ཀུའུ་ཡོན་རྫོང་།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-06-01 10:28ལ་འགྲུབ།

ཀུའུ་ཡོན་རྫོང་།

ཀུའུ་ཡོན་རྫོང་།
​ཀུའུ་ཡོན་རྫོང་དུ་ཧ་ལམ་ལོ་ངོ6000གོང་གི་རྡོ་ཆས་གསར་པའི་དུས་མིའི་རིགས་འཚོ་སྡོད་བྱེད་འགོ་ཚུགས་པ་དང་ཀུའུ་ཡོན་རྫོང་ཧོ་པེ་ཞིང་ཆེན་གྱི་བྱང་རྒྱུད་དུ་ཆགས་ཡོད། ཧྲན་ཏེན་ཆུ་བོའི་སྟོད་རྒྱུད་དང་ནང་སོག་རང་སྐྱོང་ལྗོངས་དང་འབྲེལ་ཞིང་། ཀྲང་ཅ་ཁོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཤར་ཕྱོགས་ཁྲེང་ཏེ་གྲོང་ཁྱེར་ཧྥེང་ཉིང་རྫོང་དང་ཁྱིམ་མཚེས་ཡིན། ལྷོ་ཀྲང་ཅ་ཁོའུ་གྲོང་ཁྱེར་གྱི་ཁྲི་ཁྲེང་དང་ཁྲུང་ལི་རྫོང་གཉིས་དང་ས་མཚམས་འབྲེལ་ཞིང་། ནུབ་ཏུ་ཀྲང་པེ་དང་ཁང་པའོ་རྫོང་གཉིས་དང་འབྲེལ་ཡོད། བྱང་ཕྱོགས་ནི་ནང་སོག་ཐའེ་ཕུའུ་དགོན་ཆི་དང་། ཀྲེང་ལན་ཆི། ཏུའོ་ལུན་རྫོང་བཅས་དང་ཐག་ཉེ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
沽源县
ཕྱི་ཡིག་གི་མིང་།
Guyuan
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཧོ་པེ་ཞིང་ཆེན་ཀྲང་ཅ་ཁོའུ་གྲོང་ཁྱེར།
མངའ་ཁོངས།
ཕིན་ཏིན་གྲོང་རྡལ་དང་། ཞའོ་ཁྲང་གྲོང་རྡལ། ཧོང་ཀའེ་ལའེ་གྲོང་རྡལ་བཅས་ཡོད།
གནས་ཡུལ།
ཧོ་པེ་ཞིང་ཆེན་གྱི་བྱང་རྒྱུད།
སྲིད་གཞུང་གནས་ཡུལ།
ཕིང་ཏིང་པའོ་གྲོང་རྡལ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ3601ཡོད།
མི་གྲངས།
མི་ཁྲི23ཡོད།(སྤྱི་ལོ2004ལོ)
ནམ་ཟླ།
དྲོད་རྒྱུན་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཡོན་རྒྱལ་རབས་ཀྱི་ཆིན་ཝང་གནའ་བོའི་བང་སོའི་ཚོགས།
སྐད།
ཅིན་སྐད།
ས་ཁོངས་ཁ་པར་ཨང་རྟགས།
0313
སྦྲག་སྲིད་ཨང་རྟགས།
076550
སྲིད་འཛིན་ཚབ་ཨང་།
130724
རླངས་འཁོར་ཚབ་ཨང་།
ཅི(冀)G
1 ​ལོ་རྒྱུས་འཕེལ་རིམ།
1_1 རྒྱལ་ཁབ་དབུ་བརྙེས་པའི་སྔོན།

