མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་དང་པོར(སྤྱི་ལོ1912ལོར)སི་ཁྲོན་ལྷོ་རྒྱུད་ཀྱི་དམག་དཔུང་ཧྥུའུ་ཡི་ཁོངས་སུ་གཏོགས་པ་དང་། རྗེས་སུ་སི་ཁྲོན་ལྷོ་རྒྱུད་ཀྱི་ཏའོ་དང་ཡུང་ཉིང་ཏའོ་ཡི་ཁོངས་སུ་གཏོགས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བཅོ་བརྒྱད་པར་(སྤྱི་ལོ1929ལོར)ཡུང་ཉིང་ཏའོ་མེད་པར་བཟོས་ནས་སི་ཁྲོན་ཞིང་ཆེན་སྲིད་གཞུང་ལ་ཐད་གཏོགས་བྱས་པ་རེད། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་བཞི་པའི(སྤྱི་ལོ1935ལོ)ས་ཁུལ་བདུན་པའི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།
སྤྱི་ལོ1949ལོའི་ཟླ12པའི་ཚེས3ཉིན། ན་ཞི་བཅིངས་འགྲོལ་བཏང་ཞིང་། ཟླ12པའི་ཚེས12ཉིན་ན་ཞི་རྫོང་མི་དམངས་སྲིད་གཞུང་བཙུགས་པ་དང་། དེ་ནི་ལུའུ་རྫོང་ཀྲོན་ཧྲུའུ་ཡི་ཁོངས་གཏོགས་ཡིན།
སྤྱི་ལོ1952ལོར་ལུང་ཁྲང་ཀྲོན་ཧྲུའུ་རུ་བསྒྱུར།
སྤྱི་ལོ1953ལོའི་ལོ་འགོར། ལུའུ་ཀྲོའུ་ཀྲོན་ཧྲུའུ་ཡི་ཁོངས་སུ་གཏོགས།
སྤྱི་ལོ1960ལོར་དབྱི་པིན་ཆེད་ཁུལ་དུ་བསྒྱུར།
སྤྱི་ལོ1983ལོའི་ཟླ6པར། ཞིང་ཆེན་ཁོངས་གཏོགས་ལུའུ་ཀྲོའུ་གྲོང་ཁྱེར་བཙུགས་པ་དང་། ན་ཞི་རྫོང་ལུའུ་ཀྲོའུ་གྲོང་ཁྱེར་གྱི་མངའ་འོག་ཏུ་བཅུག
སྤྱི་ལོ1996ལོའི་ཟླ7པའི་ཚེས1ཉིན། ན་ཞི་རྫོང་མེད་པར་བཟོས་ཏེ་ཆུས་བཙུགས་པ་དང་། ལུའུ་ཀྲོའུ་གྲོང་ཁྱེར་ན་ཞི་ཆུས་ཡིན།
སྤྱི་ལོ2019ལོ་བར་ན་ཞི་ཆུས་ཁོངས་ཀྱི་གྲོང་རྡལ10ཡོད་པ་སྟེ། ཏ་ཏུའུ་ཁོའུ་གྲོང་རྡལ་དང་། ཧུའུ་གོ་གྲོང་རྡལ། ཏ་ཀུའུ་གྲོང་རྡལ། ཧྲང་མ་གྲོང་རྡལ། ཧོ་ངོས་གྲོང་རྡལ། ཧྥེང་ལེ་གྲོང་རྡལ། པའེ་ཅེ་གྲོང་རྡལ། ཐེན་ཞན་གྲོང་རྡལ། ཤིན་ལེ་གྲོང་རྡལ། ལུང་ཁྲེ་གྲོང་རྡལ་བཅས་ཡིན་པ་དང་། ཁྲོམ་གཞུང3ནི་ཨན་ཕུའུ་ཁྲོམ་གཞུང་དང་། ཡུང་ཉིང་ཁྲོམ་གཞུང་། ཏུང་ཧྲེང་ཁྲོམ་གཞུང་བཅས་ཡིན། གྲོང་ཚོ176 གྲོང་མིའི་ཚོགས་ཆུང1843 སྡེ་ཁུལ22བཅས་ཡོད་པ་རེད། ཆུས་མི་དམངས་སྲིད་གཞུང་ནི་ཨན་ཧྥུ་ཁྲོམ་གཞུང་དུ་བཅའ་སྡོད་བྱས་ཡོད།
སྤྱི་ལོ2019ལོའི་ལོ་མཇུག་ཏུ་ཆུས་ཡོངས་ཀྱི་ཐེམ་ཐོའི་མི་གྲངས་བསྡོམས་འབོར463060ལ་སླེབས་ཡོད། ལོ་ཧྲིལ་པོར་ཆུས་ཡོངས་སུ་གསར་སྐྱེས་མི་འབོར3616ཡོད་པ་དང་སྐྱེས་ཚད7.56‰ཡིན། རྐྱེན་ལམ་དུ་ཤོར་བའི་མི་འབོར2807དང་ཤི་ཚད5.87‰ལ་སླེབས་པ་དང་། མི་འབོར་རང་ཤུགས་སུ་འཕར་ཚད1.69‰ཡིན།
