ཀྲའོ་ཐུང་གྲོང་ཁྱེར།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2020-05-19 17:36ལ་འགྲུབ།

ཀྲའོ་ཐུང་གྲོང་ཁྱེར།

ཀྲའོ་ཐུང་གྲོང་ཁྱེར།
ཀྲའོ་ཐུང་ནི་ཡུན་ནན་ཞིང་ཆེན་ཁོངས་གཏོགས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཡིན་པ་དང་ཡུན་ནན་ཞིང་ཆེན་གྱི་བྱང་ཤར་རྒྱུད་དུ་གནས་པ་དང་། ཡུན་ནན། ཀུའེ་ཀྲོའུ། སི་ཁྲོན་བཅས་འབྲེལ་མཚམས་ཀྱི་ཝུའུ་མོང་རི་ཁུལ་གྱི་དབུས་སུ་གནས་པ་དང་། འབྲི་ཆུའི་སྨད་རྒྱུད་ཀྱི་ངོགས་སུ་གནས། སི་ཁྲོན་གཤོང་ས་ནས་ཡུན་ཀུའེ་ས་མཐོར་བཏེགས་པའི་བར་བརྒལ་ཁུལ་དུ་གནས་ཡོད། ཤར་ངོས་ཀུའེ་ཀྲོའུ་ཞིང་ཆེན་པི་ཅེ་གྲོང་ཁྱེར་དང་ཐག་ཉེ་པོ་ཡོད་པ་དང་། ལྷོ་ངོས་ཡུན་ནན་ཆུས་ཅིང་གྲོང་ཁྱེར་དང་ཐག་ཉེ་པོ་ཡོད། ནུབ་ངོས་སི་ཁྲོན་ལེའང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་དང་ཐག་ཉེ་པོ་ཡོད། བྱང་ངོས་སི་ཁྲོན་དབྱི་པིན་གྲོང་ཁྱེར་དང་ཐག་ཉེ་པོ་ཡོད། ཁོངས་གཏོགས་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ23021ཡོད་པ་བཅས་རེད། ཀྲའོ་ཐུང་ནི་ལོ་རྒྱུས་ཐོག་ཡུན་ནན་ཞིང་ཆེན་ནས་སི་ཁྲོན་དང་ཀུའེ་ཀྲོའུ་ཞིང་ཆེན་གཉིས་ལ་སྐྱོད་པའི་སྒོ་མོ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་ཡོན་རིག་གནས་ཡུན་ནན་དུ་སྐྱོད་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པ། ཡུན་ནན་རིག་གནས་ཀྱི་འབྱུང་ཁུངས་ཆེན་པོ་གསུམ་གྱི་གྲས་ཤིག་ཡིན་པ། ཀྲུང་གོར་སྐད་གྲགས་ཆེ་བའི“ལྷོ་དར་གོས་ལམ་བུའི”འགག་གནད་ཡིན། “སྒོ་ལྕགས་ལྷོ་དང་ཡུན་ནན་དང་། འགག་སྒོ་ནུབ་མ”ཞེས་བརྗོད་སྲོལ་ཡོད། ཡུན་ནན་འབྲི་ཆུའི་དཔལ་འབྱོར་ཁུལ་དང་ཁྲེང་ཏུའུ་དང་ཁྲུང་ཆིང་དཔལ་འབྱོར་ཁུལ་སྦྲེལ་མཐུད་བྱེད་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པ། ནང་ས་ཨེ་ཤེ་ཡ་ལྷོ་མ་དང་། ཨེ་ཤེ་ཡ་ཤར་ལྷོ། ཡུན་ནན་བཅས་ནས་ནང་སར་སྐྱོད་པའི་ཕྱོགས་གཉིས་ཀྱི་བར་ཁྱམས་ཆེན་པོ་ཞིག་ཡིན་པ་བཅས་རེད། སྤྱི་ལོ2017ལོའི་བར་ཀྲའོ་ཐུང་གྲོང་ཁྱེར་གྱི་མངའ་ཁོངས་སུ་ཆུས1དང་། རྫོང9 