སྤྱི་ལོ1944ལོའི་ཟླ10པར། ཧྲན་ཞི་དང་ཁྲ་ཧར་དང་ཧོ་པེ་བཅས་ཞིང་ཆེན་གསུམ་གྱི་བཅིངས་འགྲོལ་ས་ཁུལ་གྱི་ཕིན་པེ་ས་ཁུལ་ཏང་ཨུའི་དམག་དཔོན་ལུང(ཀོན)ཁྲུང(ལི)ཁྲི(ཁྲེང)མཉམ་འབྲེལ་རྫོང་ཁག་དང་ཁག་བགོས་ནས་མཉམ་འབྲེལ་རྫོང་ཁག་གཉིས་བཙུགས། ཀུའུ་ཡོན་པད་མའི་ཐང་དང་ཞི་ཞིན་ཡིང་ས་ཁུལ་ཁ་ཤས་ནི་ཁྲི་ཡོན་རྫོང་ཡིན། དེ་བྱིངས་ཀུའུ་ཡོན་རྫོང་གི་ཁོངས་སུ་གཏོགས།

སྤྱི་ལོ1945ལོའི་ཟླ6པར། ཀྲུང་གུང་ཕིན་ཕིན་པེ་ས་ཁུལ་ཨུ་ཡོན་ལྷན་ཁང་གིས་ཁྲི་ཡོན་རྫོང་རྣམས་ཁྲི་ཁྲེང་དང་། ཀུའུ་ཡོན། ཀྲང་པེ་བཅས་རྫོང་གསུམ་དུ་ཕྱེ་ཡོད་ཀྱང་དོན་གཅོད་ལས་ཁུངས་ཞིབ་ཕྲ་སྒྲིག་འཛུགས་བྱས་མེད། རྫོང་སྲིད་གཞུང་གི་བཅའ་སྡོད་བྱ་ཡུལ་གྱི་དབྱེ་མཚམས་གཏན་འཁེལ་བྱས་མེད། ཟླ8པའི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་། ཟླ1པོར་ཨན་ཏིང་པའོ་བཅིངས་འགྲོལ་བྱས། ཚེས13ཉིན་པའོ་ཁྲང་གྲོང་ཁྱེར་བཅིངས་འགྲོལ་བཏང་བ་དང་། པའོ་ཡོན་རྫོང་རྫུས་མ་མེད་པར་བཟོས། ཀྲུང་གུང་པའོ་ཡོན་རྫོང་ཨུད་དང་པའོ་ཡོན་རྫོང་མི་དམངས་སྲིད་གཞུང་དངོས་སུ་བཙུགས་པ་རེད། ཀྲི་སུའོ་པའོ་ཁྲང་གྲོང་རྡལ(ད་ལྟ་ནང་སོག་ཐའེ་ཕུའུ་དགོན་ཆི)སྔར་བཞིན་པའོ་ཡོན་རྫོང་གི་མིང་བཀོལ་བ་ཡིན།

སྤྱི་ལོ1946ལོར་གོ་མིན་ཏང་གིས་ཕྱོགས་ཡོངས་ནས་ནང་འཁྲུག་བསླངས་ཏེ་བཅིངས་འགྲོལ་ས་ཁུལ་ལ་ཚུར་རྒོལ་ཆེན་པོ་བྱས། ཟླ10པར་པའོ་ཡོན་རྫོང་ཏང་སྲིད་ལས་ཁུངས་ཀྱིས་བཀའ་ལྟར་གྲོང་ཁྱེར་ནས་ཕྱིར་འཐེན་བྱས་ཏེ་གྲོང་གསེབ་ཏུ་བསྒྱུར། ཟླ11པར་གོ་མིན་ཏང་གིས་ཀུའུ་ཡོན་བཟུང་ཞིང་ཀུའུ་ཡོན་རྫོང་བཙུགས། བདེ་སྐྱོང་བདེ་འཁོད་བཙན་རྫོང་ནི་ཁྲ་ཧར་ཞིང་ཆེན་གྱི་ཁོངས་སུ་གཏོགས།

