ཞོན་ཝུའེ་གྲོང་ཁྱེར།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2020-05-15 15:37ལ་འགྲུབ།

ཞོན་ཝུའེ་གྲོང་ཁྱེར།

ཞོན་ཝུའེ་གྲོང་ཁྱེར།
ཞོན་ཝུའེ་གྲོང་ཁྱེར་ནི་ཡུན་ནན་ཞིང་ཆེན་གྱི་བྱང་ཤར་རྒྱུད་དུ་གནས་པ་དང་ཡུན་ནན་ཞིང་ཆེན་ཆུས་ཅིང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན། ཤར་ནི་ཀོས་ཀྲིག་ཞིང་ཆེན་གྱི་ཕན་ཀྲོའུ་གྲོང་ཁྱེར་དང་ཁྱིམ་མཚེས་ཡིན། ལྷོ་ངོས་ཞོན་ཝུའེ་གྲོང་ཁྱེར་གྱི་ཀྲན་དབྱི་ཆུས་ཀྱི་ས་མཐའ་འབྲེལ་ཞིང་། ནུབ་མཚམས་ཉིའུ་ལན་གཙང་པོ་དང་ཧུའེ་ཙེ་རྫོང་དང་ཁ་སྤྲོད་དུ་གནས་ཡོད། བྱང་ངོས་ཀུའེ་ཀྲོའུ་ཝེ་ཉིང་རྫོང་གི་ས་མཚམས་དང་འབྲེལ་ནས་ཞིང་ཆེན་ལྟེ་གནས་ཏེ་ཁུན་མིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ260ཡོད། སྤྱི་ལོ2008ལོ་བར་ཞོན་ཝུའེ་གྲོང་ཁྱེར་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ6069.88ཟིན་ཡོད། ཡུན་ནན་ཞིང་ཆེན་གྱི་སྤྱིའི་རྒྱ་ཁྱོན་གྱི1.58%ཟིན་ཡོད། གྲོང་ཁུལ་ནས་ཆུས་ཅིང་གྲོང་ཁྱེར་སྲིད་གཞུང་གནས་ཡུལ་དང་བར་ཐག་སྟོང་སྨི102དང་ཁུན་མིང་དང་བར་ཐག་སྟོང་སྨི204ཡོད། ཡུལ་སྐོར་ཐོན་ཁུངས་ཅུང་ཕུན་སུམ་ཚོགས་པ་ཡོད་ཅིང་། ཡུལ་ལྗོངས་གྲགས་ཅན་གྱི་གྲས་སུ་གཙོ་བོ་ཏུང་ཧྲན་སྤྱི་གླིང་དང་། ཝན་ཧྲུའེ་སྤྱི་གླིང་། མེ་ཧུའེ་ཧྲན་སྤྱི་གླིང་། ཏུའུ་ཀུའུ་གྲོང་རྡལ། ལའེ་པིན་ལུང་ཏུང་། ཞི་ཧྲན་ནགས་ཚལ་སྤྱི་གླིང་། ཏ་ཝུན་ཧྲུའེ། རུང་ཧྲན་ཉི་ཤར་སོགས་ཡོད། ཁྱད་ལྡན་ཐོན་རྫས་དག་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆོད་ཡོད། སྤྱི་ལོ2019ལོའི་ཀྲུང་གོའི་ནུབ་རྒྱུད་ཀྱི་ཕུལ་བྱུང་རྫོང་བརྒྱ་རུ་བདམས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
宣威市
ཕྱི་ཡིག་གི་མིང་།
Xuan Wei Shi
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཡུན་ནན་ཞིང་ཆེན་ཆུས་ཅིང་གྲོང་ཁྱེར།
མངའ་ཁོངས། 
ཁྲོམ་གཞུང3ཡོད།
སྦྲག་སྲིད་ཨང་རྟགས།
655400
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
530381
རླངས་འཁོར་ཚབ་ཨང་།
云D
མི་གྲངས།
ཁྲི152.95(སྤྱི་ལོ2015ལོ)ཡོད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ6069.88ཡོད།
ནམ་ཟླ།
ཚ་ཁུལ་ཕལ་བའི་མཐོ་སྒང་གི་དུས་རླུང་ནམ་ཟླ།
ས་ཁོངས་ཁ་པར་ཨང་རྟགས།
0874
ཡུལ་སྐད།
ལྷོ་ནུབ་སྐད།
མེ་འཁོར་འབབ་ཚུགས།
ཞོན་ཝུའེ་འབབ་ཚུགས།
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར223.8424(སྤྱི་ལོ2015ལོ)ཡོད།
1 ​ལོ་རྒྱུས་འཕེལ་རིམ།