རྫོང་རིམ་པའི་གྲོང་ཁྱེར1བཅས་ཡོད་པ་དང་། ཀྲའོ་དབྱང་ཆུས་སུ་གྲོང་ཁྱེར་སྲིད་གཞུང་ཡོད་པ་དེ་ནི“རི་ཁུལ་དང་། གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ། ཤིན་ཏུ་དབུལ་བའི་ས་ཁུལ། མི་རིགས་ཁ་ཐོར་ས་ཁུལ”བཅས་གཞི་གཅིག་ཏུ་འདུས་པའི་གྲོང་ཁྱེར་ཞིག་རེད། སྤྱི་ལོ2017ལོའི་ལོ་མཇུག་ཏུ་ཀྲའོ་ཐུང་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར་ཁྲི553.7ཟིན་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད33.38%ཟིན་ཡོད། ཀྲའོ་ཐུང་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཅིང་། མངའ་ཁོངས་སུ་ཤིས་ལུའོ་ཏུའུ་དང་། ཤང་ཅ་པ། པའེ་ཧོ་ཐན་བཅས་གློག་ཁང་ཆེ་གྲས་གསུམ་ཡོད་པ་དང་། རྡོ་སོལ་དང་མུ་ཟི་གསོག་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། དེ་ནི་རྒྱལ་ཡོངས་ཀྱི་རི་སྐྱེས་སྡོང་ཕུང་གི་ལྟེ་བའི་ས་ཁོངས་དང་ཀྲུང་གོའི་ལྷོ་ཕྱོགས་ཀྱི་སྤུས་ལེགས་ཀུ་ཤུ་རྟེན་གཞི་ཞིག་རེད། སྤྱི་ལོ2019ལོའི་ཟླ7པའི་ཚེས5ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྣོད་བཅུད་ཁོར་ཡུག་པུའུ་ཡིས་སྤྱི་ལོ2019ལོར་བཙོག་ཆུ་དྲི་ཅན་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བའི་ཆེད་དོན་གྲལ་བཤེར་གྱི་གནས་ཚུལ་སྤྱི་འདོམས་ངང་ཁྱབ་བསྒྲགས་བྱས་པ་དང་། ཀྲའོ་ཐུང་དེ“ཆུ་ནག་དྲི་ཅན་མེད་པ་བཟོ་བའི་བསྡུར་ཚད80%ལས་དམའ་བའི་གྲོང་ཁྱེར་གྱི་མིང་ཐོའི”ནང་བཅུག་པ་དང་མེད་པ་བཟོ་བའི་བསྡུར་ཚད33.3%ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
昭通
ཕྱི་ཡིག་གི་མིང་།
Zhaotong City
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་གནས་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཡུན་ནན་ཞིང་ཆེན་གྱི་བྱང་ཤར་རྒྱུད།
མངའ་ཁོངས། 
ཆུས1དང་རྫོང9 རྫོང་རིམ་པའི་གྲོང་ཁྱེར1བཅས་ཡོད།
སྦྲག་སྲིད་ཨང་རྟགས།
657000
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
530600
རླངས་འཁོར་ཚབ་ཨང་།
云C
མི་གྲངས།
སྤྱི་ལོ2017ལོའི་ལོ་མཇུག་ཏུ་མི་གྲངས་ཁྲི553.7ཡོད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ23021ཡོད།
ནམ་ཟླ།
དྲོད་ཁུལ་ཕལ་བ་དང་དྲོད་རྒྱུད་མཉམ་གནས་ཀྱི་ནམ་ཟླ།
ས་ཁོངས་ཁ་པར་ཨང་རྟགས།
0870
ཡུལ་སྐད།
ལྷོ་ནུབ་སྐད།
མེ་འཁོར་འབབ་ཚུགས།
ཀྲའོ་ཐུང་འབབ་ཚུགས།
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར1194.20(སྤྱི་ལོ2019ལོ)ཡོད།
1 ​ལོ་རྒྱུས་འཕེལ་རིམ།

