མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ23པར(སྤྱི་ལོ1934ལོར)ལུའུ་རྫོང་དུ་གྲོང་རྡལ་དང་ཤང42བཙུགས་པ་དང་། ཞའོ་ཧྲི་ནི་ཀྲུང་ཁྲེང་གྲོང་རྡལ་གྱི་ཁོངས་སུ་གཏོགས། ཐེ་ཞིན་ནི་ཐེ་ཀྲའོ་གྲོང་རྡལ་གྱི་ཁོངས་སུ་གཏོགས། ཅིན་ལུང་ནི་ཉིའུ་ཐན་ཤང་གི་ཁོངས་སུ་གཏོགས། ལའེ་ལུང་དང་ཀོན་ཏུའུ་ནི་ལའེ་ལུང་གྲོང་རྡལ་ཁོངས་སུ་གཏོགས། ཧུའུ་ཧྲི་དང་ཆི་ཆི་ནི་ཧུའུ་ཧྲི་ཤང་གི་ཁོངས་སུ་གཏོགས། ཅ་ཞང་དང་ཧྲོང་ཅ་ཁོངས་ཧྲི་ཏུང་གྲོང་རྡལ་དུ་གཏོགས། ལུའོ་ཧན་ནི་ལུའོ་ཧན་ཤང་གི་ཁོངས་སུ་གཏོགས།
མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་དྲུག་པར(སྤྱི་ལོ1937ལོར)ལུའུ་རྫོང་དུ་ཆུས6བཙུགས་པ་དང་། ཞའོ་ཧྲི་ཆུས་དང་པོའི་ཁོངས་སུ་གཏོགས་པ་དང་། ལུའོ་ཧན་དང་ཐེ་ཞིན་ནི་ཆུས་གསུམ་པའི་ཁོངས་སུ་གཏོགས། ལའེ་ཆི་གྲོང་རྡལ་དང་ཅིན་ཉིའུ་ཤང་། ཧུའུ་ཧྲི་ཤང་། ཀོན་ཏུའུ་གྲོང་རྡལ་བཅས་ནི་ཆུས་ལྔ་པའི་ཁོངས་སུ་གཏོགས།
སྤྱི་ལོ1950ལོའི་ཟླ7པར་ལུའུ་ཀྲོའུ་ནི་སི་ཁྲོན་ལྷོ་རྒྱུད་སྲིད་འཛིན་ཀུང་ཧྲུའུ་ཡི་ཐད་སྐྱོང་གྲོང་ཁྱེར་ཡིན་པ་དང་། དེའི་མངའ་འོག་ཏུ་ཆུས་དང་པོ་དང་། ཆུས་གཉིས་པ། ཆུས་གསུམ་པ། ལྷོ་བྱང་ཆུས་གཉིས་བཅས་ཡོད། ཆུས་དང་པོའི་མི་དམངས་སྲིད་གཞུང་ཞའོ་ཧྲི་རུ་བཅའ་སྡོད་བྱས་ཡོད། ལོ་དེའི་ཟླ11པར་ས་ཁུལ་ལེགས་སྒྲིག་བྱས་པ་མ་ཟད། མི་དམངས་སྲིད་གཞུང་དེ་ཆུས་ཀུང་སུའོ་ཞེས་པར་བསྒྱུར་པ་དང་། ཆུས་དང་པོའི་ཆུས་ཀུང་སུའོ་ཡི་ཞའོ་ཧྲི་རུ་བཅའ་སྡོད་བྱས་ཡོད།
སྤྱི་ལོ1952ལོའི་ཟླ8པར། སི་ཁྲོན་ལྷོ་མའི་སྲིད་འཛིན་ཀུང་ཧྲུའུ་མེད་པར་བཟོས་རྗེས། ཞའོ་ཧྲི་དང་ལའོ་ཧན་གཉིས་ལུའུ་ཀྲོའུ་གྲོང་ཁྱེར་དུ་གཏོགས།
སྤྱི་ལོ1959ལོར་ཧྲི་ཏུང་དང་། ཧྲོང་ཅ། ཡུང་ཧྲོའུ། ཨན་ཨན། ཡུན་ལུང་། མའོ་པ་བཅས་ཀུང་ཧྲེ་དྲུག་ཟླ་སྒྲིལ་བཏང་ནས་ལུའུ་རྫོང་ཐད་གཏོགས་ཀྱི“དར་དམར་མི་དམངས་ཀུང་ཧྲེ”བཙུགས་པ་དང་། ཡུན་རིང་མ་འགོར་བར་ཀུང་ཧྲེ་ཆུང་བ་སླར་གསོ་བྱས།
སྤྱི་ལོ1982ལོར་ཀུང་ཧྲེ་མེད་པར་བཟོས་ནས་ཞང་དང་གྲོང་རྡལ་གྱི་སྒྲིག་གཞི་སླར་གསོ་བྱས།
སྤྱི་ལོ1995ལོའི་ཟླ12པའི་ཚེས24ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལུའུ་ཀྲོའུ་གྲོང་ཁྱེར་ལུང་མ་ཐན་ཆུས་འཛུགས་རྒྱུའི་ཆོག་མཆན་གནང་།