མིན་གོའི་སྲིད་ལོ་གཉིས་པར་ཀྲོའུ་རུ་རྫོང་བཙུགས། ཞོན་ཝུའེ་ཁུལ་ནི་ཞོན་ཝེ་རྫོང་དུ་བསྒྱུར་བ་དང་། ཡུན་ནན་ཞིང་ཆེན་གྱི་ཁུལ་གཉིས་པའི་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ཡི་མངའ་ཁོངས་སུ་གཏོགས། 

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་རྗེས་ཞོན་ཝུའེ་རྫོང་ནི་སྔར་བཞིན་ཆུས་ཅང་ས་ཁུལ་གྱི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།  

སྤྱི་ལོ1954ལོའི་ཟླ6པའི་ཚེས30ཉིན་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ནང་སྲིད་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད། ཞོན་ཝུའེ་རྫོང་ནི་རུང་ཧྥུན་རྫོང་དུ་བསྒྱུར་ཞིང་། ཟླ11པའི་ཚེས30ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཞོན་ཝུའེརྫོང་སླར་གསོ་བྱས།   

སྤྱི་ལོ1994ལོའི་ཟླ2པའི་ཚེས18ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཞོན་ཝུའེ་རྫོང་མེད་པར་བཟོས་ནས་ཞོན་ཝེ་གྲོང་ཁྱེར(རྫོང་རིམ་པའི་གྲོང་ཁྱེར)དུ་བསྒྱུར།

