མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་གཉིས་པར(སྤྱི་ལོ1913)ལོ་ཀྲང་པེ་རྫོང་དུ་བསྒྱུར།
མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བཞི་པར(སྤྱི་ལོ1915ལོ)བྱང་ཕྱོགས་ཞིང་ཆེན་ཁོངས་ཧྲང་ཏུའུ་གསར་སྦོལ་ལས་གཉེར་ཅུས་ཀྱི་ཁོངས་སུ་གཏོགས།
མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བདུན་པར(སྤྱི་ལོ1918ལོ)ཧྲང་ཏུའུ་རྫོང་གི་སྲིད་འཛིན་ས་ཁུལ་གཉིས་པར་བསྒྱུར་ཡོད།
མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་གསུམ་པར(སྤྱི་ལོ1934ལོ)ཧྲང་ཏུའུ་རྫོང་ཁོངས་ཀྱི་ཆུས་གཉིས་པ་དང་། གསུམ་པ། ལྔ་པ་བཅས་ཀྱི་ས་ཁུལ་ཁག་གཅིག(ད་ལྟའི་ཏ་ཆིན་ཀོའུ་དང་། རུ་ཕན་ཆེན་པོ། ཏ་སུའུ་ཅི། ཧ་ལ་ཀུའུ། ཧོའུ་ཧྲི་ཀྲོང་ཅིན་ཀུང་ཧྲེ་བཅས)ལོགས་སུ་ཕྱེ། ཏ་ཆིན་ཀོའུ་རུ་བདེ་སྲུང་ཅུས་བཙུགས།
མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་ལྔ་པར(སྤྱི་ལོ1936ལོ)འཇར་པན་དང་རྫུས་དམག་གིས་བཙན་བཟུང་བྱས་ནས་བཅོས་འཛུགས་ཅུས་དེ་ཧྲང་དབྱི་རྫོང་དུ་བསྒྱུར།
སྤྱི་ལོ1939ལོའི་ཟླ9པར། མོང་ཅང་སྲིད་གཞུང་རྫུས་མ་བཙུགས། ཧྲང་དབྱི་ནི་ཁྲ་ཧར་མེང་གི་ཁོངས་སུ་གཏོགས། (སྤྱི་ལོ1943ལོ)ཀྲང་པེ་རྫོང་ནུབ་ཆུས(དེང་གི་རྫོང་ཁོངས་ཀྱི་ལྷོ་རྒྱུད་དང་དབུས་ཁུལ་གྱི་ཀུང་ཧྲེ་བཅུ་གཅིག་ཡིན)ཧྲང་དབྱི་རྫོང་གི་ཁོངས་སུ་གཏོགས་པ་དང་། རྫོང་རྫུས་མའི་གཞུང་ནི་ཏ་ཆིན་ཀོའུ་ནས་ནན་ཏའོ་ལ་སྤོས།
སྤྱི་ལོ1945ལོར་རང་དམག་བཅིངས་འགྲོལ་ཐེངས་དང་པོ་ཐོབ་ཅིང་། དེའི་ཕྱི་ལོར་འཐབ་ཇུས་ཐོག་ནས་གྲོང་ཁྱེར་ནས་ཕྱིར་འཐེན་བྱས།
སྤྱི་ལོ1948ལོར་བཅིངས་འགྲོལ་ཐེངས་གཉིས་པ་བཏང་། ཧྲང་དབྱི་རྫོང་མི་དམངས་སྲིད་གཞུང(ལྷོ་རྒྱུད་ཀྱི་བཙན་རྫོང)ཅན་ཞེས་པ་ནི་ཁྲ་ཧར་ཞིང་ཆེན་གྱི་ཁོངས་སུ་གཏོགས།
སྤྱི་ལོ1952ལོར་ཧོ་པེ་ཞིང་ཆེན་ལ་བགོས།
སྤྱི་ལོ1958ལོར་ཀྲང་པེ་རྫོང་དུ་ཟླ་སྒྲིལ་བཏང་།
སྤྱི་ལོ1960ལོར་ཧྲང་ཏུའུ་རྫོང་ལ་སྤྲད།
སྤྱི་ལོ1961ལོའི་ཟླ5པར་ཧྲང་དབྱི་རྫོང་གི་ལམ་ལུགས་སླར་གསོ་བྱས།
སྤྱི་ལོ2018ལོའི་ལོ་མཇུག་བར་ཧྲང་དབྱི་རྫོང་ཁོངས་སུ་གྲོང་རྡལ7དང་ཤང7ཡོད་པ་སྟེ། ནན་ཐུང་ལང་གྲོང་རྡལ་དང་། ཏ་ཆིང་ཀོའུ་གྲོང་རྡལ། ཞའོ་ཅའོ་ཀོའུ་གྲོང་རྡལ། ཧུང་ཐུའུ་ལིའང་གྲོང་རྡལ། མན་ཅིང་གྲོང་རྡལ། པ་ཏའོ་ཀོའུ་གྲོང་རྡལ། སན་ལས་ཡུལ་གྲོང་རྡལ། ཧྲི་ཅིང་ཤང་། ཏ་ཡིང་ཕན་ཤང་། ཏ་སུའུ་ཅུས་ཤང་། ཕུའུ་ལི་ཀྲོང་ཤང་། ཆི་ཅ་ཤང་། ཅ་ཧྲི་ཧོ་ཤང་། ཞ་མ་ཕན་ཤང་བཅས་ཡོད། རྫོང་མི་དམངས་སྲིད་གཞུང་ནན་ཧོའོ་ཆན་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད།
