཞིང་སྟོན་དུས་ཀྱི་གནམ་གཤིས་འགྱུར་ལྡོག་ཆེ་བ་ཡིན།

2_3 ས་དབྱིབས།

ཡུས་རྫོང་ནི་ཧེང་ཧྲན་དང་། ཐའེ་ཧང་ཧྲན། ཡན་ཧྲན་བཅས་རི་བོ་གསུམ་གྱི་འབྲེལ་མཚམས་སུ་གནས་ཡོད། ནུབ་བྱང་གི་རི་ཁུལ་གཤོང་ས་ཡིན། ཧེང་ཧྲན་གྱི་རྩ་ལྷག་ནི་ཅིན་ཅིན་ཝེ་དང་། ལྷོ་བྱང་གི་ཡན་ལག་གཉིས་སུ་བགོས་ནས་ཕྱོགས་བཞིར་གཏད་ཅིང་། ཧུའུ་ལིའུ་ཆུ་བོ་ནུབ་ཀྱི་ཤར་རྒྱུད་དུ་རྒྱུག་ཅིང་། ལྷོ་རྒྱུད་ཀྱི་རི་ཁུག་དང་། དབུས་རྒྱུད་ཀྱི་ཆུ་ཁྲོན། བྱང་རྒྱུད་ཀྱི་རི་མ་ཐང་བཅས་རང་བྱུང་ས་ཁོངས་མི་འདྲ་བ་གསུམ་ཆགས་ཡོད།

3 འགྲིམ་འགྲུལ།

ཡུས་རྫོང་གྲོང་ཁུལ་གྱི་བྱང་ངོས་ནས་ཀྲང་ཅ་ཁོའུ་དང་བར་ཐག140kmཡོད། ཤར་གྱི་རྒྱལ་ས་པེ་ཅིན་དང220kmདང་། ལྷོ་རུ་པའོ་ཏིན་དང་བར་ཐག180kmདང་ཧྲི་ཅ་ཀྲོང་དང་བར་ཐག250kmདང་། ནུབ་དང་ཧྲན་ཤིས་ཏ་ཐུང160kmཡོད། “རྫོང་གཅིག་དང་ཞིང་ཆེན་གཉིས(ཧོ་པེ་ཞིང་ཆེན་དང་ཧྲན་ཞི་ཞིང་ཆེན)དང་། གྲོང་ཁྱེར་གསུམ(ཏ་ཐུང་གྲོང་ཁྱེར་དང་། པའོ་ཏིང་གྲོང་ཁྱེར། ཀྲང་ཅ་ཁོའུ་གྲོང་ཁྱེར)བཅས་ཀྱི་གོ་གནས་གལ་ཆེན་དུ་གནས་ཡོད། ནུབ་འབྲེལ་ཤར་འབྲེལ་དང་བྱང་མཐུད་ལྷོ་མཐུད་ཀྱི་གནད་འགག་གལ་ཆེན་ཞིག་ཡིན། ཡུས་རྫོང་ཁོངས་ཀྱི་ལམ་དྲ་ཕྱོགས་བཞི་མཚམས་བརྒྱད་དུ་ཤར་གཏོང་ཐུབ་པ་དང་། རྒྱལ་ལམ109དང་། 112(207བསྐྱར་སྡེབ)ལམ་ཐིག239ཀྲང་ཧྲི་མྱུར་བགྲོད་གཞུང་ལམ་དང་། ཅིང་ཝུའེ་མྱུར་བགྲོད་གཞུང་ལམ། ཧྲ་ཝུའེ་ལྕགས་ལམ་བཅས་ས་ཁོངས་ཧྲིལ་པོར་ཁྱབ་ཡོད།

4 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

ཡུས་རྫོང་ཁོངས་གཏོགས་སུ་གྲོང་རྡལ11དང་། ཤང11ནགས་ར1བཅས་ཡོད།

གྲོང་རྡལ། ཝེ་ཀྲོའུ་གྲོང་རྡལ། ཏའེ་ཝང་གྲོང་རྡལ། ནུབ་རྒྱུད་མཉམ་གཉེར་གྲོང་རྡལ། ཅི་ཅ་ཀྲོང་གྲོང་རྡལ། པའེ་ལེ་གྲོང་རྡལ། ཝུན་ཆོན་གྲོང་རྡལ། ནན་ལིའུ་ཀྲོང་གྲོང་རྡལ། པེ་ཧྲུའེ་ཆོན་གྲོང་རྡལ། ཐའོ་ཧྭ་གྲོང་རྡལ། དབྱང་ཁྲེན་གྲོང་རྡལ། སུང་ཅ་ཀྲོང་གྲོང་རྡལ་བཅས་ཡིན།