2 སྲིད་འཛིན་ཁོངས་བགོས།    

སྤྱི་ལོ2009ལོར། ཡུལ་ཚོ(གྲོང་རྡལ་དང་ཁྲོམ་གཞུང)26ཡོད་པ་སྟེ། ཝན་ཧྲུའེ་ཁྲོམ་གཞུང་དང་། ཟི་ལིང་ཁྲོམ་གཞུང་། ཧྲོང་ལུང་ཁྲོམ་གཞུང་། ཧུང་ཆའོ་ཁྲོམ་གཞུང་། ལའེ་པིན་ཁྲོམ་གཞུང་། རུའུ་ཐང་གྲོང་རྡལ། ཐན་པ་གྲོང་རྡལ། པན་ཆའོ་ཁྲོམ་གཞུང་། དབྱང་ཁྲང་གྲོང་རྡལ། ཀེ་དབྱི་གྲོང་རྡལ། ལུང་ཁྲང་གྲོང་རྡལ། ཧའེ་ཏའེ་གྲོང་རྡལ། ཝུའུ་ཏེ་གྲོང་རྡལ། ལུང་ཐན་གྲོང་རྡལ། པའོ་ཧྲན་གྲོང་རྡལ། ཏུང་ཧྲན་གྲོང་རྡལ། ཆུ་ཁོལ་གྲོང་རྡལ། ཏེ་ལི་ཡུལ་ཚོ། ཕུའུ་ལི་ཡུལ་ཚོ། དབྱང་ལིའུ་ཡུལ་ཚོ། ཧྲོང་ཧོ་ཡུལ་ཚོ། ལེ་ཧྥུང་ཡུལ་ཚོ། ཝུན་ཞིན་ཡུལ་ཚོ། ཨ་ཏུའུ་ཡུལ་ཚོ། གྲོང་མིའི་ཨུ་ཡོན་ལྷན་ཁང331དང་སྡོད་དམངས་ཨུ་ཡོན་ལྷན་ཁང25ཡོད།     སྤྱི་ལོ2014ལོ།ར ཞོན་ཝུའེ་ཡིས་ལའེ་པིན་གྲོང་རྡལ་གྱི་རྨང་གཞིའི་ཐོག་ཧྥུང་ཧོང་ཁྲོམ་གཞུང་དང་སྐུ་མགྲོན་ཁྲོམ་གཞུང་བཙུགས་པ་དང་ཡོན་ཝན་ཧྲུའེ་ཁྲོམ་གཞུང་གི་རྨང་གཞིའི་ཐོག་ཞིན་ཝན་ཧྲུའེ་ཁྲོམ་གཞུང་དང་ཧྥེང་ཧྭ་ཁྲོམ་གཞུང་བཙུགས་ཡོད། པན་ཆའོ་གྲོང་རྡལ་གྱི་རྨང་གཞིའི་ཐོག་པན་ཆའོ་ཁྲོམ་ལམ་བཙུགས།     སྤྱི་ལོ2014ལོར་ཞོན་ཝུའེ་གྲོང་ཁྱེར་ཁོངས་གཏོགས་ཆུས་སུ་ཡུལ་ཚོ(གྲོང་རྡལ་དང་ཁྲོམ་གཞུང)28ཡོད་པ་སྟེ། ཝན་ཧྲུའེ་ཁྲོམ་གཞུང་དང་། ཟི་ལིང་ཁྲོམ་གཞུང་། ཧྲོང་ལུང་ཁྲོམ་གཞུང་། ཧུང་ཆའོ་ཁྲོམ་གཞུང་། ལའེ་པིན་ཁྲོམ་གཞུང་། པན་ཆའོ་ཁྲོམ་གཞུང་། ཧྥང་ཧོང་ཁྲོམ་གཞུང་། ཧྥེང་ཧྭ་ཁྲོམ་གཞུང་། ན་ཐང་གྲོང་རྡལ། ཐེན་ཐང་གྲོང་རྡལ། དབྱང་ཁྲང་གྲོང་རྡལ། ཀེ་དབྱི་གྲོང་རྡལ། ལུང་ཁྲང་གྲོང་རྡལ། ཧའེ་ཏའེ་གྲོང་རྡལ། ལུའུ་ཧྲུའེ་གྲོང་རྡལ། ཝུའུ་ཏེ་གྲོང་རྡལ། ལུང་ཐན་གྲོང་རྡལ། པའོ་ཧྲན་གྲོང་རྡལ། ཏུང་ཧྲན་གྲོང་རྡལ། ཏེ་ལུའུ་ཡུལ་ཚོ། ཕུའུ་ལི་ཡུལ་ཚོ། ཤིས་ཙེ་ཡུལ་ཚོ། དབྱང་ལིའུ་ཡུལ་ཚོ། ཧྲོང་ཧོ་ཡུལ་ཚོ། ལེ་ཧྥེང་ཡུལ་ཚོ། ཝུན་ཤིང་ཡུལ་ཚོ་བཅས་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཞོན་ཝུའེ་གྲོང་ཁྱེར་ནི་ཡུན་ནན་ཞིང་ཆེན་གྱི་བྱང་ཤར་རྒྱུད་དུ་གནས་པ་དང་ཡུན་ནན་ཞིང་ཆེན་ཆུས་ཅིང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན། ཤར་ནི་ཀོས་ཀྲིག་ཞིང་ཆེན་གྱི་ཕན་ཀྲོའུ་གྲོང་ཁྱེར་དང་ཁྱིམ་མཚེས་ཡིན། ལྷོ་ངོས་ཞོན་ཝུའེ་གྲོང་ཁྱེར་གྱི་ཀྲན་དབྱི་ཆུས་ཀྱི་ས་མཐའ་འབྲེལ་ཞིང་། ནུབ་མཚམས་ཉིའུ་ལན་གཙང་པོ་དང་ཧུའེ་ཙེ་རྫོང་དང་ཁ་སྤྲོད་དུ་གནས་ཡོད། བྱང་ངོས་ཀུའེ་ཀྲོའུ་ཝེ་ཉིང་རྫོང་གི་ས་མཚམས་དང་འབྲེལ་ནས་ཞིང་ཆེན་ལྟེ་གནས་ཏེ་ཁུན་མིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ260ཡོད།  སྤྱི་ལོ2008ལོ་བར་ཞོན་ཝུའེ་གྲོང་ཁྱེར་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ6069.88ཟིན་ཡོད།