ཧྲང་དབྱི་རྫོང་ནི་ཧོ་པེ་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་ཡོད། ཤར་དུ་ཀྲང་པེ་རྫོང་དང་ས་མཚམས་འབྲེལ་ཞིང་། ལྷོ་རུ་ལྕགས་རི་རིང་པོ་ས་མཚམས་བྱས་ནས་ཧོའེ་ཨན་དང་ཝན་ཧྲང་དབྱི་རྫོང་། ཧྲན་ཞི་ཞིང་ཆེན་ཐེན་ཀྲེན་རྫོང་བཅས་དང་ས་མཚམས་འབྲེལ་ཡོད། ནུབ་རྒྱུད་དང་བྱང་རྒྱུད་དང་ནང་སོག་གི་ཧྲང་ཏུའུ་དང་། ཞིང་ཧོ་རྫོང་གི་འབྲེལ་མཚམས་ཡིན་ལ། ས་ཁམས་མཚོན་རྟགས་ནི་ཤར་ལམ113º49'~114º26'དང་། བྱང་གི་འཕྲེད་ཐིག40º44'~41º32'བར་དུ་གནས་ཡོད། བྱང་སྣེའི་རིང་ཚད་ལ་སྤྱི་ལེ88.8དང་། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ55.2ཡོད་པ་དང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2632.47ཡོད་པ་རེད།
ཧྲང་དབྱི་རྫོང་ནི་ཧྲང་དབྱི་སྟེ་ཁྲི་ཁྲེང་གཏིང་རིང་གས་སྲུབས་ས་རྒྱུད་ཀྱི་གཞོགས་གཉིས་སུ་གནས་ཡོད། ཆུ་རགས་སྟོད་མ་དང་ཆུ་རགས་ཞོལ་མ་གཉིས་སུ་ཕྱེ་ཡོད།
ཧྲང་དབྱི་རྫོང་ནི་ཨེ་ཤ་ཡ་ཤར་མའི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་ཡིན་པ་དང་། དུས་བཞིར་དབྱེ་བ་གསལ་པོ་ཡོད། ཉི་འོད་འདང་ངེས་ཡོད་པ་དང་། དྲོད་ཚད་ཅུང་ཆེ་བ། ཆར་ཆུ་དང་ཚ་བ་ཆེ་བ། ལོ་རེར་ཆ་སྙོམས་སུ་ཆར་པ་འབབ་ཚད་ཧའོ་སྨི350-420ཡིན་པ་དང་། མང་ཆེ་བ་ཟླ6པ་དང་། 7པ། 8པ་བཅས་སུ་གཅིག་སྡུད་བྱས་ཡོད། སད་མེད་དུས་ནི་སྤྱིར་བཏང་དུ་ཉིན100-120ཡིན། ལོ་རེའི་ཆ་སྙོམས་དྲོད་ཚད3.5℃(0.6-6.2℃བར་ཡིན) ལྷག་པར་དུ་ཟླ7པ་དང8པར་ཆ་སྙོམས་དྲོད་ཚད19.1℃དང17.6℃ཡིན། ཁ་བ་འབབ་ཚད་ཆེ་བ་དང་། ཉིན་མཚན་གྱི་དྲོད་ཚད་ཁྱད་པར་ཅུང་ཆེ་བ་ཡིན།
སྤྱི་ལོ2018ལོའི་ལོ་མཇུག་བར། ཧྲང་དབྱི་རྫོང་གི་ཐེམ་ཐོའི་དུད་ཚང80353ཟིན་པ་དང་མི་གྲངས་བསྡོམས་འབོར186222ཟིན་ཡོད། ལོ་གོང་མ་ལས་མི59འཕར་བའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས41777ཡོད་པ་དེས་སྤྱིའི་མི་གྲངས་གྱི་བསྡུར་གྲངས་ཀྱི22.4%བཟུང་ཡོད། ལོ་འདིའི་ནང་གསར་སྐྱེས་མི་གྲངས1206ཡོད་པ་དང་མི་གྲངས་སྐྱེ་ཚད6.5‰ཟིན་ཡོད། མི་གྲངས208ཤི་བ་དང་མི་གྲངས་ཤི་ཚད1.1‰ཡིན་པ་དང་། མི་གྲངས་རང་ཤུགས་སུ་འཕར་ཚད5.4‰ཡིན། ལོ་མཇུག་ཏུ་རྫོང་དེ་ཡོངས་ཀྱི་རྒྱུན་སྡོད་མི་གྲངས155491ཟིན་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས60400ཡོད་པ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད38.84%ཟིན་ཡོད།
