རྒྱལ་མོ་རྔུལ་ཆུ་ལི་སུའུ་རིགས་རང་སྐྱོང་ཁུལ།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2020-06-02 17:05ལ་འགྲུབ།

རྒྱལ་མོ་རྔུལ་ཆུ་ལི་སུའུ་རིགས་རང་སྐྱོང་ཁུལ།

རྒྱལ་མོ་རྔུལ་ཆུ་ལི་སུའུ་རིགས་རང་སྐྱོང་ཁུལ།
རྒྱལ་མོ་རྔུལ་ཆུ་ལི་སུའུ་རིགས་རང་སྐྱོང་ཁུལ་ནི་ཡུན་ནན་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དང་བར་རྒྱུད་དུ་ཡོད་ཅིང་། རྒྱལ་མོ་རྔུལ་ཆུ་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་བཞུར་བས་མིང་དེ་ལྟར་ཐོགས་པ་རེད། རྒྱལ་མོ་རྔུལ་ཆུ་ཁུལ་ནི་ཀྲུང་གོ་དང་འབར་མ་དང་། ཡུན་ནན། བོད་ལྗོངས་བཅས་ཀྱི་འབྲེལ་མཚམས་ཡིན་པ་དང་། རིང་ཚད་ལ་སྟོང་སྨི449.5ཟིན་པའི་རྒྱལ་མཚམས་སུ་ཡོད། རྒྱལ་མོ་རྔུལ་ཆུ་ཁུལ་གྱི་བྱང་ཕྱོགས་བོད་རང་སྐྱོང་ལྗོངས་དང་འབྲེལ་ཞིང་། བྱང་ཤར་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དང་འབྲེལ། ཤར་དུ་ལི་ཅང་གྲོང་ཁྱེར་དང་འབྲེལ་ལ། ཤར་ལྷོ་ཏ་ལི་པའེ་རིགས་རང་སྐྱོང་ཁུལ་དང་འབྲེལ། ལྷོ་ནི་པའོ་ཧྲན་གྲོང་ཁྱེར་དང་འབྲེལ་ཞིང་རྒྱལ་མོ་རྔུལ་ཆུ་ལི་སུའུ་རིགས་རང་སྐྱོང་ཁུལ་གྱི་སྲིད་གཞུང་ནི་ལུའུ་ཧྲུའེ་གྲོང་ཁྱེར་གྱི་ལིའུ་ཁུའུ་གྲོང་རྡལ་དུ་ཡོད། རྒྱལ་མོ་རྔུལ་ཆུ་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ14703ཟིན་པ་དང་། མི་འབོར་ཁྲི52ཡོད། རྒྱལ་མོ་རྔུལ་ཆུ་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་མི་འབོར་བསྡུར་ཚད་ཀྱིས་སྤྱིའི་མི་འབོར་གྱི92.2%བཟུང་བའི་ནང་ལི་སུའུ་རིགས་ཀྱིས51.6%བཟུང་ཡོད། དེའི་ཁོངས་སུ་ལུའུ་ཧྲུའེ་གྲོང་ཁྱེར་དང་། ཧྥུ་ཀུང་རྫོང་། ཀུང་ཧྲན་ཏུའུ་ལུང་རིགས་ནུའུ་རིགས་རང་སྐྱོང་རྫོང་། ལན་ཕིན་པའེ་རིགས་ཕུའུ་སྨི་རིགས་རང་སྐྱོང་རྫོང་གི་རྫོང་གཉིས་དང་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་རྫོང་གཉིས་བཅས་ཡོད། རྒྱལ་མོ་རྔུལ་ཆུ་ཁུལ་ནི་ཀྲུང་གོའི་ལི་སུའུ་རིགས་ཀྱི་རང་སྐྱོང་ཁུལ་གཅིག་པུ་ཡིན་ཞིང་། དེའི་ནང་ཏུའུ་ལུང་རིགས་དང་ནུའུ་རིགས་ནི་རྒྱལ་མོ་རྔུལ་ཆུ་ཁོ་ནར་ཡོད་པའི་གྲངས་ཉུང་མི་རིགས་ཤིག་ཡིན་པ་དང་། རྒྱལ་མོ་རྔུལ་ཆུ་ཁུལ་ནི་ཀྲུང་གོའི་མི་རིགས་ཀྱི་གྲུབ་ཆ་མང་ཤོས་དང་ཀྲུང་གོའི་མི་འབོར་ཅུང་ཉུང་བའི་མི་རིགས་མང་ཤོས་ཀྱི་རང་སྐྱོང་ཁུལ་ཞིག་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
怒江傈僳族自治州
ཕྱི་ཡིག་གི་མིང་།
Nujiang of the Lisu Autonomous Prefecture
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རང་སྐྱོང་ཁུལ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ལྷོ་ནུབ་ཡུན་ནན་ཞིང་ཆེན།
མངའ་ཁོངས།
གྲོང་ཁྱེར1དང་རྫོང1 རང་སྐྱོང་རྫོང2བཅས་ཡོད།
སྦྲག་སྲིད་ཨང་རྟགས།
673200
སྲིད་འཛིན་ཚབ་ཨང་།
533300
རླངས་འཁོར་ཚབ་ཨང་།
云Q
མི་གྲངས།
མི་གྲངས་ཁྲི55.7(སྤྱི་ལོ2019ལོའི་རྒྱུན་སྡོད་མི་གྲངས)ཡོད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ14703ཡོད།
ནམ་ཟླ།
ཚ་ཁུལ་ཕལ་བའི་ས་སྒང་དུས་རླུང་ནམ་ཟླ།
ས་ཁོངས་ཁ་པར་ཨང་རྟགས།
0886
ཡུལ་སྐད།
ལི་སུའུ་སྐད།
མེ་འཁོར་འབབ་ཚུགས།
རྒྱལ་མོ་རྔུལ་ཆུ་འབབ་ཚུགས།
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར192.51(སྤྱི་ལོ2019ལོ)ཡོད།
1 ལོ་རྒྱུས་འཕེལ་རིམ།