མིན་གོའི་སྲིད་ལོ་གསུམ་པའི(སྤྱི་ལོ1914ལོ)ཟླ་དང་པོར་ཅིན་ཅང་རྫོང་ནི་ཅང་སུའུ་ཞིང་ཆེན་གྱི་ཁོངས་སུ་གཏོགས་པའི་རྫོང་ཞིག་མིང་དང་འདྲ་བས་སུའེ་ཅང་རྫོང་ཞེས་པར་བསྒྱུར།   

མིན་གོའི་སྲིད་ལོ་དྲུག་པའི(སྤྱི་ལོ1917ལོ)ཟླ་དང་པོར་ཏ་ཀོན་རྫོང་གི་ཡན་ཅིན་གཙང་པོའི་ས་གནས་སུ་ཡན་ཅིན་རྫོང་བཙུགས་པ་དང་། ཀྲའོ་ཐུང་དང་། ལུའུ་ཏན། ཆའོ་ཅ། ཡུང་ཧྲན། ཏ་ཀོན། ཅིང་ཅང་། ཀྲེན་ཞུང་། དབྱི་ལིའང་རྫོང་། ཝེ་ཞིན་སྲིད་འཛིན་ཀུང་ཧྲུའུ་བཅས་ཚང་མ་ཡུན་ནན་དབུས་རྒྱུད་དུ་གཏོགས་པར་བྱས།  

མིན་གོའི་སྲིད་ལོ་བཅོ་བརྒྱད་པར(སྤྱི་ལོ1929ལོར)ཡུན་ནན་དབུས་རྒྱུད་མེད་པར་བྱས་ཏེ་རྫོང་ཁག་སོ་སོར་ཐད་གཏོགས་ཞིང་ཆེན་གྱིས་དོ་དམ་བྱས།

མིན་གོའི་སྲིད་ལོ་ཉེར་གཅིག་པར(སྤྱི་ལོ1932ལོ)ཝེ་ཞིན་སྲིད་འཛིན་ཀུང་ཧྲུའུ་ནི་བཅོས་སྒྲིག་ཅུས་སུ་བསྒྱུར།

མིན་གོའི་སྲིད་ལོ་ཉེར་གསུམ་པའི(སྤྱི་ལོ1934ལོ)ཟླ9པར་ཝེ་ཞིན་རྫོང་བཙུགས་པ་རེད།

མིན་གོའི་སྲིད་ལོ་སོ་གཅིག་པའི(སྤྱི་ལོ1942ལོའི)ཟླ3པར་ཡུན་ནན་ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཁུལ་དང་པོ་བཙུགས་ནས་ཀྲའོ་ཐུང་རྫོང་དུ་བཅའ་སྡོད་བྱས་པ་དང་དེའི་ཁོངས་སུ་ཀྲའོ་ཐུང་དང་། ཡུང་ཧྲན། སུའེ་ཅང་། ཡན་ཅིན། ཏ་ཀོན། དབྱི་ལིའང་། ཀྲེན་ཞུང་། ཝེ་ཞིན། ལུའུ་ཏན། ཆའོ་ཅ་རྫོང་བཅས་རྫོང10ཡོད།  

སྤྱི་ལོ1981ལོའི་ཟླ1པོའི་ཚེས18ཉིན། ཀྲའོ་ཐུང་གྲོང་ཁྱེར་བཙུགས་ཏེ་སྲིད་འཛིན་མངའ་ཁོངས་སུ་གཏོགས་ཤིང་།  ཟླ8པའི་ཚེས14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཆན་བཀོད་བཀའ་ལན་གནང་ནས་ཧྲུའེ་ཧྥུའུ་རྫོང་བཙུགས། ཧྲུའེ་ཧྥུའུ་རྫོང་ནི་ཀྲའོ་ཐུང་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡིས་འགོ་ཁྲིད་བྱ་རྒྱུར་ཐག་བཅད། ཀྲའོ་ཐུང་ས་ཁུལ་དུ་རྫོང་རིམ་པའི་གྲོང་ཁྱེར1དང་རྫོང11ཡོད་པ་རེད།   

སྤྱི་ལོ1983ལོའི་ཟླ9པའི་ཚེས9ཉིན། ཀྲའོ་ཐུང་རྫོང་མེད་པར་བཟོས་ཏེ། ཀྲའོ་ཐུང་རྫོང་གི་སྲིད་འཛིན་མངའ་ཁོངས་ཀྲའོ་ཐུང་གྲོང་ཁྱེར་དང་ཟླ་སྒྲིལ་བྱས། ཀྲའོ་ཐུང་ས་ཁུལ་དུ་རྫོང་རིམ་པའི་གྲོང་ཁྱེར1དང་རྫོང10ཡོད་པ་རེད།    

སྤྱི་ལོ1984ལོར་ཆུས་དང་ཡུལ་ཚོའི་སྒྲིག་གཞི་བསྐྱར་གསོ་བྱས་ནས་ཀུང་ཧྲེ་མེད་པར་བྱས་ནས་ཆུས་བཙུགས་པ་རེད།     