སྤྱི་ལོ1947ལོའི་ཟླ2པར། ཁྲ་པེ་ས་ཁུལ་ཏང་ཨུས་ཀྲང་པེ་དང་པའོ་ཡོན་རྫོང་གཉིས་ཀྲང་པའོ་མཉམ་འབྲེལ་རྫོང་དུ་འཛུགས་རྒྱུ་དང་། རྫོང་སྲིད་གཞུང་གི་སྡོད་གནས་ནི་སྔ་གཞུག་ཏུ་ལེན་ལེན་ཐན་དང་ཏིན་ཀྲོང་ཝན། ཐའོ་ཧྥང་ཡའོ་ཙི་རྒྱུད་དུ་འཛུགས་རྒྱུ་ཐག་བཅད། ལོ་དེའི་ཟླ7པར་པའོ་ཡོན་རྫོང་སླར་གསོ་བྱས།

སྤྱི་ལོ1948ལོའི་ཟླ9པའི་ཚེས13ཉིན་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་ཕིང་ཏིང་པའོ་བཅིངས་འགྲོལ་བཏང་བ་དང་། གོ་མིན་ཏང་གི་སྲིད་དབང་མཇུག་རྫོགས་རྗེས་ཟླ12པའི་ཚེས28ཉིན་པའོ་ཡོན་མངའ་ཁོངས་ཡོངས་སུ་བཅིངས་འགྲོལ་ཐོབ། རྫོང་སྲིད་གཞུང་གི་བཅའ་སྡོད་བྱ་ཡུལ་དེ་ཏིང་ཀྲོང་ཝན་དང་རྫ་ཁང་ཡའོ་ཙི་རྒྱུད་ནས་པའོ་ཁྲང་གྲོང་རྡལ་དུ་སྤོས།

1_2 རྒྱལ་ཁབ་དབུ་བརྙེས་པའི་རྗེས།

སྤྱི་ལོ1950ལོའི་ཟླ7པའི་ཚེས27ཉིན། ཁྲ་ཧར་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ནང་སྲིད་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་དེ། ཁྲ་ཧར་བྱང་རྒྱུད་དང་ནང་སོག་མཐའ་མཚམས་བསྐྱར་དུ་གཏན་འཁེལ་བྱས། པའོ་ཡོན་རྫོང་ཀྲང་ཏའོ་གཞུང་ལམ་གྱི་ལྷོ་ངོས་ས་ཁུལ་དང་ཏུའོ་ལུན་རྫོང་གཉིས་ཟླ་སྒྲིལ་བཏང། ཀུའུ་ཡོན་རྫོང་ལོགས་སུ་བཙུགས། ཁྲ་ཧར་ཞིང་ཆེན་ཁྲ་པེ་ཀྲོན་ཧྲུའུ་ཡི་ཁོངས་སུ་གཏོགས། སྤྱི་ལོ1952ལོའི་ཟླ11པར་ཁྲ་ཧར་ཞིང་ཆེན་མི་དགོས་པར་བཟོས་ཤིང་། ཧོ་པེ་ཞིང་ཆེན་ཀྲང་ཅ་ཁོའུ་ཀྲོན་ཆུས་སུ་གཏོགས། སྤྱི་ལོ1958ལོའི་སྟོན་ཁར་ཀྲང་པེ་རྫོང་དུ་འབྱོར། སྤྱི་ལོ1961ལོའི་ཟླ5པར་ཀྲང་པེ་དང་ཁ་བྲལ་ནས་ཀུའུ་ཡོན་རྫོང་སླར་གསོ་བྱས། བདེ་འཁོད་བཙན་རྫོང་རྣམས་སྔར་བཞིན་ཧོ་པེ་ཞིང་ཆེན་གྱི་ཀྲང་ཅ་ཁོའུ་ས་ཁུལ་དུ་གཏོགས། སྤྱི་ལོ1970ལོར་ཀྲང་ཅ་ཁོའུ་ཀྲོན་ཆུས་ཞེས་པ་དེ་ཀྲང་ཅ་ཁོའུ་ས་ཁུལ་དུ་བསྒྱུར། སྤྱི་ལོ1982ལོར་ཀྲང་ཅ་ཁོའུ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཞེས་མིང་བསྒྱུར་པ་རེད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