སྤྱི་ལོ2018ལོར་ཧྲང་དབྱི་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི414300ཟིན་ནས4.8%འཕར་ཡོད། ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི138659ཟིན་ནས12.2%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི138043ཟིན་ནས3.0%ཆག་པ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི137599ཟིན་ནས་8.0%འཕར་ཡོད། ལོ་རེའི་ཆ་སྙོམས་རྒྱུན་སྡོད་མི་གྲངས་ལྟར་རྩིས་རྒྱག་ན། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར26588ཟིན་པ་དང་། རིན་གོང་གི་རྒྱུ་རྐྱེན་ཕུད5.3%འཕར་ཡོད། ཐོན་ལས་ཐེངས་གསུམ་གྱི་འཕར་ཐང་གིས་རྫོང་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་སོ་སོར33.5%དང་། 33.3%33.2%བཅས་ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར25151ཟིན་པ་དེ་དུས་མཚུངས་ལས10.0%འཕར་བ་དང་། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར9359ཟིན་པ་དེ་དུས་མཚུངས་ལས12.9%འཕར་ཡོད།
སྤྱི་ལོ2018ལོར་ཧྲང་དབྱི་རྫོང་གི་ནོར་སྲིད་ཡོང་འབབ་སྒོར་ཁྲི35730ཟིན་པ་རེད། དུས་མཚུངས་ལས་སྒོར་ཁྲི5705འཕར་ནས19.0%འཕར་ཡོད། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་ཁྲི21094བྱུང་བ་དེ་དུས་མཚུངས་ལས་སྒོར་ཁྲི1610འཕར་དང་། 8.3%འཕར་བའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་ཁྲི13230ཟིན་ཡོད། དུས་མཚུངས་ལས་སྒོར་ཁྲི2428འཕར་ནས22.5%འཕར་ཡོད། ཁྲལ་མིན་ཡོང་འབབ་སྒོར་ཁྲི7864བྱུང་བ་དེ་དུས་མཚུངས་ལས་སྒོར་ཁྲི817ཉུང་དུ་ཕྱིན་ནས9.4%ཆག་ཡོད། རྫོང་དེ་ཡོངས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་གཏོང་སྒོ་སྒོར་ཁྲི260643ཟིན་ཡོད། དུས་མཚུངས་ལས་སྒོར་ཁྲི66553འཕར་ནས35.3%འཕར་ཡོད། དེའི་ནང་རྒྱུན་གཏན་གྱི་སྤྱི་སྤྱོད་གཏོང་སྒོ་སྒོར་ཁྲི3883ཟིན་པ་དེས2.7%བཟུང་བ་དང་། སྲིད་ཇུས་རང་བཞིན་གྱི་ལེ་ལག་ཚང་བའི་གཏོང་སྒོ་སྒོར་ཁྲི10694ཟིན་པ་དེས་7.5%བཟུང་བ། ཆེད་དོན་ལས་སྒོའི་འགྲོ་གྲོན་སྒོར་ཁྲི1890བཏང་བ་དེས1.3%བཟུང་བ་དང་། ཆེད་སྤྱོད་སྤྱི་སྤྱོད་འགྲོ་གྲོན་གཏོང་སྒོ་སྒོར་ཁྲི19727ཟིན་པ་དེས13.8%བཟུང་བ། སྣོད་བཅུད་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གཙོ་གནད་ལས་གྲྭའི་རྣམ་གྲངས་ལ་སྒོར་ཁྲི30000བཏང་བ་དེས21.1%བཟུང་ཡོད། རྫོང་ཡོངས་ཀྱི་ནོར་སྲིད་ཀྱིས་དམངས་འཚོའི་ཐད་སྤྱོད་པའི་གཏོང་སྒོ་སྒོར་ཁྲི196053ཟིན་པ་དེས་ནོར་སྲིད་གཏོང་སྒོ་ཡོངས་ཀྱི75.2%བཟུང་ཡོད།