སྤྱི་ལོ1987ལོར་ཆུས་དང་ཡུལ་ཚོའི་སྒྲིག་སྲོལ་སྒྱུར་བཅོས་ཀྱིས་ཆུས་མེད་པར་བྱས་ནས་ཡུལ་ཚོ་བཙུགས།   

སྤྱི་ལོ2001ལོའི་ཟླ1པོའི་ཚེས13ཉིན། ཀྲའོ་ཐུང་ས་ཁུལ་དང་རྫོང་རིམ་པའི་ཀྲའོ་ཐུང་གྲོང་ཁྱེར་མེད་པར་བཟོས་ཏེ། ས་ཁུལ་རིམ་པའི་ཀྲའོ་ཐུང་གྲོང་ཁྱེར་བཙུགས། ཀྲའོ་ཐུང་གྲོང་ཁྱེར་དུ་ཀྲའོ་དབྱང་ཁུལ་བཙུགས་ནས་དེ་སྔའི་རྫོང་རིམ་པའི་ཀྲའོ་ཐུང་གྲོང་ཁྱེར་གྱི་སྲིད་འཛིན་མངའ་ཁོངས་ནི་ཀྲའོ་དབྱང་ཁུལ་གྱི་སྲིད་འཛིན་མངའ་ཁོངས་སུ་གཏོགས་པར་བྱས།

2 སྲིད་འཛིན་ཁོངས་བགོས།  

སྤྱི་ལོ1960ལོའི་ཟླ9བའི་ཚེས13ཉིན། ཡན་ཅིན་རྫོང་མེད་པར་བཟོས་ཏེ། སྔོན་གྱི་ཡན་ཅིན་རྫོང་གི་སྲིད་འཛིན་མངའ་ཁོངས་ནི་ཏ་ཀོན་རྫོང་ལ་བགོས། 

སྤྱི་ལོ1960ལོའི་ཟླ9པའི་ཚེས13ཉིན། ལུའུ་ཏེན་རྫོང་མེད་པར་བཟོས་ཏེ། དེ་སྔའི་ལུའུ་ཏན་རྫོང་གི་སྲིད་འཛིན་མངའ་ཁོངས་ནི་ཀྲའོ་ཐུང་རྫོང་ལ་བགོས། ཀྲའོ་ཐུང་ཆེད་ཁུལ་གྱི་ཁོངས་གཏོགས་སུ་རྫོང9ཡོད།   

སྤྱི་ལོ1962ལོའི་ཟླ3པའི་ཚེས27ཉིན། ཡན་ཅིན་རྫོང་སླར་གསོ་བྱས་ཏེ། ཏ་ཀོན་རྫོང་དུ་ཟླ་སྒྲིལ་བྱས་པའི་དེ་སྔའི་ཡན་ཅིན་རྫོང་གི་སྲིད་འཛིན་མངའ་ཁོངས་ནི་ཡན་ཅིན་རྫོང་གི་སྲིད་འཛིན་མངའ་ཁོངས་སུ་གཏོགས་པར་བྱས།