ཀུའུ་ཡོན་རྫོང་གི་ཁོངས་གཏོགས་སུ་གྲོང་རྡལ4དང་། ཞང9མི་རིགས་ཞང1བཅས་ཡོད། ཕིན་ཏིན་པའོ་གྲོང་རྡལ། ཞའོ་ཁྲེང་གྲོང་རྡལ། ཧོང་ཀའེ་ཡུས་གྲོང་རྡལ། ཅིའུ་ལེན་ཁྲེང་གྲོང་རྡལ། ཀའོ་ཀའོ་པའོ་ཞང་། ཞའོ་ཧོ་ཙི་ཞང་། ཨེར་ཏའོ་ཆུས་ཞང་། ཧྲན་ཏེན་ཞང་། ཁྲང་ལིའང་ཞང་། ཧྥེང་ཡོན་ཞང་། ཞི་ཞིན་ཡིང་ཞང་། ལེན་ལེན་ཐང་ཞང་། པའེ་ཐུའུ་ཡའོ་ཞང་། ཏ་ཨེར་ཧུའེ་རིགས་ཞང་བཅས་ཡིན། ཁྱོན་བསྡོམས་སྡེ་ཁུལ་ཨུ་ཡོན་ལྷན་ཁང8དང་གྲོང་མིའི་ཨུ་ཡོན་ལྷན་ཁང233ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཀུའུ་ཡོན་རྫོང་ནི་ཧོ་པེ་ཞིང་ཆེན་ནུབ་བྱང་རྒྱུད་ཀྱི་པ་ཧྲང་ས་ཁུལ་དུ་གནས་པ་དང་། ཤར་གྱི་གཞུང་ཐིག114°50′38″-116°04′09″དང་། བྱང་གི་འཕྲེད་ཐིག41°14′33″-41°56′55″བར་དུ་གནས་ཡོད། ཤར་ཕྱོགས་ཁྲེང་ཏེ་གྲོང་ཁྱེར་ཧྥེང་ཉིན་རྫོང་དང་ས་མཚམས་འབྲེལ་ཡོད། ལྷོ་ཁྲི་ཁྲེང་དང་ཁྲུང་ལི་རྫོང་གཉིས་དང་འབྲེལ་ཞིང་། ནུབ་ཏུ་ཀྲང་པེ་རྫོང་དང་ཁང་པའོ་རྫོང་དང་འབྲེལ་ཡོད། བྱང་ཕྱོགས་ནི་ནང་སོག་རང་སྐྱོང་ལྗོངས་ཐའེ་ཕུའུ་དགོན་ཆི་དང་། ཀྲེང་ལན་ཆི། ཏུའོ་ལུན་རྫོང་བཅས་དང་ས་མཚམས་བྱས་ཡོད། རྫོང་གྲོང་གི་བཅའ་སྡོད་བྱ་ཡུལ་དེ་པེ་ཅིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ270ཡོད། ཀྲང་ཅ་ཁོའུ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ167ཡོད་པ་དང་། ཞིང་ཆེན་ལྟེ་གནས་ཧྲི་ཅ་ཀྲོང་དང་བར་ཐག་སྤྱི་ལེ600ཡོད།

3_2 ནམ་ཟླ།

ཀུའུ་ཡོན་རྫོང་དེ་ཡོངས་ནང་སོག་ས་མཐོའི་ལྷོ་རྒྱུད་དུ་གནས་པ་དང་གནམ་གཤིས་ནི་སྐམ་སའི་རང་བཞིན་གྱི་རྩྭ་ཐང་གི་གནམ་གཤིས་ལ་གཏོགས་པ་རེད། ལོ་རེའི་ཆ་སྙོམས་དྲོད་ཚད་ཏུའུ1.6℃ཡིན། ལོ་རེའི་ཉི་འོད་ཕོག་ཚད་ཆེས་རིང་ན་ཆུ་ཚོད3246དང་ཆེས་ཐུང་ན་ཆུ་ཚོད2616ཡིན། ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི426ཡིན་པ་དང་སད་མེད་དུས་ཉིན117ཡིན། 