སྤྱི་ལོ2017ལོའི་ཟླ3པའི་བར་ན་ཞི་ཆུས་སུ་རྒྱ་རིགས་ཀྱིས་གཙོ་བོ་ཡིན་པ་དང་། མིའོ་རིགས་དང་། ཧུའེ་རིགས། དབྱིས་རིགས། ཀྲོང་རིགས། མན་ཇུ་རིགས། ཧྲུའེ་རིགས། སོག་རིགས་སོགས་གྲངས་ཉུང་མི་རིགས21གི་མི1287ལྷག་ཙམ་ཡོད།
སྤྱི་ལོ2019ལོར་ཆུས་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་ཁྲི1912538ལ་སླེབས་པ་དེ་དུས་མཚུངས་ལས7.1%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི255288ལ་སླེབས་པ་དེ་དུས་མཚུངས་ལས2.7%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི959023ལ་སླེབས་པ་དེ་དུས་མཚུངས་ལས8.5%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི698227ལ་སླེབས་པ་དེ་དུས་མཚུངས་ལས6.8%འཕར་ཡོད།
ཐོན་ལས་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་ནས་ཐོན་ལས་གྲུབ་ཆ་ཐེངས་གསུམ་ནི13.4:50.1:36.5ཡིན། ཐོན་ལས་དང་པོ་དང་ཐོན་ལས་གཉིས་པའི་བསྡུར་ཚད་ལོ་གོང་མ་ལས་སོ་སོར1.2%དང2.4%མར་ཆག་པ་དང་ཐོན་ལས་གསུམ་པའི་བསྡུར་ཚད་ལོ་གོང་མ་ལས3.6%མཐོ་རུ་ཕྱིན་ཡོད། ཐོན་ལས་ཐེངས་གསུམ་པས་དཔལ་འབྱོར་འཕར་རྒྱུར་སྐྱེས་འབུལ་ཚད་སོ་སོར5.3%དང་། 64.0% 30.7%བཅས་ལ་སླེབས་ནས་དཔལ་འབྱོར་འཕར་ཚད་སོ་སོར0.4%དང་། 4.5% 2.2%བཅས་སྐུལ་ཁྲིད་བྱས་ཡོད།
སྤྱི་ལོ2019ལོར་ཆུས་ཡོངས་སུ་དམངས་གཉེར་དཔལ་འབྱོར་གྱི་འཕར་ཐང་སྒོར་ཁྲི1123724ལ་སླེབས་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས7.2%འཕར་བ་དང་འཕར་ཚད་དུས་མཚུངས་ཀྱིGDPའཕར་ཚད་ལས0.1%གིས་མཐོ་བ་ཡོད་པ་རེད། དེའི་ནང་ཐོན་ལས་དང་པོར་དམངས་གཉེར་དཔལ་འབྱོར་གྱི་རིན་ཐང་འཕར་མ་སྒོར་ཁྲི55598བྱུང་བ་དེ་དུས་མཚུངས་ལས3.1%མར་ཆག་པ་དང་། ཐོན་ལས་གཉིས་པར་དམངས་གཉེར་དཔལ་འབྱོར་གྱི་རིན་ཐང་འཕར་མ་སྒོར་ཁྲི616728ལ་སླེབས་པ་དེ་དུས་མཚུངས་ལས8.2%འཕར། ཐོན་ལས་གསུམ་པར་དམངས་གཉེར་དཔལ་འབྱོར་གྱི་འཕར་ཐང་སྒོར་ཁྲི451098ལ་སླེབས་པ་དེ་དུས་མཚུངས་ལས7.2%འཕར་ཡོད། དམངས་གཉེར་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དེ་ན་ཞིའི་དཔལ་འབྱོར་འཕར་རྒྱུར་འདེགས་སྐྱོར་བྱེད་པའི་གཙོ་ཤུགས་དམག་ཏུ་གྱུར་ནསGDPཡི་བསྡུར་ཚད58.8%བཟུང་བ་དང་། དཔལ་འབྱོར་འཕར་རྒྱུར་སྐྱེས་འབུལ་ཚད60.0%ལ་སླེབས།