3_2 ས་གཤིས།    

ཞོན་ཝུའེ་གྲོང་ཁྱེར་ནི་ཡུན་ནན་ས་མཐོའི་བྱང་ཤར་རྒྱུད་དུ་གནས་ཤིང་། ཡུན་ནན་ས་མཐོ་ནས་ཀུའེ་ཀྲོའུ་ས་མཐོར་བར་བརྒལ་གྱི་གསེག་ངོས་སུ་གནས་ཡོད། ས་བབ་ནུབ་བྱང་མཐོ་ལ་ཤར་ལྷོ་དམའ། མངའ་ཁོངས་ཁྲོད་ཆེས་མཐོ་བའི་གནས་ནི་ཤར་རིའི་རི་རྩེ་གཙོ་བོ་ཡིན། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི2868ཡོད་པ་དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི920དང་བལྟོས་བཅས་ཀྱི་མཐོ་ཚད་སྨི1948ཟིན་ཡོད། འཕྲེད་བཅད་གྲོང་ཁྱེར་གྱི་རི་རྒྱུད་ནི་ཝུའུ་མེང་རི་རྒྱུད་ཀྱི་ཁོངས་སུ་གཏོགས། ནུབ་རྒྱུད་དང་དབུས་བྱང་རྒྱུད་ནི་ཝུའུ་མེང་རི་བོའི་ཀྲུང་ལེ་རི་རྒྱུད་ཡིན་པ་དང་། བྱང་ཤར་ནས་ལྷོ་ནུབ་ཕྱོགས་སུ་ཕྱོགས་ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྤྱིར་བཏང་སྨི2300-2400ཡོད།    

3_3 ནམ་ཟླ།  

ཞོན་ཝོའེ་གྲོང་ཁྱེར་གྱི་དབྱར་སྟོན་དང་དགུན་དཔྱིད་སོ་སོར་རྒྱ་མཚོའི་རང་བཞིན་དང་སྐམ་སའི་རང་བཞིན་གྱི་རླུང་ཚོམ་གྱིས་ཤུགས་རྐྱེན་ཐེབས། བྱང་གི་ཚ་ཁུལ་དང་། དྲོད་ཁུལ་ལྷོ་མ། དྲོད་ཁུལ་བཅས་ཀྱི་གནམ་གཤིས་ས་རྒྱུད་སྣ་ཚོགས་མཉམ་དུ་གནས་པས་འཕྲེད་ཐིག་དམའ་བའི་མཐོ་སྒང་གི་དུས་རླུང་གནམ་གཤིས་ཆགས། ཁྱད་ཆོས་གཙོ་བོར་དགུན་དུས་གྲང་ངར་མེད་པ་དང་དབྱར་དུས་ཚ་གདུག་མེད། ལོ་རེའི་དྲོད་ཚད་ཀྱི་ཧེ་བག་ཆུང་བ་དང་། ཉིན་རེའི་དྲོད་ཚད་ཀྱི་ཧེ་བག་ཆེ། དུས་བཞིའི་དབྱེ་བ་གསལ་པོ་མེད། དགུན་དཔྱིད་ཐན་པ་ཆེ། དབྱར་སྟོན་བཞའ་ཚན་ཆེ། ཆར་ཆུ་གཅིག་སྡུད་ཆེ་ལ། སྐམ་རློན་གསལ་བོ་ཡིན། ལོ་རེར་འགྱུར་ཚད་ཆེ། འོད་ཕོག་ཚད་འདང་བ་དང་། དྲོད་ཚད་དམའ་ཞིང་ས་ཁོངས་ཀྱི་བར་ཁྱད་ཆེ་བ་བཅས་ཡིན།