3_3 ས་དབྱིབས།

ཀུའུ་ཡོན་རྫོང་ནི་ཧོ་པེ་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་པ་དང་། ནང་སོག་མཐོ་སྒང་གི་ལྷོ་མཐའ་དང་། གནའ་བོའི་ལྕགས་རི་རིང་པོའི་ཕྱི་ངོས་སུ་ཆགས་ཡོད། རྫོང་དེ་ཡོངས་ཀྱི་ས་བབ་མཐོ་ཤོས་སྨི2123དང་ས་བབ་དམའ་ཤོས་སྨི1356ཡིན་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི1536ཡིན།

4 དཔལ་འབྱོར།

སྤྱི་ལོ2012ལོའི་ལོ་སྟོད་དུ་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་ཁྲི172352བཏང་བ་རེད། ལོའི་འཆར་གཞིའི39.3%བཟུང་བ་དེ་དུས་མཚུངས་ལས12.0%འཕར་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི158043བཏང་བ་དེ་དུས་མཚུངས་ལས16.1%འཕར་ཡོད་པ་རེད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་འཇོག་དུས་མཚུངས་ལས6.8%འཕར་བ་དང་གྲོང་གསེབ་ཀྱི་ཞིང་དུད་མིན་པའི་མ་འཇོག156.5%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་རྣམ་གྲངས་ཁྲོད་བཟོ་ལས་ཐད་མ་དངུལ་སྒོར་ཁྲི89038བཏང་ཡོད། ལོ་གོང་མའི་དུས་མཉམ་དང་བསྡུར་ན13%འཕར་སྣོན་བྱུང་ཞིང་། ལོ་རེའི་འཆར་གཞི26.2%ལེགས་འགྲུབ་བྱུང་། ལག་རྩལ་སྒྱུར་བཀོད་ཐད་མ་དངུལ་སྒོར་ཁྲི63825བཏང་བ་དེ་དུས་མཚུངས་ལས34%ཆག་ནས་ལོའི་འཆར་གཞི27.8%ལེགས་འགྲུབ་བྱུང་བ། ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་སྒོར་ཁྲི14309བཏང་བ་དེ་དུས་མཚུངས་ལས19.4%ཆག་ཡོད། སྤྱི་ལོ2012ལོའི་ལོ་སྟོད་དུ་ནོར་སྲིད་ཀྱི་ཡོང་སྒོ་ཡོངས་རྫོགས་སྒོར་ཁྲི14747ལེགས་འགྲུབ་བྱུང་། ལོ་འགོའི་སྔོན་རྩིས་ལས་འགན་གྱི67.0%ལེགས་འགྲུབ་བྱུང་བ་དེ་དུས་མཚུངས་ལས41.6%འཕར་བ། དེའི་ནང་རྫོང་རིམ་པའི་སྤྱིར་བཏང་གི་སྔོན་རྩིས་ཡོང་འབབ་སྒོར་ཁྲི11000ལེགས་འགྲུབ་བྱུང་ཡོད། ལོ་འགོའི་སྔོན་རྩིས་ལས་འགན་གྱི70.5%ལེགས་འགྲུབ་བྱུང་བ་དེ་དུས་མཚུངས་ལས41.5%འཕར་ཡོད། སྤྱིར་བཏང་སྔོན་རྩིས་གཏོང་སྒོ་སྒོར་ཁྲི27067ཟིན་པ་དེ་དུས་མཚུངས་ལས4.0%འཕར་ཡོད། ལོ་སྟོད་དུ་འཕར་ཚད་རྫོང་དང་ཆུས20ནང་ཐོག་མཐའ་བར་གསུམ་དུ་ཨང་དང་པོ་ནས་གསུམ་པའི་བར་ཡིན། སྤྱི་ལོ2012ལོའི་ཟླ6པའི་ཟླ་མཇུག་བར། དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་ལྷག་གྲངས་སྒོར་ཁྲི290910ཟིན་པ་དེ་དུས་མཚུངས་ལས24.5%འཕར་བ་དང་། དེའི་ནང་ཚན་པའི་བཅོལ་དངུལ་སྒོར་ཁྲི124885ཟིན་པ་དེ་དུས་མཚུངས་ལས35.3%འཕར་ཡོད། བཅོལ་དངུལ་ལྷག་གྲངས་སྒོར་ཁྲི153467ཟིན་པ་དེ་དུས་མཚུངས་ལས12.6%འཕར་བ་དང་། རྣམ་གྲངས་ཁག་གི་དངུལ་བུན་ལྷག་གྲངས་སྒོར་ཁྲི119659ཟིན་པ་དེ་དུས་མཚུངས་ལས10.1%འཕར་ཡོད།