སྤྱི་ལོ1996ལོའི་ཟླ1པའི་ཚེས26ཉིན། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ལུའུ་ཀྲོའུ་གྲོང་ཁྱེར་ལུང་མ་ཐན་ཆུས་འཛུགས་པར་ཆོག་མཆན་བཀོད། ཟླ7པའི་ཚེས1ཉིན། ལུང་མ་ཐན་ཆུས་གྱི་ལས་ཁུངས་ཀྱིས་ཕྱི་ཕྱོགས་སུ་གཞུང་དོན་སྒྲུབ་པ་དང་། ཟླ9པའི་ཚེས29ཉིན། ཆུས་མི་དམངས་སྲིད་གཞུང་སྐབས་དང་པོ་བདམས་ཐོན་བྱུང་།
སྤྱི་ལོ2019ལོའི་ཟླ12བར་ལུང་མཱ་ཐན་ཆུས་ཁོངས་གཏོགས་ཀྱི་ཁྲོམ་གཞུང8དང་གྲོང་རྡལ3ཡོད་པ།
ཁྲོམ་གཞུང་བདུན་ནི། ཞའོ་ཧྲི་ཁྲོམ་གཞུང་དང་། སྐར་དམར་ཁྲོམ་གཞུང་། པད་རྫིང་ཁྲོམ་གཞུང་། ལུའོ་ཧན་ཁྲོམ་གཞུང་། ཉ་རྫིང་ཁྲོམ་གཞུང་། ཨན་ཉིང་ཁྲོམ་གཞུང་། ཧྲི་ཏུང་ཁྲོམ་གཞུང་། ཐེ་ཤིང་ཁྲོམ་གཞུང་བཅས་ཡིན་པ་དང་།
གྲོང་རྡལ3ནི་ཧུའུ་ཧྲི་གྲོང་རྡལ་དང་། ཧྲོང་ཅ་གྲོང་རྡལ། ཅིན་ལུང་གྲོང་རྡལ་བཅས་ཡིན།
སྤྱི་ལོ2013ལོར་ལུང་མ་ཐན་ཆུས་སུ་མི3431སྐྱེས་པའི་ཐོ་འགོད་བྱས་པ་དང་། སྐྱེས་ཚད9.68‰ལ་སླེབས། སྐྱེས་པའི་མི་འབོར་ཁྲོད་སྐྱེས་པ1797ཡོད་པ་དང་། སྐྱེས་པའི་ཕོ་མོའི་ཕོ་མོའི་བསྡུར་ཚད109.98ལ་སླེབས། ལུང་མ་ཐང་ཆུས་སུ་མི2055ཤི་བ་དང་། ཤི་ཚད5.79‰ལ་སླེབས། མི་འབོར་རང་ཤུགས་སུ་འཕར་ཚད3.89‰ལ་སླེབས་ཡོད། སྤྱི་ལོ2013ལོའི་ཟླ12པའི་ཚེས31ཉིན་བར་ལུང་མ་ཐན་ཆུས་སུ་དུད་ཚང124536ཡོད་པ་དང་ཐེམ་ཐོའི་ཐོ་འགོད་བྱས་པའི་མི་གྲངས་བསྡོམས་འབོར་ཁྲི35.74ཡོད་པ་དང་དུད་ཚང་རེར་ཆ་སྙོམས་མི་གྲངས2.87ཡོད་པ་རེད། ཐེམ་ཐོ་ཐོ་འགོད་བྱས་པའི་མི་གྲངས་བསྡོམས་འབོར་ནང་ཞིང་ལས་མིན་པའི་མི་འབོར་ཁྲི16.35ལ་སླེབས་པ་དེས་སྤྱིའི་མི་འབོར་གྱི45.76%བཟུང་བ་དང་། བུད་མེད་མི་འབོར་ཁྲི18.05ལ་སླེབས་པ་དེས་སྤྱིའི་མི་འབོར་གྱི50.5%བཟུང་། ལོ18མན་གྱི་མི་ཁྲི6.16གིས་སྤྱིའི་མི་འབོར་གྱི17.25%བཟུང་བ་དེ་སྤྱི་ལོ2012ལོ་ལས0.07%མར་ཆག ལོ60ཡན་གྱི་མི་ཁྲི69.42ཀྱིས་སྤྱིའི་མི་འབོར་གྱི19.42%བཟུང་བ་དེ་སྤྱི་ལོ2012ལོ་ལས1.07%འཕར་བ་དང་མི་འབོར་རྒན་རྒོན་ཅན་དུ་འགྱུར་བའི་སྣང་ཚུལ་སྔར་བས་ཛ་དྲག་ཏུ་ཕྱིན་ཡོད། རྒྱུན་སྡོད་མི་གྲངས(ལོ་མཇུག་ཏུ་ས་ཁོངས་དེ་གར་ལོ་ཕྱེད་ཡན་བསྡད་པའི་མི་གྲངས)ཁྲི35.34ཡོད་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི26.72ཡོད་པ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད75.61%ལ་སླེབས་པ་དེ་སྤྱི་ལོ2012ལོ་ལས0.59%འཕར་བ་དང་ཐེམ་ཐོའི་མི་འབོར་ལྟར་བརྩིས་པའི་མི་འབོར་འདུས་ཚད་སྟོང་སྨི་གྲུ་བཞི་མ་རེར་མི1074ཡོད་པ་དང་རྒྱུན་སྡོད་མི་འབོར་ལྟར་བརྩིས་པའི་མི་འབོར་འདུས་ཚད་སྟོང་སྨི1061ཡོད་པ་རེད།