4 མི་འབོར་དང་མི་རིགས།    
4_1 མི་འབོར།   

སྤྱི་ལོ2013ལོའི་ལོ་མཇུག་ཏུ་ཞོན་ཝུའེ་གྲོང་ཁྱེར་གྱི་ཐེམ་ཐོའི་མི་གྲངས་བསྡོམས་འབོར་ཁྲི151.85ཟིན་པའི་ནང་ཞིང་ལས་མིན་པའི་མི་འབོར་ཁྲི24.14ཡོད་པ་རེད། སྐྱེས་པ་ཁྲི80.11དང་བུད་མེད་ཁྲི71.73དང་ཕོ་མོའི་བསྡུར་ཚད111.7(བུད་མེད100)ཡིན། ལོ་མཇུག་ཏུ་གྲོང་ཁྱེར་དེ་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི132.68ཟིན་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི56.07དང་གྲོང་གསེབ་ཀྱི་མི་འབོར་ཁྲི76.61ཡོད། མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད42.26%ཟིན་ཡོད། མི་འབོར་སྐྱེ་ཚད12.72‰དང་། ཤི་ཚད6.27‰  རང་བྱུང་འཕར་ཚད6.45‰བཅས་རེད།     སྤྱི་ལོ2015ལོའི་ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་ཐེམ་ཐོའི་མི་གྲངས་བསྡོམས་འབོར་ཁྲི152.95ཟིན་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི75.48དང་གྲོང་གསེབ་ཀྱི་མི་འབོར་ཁྲི77.47ཡོད་པ་རེད། སྐྱེས་པ་ཁྲི80.79དང་བུད་མེད་ཁྲི72.16ཡོད་པ་དང་ཕོ་མོའི་བསྡུར་ཚད111.96(བུད་མེད100ཡིན) གྲོང་ཁྱེར་དེ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་མི་འབོར་ཁྲི11.18ཟིན་པ་དེས་སྤྱིའི་མི་འབོར་གྱི7.31%བཟུང་ཡོད། དེའི་ནང་དབྱིས་རིགས་མི་ཁྲི7.55དང་། ཀྲོང་རིགས་མི་ཁྲི0.23ཡོད། མིའོ་རིགས་མི་ཁྲི0.62དང་ཧུའེ་རིགས་མི་ཁྲི2.23ཡོད། ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི135.21ཟིན་ནས་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད46.6%ཟིན་ཡོད། མི་འབོར་སྐྱེ་ཚད་13.99‰དང་། ཤི་ཚད6.99‰རང་བཞིན་གྱིས་འཕར་ཚད6.96‰བཅས་ཡིན།    

4_2 མི་རིགས།   

གྲོང་ཁྱེར་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་མི་འབོར་ཁྲི10.74ཟིན་པ་དེས་སྤྱིའི་མི་འབོར་གྱི7.07%བཟུང་ཡོད། དེའི་ནང་དབྱིས་རིགས་མི་ཁྲི7.32དང་། ཀྲོང་རིགས་མི་ཁྲི0.21ཡོད། མིའོ་རིགས་མི་ཁྲི0.56དང་ཧུའེ་རིགས་མི་ཁྲི2.18ཡོད།    