སྤྱི་ལོ1963ལོའི་ཟླ9བའི་ཚེས14ཉིན་ལུའུ་ཏན་རྫོང་སླར་གསོ་བྱས། ཀྲའོ་ཐུང་རྫོང་དུ་ཟླ་སྒྲིལ་བཏང་བའི་དེ་སྔའི་ལུའུ་ཏན་རྫོང་གི་སུའུ་ཅ་དང་། ཧྲུའེ་ཐུན། ཆང་ཁང་བཅས་མི་དམངས་ཀུང་ཧྲེ་བཞི་ཕུད་པའི་སྲིད་འཛིན་མངའ་ཁོངས་དང་དེ་བཞིན་ཀྲའོ་ཐུང་རྫོང་ཡུང་ཧྥེང་ཆུས་ཀྱི་ཙུའུ་ཅ་པའོ་པའོ་དང་། མ་ཨན་ཧྲན། པན་ཧྥང་། ཁྲེན་ཅ་ཝན། མ་ཅ་ར་བ། དབྱང་ཅ་ཐའེ་ཙི། ལུང་ཅ་ཐའེ་ཙི་བཅས་གྲོང་ཚོ་བདུན་ནི་ལུའུ་ཏན་རྫོང་གི་སྲིད་འཛིན་མངའ་ཁོངས་སུ་གཏོགས་པར་བྱས། ཀྲའོ་ཐུང་ཆེད་ཁུལ་གྱི་ཁོངས་གཏོགས་སུ་རྫོང11ཡོད།    སྤྱི་ལོ1964ལོའི་ཟླ6པའི་ཚེས15ཉིན། ཀྲའོ་ཐུང་ཆེད་ཁུལ་གྱི་ཧུའེ་ཙེ་རྫོང་ཆུས་ཅིང་ཆེད་ཁུལ་དུ་བགོས། ཀྲའོ་ཐུང་ས་ཁུལ་གྱི་ཁོངས་གཏོགས་སུ་རྫོང10ཡོད་པ་རེད།     སྤྱི་ལོ2018ལོའི་ཟླ9བའི་ཚེས7ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཧྲུའེ་ཧྥུའུ་རྫོང་མེད་པ་བཟོས་ནས་རྫོང་རིམ་པའི་ཧྲུའེ་ཧྥུའུ་གྲོང་ཁྱེར་འཛུགས་རྒྱུར་མོས་མཐུན་བྱས་པ་རེད། དེ་སྔའི་ཧྲུའེ་ཧྥུའུ་རྫོང་གི་སྲིད་འཛིན་ས་ཁོངས་ནི་ཧྲུའེ་ཧྥུའུ་གྲོང་ཁྱེར་སྲིད་འཛིན་མངའ་ཁོངས་སུ་གཏོགས་པར་བྱས་ཧྲུའེ་ཧྥུའུ་གྲོང་ཁྱེར་ནི་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཡུན་ཧྥུའུ་ཁྲོམ་གཞུང་མི་དམངས་ཤར་ལམ་ཨང3པར་ཡོད། ཧྲུའེ་ཧྥུའུ་གྲོང་ཁྱེར་ནི་ཡུན་ནན་ཞིང་ཆེན་གྱི་ཐད་གཏོགས་དང་ཀྲའོ་ཐུང་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱས།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཀྲའོ་ཐུང་ནི་ཡུན་ནན་ཞིང་ཆེན་ཁོངས་གཏོགས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཡིན་པ་དང་ཡུན་ནན་ཞིང་ཆེན་གྱི་བྱང་ཤར་རྒྱུད་དུ་གནས་པ་དང་། ཡུན་ནན། ཀུའེ་ཀྲོའུ། སི་ཁྲོན་བཅས་འབྲེལ་མཚམས་ཀྱི་ཝུའུ་མོང་རི་ཁུལ་གྱི་དབུས་སུ་གནས་པ་དང་། འབྲི་ཆུའི་སྨད་རྒྱུད་ཀྱི་ངོགས་སུ་གནས། སི་ཁྲོན་གཤོང་ས་ནས་ཡུན་ཀུའེ་ས་མཐོར་བཏེགས་པའི་བར་བརྒལ་ཁུལ་དུ་གནས་ཡོད། ཤར་ངོས་ཀུའེ་ཀྲོའུ་ཞིང་ཆེན་པི་ཅེ་གྲོང་ཁྱེར་དང་ཐག་ཉེ་པོ་ཡོད་པ་དང་། ལྷོ་ངོས་ཡུན་ནན་ཆུས་ཅིང་གྲོང་ཁྱེར་དང་ཐག་ཉེ་པོ་ཡོད། ནུབ་ངོས་སི་ཁྲོན་ལེའང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་དང་ཐག་ཉེ་པོ་ཡོད། བྱང་ངོས་སི་ཁྲོན་དབྱི་པིན་གྲོང་ཁྱེར་དང་ཐག་ཉེ་པོ་ཡོད། ཁོངས་གཏོགས་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ23021ཡོད།

3_2 ས་བབ།    

ཀྲའོ་ཐུང་གི་ས་བབ་ནི་ལྷོ་ནུབ་མཐོ་བ་དང་བྱང་ཤར་དམའ། རི་མཐོ་ལ་གྲོག་རོང་གཏིང་ཟབ། གྲོང་ཁྱེར་ནང་ཆ་སྙོམས་ས་བབ་མཐོ་ཚད་སྨི1685ཟིན་པའི་ནང་གྲོང་ཁྱེར་སྲིད་གཞུང་གནས་ཡུལ་གྱི་ས་བབ་མཐོ་ཚད་སྨི1920ཟིན་པ་དང་ས་བབ་མཐོ་ཤོས་སྨི4040ཟིན། ས་བབ་དམའ་ཤོས་སྨི267ཟིན།   