སྤྱི་ལོ2013ལོར་ལུང་མ་ཐན་ཆུས་སུ་སྒོར་དུང་ཕྱུརGDP161.88ལ་སླེབས་ནས་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྤྱི་ལོ2012ལོ་ལས13.1%འཕར་ནས་འཕར་ཚད་གྲོང་ཁྱེར་ཡོངས་ཀྱི་ཨང་དང་པོ་རྒྱུན་འཁྱོངས་ཐུབ་ཡོད། གྲོང་ཁྱེར་ཡོངས་ཀྱི11.2%དང་། ཞིང་ཆེན་ཡོངས་ཀྱི10% རྒྱལ་ཡོངས་ཀྱི7.7%བཅས་ལས1.9%དང་། 3.1% 5.4%བཅས་སོ་སོར་མཐོ་བ་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར8.9ལ་སླེབས་པ་དེ་སྤྱི་ལོ2012ལོ་ལས4.4%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐངསྒོར་དུང་ཕྱུར་116.06ལ་སླེབས་པ་དེ་སྤྱི་ལོ2012ལོ་ལས14.1%འཕར་བ་དང་། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར36.92ལ་སླེབས་ནས་སྤྱི་ལོ2012ལོ་ལས་11.7%འཕར་ཡོད། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱིསGDPལ་སྐྱེས་འབུལ་ཚད་སོ་སོར1.7%དང་། 77.7% 20.6%བཅས་ལ་སླེབས་པ་དངསོ་སོརGDP0.2%དང་། 10.2% 2.7%བཅས་ལ་འཕར་རྒྱུར་སྐུལ་ཁྲིད་བྱས་པ་སྟེ། ཐོན་ལས་ཐེངས་གསུམ་གྱི་གྲུབ་ཆ་དེ་སྤྱི་ལོ2012ལོའི5.8:71.9:22.3ནས5.5:71.7:22.8བར་ལེགས་སྒྲིག་བྱས་པ་རེད། རྒྱུན་སྡོད་མི་འབོར་ལྟར་བརྩིས་པའི་མི་རེའི་ཆ་སྙོམསGDPསྒོར45860ལ་སླེབས་པ་དེ་སྤྱི་ལོ2012ལོ་ལས་སྒོར4425འཕར་བ་དང་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན12%འཕར་ཡོད། སྤྱི་ལོ2008ལོ་དང་བསྡུར་ན། བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན། GDPསྤྱི་འབོར120.4%འཕར་བ་དང་། ལོ་རེར་ཆ་སྙོམས17.1%འཕར་ཡོད། མི་རེའི་ཆ་སྙོམས་GDP103.8%འཕར་ནས་ལོ་རེར་ཆ་སྙོམས15.3%འཕར། ཐོན་ལས་དང་པོའི་བསྡུར་ཚད3.5%མར་ཆག་པ་དང་། ཐོན་ལས་གཉིས་པའི་བསྡུར་ཚད10.4%འཕར། ཐོན་ལས་གསུམ་པ6.9%མར་ཆག་ཡོད།