སྤྱི་ལོ2018ལོར་ཧྲང་དབྱི་རྫོང་གི་དམངས་གཉེར་དཔལ་འབྱོར་ཚན་པའི་བསྡོམས་འབོར10146ཡོད་པ་རེད། ལས་ཞུགས་མི་སྣ51391ཡོད་པ་དེ་ལོ་གོང་མ་ལས་8.8%འཕར་ཡོད། ལོ་ཧྲིལ་པོར་དམངས་གཉེར་དཔལ་འབྱོར་གྱི་རིན་ཐང་འཕར་མ་སྒོར་ཁྲི160746ཟིན་པ་དེ་དུས་མཚུངས་ལས4.7%ཆག་པ་དེས་རྫོང་དེ་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད38.8%བཟུང་ཡོད། ལོ་ཧྲིལ་པོར་ཁྲལ་དངུལ་སྒོར་ཁྲི19443བཏང་ནས་སྔ་ལོ་ལས25.3%འཕར་ཡོད། ནོར་སྲིད་ཡོང་འབབ་ཡོངས་ཀྱི་བསྡུར་ཚད་ནི54.4%ཟིན་ནས་ཁེ་སྤོགས་སྒོར་ཁྲི58817བྱུང་ཡོད། ལོ་གོང་མ་ལས་བརྒྱ་ཆའི19.6ཆག་ཡོད།
སྤྱི་ལོ2018ལོར་ཧྲང་དབྱི་རྫོང་གི་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས9.8%འཕར་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་རྣམ་གྲངས་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས6.4%འཕར་བ་དང་ས་ཁང་བདག་ཁོངས་ཀྱི་རྣམ་གྲངས་ལ་མ་འཇོག་བྱེད་ཚད་ཀླད་ཀོར་ཡིན་པ་རེད།
སྤྱི་ལོ2018ལོར་ཧྲང་དབྱི་རྫོང་གི་གཏན་འཇགས་རྒྱུ་ནོར་མ་འཇོག་བྱེད་བཞིན་པའི་རྣམ་གྲངས14ཡོད་པའི་ནང་གསར་དུ་ལས་འགོ་ཚུགས་པའི་རྣམ་གྲངས9ཡོད་པ་རེད། འཛུགས་སྐྲུན་བྱེད་བཞིན་པའི་སྒོར་དུང་ཕྱུར13གྱི་རྣམ་གྲངས་ཡིན།
སྤྱི་ལོ2020ལོའི་ཟླ2པའི་ཚེས29ཉིན་ཧྲང་དབྱི་རྫོང་རྫོང་དབུལ་པོའི་གྲས་ནས་ཕྱིར་འཐེན་བྱས་ཏེ་དབུལ་སྒྲོལ་བྱས་ཡོད།
སྤྱི་ལོ2018ལོའི་ལོ་མཇུག་བར། ཧྲང་དབྱི་རྫོང་གི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ1156ཡོད་པ་དེ་ལོ་གོང་མའི་ལོ་མཇུག་ལས་སྤྱི་ལེ43འཕར་ཡོད། སྤྱི་ལོ2016ལོའི་ལོ་མཇུག་བར། ཧྲང་དབྱི་རྫོང་དུ་ཐོ་འགོད་བྱས་པའི་དམངས་སྤྱོད་རླངས་འཁོར(འགྲུལ་སྐྱེལ་དང་ཟོག་འདྲེན། རླངས་འཁོར་གཞན་དག་བཅས་ཚུད་པ)5509དང་སྤྱི་སྤྱོད་རླངས་འཁོར32ཡོད། གླ་གཏོང་རླངས་འཁོར81ཡོད།
སྤྱི་ལོ2018ལོའི་ལོ་མཇུག་བར་ཧྲང་དབྱི་རྫོང་དུ་སློབ་འབྲིང5ཡོད་པའི་ནང་འབྲིང་རིམ་ལས་རིགས་སློབ་གྲྭ1དང་། མཐོ་རིམ་སློབ་འབྲིང་དཀྱུས་མ། དམའ་རིམ་སློབ་འབྲིང2བཅས་ཡོད། འབྲིང་རིམ་ལས་རིགས་སློབ་གྲྭར་ཆེད་བསྐོས་དགེ་རྒན126ཡོད་པ་དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ1244ཡོད་པ། མཐོ་རིམ་སློབ་འབྲིང་དཀྱུས་མར་ཆེད་བསྐོས་དགེ་རྒན130དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ1262ཡོད་པ། དམའ་རིམ་སློབ་འབྲིང་དུ་ཆེད་བསྐོས་དགེ་རྒན263ཡོད་པ་དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ2970ཡོད། རྫོང་ཡོངས་སུ་སློབ་ཆུང17ཡོད་པ་དང་ཆེད་བསྐོས་དགེ་རྒན752དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ5633ཡོད། བུ་བཅོལ་ཁང27ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ1898ཡོད།