3_3 ནམ་ཟླ།   

ཀྲའོ་ཐུང་གྲོང་ཁྱེར་གྱི་མངའ་ཁོངས་སུ་རི་ཚོགས་སྟུག་པོར་གནས་པ་དང་ས་བབ་ཧེ་བག་ཆེ་ཙམ་ཡོད་པས་ས་མཐོའི་དུས་རླུང་ལངས་གཟུགས་གནམ་གཤིས་ཀྱི་ཁྱད་ཆོས་ལྡན་ཡོད། ཀྲའོ་ཐུང་ས་ཁོངས་ནང་གི་དུས་བཞིའི་ཧེ་བག་ཅུང་ཆུང་མོད། འོན་ཀྱང་ས་བབ་མི་འདྲ་བས་གནམ་གཤིས་ལ་ཁྱད་པར་ཅུང་ཆེན་པོ་ཡོད་པ་སྟེ། ས་བབ་མཐོ་བ་ནས་དམའ་བའི་བར་ས་མཐོའི་གནམ་གཤིས་དང་། དྲོད་ཁུལ་གྱི་གནམ་གཤིས། ཚ་ཁུལ་ཕལ་པའི་གནམ་གཤིས་བཅས་ཀྱི་ཁྱད་པར་ཡོད་པ་དང་། ས་བབ་གཅིག་མཚུངས་ཐོག་ཀྲའོ་ཐུང་ལྷོ་རྒྱུད་ཀྱི་དྲོད་ཚད་བྱང་རྒྱུད་ལས་མཐོ་བ་དང་བཞའ་ཚན་བྱང་རྒྱུད་ལས་དམའ་བ་ཡིན།

4 མི་འབོར།    

སྤྱི་ལོ2016ལོའི་ལོ་མཇུག་ཏུ་ཀྲའོ་ཐུང་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར་ཁྲི547.5ཟིན་པ་དེ་སྤྱི་ལོ2015ལོའི་ལོ་མཇུག་ལས་མི་ཁྲི4.5འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད31.49%ཟིན་པ་དེ་སྤྱི་ལོ2015ལོ་ལས2.3%འཕར་ཡོད།     སྤྱི་ལོ2017ལོའི་ལོ་མཇུག་ཏུ་ཀྲའོ་ཐུང་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར་ཁྲི553.7ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད33.38% ཟིན་པ་དང་། སྐྱེ་ཚད16.79‰ཟིན། ཤི་ཚད7.25‰ཟིན། རང་བྱུང་འཕར་ཚད9.54‰ཡིན་པ་བཅས་རེད།

5 དཔལ་འབྱོར།     

སྤྱི་ལོ2017ལོར་ཀྲའོ་ཐུང་གྲོང་ཁྱེར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར832.45ཟིན་ནས་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྤྱི་ལོ2016ལོ་ལས9%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར156.38ཟིན་ནས5.9%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར357.94ཡིན་པས10.1%འཕར། དེའི་ནང་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར218.49ཟིན་ནས9.1%འཕར་བ་དང་། ཨར་ལས་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར139.54ཟིན་ནས12%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར318.13ཟིན་ནས9.2%འཕར་ཡོད། རྒྱུན་སྡོད་མི་འབོར་ལྟར་བརྩིས་ན་མི་རེའི་ཆ་སྙོམསGDPསྒོར15119ཡིན་པ་དེ8%འཕར་ཡོད། ཐོན་ལས་གསུམ་གྱི་བསྡུར་ཚད་ནི18.79:43:38.22ཡིན། དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད12.7%དང་། 49.1% 38.2%བཅས་ཡིན་པ་དེས་དཔལ་འབྱོར་འཕར་ཚད་སོ་སོར་བརྒྱ་ཆའི་གྲངས1.1དང་། 4.4   3.5བཅས་སྐུལ་ཁྲིད་ཐུབ་ཡོད།  