ལོ་ཧྲིལ་པོར་ཆུས་ཡོངས་ཀྱི་འབྲུ་རིགས་ལོ་ཏོག་བཏབས་པའི་རྒྱ་ཁྱོན་སྤྱི་ཆིང45525ལ་སླེབས་པ་དེ་སྔ་ལོ་ལས་སྤྱི་ཆིང39ཉུང་དུ་ཕྱིན་ཡོད། དེའི་ནང་འབྲས་སྤྱི་ཆིང19400ལ་སླེབས་པ་དེ་ལོ་གོང་མ་ལས་སྤྱི་ཆིང7ཉུང་དུ་ཕྱིན་པ་དང་། གྲོ་སྤྱི་ཆིང620ལ་སླེབས་པ་དེ་ལོ་གོང་མ་ལས་སྤྱི་ཆིང53ཉུང་དུ་ཕྱིན། མ་རྨོས་ལོ་ཏོག་སྤྱི་ཆིང7660ལ་སླེབས་པ་དེ་ལོ་གོང་མ་ལས་སྤྱི་ཆིང500ཉུང་དུ་ཕྱིན། ཁྲེ་རྒོད་སྤྱི་ཆིང1573ལ་སླེབས་པ་དེ་ལོ་གོང་མ་ལས་སྤྱི་ཆིང513འཕར་བ་དང་། སྲན་རིགས་སྤྱི་ཆིང1992ལ་སླེབས་ནས་སྔ་ལོ་ལས་སྤྱི་ཆིང88འཕར་ཡོད། ཞོག་ཁོག་རིགས་ལ་སྤྱི་ཆིང14280ཡོད་པ་དེ་སྔ་ལོ་ལས་སྤྱི་ཆིང80ཉུང་དུ་ཕྱིན་ཡོད། ཆུས་ཡོངས་ཀྱི་དཔལ་འབྱོར་སྐྱེ་དངོས་བཏབས་པའི་རྒྱ་ཁྱོན་སྤྱི་ཆིང15566ལ་སླེབས་པ་དེ་ལོ་གོང་མ་ལས་སྤྱི་ཆིང10འཕར་ཡོད། དཔལ་འབྱོར་སྐྱེ་དངོས་ནང་སྣུམ་རྒྱུ་བཏབས་པའི་རྒྱ་ཁྱོན་སྤྱི་ཆིང4772ལ་སླེབས་པ་དེ་ལོ་གོང་མ་ལས་སྤྱི་ཆིང7འཕར་བ་དང་། པད་ཁ་སྤྱི་ཆིང4444ལ་སླེབས་ནས་སྔ་ལོ་ལས་སྤྱི་ཆིང38འཕར་ཡོད། བུར་ཤིང་བཏབས་པའི་རྒྱ་ཁྱོན་སྤྱི་ཆིང90ལ་སླེབས་པ་དེ་ལོ་གོང་མ་ལས་སྤྱི་ཆིང8འཕར། རྡོ་ཐ་བཏབས་པའི་རྒྱ་ཁྱོན་སྤྱི་ཆིང18ལ་སླེབས་པ་དེ་སྔ་ལོ་དང་མཉམ་པ་དང་། སྨན་རྒྱུ་བཏབས་པའི་རྒྱ་ཁྱོན་སྤྱི་ཆིང343ལ་སླེབས་པ་དེ་ལོ་གོང་མ་ལས་སྤྱི་ཆིང1ཉུང་དུ་ཕྱིན། སྔོ་ཚལ་དང་དེ་བཞིན་བཟའ་བྱའི་ཤ་མོ་བཏབས་པའི་རྒྱ་ཁྱོན་སྤྱི་ཆིང9055ལ་སླེབས་པ་དེ་ལོ་གོང་མ་ལས་སྤྱི་ཆིང3མང་དུ་ཕྱིན་ཡོད་པ་རེད།
ལོ་ཧྲིལ་པོར་ཆུས་ཡོངས་སུ་འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན280841ལ་སླེབས་པ་དེ་དུས་མཚུངས་ལས0.48%མར་ཆག་ཡོད། དེའི་ནང་འབྲས་ཏུན158770ལ་སླེབས་པ་དེ་དུས་མཚུངས་ལས0.65%མར་ཆག་པ་དང་། གྲོ་ཏུན1969ལ་སླེབས་པ་དེ་དུས་མཚུངས་ལས5.61%མར་ཆག མ་རྨོས་ལོ་ཏོག་ཐོན་ཚད་ཏུན45500ལ་སླེབས་པ་དེ་དུས་མཚུངས་ལས5.72%མར་ཆག