ཀྲང་པེ་རྫོང་།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-06-01 11:38ལ་འགྲུབ།

ཀྲང་པེ་རྫོང་།

ཀྲང་པེ་རྫོང་།
ཀྲང་པེ་རྫོང་ནི་ཧོ་པེ་ཞིང་ཆེན་གྱི་ནུབ་བྱང་དུ་གནས་ཤིང་། ནང་སོག་མཐོ་སྒང་གི་ལྷོ་ཕྱོགས་ཀྱི་ཆུ་རགས་ས་ཁུལ་དུ་གནས་ཡོད། མངའ་ཁོངས་ཀྱི་ཤར་ནུབ་ལ་སྤྱི་ལེ109དང་། ལྷོ་བྱང་ལ་སྤྱི་ལེ67ཡོད། ཤར་ལྷོའི་རྒྱུད་ནི་ཁྲུང་ལི་རྫོང་གི་འབྲེལ་མཚམས་ཡིན། ཧའོ་ཕི་ལིང་ནི་རྫོང་དེ་ཡོངས་ཀྱི་ས་བབ་མཐོ་ཤོས་ཡིན་པ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་སྨི2128ཡོད། བྱང་ཁུལ་དང་དབུས་ཁུལ་གྱི་ས་བབ་ཁོད་སྙོམས་པས་ནུབ་བྱང་ཕྱོགས་སུ་རིམ་བཞིན་ཇེ་དམའ་རུ་སོང་ཡོད། ཨན་ཀུའུ་ལི་ནི་ཆེས་དམའ་བའི་གནས་ཡིན་ལ་རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་སྨི1300ཡོད། རྫོང་དེ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4185ཡོད། དེའི་ཁོངས་སུ་ཤང་གྲོང18དང་། སྲིད་འཛིན་གྲོང་ཚོ366རང་བྱུང་གྲོང་ཚོ1167བཅས་ཡོད་པ་དང་མི་གྲངས་བསྡོམས་འབོར་ཁྲི37.2ཟིན་ཡོད། སྡོད་དམངས་ནི་རྒྱ་རིགས་གཙོ་བོ་ཡིན་པ་དང་མི་གྲངས་བསྡོམས་འབོར་གྱི98%ཟིན་པ་དང་། ད་དུང་སོག་རིགས་དང་། ཧུའེ་རིགས། མན་ཇུ་རིགས་སོགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
张北县
ཕྱི་ཡིག་གི་མིང་།
Zhangbei County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧོ་པེ་ཞིང་ཆེན་ཀྲང་ཅ་ཁོའུ་གྲོང་ཁྱེར།
མངའ་ཁོངས།
ཀྲང་པེ་གྲོང་རྡལ། ཀོང་ཧེ་གྲོང་རྡལ། ཨར་ཐེ་གྲོང་རྡལ།
གནས་ཡུལ།
ཧོ་པེ་ཞིང་ཆེན་ནུབ་བྱང་རྒྱུད་དང་། ནང་སོག་མཐོ་སྒང་གི་ལྷོ་མཐའ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ4185ཡོད།
མི་གྲངས།
372,000ཡོད།(སྤྱི་ལོ2011ལོ)
ནམ་ཟླ།
དྲོད་འབྲིང་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཧའོ་ཕི་ལིང་། ལྕགས་རི་རིང་པོ་དྲུག་དང་། ཡོན་ཀྲུང་ཏུའུ་རྗེས་ཤུལ།
སྐད།
ཅིན་སྐད།
ས་ཁོངས་ཁ་པར་ཨང་རྟགས།
0313
སྦྲག་སྲིད་ཨང་རྟགས།
076450
རླངས་འཁོར་ཚབ་ཨང་།
ཅི(冀)G
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1945ལོར་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས། ཀྲུང་གུང་གིས་ཀྲང་པེ་རྫོང་སྲིད་གཞུང་གིས་རང་རྫོང་རྩིས་ལེན་བདག་སྤྲོད་བྱས་ཤིང་། ལི་ཅིན་ཁྲ་ཅི་མཐའ་ཁུལ་ཁྲ་ཧར་ཞིང་ཆེན་གྱི་ཀྲོན་ཆུས་བདུན་པ་བཙུགས། དེའི་འོག་ཏུ་གྲོང་ཁྱེར(ཀྲང་པེ་གྲོང་ཁྱེར)དགུ་བཙུགས་ཡོད།