སྤྱི་ལོ2018ལོའི་ལོ་མཇུག་བར་ཧྲང་དབྱི་རྫོང་དུ་ཐོ་འགོད་བྱས་པའི་རིག་རྩལ་ཚོགས་པ5ཡོད་པ་རེད། ལོ་ཧྲིལ་པོར་རིག་རྩལ་འཁྲབ་སྟོན་ཐེངས140བྱས་པ་དང་ལྟད་མོ་བ་མི་ཐེངས་ཁྲི5.2ཡོད། སྤྱི་པའི་དཔེ་མཛོད་ཁང1དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ63ཡོད་པ་དང་ཉར་ཚགས་བྱེད་ཚད་ཁྲི3.8ཟིན་ཡོད། རྫོང་རིག་གནས་ཁང1དང་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ63ཡོད་པ་དང་ལོ་ཧྲིལ་པོར་རིག་རྩལ་བྱེད་སྒོ་ཐེངས30སྒྲིག་འཛུགས་བྱས་ཡོད། ཤང་གྲོང་གི་རིག་གནས་ས་ཚིགས14ཡོད་པ་དང་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ1360ཡོད་པ་དང་ལོ་ཧྲིལ་པོར་རིག་རྩལ་བྱེད་སྒོ་ཐེངས64སྒྲིག་འཛུགས་བྱས་ཡོད། ཟློས་གར་ཁང་དང་གློག་བརྙན་ཟློས་གར་ཁང1ཡོད། སྐུད་ཡོད་བརྙན་འཕྲིན་སྤྱོད་མཁན་དུད་ཚང7205ཡོད།
སྤྱི་ལོ2018ལོའི་ལོ་མཇུག་བར། ཧྲང་དབྱི་རྫོང་དུ་སྤྱི་ཚོགས་ཕན་བདེ་སྣ་ཚོགས་ཀྱི་ཚན་པ9ཡོད་པ་དང་ཉལ་ཁྲི་840ཡོད་པ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས95602ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ(ཁེ་ལས་ཀྱི་ལས་བཟོ)རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི25562ཡོད་པ་དེ་དུས་མཚུངས་ལས55.3%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས149810ཡོད་པ་དེ་དུས་མཚུངས་ལས1.7%ཆག་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ(ཁེ་ལས་ཀྱི་ལས་བཟོ)སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི12014ཡོད་པ་དེ་དུས་མཚུངས་ལས3.5%ཆག་ཡོད་པ་རེད། ལོ་མཇུག་ཏུ་ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་གྲངས5800ཡོད། ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིར་མ་མཐའི་འཚོ་བའི་འགན་ལེན་ལོངས་སྤྱོད་བྱེད་མཁན་མི་གྲངས3601ཡོད་པ་དེ་དུས་མཚུངས་ལས9.5%ཆག་པ། གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་ལོངས་སྤྱོད་མི་གྲངས20120ཡོད་པ་དེ་དུས་མཚུངས་ལས4.1%ཆག་ཡོད། འགན་ལེན་ལྔའི་བསྙེན་བཀུར་མི་སྣ1618ཡོད་པ་དེ་དུས་མཚུངས་ལས1.1%འཕར་ཡོད།
སྤྱི་ལོ2018ལོར་ཧྲང་དབྱི་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མི་སྣ3105མང་དུ་ཕྱིན་ཡོད། ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་བཀོད་ལས་ཀ་ཤོར་ཚད་བརྒྱ་ཆའི3.6ནང་ཚུན་དུ་ཚོད་འཛིན་བྱས་པ་དང་། གྲོང་གསེབ་ཀྱི་ངལ་རྩོལ་པ་མི2404ལས་ཞུགས་སྤོ་བསྒྱུར་བྱས་ཡོད།