ཁྲེ་རྒོད་ཏུན7859ལ་སླེབས་པ་དེ་དུས་མཚུངས་ལས39.22%འཕར། སྲན་རིགས་ཏུན5516ལ་སླེབས་པ་དེ་དུས་མཚུངས་ལས5.41%འཕར། ཞོག་ཁོག་རིགས་ཏུན61327ལ་སླེབས་པ་དེ་དུས་མཚུངས་ལས0.08%འཕར་ཡོད། དཔལ་འབྱོར་སྐྱེ་དངོས་ནང་སྣུམ་རྒྱུ་ཏུན8978ལ་སླེབས་པ་དེ་དུས་མཚུངས་ལས0.15%འཕར་བའི་ནང་པད་ཁ་ཏུན8299ལ་སླེབས་པ་དེ་དུས་མཚུངས་ལས0.99%འཕར་བ་དང་། བུར་ཤིང་ཏུན4996ལ་སླེབས་པ་དེ་དུས་མཚུངས་ལས5.96%འཕར། རྡོ་ཐ་ཏུན30དང་བསྡུར་ན3.23%མར་ཆག་ཡོད། སྨན་རྒྱུ་ཏུན805ལ་སླེབས་པ་དེ་དུས་མཚུངས་ལས1%འཕར། སྔོ་ཚལ་དང་དེ་བཞིན་བཟའ་བྱའི་ཤ་མོ་ཏུན248251ལ་སླེབས་པ་དེ་དུས་མཚུངས་ལས0.17%འཕར། ཇ་ལོ་ཐོན་ཚད་ཏུན10273ལ་སླེབས་པ་དེ་དུས་མཚུངས་ལས12.36%འཕར། ཤིང་འབྲས་ཐོན་ཚད་ཏུན23365ལ་སླེབས་པ་དེ་དུས་མཚུངས་ལས3.35%འཕར་ཡོད།
སྤྱི་ལོ2019ལོའི་ལོ་མཇུག་ཏུ་ཆུས་ཡོངས་སུ་ནགས་སའི་རྒྱ་ཁྱོན་མུའུ་ཁྲི84.3ལ་སླེབས་པའི་ནང་སྨྱུག་མའི་ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི62.1ལ་སླེབས་ཡོད། ཆུས་ཡོངས་ཀྱི་ནགས་བཟོའི་རྒྱ་ཁྱོན་སྤྱི་ཆིང80ལ་སླེབས་པ་དང་ཤིང་འཛུགས་ནགས་བཟོའི་རྒྱ་ཁྱོན་སྤྱི་ཆིང་ཁྲི142ལ་སླེབས་ཡོད། ལོ་ཧྲིལ་པོར་ཤིང་ཆ་སྨི་རྒྱ་དཔངས་གྲུ་བཞི་མ9728བཅད་ནས་སྨྱུག་མའི་རྒྱུ་ཆ་ཁྲི52བཅད་པ་རེད། ནགས་ཚལ་ཡུལ་སྐོར་ལས་རིགས་ཀྱི་ཡོང་འབབ་སྒོར་དུང་ཕྱུར17.6ལ་སླེབས་ཡོད།
སྤྱི་ལོ2019ལོར་ན་ཞི་ཆུས་སུ་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི719957བྱུང་བ་དེ་ལོ་གོང་མ་ལས8.8%འཕར་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང9.7%འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཁྲོད་ཕྱི་རྒྱལ་གྱི་ཚོང་པ་དང་དེ་བཞིན་ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་ཚོང་པའི་མ་འཇོག་ཁེ་ལས21.0%མར་ཆག་པ་དང་། ཐུན་མོང་ཁེ་ལས18.3%འཕར། མ་རྐང་ལམ་ལུགས་ཀྱི་ཁེ་ལས10.3%འཕར། དེ་མིན་གྱི་དཔལ་འབྱོར་རིགས་ཀྱི་ཁེ་ལས13.2%འཕར། སྒེར་གཉེར་ཁེ་ལས10.0%འཕར། སྤྱི་དབང་མིན་པའི་ཁེ་ལས10.7%འཕར། ཁེ་ལས་ཆེ་འབྲིང་གྲས7.8%འཕར། ཡང་བའི་བཟོ་ལས10.1%འཕར་བ་དང་། ལྕི་བའི་བཟོ་ལས8.9%འཕར་ཡོད།