སྤྱི་ལོ1946ལོའི་ཟླ10པར། གོ་མིན་ཏང་ཧྥུ་ཙུའོ་དབྱིའི་དམག་དཔུང་གིས་ཀྲང་པེ་བླངས། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་དྲག་ཆས་སྟོབས་ཤུགས་ལས་ཀྲང(བྱང)པའོ(ཁྲང)མཉམ་འབྲེལ་རྫོང་བཙུགས། ཟླ6པར་རྫོང་བགོས་ནས་ཀྲང་པེ་རྫོང་སྲིད་གཞུང་བཙུགས། སྤྱི་ལོ1948ལོའི་ཟླ12པའི་ཚེས15ཉིན་ཀྲང་པེ་རྫོང་ལ་བཅིངས་འགྲོལ་ཐེངས་གཉིས་པ་ཐོབ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་ལམ་ལུགས་རྙིང་པ་རྒྱུན་འཛིན་བྱས་ཤིང་། སྤྱི་ལོ1952ལོའི་ཟླ11པའི་ཚེས15ཉིན་ཧོ་པེ་ཞིང་ཆེན་ཀྲང་ཅ་ཁོའུ་ཆེད་ཁུལ་གྱི་ཁོངས་སུ་གཏོགས་ཤིང་། སྤྱི་ལོ1959ལོའི་ཟླ5པར་ཀྲང་ཅ་ཁོའུ་ཀྲོན་ཆུས་སུ་ཀྲང་ཅ་ཁོའུ་གྲོང་ཁྱེར་ཟླ་སྒྲིལ་བཏང་ནས་ཀྲང་ཅ་ཁོའུ་གྲོང་ཁྱེར་ཟེར་ཞིང་། ཀྲང་པེ་རྫོང་གི་ཁོངས་གཏོགས་ཡིན། སྤྱི་ལོ1961ལོའི་ཟླ5པར་ཀྲང་ཅ་ཁོའུ་ཀྲོན་ཆུས་དང་། རྫོང་ལི་ཀྲང་ཅ་ཁོའུ་ཀྲོན་ཆུས་བསྐྱར་དུ་བཙུགས། སྤྱི་ལོ1970ལོར་ཀྲང་ཅ་ཁོའུ་དེ་ཀྲང་ཅ་ཁོའུ་ས་ཁུལ་དུ་བསྒྱུར་ཞིང་། རྫོང་གི་ཁོངས་གཏོགས་ཡིན། སྤྱི་ལོ1993ལོའི་ཟླ6པའི་ཟླ་མཇུག་ཏུ་ཀྲང་ཅ་ཁོའུ་ས་ཁུལ་མེད་པར་བཟོས། ཀྲང་ཅ་ཁོའུ་གྲོང་ཁྱེར་དང་རྫོང་གི་ཁོངས་གཏོགས་ཀྲང་ཅ་ཁོའུ་གྲོང་ཁྱེར་ཡིན། སྤྱི་ལོ2005ལོའི་ཟླ1པོའི་ཚེས30ཉིན། ཧོ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་གྲོང་ཁྱེར་ཅན་དུ་འགྱུར་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་ཆེད། ཀྲང་པེ་རྫོང་ནི་དོ་དམ་གྱི་དབང་ཚད་རྒྱ་ཆེར་གཏོང་མཁན་ཁག་དང་པོའི་རྫོང(གྲོང་ཁྱེར)ཡིན་པ་དང་སྔར་བཞིན་ཀྲང་ཅ་ཁོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་རེད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

ཀྲང་པེ་རྫོང་ཁོངས་སུ་གྲོང་རྡལ5དང་ཤང13ཡོད།

3 རང་བྱུང་ཁོར་ཡུག
3_1 གནས་ས།

ཀྲང་པེ་རྫོང་ནི་ཧོ་པེ་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དང་ནང་སོག་མཐོ་སྒང་གི་ལྷོ་མཐའ་ཡིན། ཧྭ་པེ་ནང་ཁུལ་དུ་ནང་སོག་དང་འབྲེལ་བའི་གྲེ་བའི་ས་ཁུལ་དུ་གནས་ཡོད། དེ་ནི་པེ་ཧྲང་གི་རྫོང་དང་པོ་ཡིན། བྱང་གི་འཕྲེད་ཐིག40°57ˊ—41°34ˊདང་། ཤར་གྱི་གཞུང་ཐིག114°10ˊ—115°27ˊབར་དུ་གནས་ཡོད།