སྤྱི་ལོ2013ལོར་ལུང་མ་ཐན་ཆུས་ཀྱིས་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར121.38བཏང་བ་དེས་ལོ་ཧྲིལ་པོའི་དམིགས་ཚད་བསྡོམས་འབོར་གྱི103.74%བཟུང་བ་དང་། དམིགས་ཚད་ལེགས་སྒྲུབ་བྱེད་ཚད་གྲོང་ཁྱེར་དེ་ཡོངས་ཀྱི་ཨང5པར་སླེབས། སྤྱི་ལོ2012ལོ་ལས30.9%འཕར། འཕར་ཚད་གྲོང་ཁྱེར་དེ་ཡོངས་ཀྱི་ཨང4པར་སླེབས། འཕར་ཚད་གྲོང་ཁྱེར་དེ་ཡོངས་ཀྱི1.8%ལས་མཐོ་བ་དང་ཞིང་ཆེན་དེ་ཡོངས་ཀྱི1.8%ལས་མཐོ་བ་ཡོད་པ་རེད།
སྤྱི་ལོ2013ལོར་ལུང་མ་ཐན་ཆུས་གྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལ་ཁྲལ་འབབ་སྒོར་དུང་ཕྱུར14.82ལ་སླེབས་པ་དེ་དུས་མཚུངས་ལས20.8%འཕར་བ་དེས་ལུང་མ་ཐན་ཆུས་གྱི་རྒྱལ་ཁྲལ་གྱི་སྤྱིའི་ཡོང་འབབ་ཀྱི97.3%བཟུང་ཡོད། སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་འཕར་ཐང་སྒོར་དུང་ཕྱུར99.2ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2012ལོ་ལས15.2%འཕར་བ་དེGDPའཕར་ཚད2.1%ལས་མཐོ་བ་ཡོད་པ་དེ་གྲོང་ཁྱེར་དེ་ཡོངས་ཀྱི14.3ལས0.9%ཡིས་མཐོ་བ་དང་འཕར་ཚད་གྲོང་ཁྱེར་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། GDPནང་བཟུང་བའི་བསྡུར་ཚད61.3%ལ་སླེབས་པ་དེ་སྤྱི་ལོ2012ལོ་ལས0.4%འཕར་ནས་ལུང་མ་ཐན་ཆུས་གྱིGDP9.3%འཕར་ནས་ལེགས་སྐྱེས་འབུལ་ཚད71%ལ་སླེབས་པ་དེ་སྤྱི་ལོ2012ལོ་ལས2.7%འཕར་ཡོད། སྤྱི་དབང་མིན་པའི་དཔལ་འབྱོར་གྱི་འཕར་ཐང་ནང་དམངས་གཉེར་དཔལ་འབྱོར(རྐྱང་བའི་སྒེར་གཉེར་དཔལ་འབྱོར)འཕར་ཐང་སྒོར་དུང་ཕྱུར90.66ལ་སླེབས་པ་དེ་སྤྱི་ལོ2012ལོ་ལས15.5%འཕར་བ་དེསGDPཡི56%བཟུང་བ་དེ་སྤྱི་ལོ2012ལོ་ལས0.5%འཕར་བ་དང་། ལུང་མ་ཐན་ཆུས་གྱིGDPཡི་སྐྱེས་འབུལ་ཚད65.9%ལ་སླེབས་པ་དེ་སྤྱི་ལོ2012ལོ་ལས6.7%འཕར། ལུང་མ་ཐན་ཆུས་གྱི་དཔལ་འབྱོར་འཕར་ཚད8.6%ལ་སླེབས་པ་བཅས་རེད། སྤྱི་ལོ2008ལོ་དང་བསྡུར་ན། བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན། དམངས་གཉེར་དཔལ་འབྱོར་གྱི་རིན་ཐང་འཕར་མ144.1%འཕར་བ་དང་། ལོ་རེར་ཆ་སྙོམས19.5%འཕར། GDPཡི་བསྡུར་ཚད་དེ་སྤྱི་ལོ2008ལོའི56.5%ནས་སྤྱི་ལོ2013ལོའི61.3%བར་མཐོ་རུ་ཕྱིན་ནས4.8%འཕར་ཡོད།