རྫས་འགྱུར་བཟོ་ལས་དང་། ཤོག་བཟོ། ཆང་ལས་བཅས་ཀ་རྟེན་ཐོན་ལས་ཆེན་པོ་གསུམ་གྱི་རིན་ཐང་འཕར་མ་དུས་མཚུངས་ལས8.6%འཕར་ཡོད། དེའི་ནང་ཨ་རག་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས9.4%འཕར་བ་དང་། ཤོག་བུའི་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས7.5%འཕར། རྫས་འགྱུར་བཟོ་ལས་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས7.7%འཕར་ཡོད།
གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱིས་གཙོ་གནད་དུ་ལྟ་ཞིབ་ཚད་ལེན་བྱས་པའི་བཟོ་ལས་ཐོན་རྫས29ཡི་ནང་ཐོན་རྫས་སྣ་ཁ19ཐོན་སྐྱེད་འཕར་བ་དང་ཐོན་རྫས་སྣ་ཁ10ཐོན་སྐྱེད་མར་ཆག་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་དུད་ཚང98ལ་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་ཁྲི2694787བྱུང་བ་དེ་དུས་མཚུངས་ལས17.8%འཕར། ཐོན་ཟོག་གི་བསགས་དངོས་སྒོར་ཁྲི208445ལ་སླེབས་པ་དེ་དུས་མཚུངས་ལས5.6%མར་ཆག ཁེ་སྤོགས་བསྡོམས་འབོར་སྒོར་ཁྲི135309ལ་སླེབས་པ་དེ་དུས་མཚུངས་ལས62.9%འཕར། གྱོང་གུན་ཕོག་པའི་ཁེ་ལས་ཀྱི་གྱོང་གུན་ཕོག་ཚད་སྒོར་དུང་ཕྱུར0.4ལ་སླེབས་པ་དེ་དུས་མཚུངས་ལས80.9%མར་ཆག་པ་དང་གྱོང་གུན་ཕོག་ཚད6.1%ལ་སླེབས་ཡོད་པ་རེད།
སྤྱི་ལོ2019ལོར་ན་ཞི་ཆུས་གྱི་འཛད་སྤྱོད་གྲུབ་ཆ་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་འཛད་རྫས་སིལ་ཚོང་བསྡོམས་འབོར་བརྟན་པོའི་ངང་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། ལོ་ཧྲིལ་པོར་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་ཁྲི883566ལ་སླེབས་པ་དེ་དུས་མཚུངས་ལས11.0%འཕར་ཡོད། དེའི་ནང་བཅད་གྲངས་ཡན་གྱི་ཚན་པར་སིལ་ཚོང་བྱེད་ཚད་སྒོར་ཁྲི390047ལ་སླེབས་ཡོད། ཕྱིར་ཚོང་ཚན་པ་གནས་ཡུལ་ནས་དབྱེ་ན་གྲོང་ཁྱེར་དང་གྲོང་རྡལ་དུ་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་ཁྲི589415ལ་སླེབས་པ་དེ་དུས་མཚུངས་ལས11.0%འཕར་བ་དང་། གྲོང་གསེབ་ཏུ་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་ཁྲི294151ལ་སླེབས་པ་དེ་དུས་མཚུངས་ལས10.9%འཕར་ཡོད། འཛད་སྤྱོད་རྣམ་པའི་ཐོག་ནས་དབྱེ་ན་ཚོང་ཟོག་སིལ་ཚོང་སྒོར་ཁྲི785198ལ་སླེབས་པ་དེ་དུས་མཚུངས་ལས10.9%འཕར་བ་དེས་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་གྱི88.9%བཟུང་བ་དང་། བཟའ་བཏུང་ཡོང་འབབ་སྒོར་ཁྲི98368ལ་སླེབས་པ་དེ་དུས་མཚུངས་ལས11.5%འཕར་བ་དེས་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་གྱི11.1%བཟུང་ཡོད།