ཞང་། ཞ་ཀུང་ཚུན་ཞང་། ནན་དབྱང་ཀྲོང་ཞང་། པའེ་ཧྲུའུ་ཞང་། ཁྲང་ཉིན་ཞང་། ཡུང་ཆོན་ཀྲོང་ཞང་། དབྱང་ཀྲོང་ཝན་ཞང་། ནན་ལིན་ཀྲོང་ཞང་། ཁྲེན་ཅ་ཝ་ཞང་། ཧོང་མེ་ཞང་། པའེ་ཚའོ་ཚུན་ཞང་། ཚའོ་ཀོའུ་པའོ་ཞང་བཅས་ཡིན།

5 མི་གྲངས་དང་སྐད་བརྡ།

སྤྱི་བདེ་སྡེ་ཚན་གྱིས་མཁོ་འདོན་བྱས་པའི་སྤྱི་ལོ2013ལོའི་ཐེམ་ཐོའི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། སྤྱི་ལོ2013ལོའི་ལོ་མཇུག་ཏུ་ཡུས་རྫོང་རྫོང་གི་ཐེམ་ཐོའི་མི་གྲངས་ཁྱོན500735ཡོད་པ་རེད། དེའི་ནང་སྐྱེས་པ264449དང་། བུད་མེད236286ཕོ་མོའི་བསྡུར་ཚད111.9:100/9བཅས་ཡིན།

བརྟག་དཔྱད་བྱས་པར་གཞིགས་ན། ཡུས་རྫོང་གི་སྤྱི་ལོ2013ལོའི་ལོ་མཇུག་ཏུ་ཐེམ་ཐོའི་མི་གྲངས་ཁྲི50.07ཙམ་ཡོད་པའི་ནང་ཞིང་ལས་མི་གྲངས་ཁྲི41.8ཙམ་ཡོད། མི་གྲངས་སྐྱེ་ཚད16.09‰ཡིན། ཤི་ཚད8.38‰དང་། རང་བྱུང་འཕར་ཚད7.72‰ཡིན།

6 དཔལ་འབྱོར།

ཡུས་རྫོང་ནི་ཧོ་པེ་ཞིང་ཆེན་གྱི་ཆེས་ཆེ་བའི་རྡོ་ཐ་དང་ཁམ་བུའི་ལེབ་མོའི་ཐོན་སྐྱེད་རྟེན་གཞི་ཡིན། རྡོ་སོལ་དང་། རྫས་འགྱུར་བཟོ་ལས། གློག་རྡུལ། འཕྲུལ་ཆས་ལས་སྣོན། ཨར་ལས་རྒྱུ་ཆས་སོགས་ཀྱི་ལས་རིགས་ཀྱི་གཞི་ཁྱོན་རགས་ཙམ་ཆགས་ཡོད། བཟོ་ལས་ཀྱི་རྣམ་གྲངས་རྩ་བའི་ཆ་ནས་ཆ་ཚང་བ། ཡུས་རྫོང་ལ་གློག་ཤུགས་འདང་ངེས་ཡོད། སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གཙོ་བོའི་གློག་འདོན་ཚད་ཆན་ཝ་ཁྲི2ཟིན་པའི་ཤོན་ཧྭ་ནས་ཝུའེ་རྫོང་གི110KVཡི་གློག་འདྲེན་སྐུད་ལམ་བར་རྫོང་ཡོངས་ཀྱི་གློག་སྤྱོད་རྒྱུ་ཡིན་པ་རེད། ཏ་ཐུང་ནས་པེ་ཅིང་ཧྥང་ཧྲན་བར་གྱི་སྐོར་ལམ་གཉིས་ཀྱི་མཐོ་གནོན་ལམ་ཐིག500KVབརྒྱུད་དེ་ཡུས་རྫོང་བརྒྱུད་ཡོད། རྫོང་ནང་ཁུལ་དུ་སྒོ་རྒྱག་ས་ཚིགས་བཙུགས་ཡོད། ཏ་ཐང་ཡུས་རྫོང་གློག་ཁང་གི་དུས་ཐེངས་དང་པོའི་ལས་གྲྭ2-660MWམེ་ཤུགས་གློག་འདོན་གཉིས་སྤྱོད་མངོན་འགྱུར་བྱུང་ཡོད།