3_2 ས་དབྱིབས།

ས་ཁོངས་ཤར་ནུབ་ལ་སྤྱི་ལེ109དང་ལྷོ་བྱང་ལ་སྤྱི་ལེ67ཡོད་པ་དེ་དག་ཤར་ལྷོའི་ཆུ་རགས་ཁུལ་དང་། ནུབ་རྒྱུད་རི་མ་ཐང་ཁུལ། དབུས་རྒྱུད་བདེ་ཐང་ཁུལ་བཅས་རིགས་གསུམ་དུ་དབྱེ་ཡོད།

3_3 ནམ་ཟླ།

ཀྲང་པེ་རྫོང་ནི་སྐམ་སའི་དབུས་ཁུལ་གྱི་དུས་རླུང་གནམ་གཤིས་ཡིན་པ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད3.2℃ཡིན། ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི300ཡས་མས་ཡིན། ཀྲང་པེ་རྫོང་ནི་ཧོ་པེ་ཞིང་ཆེན་གྱི་ཉི་འོད་ཆ་རྐྱེན་ཡག་ཤོས་ཀྱི་རྫོང་གི་གྲས་ཤིག་ཡིན། ལོ་རེའི་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད2897.8ཟིན་པ་དང་། ལོ་རེར་ཆ་སྙོམས་རིམ་པ7ཡན་གྱི་ལྷགས་པ་ཆེན་པོ་ཉིན30ཙམ་རྒྱག་གིན་ཡོད།

4 མི་གྲངས་དང་མི་རིགས།
4_1 མི་གྲངས།

སྤྱི་ལོ2011ལོར་ཀྲང་པེ་རྫོང་གི་མི་གྲངས་བསྡོམས་འབོར་ཁྲི37.2ཡོད་པའི་ནང་ཞིང་ལས་མི་གྲངས་ཁྲི29.5ཡོད།

4_2 མི་རིགས།

ཀྲང་པེ་རྫོང་གི་སྡོད་དམངས་ནི་རྒྱ་རིགས་གཙོ་བོ་ཡིན་པ་དང་། དེས་སྤྱིའི་མི་གྲངས་ཀྱི98%ཟིན་པ་དང་། ད་དུང་སོག་རིགས་དང་ཧུའེ་རིགས། མན་ཇུ་རིགས་སོགས་ཡོད།

5 དཔལ་འབྱོར།

སྤྱི་ལོ2010ལོར་ཀྲང་པེ་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྔོན་དཔག་བྱས་ན་སྒོར་དུང་ཕྱུར50.1ལེགས་འགྲུབ་བྱུང་ཡོད། སྤྱི་ལོ2005ལོ་ལས68.2%འཕར་བ་དང་ལོ་རེར་ཆ་སྙོམས12.6%འཕར་ཡོད། ནོར་སྲིད་ཀྱི་ཡོང་སྒོ་ཡོངས་རྫོགས་སྒོར་དུང་ཕྱུར6ལེགས་འགྲུབ་བྱུང་བ་དང་། ས་གནས་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར3.8ལེགས་འགྲུབ་བྱུང་ཡོད། སྤྱི་ལོ2009ལོ་ལས་ལྡབ་གཅིག་འཕར་བ་དེ་སྤྱི་ལོ2005ལོའི་ལྡབ5.5དང་ལྡབ9.2སོ་སོར་རེད། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར130.3བཏང་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར115བཏང་བ་དེ་དག་ནི་སྤྱི་ལོ2005ལོའི་ལྡབ14.9དང་ལྡབ14.8སོ་སོར་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་དང་ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེར་གཙང་སོ་སོར་སྒོར12500དང་སྒོར3620ལེགས་འགྲུབ་བྱུང་། སྤྱི་ལོ2005ལོ་ལས་སོ་སོར་བརྒྱ་ཆའི85.7དང་བརྒྱ་ཆའི65.1འཕར་ཡོད། ཀྲང་པེ་རྫོང་གི་དཔལ་འབྱོར་དམིགས་ཚད་གཙོ་བོ་ཕྱོགས་ཡོངས་ནས་མྱུར་ཚད་མགྱོགས་སུ་ཕྱིན་པ་དང་ཕྱོགས་བསྡུས་འགྲན་རྩོད་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