5_1 ཐོན་ལས་དང་པོ།   

སྤྱི་ལོ2017ལོར་ཀྲའོ་ཐུང་གྲོང་ཁྱེར་ཞིང་ནགས་འབྲོག་ཉ་ལས་གསུམ་གྱི་ཞབས་ཞུའི་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར247.02ཟིན་པ་དེ་སྤྱི་ལོ2016ལོ་ལས5.9%འཕར་ཡོད། དེའི་ནང་ཞིང་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར114.92ཟིན་ནས5.2%འཕར་བ་དང་། ནགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར8.28ཟིན་ནས9.9%འཕར། འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར114.5ཟིན་ནས6.1%འཕར་ནས་ཞིང་ནགས་འབྲོག་ཉ་ལས་གསུམ་གྱི་ཞབས་ཞུའི་ལས་རིགས་ཁྲོད་བསྡུར་ཚད46.4%ཟིན། ཉ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར5.44ཟིན་ནས10.5%འཕར། ཞབས་ཞུའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར3.88ཟིན་ནས9%འཕར་ཡོད།     

5_2 ཐོན་ལས་གཉིས་པ།  

སྤྱི་ལོ2017ལོར་ཀྲའོ་ཐུང་གྲོང་ཁྱེར་གྱི་བཟོ་ལས་རིན་ཐང་འཕར་མ་སྒོར་དུང་ཕྱུར218.49ཟིན་པ་དེ་སྤྱི་ལོ2016ལོ་ལས9.1%འཕར་ཡོད། ལོ་མཇུག་ཏུ་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་དུད་ཚང197ཡོད། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར207.18ཟིན་པ་དེ་སྤྱི་ལོ2016ལོ་ལས9.3%འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཁྲོད་ཡང་བའི་བཟོ་ལས་ཀྱི་རིན་ཐང་འཕར་མ2.1%ཆག་པ་དང་། ལྕི་བའི་བཟོ་ལས་ཀྱི་རིན་ཐང་འཕར་མ15.3%འཕར། ཡང་བའི་བཟོ་ལས་དང་ལྕི་བའི་བཟོ་ལས་ཀྱི་བསྡུར་ཚད31.6:68.4ཟིན་ཡོད།     སྤྱི་ལོ2017ལོར་ཀྲའོ་ཐུང་གྲོང་ཁྱེར་གྱི་ཀ་རྟེན་ཐོན་ལས་ཆེ་གྲས་བདུན་གྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར199.57ཟིན་པ་དེས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མའི96.3%བཟུང་ཡོད། གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་བསྡུར་ཚད51.1%བཟུང་བའི་གློག་ཤུགས་ཚ་ནུས་ཀྱི་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར106.06ཟིན་ནས12.4%འཕར། རྡོ་ཐའི་ཐོན་རྫས་ལས་རིགས་ལ་སྒོར་དུང་ཕྱུར58.94བཏང་ནས0.3%འཕར། རྡོ་སོལ་སྔོག་འདོན་དང་འཁྲུད་འདེམས་ལས་རིགས་ལ་སྒོར་དུང་ཕྱུར7.26བཏང་ནས146.9%འཕར། མདོག་ལྡན་ལྕགས་རིགས་བཙོ་སྦྱང་དང་གནོན་བཙིར་ལས་སྣོན་ལས་རིགས་ལ་སྒོར་དུང་ཕྱུར3.39བཏང་ནས29.4%འཕར།

5_3 ཐོན་ལས་གསུམ་པ།

སྤྱི་ལོ2017ལོར་ཀྲའོ་ཐུང་གྲོང་ཁྱེར་གྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར266.74ཟིན་ནས12.3%འཕར་ཡོད། དེའི་ནང་བཅད་གྲངས་ཡན་གྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར120.43ཟིན་ནས14.5%འཕར་བ་དང་། བཅད་གྲངས་མན་གྱི་སྤྱི་ཚོགས་འཛད་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར146.31ཡིན་པས11.8%འཕར། སྡེབ་ཚོང་ལས་རིགས་ཀྱི་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར222.19ཟིན་ནས8.8%འཕར། སིལ་ཚོང་ལས་རིགས་ཀྱི་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར309.21ཟིན་ནས15.1%འཕར། ཞག་སྡོད་ལས་རིགས་ཀྱི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར10ཟིན་ནས18.6%འཕར། བཟའ་བཏུང་ལས་རིགས་ཀྱི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར50.04ཟིན་ནས18.1%འཕར་ཡོད།

དཔྱད་གཞིའི་ཡིག་ཆ།