སྤྱི་ལོ2019ལོར་ཆུས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ཨ་སྒོར་ཁྲི8099ལ་སླེབས་ཡོད། དེའི་ནང་ནང་འདྲེན་བསྡོམས་འབོར་ཨ་སྒོར་ཁྲི197ལ་སླེབས་པ་དང་ཕྱིར་གཏོང་བསྡོམས་འབོར་ཨ་སྒོར་ཁྲི7903ལ་སླེབས་ཡོད།
སྤྱི་ལོ2019ལོར་ན་ཞི་ཆུས་སུ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི480ལ་སླེབས་པ་དེ་དུས་མཚུངས་ལས17.1%མར་ཆག་པ་དང་། འགྲུལ་སྐྱེལ་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་ཁྲི27479.334ལ་སླེབས་པ་དེ་དུས་མཚུངས་ལས16.7%མར་ཆག དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི3397.551ལ་སླེབས་པ་དེ་དུས་མཚུངས་ལས19.8%འཕར་བ་དང་ཟོག་འདྲེན་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་ཁྲི392516.162ལ་སླེབས་པ་དེ་དུས་མཚུངས་ལས8%འཕར་ཡོད།
སྤྱི་ལོ2019ལོའི་ལོ་མཇུག་ཏུ་ན་ཞི་ཆུས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི996.07ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས4.7%འཕར་བ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར108.68ལ་སླེབས་པ་དེ་དུས་མཚུངས་ལས15.6%འཕར་ཡོད།
སྤྱི་ལོ2019ལོའི་ལོ་མཇུག་ཏུ་ཆུས་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་སྤྱི་ཚོགས་ཡོངས་ཀྱི་བཅོལ་དངུལ་ཁག་གི་ལྷག་གྲངས་སྒོར་ཁྲི2054916ལ་སླེབས་པ་དེ་ལོ་གོང་མའི་ལོ་མཇུག་དང་བསྡུར་ན་སྒོར་ཁྲི158971འཕར་བ་དེ་དུས་མཚུངས་ལས8.4%འཕར་བའི་ནང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བཅོལ་དངུལ་ལྷག་གྲངས་སྒོར་ཁྲི1736623ལ་སླེབས་པ་དེ་ལོ་གོང་མའི་ལོ་མཇུག་ལས་སྒོར་ཁྲི208668འཕར་བ་དེ་དུས་མཚུངས་ལས13.7%འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་ཁྲི1207604ལ་སླེབས་པ་དེ་ལོ་གོང་མའི་ལོ་མཇུག་ལས་སྒོར་ཁྲི226857འཕར་བ་དེ་དུས་མཚུངས་ལས23.1%འཕར་ཡོད།