6 སྤྱི་ཚོགས་ལས་དོན།
6_1 སློབ་གསོ།

ཀྲང་པེ་རྫོང་གི་སློབ་གྲྭ་གཙོ་བོ་ནི་ཀྲང་པེ་སློབ་འབྲིང་དང་པོ་དང་། ཀྲང་པེ་སྒེར་བཙུགས་སློབ་འབྲིང་དང་པོ། ཀྲང་པེ་སློབ་འབྲིང་གཉིས་པ། ཀྲང་པེ་ཀྲུང་གསུམ། ཀྲང་པེ་སློབ་འབྲིང་བཞི། ཀྲང་པེ་ཁྲིན་ལུང་སློབ་གྲྭ་བཅས་ཡིན།

6_2 ཆབ་སྲིད།

ཀྲང་པེ་ཡི་འཕེལ་རྒྱས་ལ་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཚད་མཐོའི་དོ་ཁུར་ཐོབ་ཡོད། སྤྱི་ལོ1995ལོའི་ཟླ1པོར། སྐབས་དེར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཅང་ཙེ་རྨིན་གྱི་འགན་བཞེས་ནས་རྫོང་དེའི་མོག་ཐོ་ཡུལ་ཚོ་རུ་སོང་ནས་དབུལ་པོར་བདེ་སྡུག་འདྲི་བ་དང་། སྤྱི་ལོ2000ལོའི་ཟླ5པར་སྐབས་དེའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཀྲུའུ་རུང་ཅི་རྫོང་དེར་ཕེབས་ནས་བྱེ་བཅོས་ནགས་བཟོའི་ལས་གྲྭར་གཟིགས་ཞིབ་གནང་བ་དང་། སྤྱི་ལོ1990ལོའི་ཟླ3པ་དང་སྤྱི་ལོ1999ལོའི་ཟླ10པར་ཙུང་ལི་ཝུན་ཅ་པའོ་སྔ་རྗེས་སུ་རྫོང་དེར་ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་ལ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཐེངས་གཉིས་ཕེབས་པ་དང་། སྤྱི་ལོ2004ལོའི་ཟླ1པོའི་ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་རྫོང་དེར་ཕེབས་ནས་གཟིགས་ཞིབ་དང་འཚམས་འདྲི་གནང་བ་མ་ཟད། ཞི་ཧྲུན་ཀོའུ་གྲོང་ཚོའི་མང་ཚོགས་ཀྱི་ཁྱིམ་དུ་ཕེབས་ནས་བདེ་སྡུག་འདྲི་བ་དང་། དམངས་ཀྱི་བསྟོད་བསྔགས་ལ་ཉན་ཞིང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་བྱམས་བརྩེའི་ཐུགས་ཁུར་གྱིས་ཀྲང་པེ་རྫོང་གི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་འབྱོར་འབྲིང་གི་སྤྱི་ཚོགས་འཛུགས་སྐྲུན་དང་ཞི་མཐུན་གྱི་ཀྲང་པེ་ཞུན8འཛུགས་སྐྲུན་བྱེད་པར་སྐུལ་མ་བཏང་པ་རེད།