མིན་གོ་སྲིད་ལོ་ལྔ་པར(སྤྱི་ལོ1916)མི་སེར་སྤེལ་ཡུལ་མཐའ་ཁུལ་ཀུང་ཧྲུའུ་ཁག་སྲིད་འཛིན་ཀུང་ཧྲུའུ་རུ་བསྒྱུར།    

མིན་གོ་སྲིད་ལོ་བཅུ་བདུན་པ་ནས་ལོ་ཉེར་གཉིས་པའི་བར(སྤྱི་ལོ1928ལོ་ནས་སྤྱི་ལོ1933ལོའི་བར) སྲིད་འཛིན་ཀུང་ཧྲུའུ་ཁག་སྔ་རྗེས་སུ་ལུའུ་ཧྲུའེ་དང་། པི་ཅང་། ཧྥུའུ་ཀུང་། ཀུང་ཧྲན་བཅས་བཅོས་སྐྱོང་ཅུས་སུ་བསྒྱུར་ཞིང་། ལི་ཅང་དང་ཐེང་ཁྲུང་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ཡི་མངའ་ཁོངས་སུ་གཏོགས།     

སྤྱི་ལོ1950ལོར་ལི་ཅང་ཆེད་ཁུལ་དང་པའོ་ཧྲན་ཆེད་ཁུལ་སོ་སོའི་མངའ་ཁོངས་སུ་གཏོགས།    

སྤྱི་ལོ1954ལོའི་ཟླ8པའི་ཚེས23ཉིན་རྒྱལ་མོ་རྔུལ་ཆུ་ལི་སུའུ་རིགས་རང་སྐྱོང་ལྗོངས་བཙུགས། 