ཡུས་རྫོང་གི་རླུང་གློག་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ་ཁྲི50ལས་བརྒལ་ཡོད། སྤྱི་ལོ2012ལོར་གློག་འདོན་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར10ཡན་ཟིན་ནས་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར5.64ཟིན་རྒྱུ་རེད། སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ་ཁྲི30ཟིན་པའི་བར་སྣང་རྩྭ་ཐང་གི་རླུང་ཤུགས་གློག་ཁང་དང་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ་ཁྲི70ཟིན་པའི་ཏུང་ཏན་ཙི་ལིའང་རླུང་ཤུགས་གློག་ཁང་འཛུགས་སྐྲུན་ལས་གྲྭ་གཙོ་གནད་དུ་བཟུང་ནས་དམ་འཛིན་ཡག་པོ་བྱ་དགོས། མ་དངུལ་སྒོར་དུང་ཕྱུར48བཏང་ཡོད། སྔ་རྗེས་སུ་མཁའ་དབྱིངས་རྩྭ་ཐང་གི་རླུང་ཤུགས་གློག་ཁང་གི་དུས་ཐེངས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་ལས་གྲྭ་དང་དེ་བཞིན་མ་ཐེན་ལིང་སོགས་རླུང་གློག་རྣམ་གྲངས10བསྐྲུན་ནས་ཚང་མ་རྒྱལ་ཁབ་གློག་དྲས་དངོས་སུ་གློག་གཏོང་རྒྱུ་ཡིན་པ་རེད། ཚོང་ལས་གཉེར་སྐྱོང་ཐུབ་པ་བྱས་ནས་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི50ལས་བརྒལ་ཡོད། གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ་ཁྲི10ཟིན་པའི་བགྲེས་སོང་ལྷ་ཁང་གི་གདུང་མ་དང་། ཕོ་བྲང་དགུའི་རླུང་གློག་ར་བའི་ལས་གྲྭ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ་དང་། ཡུས་རྫོང་གི་རླུང་ནུས་གློག་འདོན་འཕྲུལ་འཁོར་གྱི་སྤྱིའི་གཞི་ཁྱོན་སྟོང་ཝ་ཁྲི100ཟིན་རྒྱུ་རེད། ལོ་རེར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར20ལས་བརྒལ་ནས་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར11.5བྱུང་ཡོད། སྟོང་ཝ་ས་ཡ་རིམ་པའི་རླུང་ནུས་འདུས་ཁུལ་ཆགས་པར་བྱ་དགོས།

7 སྤྱི་ཚོགས་ལས་དོན།
7_1 ཚན་རྩལ་གོང་སྤེལ།

ཡུས་རྫོང་ཤང་དང་གྲོང་ཚོའི་ཚན་རྩལ་ཞབས་ཞུའི་རྩ་འཛུགས580ཟིན་ནས་ཚན་རྩལ་དཔེ་སྟོན་གྲོང་ཚོ50དང་ཚན་རྩལ་དཔེ་སྟོན་དུད་ཚང1000བསྐྲུན་ཡོད། པེ་ཧྲུའེ་ཆོན་དང་ཁྲང་ཉིང་སོགས་ཤང་གྲོང་དུ་མུའུ་ཁྲི1.5ཡི་ཁམ་བུ་ལེབ་མོའི་ཚད་ལྡན་ཅན་གྱི་འདེབས་གསོའི་དཔེ་སྟོན་རྟེན་གཞི་དང་མུའུ་ཁྲི5ཡི་ལག་རྩལ་ཁྱབ་འགྱེད་ཁུལ་བསྐྲུན་ཡོད། ཡུས་རྫོང་གིས་རྣམ་པ་སྣ་ཚོགས་ལ་བརྟེན་ནས་ཚན་རྩལ་ཁྱབ་གདལ་གྱི་གསོ་སྦྱོང་བྱས་ཏེ་ཚན་རྩལ་དུད་ཚང་དུ་བསྐྱོད་ཚད97%ཡན་ཟིན་ཡོད་པ་རེད།

7_2 སློབ་གསོའི་གླིང་།

ཡུས་རྫོང་ལ་སྤྱི་ལོ2010ལོར་ཁྱོན་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ112ཡོད་པ་དེའི་ནང་དམངས་གཉེར་སློབ་གྲྭ5ཚུད་ཡོད། དེའི་ནང་དགེ་རྒན་ཟབ་སྦྱོང་སློབ་གྲྭ1དང་། འབྲིང་རིམ་ལས་རིགས་སློབ་གྲྭ1དང་སློབ་གྲྭར་ཡོད་པའི་སློབ་མ2327ཡོད། མཐོ་རིམ་སློབ་འབྲིང་དཀྱུས་མ2དང་སློབ་གྲྭར་ཡོད་པའི་སློབ་མ4978ཡོད་པ། དམའ་རིམ་སློབ་འབྲིང11དང་སློབ་གྲྭར་ཡོད་པའི་སློབ་མ20375ཡོད། སློབ་ཆུང96(དམངས་གཉེར་སློབ་གྲྭ5)དང་སློབ་གྲྭར་ཡོད་པའི་སློབ་མ38251ཡོད། དམིགས་བསལ་སློབ་གསོའི་སློབ་གྲྭ1དང་སློབ་གྲྭར་ཡོད་པའི་སློབ་མ27ཡོད། ཡུས་རྫོང་དུ་བུ་བཅོལ་ཁང44(དམངས་གཉེར་བུ་བཅོལ་ཁང27)ཡོད་པ་དང་སློབ་གྲྭར་ཡོད་པའི་བྱིས་པ14027ཡོད། ཡུས་རྫོང་གི་སྒྲིག་ཁོངས་སུ་ཡོད་པའི་དགེ་རྒན་དང་ལས་བཟོ་པ4523(དམིགས་བསལ་ལས་གནས་ཀྱི་དགེ་རྒན248)ཡོད། དེའི་ནང་ཆེད་བསྐོས་དགེ་རྒན4089ཡོད།