4_1 ནགས་ལས།

སྤྱི་ལོ2008ལོར་ནགས་ས་མུའུ་ཁྲི128ཡོད་པ་དང་། ད་ལྟ་ནགས་ཚལ་མུའུ་ཁྲི70ཡོད། ཤིང་ནགས་གསོག་ཚད་བསྡོམས་འབོར་སྨི་གྲུ་བཞི་ལྷམ་པ་ཁྲི72ཟིན་པ་དང་། “བྱང་གསུམ་”འགོག་སྲུང་ནགས་ཚལ་དང་། བྱེ་འགོག་བྱེ་བཅོས། “གཅིག་སློག་གཉིས་འཇལ་”སོགས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་ལས་གྲྭ་ལག་བསྟར་བྱས། ལྷོ་བྱང་ས་རྒྱུད་གཉིས(ཆུ་རགས་འགོག་སྲུང་ནགས་ཚལ་ས་རྒྱུད་དང་མཐའ་ཁུལ་འགོག་སྲུང་ནགས་ཚལ་ས་རྒྱུད)ཆགས་པར་བྱ་དགོས། དབུས་སུ་དྲ་བ(ཞིང་ནང་ནགས་དྲ)ཞིག་གི་ནགས་ལས་སྔོ་ལྗང་ཅན་གྱི་རྣམ་པ་ཞིག་ཆགས་ཡོད། སྤྱི་ལོ2008ལོའི་ལོ་མཇུག་ཏུ་རྫོང་ཡོངས་ཀྱི་ནགས་ཚལ་རྒྱ་ཁྱོན་ལ་མུའུ་ཁྲི126ཟིན་ཡོད། དེའི་ནང་གདོད་མའི་ནགས་ཚལ་མུའུ་ཁྲི50དང་ནགས་ཤིང་ཁྱབ་ཚད23%ཟིན་ཡོད་པ་རེད།