སྤྱི་ལོ1956ལོའི་ཟླ10བའི་ཚེས1ཉིན་དེ་སྔའི་ཀུང་ཧྲན་རྫོང་ནི་ཀུང་ཧྲན་ཏུའུ་ལུང་རིགས་ནུའུ་རིགས་རང་སྐྱོང་རྫོང་དུ་བསྒྱུར། 

སྤྱི་ལོ1957ལོའི་ཟླ1པོའི་ཚེས18ཉིན། རྩ་ཁྲིམས་ལྟར་རྒྱལ་མོ་རྔུལ་ཆུ་ལི་སུའུ་རིགས་རང་སྐྱོང་ལྗོངས་ནི་རྒྱལ་མོ་རྔུལ་ཆུ་ལི་སུའུ་རིགས་རང་སྐྱོང་ཁུལ་དུ་བསྒྱུར།   

སྤྱི་ལོ1957ལོར་ལི་ཅང་ཆེད་ཁུལ་དུ་གཏོགས་པའི་ལན་ཕིང་རྫོང་ནི་རྒྱལ་མོ་རྔུལ་ཆུ་ལི་སུའུ་རིགས་རང་སྐྱོང་ཁུལ་གྱི་ཁོངས་གཏོགས་སུ་བགོས།     ལོའི་དེའི་ཟླ11པའི་ཚེས27ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ལན་ཕིང་རྫོང་མེད་པར་བྱས་པ་དང་། ལན་ཕིང་པའེ་རིགས་ཕུའུ་སྨི་རིགས་རང་སྐྱོང་རྫོང་བཙུགས།     

སྤྱི་ལོ1988ལོར་ལན་ཕིང་རྫོང་ནི་ལན་ཕིང་པའེ་རིགས་ཕུའུ་སྨི་རིགས་རང་སྐྱོང་རྫོང་དུ་བསྒྱུར།     

སྤྱི་ལོ2004ལོའི་ཟླ1པོའི་ཚེས5ཉིན་དམངས་སྲིད་པུའུ་ཡིས་ལུའུ་ཧྲུའེ་རྫོང་མི་དམངས་སྲིད་གཞུང་ནི་ལུའུ་ཀྲང་གྲོང་རྡལ་ནས་ལུའུ་ཁུའུ་གྲོང་རྡལ་དུ་གནས་སྤོ་བྱ་རྒྱུའི་ཆོག་མཆན་སྤྲད་པ་རེད།

སྤྱི་ལོ2006ལོར་རྒྱལ་མོ་རྔུལ་ཆུ་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ14703ཟིན་ཡོད་ལ་མི་གྲངས་ཁྲི52.04ཡོད། དེའི་མངའ་ཁོངས་སུ་རྫོང2དང་རང་སྐྱོང་རྫོང2ཡོད་པ་དེ་དག་བསྡོམས་ན་གྲོང་རྡལ9དང་། ཡུལ་ཚོ17 མི་རིགས་ཡུལ་ཚོ3བཅས་ཡོད། གྲོང་མི་ཨུ་ལྷན10དང་གྲོང་ཚོ་ཨུ་ལྷན258ཡོད་པ་རེད།     

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།     

རྒྱལ་མོ་རྔུལ་ཆུ་ཁུལ་གྱི་མངའ་ཁོངས་སུ་རྫོང་རིམ་པའི་གྲོང་ཁྱེར1དང་། རྫོང1  རང་སྐྱོང་རྫོང2བཅས་ཡོད་པ་སྟེ། ལུའུ་ཧྲུའེ་གྲོང་ཁྱེར་དང་། ཧྥུའུ་ཀུང་རྫོང་། ཀུང་ཧྲན་ཏུའུ་ལུང་རིགས་ནུའུ་རིགས་རང་སྐྱོང་རྫོང་། ལན་ཕིང་པའེ་རིགས་ཕུའུ་སྨི་རིགས་རང་སྐྱོང་རྫོང་བཅས་རེད། རྒྱལ་མོ་རྔུལ་ཆུའི་ཁུལ་སྲིད་གཞུང་ནི་ལུའུ་ཧྲུའེ་གྲོང་ཁྱེར་གྱི་ལུའུ་ཁུའུ་གྲོང་རྡལ་དུ་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