7_3 སྨན་བཅོས་འཕྲོད་བསྟེན།

ཡུས་རྫོང་དུ་སྤྱི་ལོ2010ལོར་ཤང་རིམ་པ་ཡན་གྱི་སྨན་བཅོས་འཕྲོད་བསྟེན་ཚན་པ43ཡོད་པའི་ནང་རྫོང་ཐད་གཏོགས་ཀྱི་སྨན་བཅོས་འཕྲོད་བསྟེན་ཚན་པ6དང་ཤང་གྲོང་འཕྲོད་བསྟེན་ཁང22ཡོད་པ་རེད། འཕྲོད་བསྟེན་ཆེད་ལས་ལག་རྩལ་མི་སྣ736ཡོད་པ་དེའི་ནང་། ལས་གཉེར་སྨན་པ་དཀའ་བཅུ་པ403དང་། ལས་གཉེར་ལས་རོགས་སྨན་པ221ནད་གཡོག464སྨན་སྦྱོར་མི་སྣ53བཅས་ཡོད་པ་དང་འཕྲོད་བསྟེན་སྒྲིག་གཞིར་ཉལ་ཁྲི1140དངོས་སུ་ཡོད་པ་རེད། སྤྱི་ལོ2010ལོར་ཡུས་རྫོང་གི་མི་ཁྲི37.8གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པར་ཞུགས་ཤིང་། མཉམ་ལས་ནང་ཞུགས་ཚད93.88%ཟིན་པ་དང་ཞིང་པ་ཁྲི18954ལ་ཁ་གསབ་སྨན་བཅོས་འགྲོ་གྲོན་སྒོར་ཁྲི705.16བཏང་ཡོད་པ་རེད།

7_4 སྤྱི་ཚོགས་འགན་སྲུང་།

སྤྱི་ཚོགས་འགན་བཅོལ། སྤྱི་ལོ2010ལོའི་ཟླ3པའི་ཟླ་མཇུག་བར། ཡུས་རྫོང་གི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས28510ཟིན་པ་དང་ཁེ་ལས་ཀྱི་རྒན་གསོའི་དངུལ་སྤྱི་ཚོགས་ཐོག་སྤྲོད་ཚད100%ཟིན་ཡོད་པ་རེད། ལོ་མཇུག་ཏུ་ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་གྲངས19112ཟིན་ཡོད།

ལས་ཞུགས་དང་ལས་ཞུགས་བསྐྱར་མ། ཟླ3པའི་ཟླ་མཇུག་བར། ཡུས་རྫོང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་སྣ552མང་དུ་ཕྱིན་པ་དང་ལས་བྲལ་ལས་ཤོར་མི་སྣ153བཀོད་སྒྲིག་བྱས་ཡོད། དེའི་ནང“4050”མི་སྣ35བཀོད་སྒྲིག་བྱས་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད3.8%ཟིན་ཡོད་པ་རེད།

8 གྲོང་ཁྱེར་གྱི་མཚན་སྙན།

སྤྱི་ལོ2018ལོའི་ཟླ9པའི་ཚེས25ཉིན་ཚོང་དོན་པུའི“སྤྱི་ལོ2018ལོའི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང”གི་གཟི་བརྗིད་མཚན་སྙན་ཐོབ།

སྤྱི་ལོ2020ལོའི་ཟླ4པར་ཧོ་པེ་ཞིང་ཆེན་གྱི་སྤྱི་ལོ2019ལོའི་ལོ་འཁོར་གྱི་ལུས་རྩལ་ལས་དོན་གྱི་ཕུལ་བྱུང་རྫོང(གྲོང་ཁྱེར་དང་ཆུས)དུ་བདམས།


དཔྱད་གཞིའི་ཡིག་ཆ།