4_2 ཞིང་ལས།

ཀུའུ་ཡོན་རྫོང་གི་སྤྱི་ལོ2012ལོར་རྨོ་ཞིང་མུའུ་ཁྲི166ཡོད་པ་རེད། ཞིང་ལས་ལོ་ཏོག་གཙོ་བོ་ནི་ཡུག་པོ་དང་། ཞོག་ཁོག ཡ་མ། སྲན་མ། སྔོ་ཚལ་སོགས་ཡོད་པ་དང་། ཀྲུང་ཧྭ་བྱང་རྒྱུད་ཀྱི་དུག་འདོར་ཞོག་ཁོག་རྟེན་གཞི་ཆེ་ཤོས་ཡིན། སྤྱི་ལོ2012ལོའི་ལོ་སྟོད་དུ་ཞིང་ལས་སྔོན་དཔག་བྱས་ན་ནགས་ཕྱུགས་ཉ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་ཁྲི35672ཟིན་པ་དེ་དུས་མཚུངས་ལས4.7%འཕར་ཡོད་པ་རེད། ཧོ་པེ་ཞིང་ཆེན་ཅུས་ཀྱི་ཚུར་ལན་གྲངས་གཞི་དང་བཞོན་མ30728ཡོད་པ་རེད། ཕག་པ་མགོ་གྲངས41443དང་ལུག་ལག་ཡོད་མགོ་གྲངས86830(ཤང་དང་གྲོང་རྡལ་གྱིས་མགོ་གྲངས125700གོང་འབུལ་ཞུས་པ) ཁྱིམ་བྱ་ཁྲི16.29ཡོད་པ་དེ་དུས་མཚུངས་ལས13.6%དང་། 3.5%0.2%(ཤང་དང་གྲོང་རྡལ་གྱིས་ཕྱོགས་སྡོམ་བྱས་པའི45.0%)དང0.4%སོ་སོར་འཕར་ཡོད་པ་རེད། ཤང་དང་གྲོང་རྡལ་གྱི་འདེབས་འཛུགས་འདོད་བློ་བརྟག་དཔྱད་དཔྱད་ཡིག་ལས་མངོན་པར་གཞིགས་ན། སྔོ་ཚལ་དང་། མངར་ཚལ། མ་རྨོས་ལོ་ཏོག སྲན་མ་སོགས་ལོ་ཏོག་འདེབས་ཁྱོན་མང་དུ་ཕྱིན་པ་དང་ཞོག་ཁོག་དང་། གྲོ། སྣུམ་རྒྱུ་སོགས་འདེབས་ཁྱོན་ཕྲན་བུ་ཆག་ཡོད་པ་རེད།

5 འགྲིམ་འགྲུལ།

ཀུའུ་ཡོན་རྫོང་གི་ཤར་དུ་ཁྱིམ་མཚེས་ཁྲེང་ཏེ་དང་། ལྷོ་རུ་པེ་ཅིན་དང་ཐེན་ཅིན་དང་འབྲེལ་ཡོད། ནུབ་ཧྲན་ཞི་དང་བྱང་དུ་ནང་སོག་དང་འབྲེལ་ཡོད། རྫོང་གྲོང་ནས་པེ་ཅིང་གྲོང་ཁྱེར་བར་སྤྱི་ལེ260ཡོད་པ་དང་པེ་ཅིང་ནས་ཀུའུ་ཡོན་བར་ཆུ་ཚོད3དགོས་ཀྱི་ཡོད། 207ལམ་ཐིག་དང་། པན་ཧུའུ། ཧྲ་པའོ། ཀྲང་ཀུའུ་སོགས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གྱི་མ་ལམ་དེ་གར་གཅིག་སྡུད་ཁྱབ་འགྱེད་བྱས་ཡོད། ཧོ་པེ་དང་ནང་སོག་དང་སྦྲེལ་མཐུད་བྱེད་པའི་དཔལ་འབྱོར་དང་འགྲིམ་འགྲུལ་གྱི་ལྟེ་གནས་གལ་ཆེན་དང་པེ་ཅིན་དང་ཐེན་ཅིན་གྱི་དཔལ་འབྱོར་ཁུལ་དག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། འཛུགས་སྐྲུན་བྱེད་བཞིན་པའི་ཀྲང་ཧྲི་དང་ཀྲང་ཁྲིན་མྱུར་བགྲོད་དང་བསྟུན་ནས། དེ་བཞིན་སྤེལ་ཉེར་ཡོད་པའི་ལན་ཀྲང་ལྕགས་ལམ་གྱིས་ཀུའུ་ཡོན་དང་ཕྱི་ཕྱོགས་དབར་གྱི་བལྟོས་བཅས་ཀྱི་བར་མཐོངས་ཀྱི་བར་ཐག་ཆེས་ཆེར་ཐུང་དུ་འགྲོ་རྒྱུ་རེད།


དཔྱད་གཞིའི་ཡིག་ཆ།