རྒྱལ་མོ་རྔུལ་ཆུ་ལི་སུའུ་རིགས་རང་སྐྱོང་ཁུལ་ནི་ཡུན་ནན་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དང་བར་རྒྱུད་དུ་ཡོད་ཅིང་། རྒྱལ་མོ་རྔུལ་ཆུ་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་བཞུར་བས་མིང་དེ་ལྟར་ཐོགས་པ་རེད། རྒྱལ་མོ་རྔུལ་ཆུ་ཁུལ་ནི་ཀྲུང་གོ་དང་འབར་མ་དང་། ཡུན་ནན། བོད་ལྗོངས་བཅས་ཀྱི་འབྲེལ་མཚམས་ཡིན་པ་དང་། རིང་ཚད་ལ་སྟོང་སྨི449.5ཟིན་པའི་རྒྱལ་མཚམས་སུ་ཡོད། རྒྱལ་མོ་རྔུལ་ཆུ་ཁུལ་གྱི་བྱང་ཕྱོགས་བོད་རང་སྐྱོང་ལྗོངས་དང་འབྲེལ་ཞིང་། བྱང་ཤར་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དང་འབྲེལ། ཤར་དུ་ལི་ཅང་གྲོང་ཁྱེར་དང་འབྲེལ་ལ། ཤར་ལྷོ་ཏ་ལི་པའེ་རིགས་རང་སྐྱོང་ཁུལ་དང་འབྲེལ། ལྷོ་ནི་པའོ་ཧྲན་གྲོང་ཁྱེར་དང་འབྲེལ་ཞིང་རྒྱལ་མོ་རྔུལ་ཆུ་ལི་སུའུ་རིགས་རང་སྐྱོང་ཁུལ་གྱི་སྲིད་གཞུང་ནི་ལུའུ་ཧྲུའེ་གྲོང་ཁྱེར་གྱི་ལིའུ་ཁུའུ་གྲོང་རྡལ་དུ་ཡོད།     རྒྱལ་མོ་རྔུལ་ཆུ་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ14703ཡོད།

3_2 ས་དབྱིབས། 

རྒྱལ་མོ་རྔུལ་ཆུ་ཁུལ་གྱི་མངའ་ཁོངས་སུ་ལན་ཕིན་རྫོང་གི་ཐུང་ཏེན་དང་། གཙང་ཆུའི་གྲམ་ཐང་གི་ཕུང་གསོག་ཡོད་པ་ཕུད། རི་མཐོ་གཡང་གཟར་ཡིན་པ་དང་། སྦོལ་འདེབས་བཏགས་གྲངས4%ཡང་ཟིན་མེད། རྨོ་ཞིང་རི་ལྡེབས་སུ་ཐད་ཀར་ཁྱབ་ཅིང་རྨོ་ཞིང་གི་གཟར་ཚད76.6%ཡན་ཟིན་པ་དང་། རྨོ་ཆོག་པའི་རི་ཁུལ་གྱིས28.9%བཟུང་ཡོད། རི་ཁུལ་དང་རི་ཁུལ་ཕྱེད་ཙམ་གྱིས63.5%བཟུང་བ་དང་ལུང་གཞུང་གིས7.6%བཟུང་ཡོད།   