6_3 རིག་གནས།

ཧོ་པེ་ནི་ལོ་རྒྱུས་རིག་གནས་ཡུན་རིང་ལྡན་པ་རེད། ཀྲང་པེ་རྫོང་ལ“པ་ཧྲང་ཀྲུང་གྲོང་རྡལ”ཞེས་འབོད་སྲོལ་ཡོད་པ་དང་། སྤྱི་ལོ1307ལོར་ཝུའུ་ཙུང་ཧའེ་ཧྲན་ནི་ཀྲང་པེ་རུ་བཙུགས། ཏ་ཏུའུ(པེ་ཅིན)དང་ཧྲང་ཏུའུ(ལན་ཆི)དང་མཉམ་དུ། གོང་མ་ཚང་ནས་ཏ་ཏུའུ་དང་ཧྲང་ཏུའུ་བར་གྱི་སྐོར་གཡེང་བྱ་ཡུལ་དུ་གྱུར་པ་རེད། ཞིན་ཧོ་ཧྥུ་དང་། སྐབས་སོ་སོའི་ཀྲང་ཅ་ཁོའུ་ཡི་ལས་འཛིན་ཁང་། སྤྱི་ལོ1913ལོར་ཐིང་མེད་པར་བཟོས་ནས་རྫོང་བཙུགས་པ་དང་། ཀྲང་ཅ་ཁོའུ་ཡི་བྱང་ཕྱོགས་སུ་གནས་པའི་རྐྱེན་གྱིས་མིང་དེ་ལྟར་ཐོགས་པ་རེད། སྤྱི་ལོ1913ལོར་ཀྲང་པེ་རྫོང་དུ་བཞག་པ་དང་། གནའ་ཤུལ་དུ་ཡན་ཙི་གྲོང་ཁྱེར་ཡོད། མོང་གོལ་རང་བཙན་བྱས་རྗེས། ཀྲུང་གོ་དང་མོང་གོལ་བར་གྱི་ཉོ་ཚོང་དང་ཀྲང་ཁུའུ་ལམ་ཆེན་གྱི་སྐྱེལ་འདྲེན་ཉམས་རྒུད་དུ་སོང་བ་དང་། རྫོང་གི་ལོ་རྒྱུས་ནི་སྤྱི་ལོ1929ལོར་དེའི་དར་རྒྱས་ཀྱི་ལོ་རྒྱུས་མཇུག་འགྲིལ་བ་རེད། 

7 འགྲིམ་འགྲུལ་སྐྱེལ་འདྲེན།

ཀྲང་པེ་ནི་བྱང་དུ་ནང་སོག་དང་། ལྷོ་རུ་པེ་ཅིང་དང་ཐེན་ཅིན་དང་འབྲེལ་ཞིང་། འཛམ་གླིང་དུ་སྐད་གྲགས་ཆོད་པའི“བྱང་ཕྱོགས་དར་གོས་ལམ་བུ”ཀྲང་ཅ་ཁུའུ(ཁུའུ་ལུན)ཚོང་ལམ་རྫོང་ཁོངས་སུ་ཁྱབ་ཡོད། རྫོང་མཁར་ནས་པེ་ཅིན་དང་བར་ཐག་སྤྱི་ལེ230ཡོད་པ་དང་། ཀྲང་ཅ་ཁོའུ་གྲོང་ཁྱེར་དང་ཅིན་པའོ་ལྕགས་ལམ་བར་སྤྱི་ལེ45ཡོད། རྒྱལ་ལམ207དང་། ཀྲང་ཧྭ། ཀྲང་ཀུའུ་སོགས་རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་དང་ཀྲང་ཧྲི་མྱུར་བགྲོད་གཞུང་ལམ་དྲུག་དེ་གར་འདུ་འཛོམས་དང་ཁྱབ་འགྱེད་བྱས་པ་དང་། རྫོང་མཁར་ལྟེ་བ་དང་བྱང་འབྲེལ་ལྷོ་མཐུད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་བ་ཆགས་ཡོད།

8 མཚན་སྙན།

སྤྱི་ལོ2019ལོའི་ཟླ5པའི་ཚེས18ཉིན་ཀྲང་པེ་རྫོང་དེ“སྤྱི་ལོ2019ལོའི་ཀྲུང་གོའི་རྫོང་ཁོངས་ཡག་ཤོས་ཀྱི་མིང་ཐོའི”ནང་བདམས།

སྤྱི་ལོ2019ལོའི་ཟླ11པར་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་གྱི་ཚད་ལོན་རྫོང(ཆུས)ཁག་གཉིས་པའི་མིང་ཐོར་བདམས།

སྤྱི་ལོ2020ལོར་ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་རྫོང་དང་གྲོང་ཁྱེར་གྲས་སུ་བདམས། 


དཔྱད་གཞིའི་ཡིག་ཆ།