སྤྱི་ལོ2013ལོར་ལུང་མ་ཐན་ཆུས་སུ་སྤྱི་ཚོགས་ཡོངས་ཀྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར109.21བྱུང་བ་དེ་སྤྱི་ལོ2012ལོ་ལས13.5%འཕར་བ་དངGDP9.2%འཕར་རྒྱུར་སྐུལ་ཁྲིད་ཐུབ་ནས་སྐྱེས་འབུལ་ཚད70.3%ལ་སླེབས་ནས་ལས་རིགས་ཁག་གི་ཨང་དང་པོར་སླེབས་ཡོད། དེའི་ནང་ལུང་མ་ཐན་ཆུས་སུ་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར107.81ལ་སླེབས་པ་དེ་སྤྱི་ལོ2012ལོ་ལས13.4%འཕར་བ་དང་འཕར་ཚད་གྲོང་ཁྱེར་ཡོངས་ཀྱི་ཨང་དང་པོར་སླེབས་ནས་དུས་མཚུངས་ཀྱི་གྲོང་ཁྱེར་ཡོངས་དང་། ཞིང་ཆེན། རྒྱལ་ཡོངས་བཅས་ཀྱི་ཆ་སྙོམས་ཆུ་ཚད་ལས་སོར2.1%དང་། 2.3% 3.7%བཅས་མཐོ་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཁྲོད་གཞུང་ཁོངས་ཁེ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར2.26ལ་སླེབས་པ་དེ་དུས་མཚུངས་ལས0.9%མར་ཆག་པ་དང་། མཉམ་སྡེབ་ཁེ་ལས་ལ་སྒོར་དུང་ཕྱུར3.55བཏང་བ་དེ་དུས་མཚུངས་ལས30.6%འཕར། མ་རྐང་ལམ་ལུགས་ཀྱི་ཁེ་ལས་སྒོར་དུང་ཕྱུར87.35ལ་སླེབས་པ་དེ་དུས་མཚུངས་ལས13.1%འཕར། ཕྱི་རྒྱལ་གྱི་ཚོང་པ་དང་དེ་བཞིན་ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་ཚོང་པས་མ་འཇོག་བྱས་པའི་ཁེ་ལས་སྒོར་དུང་ཕྱུར2.33ལ་སླེབས་པ་དེ་དུས་མཚུངས་ལས7.9%འཕར། དཔལ་འབྱོར་རིགས་ཀྱི་ཁེ་ལས་གཞན་དག་ལ་སྒོར་དུང་ཕྱུར12.32བཏང་བ་དེ་དུས་མཚུངས་ལས16.1%འཕར། ཡང་བའི་བཟོ་ལས་ཀྱི་འཕར་ཚད་དེ་ལྕི་བའི་བཟོ་ལས་ཀྱི་སྔོན་ལ་སླེབས་ཡོད། ཡང་བའི་བཟོ་ལས་དང་ལྕི་བའི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར78.85དང་སྒོར་དུང་ཕྱུར28.96སོ་སོར་མངོན་འགྱུར་བྱུང་བ་དེ་སྤྱི་ལོ2012ལོ་ལས17.6%དང4.3%འཕར། བཟའ་བཅའ་དང་། རྫས་འགྱུར་བཟོ་ལས། འཕྲུལ་ཆས་བཅས་ལས་རིགས་ཆེན་པོ་གསུམ་ལ་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར91.9ལ་སླེབས་པ་དེ་དུས་མཚུངས་ལས12.2%འཕར་ཡོད། དེའི་ནང་རིན་ཐང་འཕར་མ་སྒོར་དུང་ཕྱུར62.1དང་། སྒོར་དུང་ཕྱུར21.8སྒོར་དུང་ཕྱུར8བཅས་སོ་སོར་ལ་སླེབས་པ་དེ་དུས་མཚུངས་ལས་སོ་སོར16.7%དང་། 2.9% 10.4%བཅས་འཕར་ཡོད་པ་རེད། ལས་རིགས་ཆེན་པོ་གསུམ་གྱི་འཕར་ཐང་གིས་གཞི་ཁྱོན་ཡན་གྱི་བཟོ་ལས་བསྡུར་ཚད་ཀྱི85.3%བཟུང་ནས་གཞི་ཁྱོན་ཡན་གྱི་བཟོ་ལས10.7%འཕར་རྒྱུར་སྐུལ་ཁྲིད་བྱས་པ། ཐོན་རྫས་གཙོ་བོའི་ཐོན་ཚད་འཕར་སྣོན་དང་ཉུང་དུ་ཕྱིན་ཡོད། གཙོ་གནད་ལྟ་ཞིབ་ཚད་ལེན་གྱི་བཟོ་ལས་ཐོན་རྫས་གཙོ་བོ27ཁྲོད་ནས་སྣ་ཁ19འཕར་ནས་འཕར་ཚད70.4%ལ་སླེབས་ཡོད་པ་རེད།