3_3 ནམ་ཟླ།   

ཁུལ་མངའ་ཁོངས་ཀྱི་གནམ་གཤིས་ལ་འགྱུར་ལྡོག་ཆེ་བ་དང་ནམ་ཟླའང་མི་འདྲ། རྒྱལ་མོ་རྔུལ་ཆུ་ཁུལ་གྱི་གནམ་གཤིས་ལ་ཡུན་ནན་གྱི་ལོ་རེའི་དྲོད་ཁྱད་ཆུང་ཞིང་། དྲོད་ཚད་ཆེ་ཞིང་། བརླན་བཤེར་ཆེ་བ་བཅས་ཡོད། དུས་བཞིའི་དབྱེ་བ་མངོན་གསལ་མིན་པའི་འཕྲེད་ཐིག་དམའ་བའི་མཐོ་སྒང་གི་དུས་རླུང་ནམ་ཟླའི་ཐུན་མོང་གི་ཁྱད་ཆོས་ལྡན་ལ། དུས་མཚུངས་སུ་ས་ངོས་དང་འཕྲེད་ཐིག་གི་ཁྱད་པར་གྱི་ཤུགས་རྐྱེན་ཐེབས་པའི་རྐྱེན་གྱིས། བྱང་རྒྱུད་གྲང་བ་དང་། དབུས་རྒྱུད་དྲོ། ལྷོ་རྒྱུད་དུ་ཚ་བ་ཆེ་ཞིང་གྲང་ངར་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན་པ་ཡིན།

4 མི་གྲངས་དང་མི་རིགས། 

སྤྱི་ལོ2019ལོའི་ལོ་མཇུག་ཏུ་ཁུལ་ཡོངས་ཀྱི་རྒྱུན་སྡོད་མི་གྲངས་ཁྲི55.7ཟིན་ཡོད། དེའི་ནང་ལུའུ་ཧྲུའེ་གྲོང་ཁྱེར་གྱི་མི་གྲངས་ཁྲི19.27ཟིན་ཡོད། ཧྥུའུ་ཀོང་རྫོང་གི་མི་གྲངས་ཁྲི10.28དང་། ཀོང་ཧྲན་རྫོང་གི་མི་གྲངས་ཁྲི3.95བཅས་ཡོད་པ་རེད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད34.4%ཟིན་ཡོད།

5 དཔལ་འབྱོར།     

སྤྱི་ལོ2019ལོར་ཁུལ་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར192.51ལེགས་གྲུབ་བྱུང་བ་དེ11.1%འཕར། དེའི་ནང་ཐོན་ལས་དང་པོར་སྒོར་དུང་ཕྱུར26.86ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས5.3%འཕར་བ་དང་། ཐོན་ལས་གཉིས་པར་སྒོར་དུང་ཕྱུར67.15ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས17.3%འཕར། ཐོན་ལས་གསུམ་པར་སྒོར་དུང་ཕྱུར98.50བཏང་ནས་དུས་མཚུངས་ལས8.2%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཚུལ་གྱི་བསྡུར་ཚདནི14:34.9:51.1ཡིན། རྒྱུན་སྡོད་མི་འབོར་ལྟར་བརྩིས་པའི་མི་རེའི་ཆ་སྙོམས་ཀྱིGDPདེ་ལོ་སྔོན་མའི་སྒོར30751ནས་སྒོར34686བར་ཇེ་མཐོར་བཏང་། ལོ་གོང་མ་ལས%11.1འཕར་ཡོད།     སྤྱི་ལོ2019ལོར་ཁུལ་ཡོངས་ཀྱི་ཨར་ལས་རྣམ་གྲངས297ཡོད་པ་དེ་ལོ་གོང་མའི་དུས་མཚུངས་ལས0.7%འཕར་ཡོད། དེའི་ནང110གསར་དུ་ལས་འགོ་ཚུགས་པ་དེ་ལོ་གོང་མའི་དུས་མཚུངས་ལས29.5%ཆག་ཡོད། ཁུལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་གྲངས་བསྡོམས་འབོར་སྔ་ལོ་ལས17.2%འཕར་ཡོད། དེའི་ནང་ས་ཁང་བདག་ཁོངས་ཀྱི་མ་འཇོག་ལོ་གོང་མའི་དུས་མཚུངས་ལས36.8%འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོ་དུས་མཚུངས་ལས480%འཕར་བ་དེས་སྤྱི་འབོར་གྱི1.67%བཟུང་བ་དང་། ཐོན་ལས་གཉིས་པའི་དུས་མཚུངས་ལས37.5%ཆག་པ་དེས་སྤྱི་འབོར་གྱི11.85%བཟུང་། ཐོན་ལས་གསུམ་པའི་དུས་མཚུངས་ལས31.0%འཕར་ནས་བསྡོམས་འབོར་གྱི86.48%ཟིན་ཡོད།     སྤྱི་ལོ2019ལོའི་ལོ་མཇུག་ཏུ། ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར26650ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས8.5%འཕར་ཡོད། གྲོང་གསེབ་ཀྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར7165ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས11.1%འཕར་ཡོད།     

5_1 ཐོན་ལས་དང་པོ།     

སྤྱི་ལོ2019ལོར་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་བརྟན་པོའི་ངང་ཆེ་རུ་ཕྱིན་ཡོད། ལོ་ཧྲིལ་པོར་ཞིང་ནགས་འབྲོག་ཉ་ལས་བཅས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར40.74ལེགས་གྲུབ་བྱུང་ཡོད། བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྔ་ལོ་ལས5.4%འཕར་ཡོད། དེའི་ནང་ཞིང་ལས་ཀྱི་ཐོན་རྫས་རིན་ཐང་སྒོར15.79ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས7.8%འཕར་བ་དང་། ནགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར6.17ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས8.7%ཆག འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར16.65ཟིན་ནས་ལོ་གོང་མའི་དུས་མཚུངས་ལས9.4%འཕར། ཉ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར0.09ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས45.6%འཕར། ཞིང་ནགས་འབྲོག་ཉ་ལས་བཅས་ཀྱི་ཞབས་ཞུའི་ལས་རིགས་ལ་སྒོར་དུང་ཕྱུར2.03ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས3.8%འཕར་ཡོད།      

5_2 ཐོན་ལས་གཉིས་པ།   

སྤྱི་ལོ2019ལོར་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར92.34ཟིན་པ་དེ་ལོ་གོང་མ་ལས15.8%འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར35ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན་སྔ་ལོ་ལས22.0%འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས21དང་གྱོང་གུན་ཕོག་པའི་ཁེ་ལས5བཅས་ཡོད་པ་རེད། ཟླ་དང་པོ་ནས་བཅུ་གཉིས་པའི་བར་གྱི་ནོར་དོན་སྙན་ཞུའི་རེའུ་མིག་ལས་མངོན་པར་གཞིགས་ན། ཁེ་ལས་ཀྱི་གཙོ་གཉེར་ལས་སྒོའི་ཡོང་འབབ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར83.2ལེགས་གྲུབ་བྱུང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན%12.5འཕར་ཡོད། གཙོ་གཉེར་ལས་སྒོའི་མ་གནས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར55.9ཟིན་པ་དེ་དུས་མཚུངས་ལས1.6%འཕར་ཡོད་པ་རེད། ཁེ་ལས་ཀྱི་ཁེ་སྤོགས་བསྡོམས་འབོར་རིམ་རྩིས་བྱས་ན་སྒོར་དུང་ཕྱུར12.5ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས30.6%འཕར་ཡོད་པ་རེད། གྱོང་གུན་ཕོག་པའི་ཁེ་ལས་ཀྱི་གྱོང་གུན་བསྡོམས་འབོར་རིམ་རྩིས་བྱས་ན་སྒོར་དུང་ཕྱུར0.59ཟིན་པ་དེ་དུས་མཚུངས་ལས34.4%འཕར་ཡོད་པ་རེད། སྤྱི་ཚོགས་ཡོངས་ཀྱི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར30.43ལེགས་གྲུབ་བྱུང་ཡོད། བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན་ལོ་གོང་མའི་དུས་མཚུངས་ལས20.5%འཕར་ཡོད།   

5_3 ཐོན་ལས་གསུམ་པ།     

སྤྱི་ལོ2019ལོར་འཛད་རྫས་ཁྲོམ་ར་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་དང་ཕྱི་ཕྱོགས་ཉོ་ཚོང་ཆག་ཡོད། ལོ་ཧྲིལ་པོར་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར42.09ཟིན་ནས་སྔ་ལོ་ལས11.2%འཕར་ཡོད། འཛད་སྤྱོད་བྱ་ཡུལ་ལ་གཞིགས་ནས་དབྱེ་ན། གྲོང་ཁྱེར་དང་གྲོང་རྡལ་ལ་སྒོར་དུང་ཕྱུར32.08བཏང་བ་དེ་ལོ་གོང་མ་ལས11.4%འཕར་བ་དང་། གྲོང་གསེབ་ལ་སྒོར་དུང་ཕྱུར10.00བཏང་བ་དེ་ལོ་གོང་མ་ལས10.5%འཕར་ཡོད།     སྤྱི་ལོ2019ལོར་ཁུལ་ཡོངས་སུ་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་ཁྲི48673ཟིན་པ་དེ་དུས་མཚུངས་ལས187.8%འཕར་ཡོད། དེའི་ནང་ཕྱིར་གཏོང་སྒོར་ཁྲི14789ཟིན་པ་དེ་དུས་མཚུངས་ལས122.4%འཕར་བ་དང་། ནང་འདྲེན་སྒོར་ཁྲི33884བྱས་པ་དེ་དུས་མཚུངས་ལས230.2%འཕར།     སྤྱི་ལོ2019ལོའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར13.08ལེགས་གྲུབ་བྱུང་བ་དེ་ལོ་གོང་མ་ལས20.45%འཕར་ཡོད། དེའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར9.48ཟིན་ནས་སྔ་ལོ་ལས20.98%འཕར་ཡོད། ཁྲལ་མིན་ཡོང་སྒོ་སྒོར་དུང་ཕྱུར3.60ལེགས་གྲུབ་བྱུང་བ་དེ་ལོ་གོང་མ་ལས19.08%འཕར་ཡོད། ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར175.66ལེགས་གྲུབ་བྱུང་བས་ལོ་གོང་མ་ལས26.45%འཕར་ཡོད། དེའི་ནང་སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར15.85ཟིན་པ་དེ་ལོ་གོང་མ་ལས9.83%འཕར་བ་དང་། སློབ་གསོའི་གཏོང་སྒོ་སྒོར་དུང་ཕྱུར18.27ཟིན་པས་ལོ་གོང་མ་ལས4.4%ཆག ཞིང་ནགས་ཆུ་གསུམ་གྱི་ལས་དོན་ཐད་ལ་སྒོར་དུང་ཕྱུར59.79བཏང་བ་དེ་ལོ་གོང་མ་ལས75.22%འཕར། སྤྱིར་བཏང་གི་སྤྱི་པའི་ཞབས་ཞུའི་གཏོང་སྒོ་སྒོར་དུང་ཕྱུར11.54ཡིན་པས་ལོ་གོང་མ་ལས21.02%ཆག་ཡོད།     སྤྱི་ལོ2019ལོའི་ལོ་མཇུག་ཏུ་དངུལ་རྩའི་སྒྲིག་གཞིར་མི་དམངས་ཤོག་སྒོར་གྱི་བཅོལ་དངུལ་སྣ་ཚོགས་ལྷག་གྲངས་སྒོར་དུང་ཕྱུར265.21ཟིན་པ་དེ་དུས་མཚུངས་ལས6.95%འཕར་ཡོད། དེའི་ནང་ཁྱིམ་དུད་ཀྱི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར108.64ཟིན་པ་དེ་དུས་མཚུངས་ལས3.78%འཕར་ཡོད། དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་གྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར178.7ཟིན་པ་དེ་ལོ་འགོ་ལས19.97%འཕར་ཡོད།


དཔྱད་གཞིའི་ཡིག་ཆ།