5 ཆོས་ལུགས།    

ཞོན་ཝུའེ་གྲོང་ཁྱེར་དུ་དབྱི་སི་ལན་ཆོས་ལུགས་དང་ནང་བསྟན་ཆོས་ལུགས། ཡེ་ཤུའི་ཆོས་ལུགས་བཅས་ཆོས་ལུགས་གསུམ་ཡོད། སྲིད་གཞུང་གི་ཆོག་མཆན་ཐོབ་ནས་བཙུགས་པའི་ཆོས་ལུགས་བྱེད་སྒོ་སྤེལ་ས49ཡོད་པའི་ནང་དབྱི་སི་ལན་ཆོས་ལུགས20ཡོད་པ་དང་། ཡེ་ཤུའི་ཆོས་ལུགས21དང་སངས་རྒྱས་ཆོས་ལུགས8 ཆོས་དད་མང་ཚོགས47500ཡོད་པའི་ནང་དབྱི་སི་ལན་ཆོས་ལུགས་ལ་དད་པ་བྱེད་མཁན18500ཡོད། སངས་རྒྱས་ཆོས་ལུགས་ལ་དད་པ་བྱེད་མཁན་མི20000ལྷག་ཡོད་པ་དང་། ཡེ་ཤུའི་ཆོས་ལུགས་ལ་དད་པ་བྱེད་མཁན་མི9000ལྷག་ཡོད། ཁྲིམས་ལྟར་ནང་བསྟན་མཐུན་ཚོགས་དང་ཡེ་ཤུའི་ཆོས་ལུགས་མཐུན་ཚོགས་བཙུགས་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཆོས་ལུགས་བྱེད་སྒོ་སྣ་ཚོགས་རྒྱུན་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་ཡོད།

6 དཔལ་འབྱོར།  

སྤྱི་ལོ2015ལོར། ཞོན་ཝུའེ་གྲོང་ཁྱེར་གྱིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར223.8424ཟིན་ནས་སྤྱི་ལོ2010ལོའི་འགྱུར་མེད་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས9.0%འཕར་ཡོད། མི་རེའི་ཆ་སྙོམས་ཀྱིGDPསྒོར16665ཟིན་ཡོད། ཐོན་ལས་གྲུབ་ཆ་ཐེངས་གསུམ་གྱི་བསྡུར་ཚད་དེ་ལོ་གོང་མའི་དུས་མཚུངས་ཀྱི24.5:26.8:48.7ནས23.6:26.6:49.8བར་ལེགས་སྒྲིག་བྱས་ཡོད། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕར་ཐང་སྒོར་དུང་ཕྱུར111.0682ལེགས་གྲུབ་བྱུང་བ་དེས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད49.6%ཟིན་ཡོད། 

6_1 ཐོན་ལས་དང་པོ།    

སྤྱི་ལོ2015ལོར། ཞོན་ཝུའེ་གྲོང་ཁྱེར་གྱི་ལོ་ཧྲིལ་པོའི་འབྲུ་རིགས་འདེབས་ཁྱོན་མུའུ2858700ཟིན་པ་དེ་སྤྱི་ལོ2014ལོའི་མུའུ2847330ནས་མུའུ11370མང་དུ་ཕྱིན་ཡོད། 0.4%འཕར་བའི་ནང་དབྱར་འབྲུ་མུའུ451965དང་སྟོན་འབྲུ་མུའུ2406735ཡོད། ལོ་ཧྲིལ་པོར་འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་སྤྱི་རྒྱ་ཁྲི82104.3ཟིན་ཡོད། སྤྱི་ལོ2014ལོའི་སྤྱི་རྒྱ་ཁྲི80022.5ཡི་ཐོན་འཕར་སྤྱི་རྒྱ་ཁྲི2081.8ཟིན་ནས2.60%འཕར་ཡོད་པ་རེད། ལོ་ཧྲིལ་པོར་ཞིང་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར90.3196ཟིན་པ་དེ་དུས་མཚུངས་ལས5.90%འཕར་ཡོད། དེའི་ནང་ཞིང་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར34.1193ཟིན་ནས་བསྡུར་གཞི་ཡོད་པའི་རིན་གོང་དུས་མཚུངས་ལས3.27%འཕར་བ་དང་། ནགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི་3016ཟིན་ནས་བསྡུར་གཞི་ཡོད་པའི་རིན་གོང་དུས་མཚུངས་ལས1.62%འཕར། འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར54.6439ཟིན་ནས་བསྡུར་གཞི་ཡོད་པའི་རིན་གོང་དུས་མཚུངས་ལས7.66%འཕར། ཉ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི932ཟིན་ནས་བསྡུར་གཞི་ཡོད་པའི་རིན་གོང་དུས་མཚུངས་ལས4.51%འཕར། ཞིང་ནགས་འབྲོག་ཉ་གསུམ་གྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར1.1616ཟིན་ནས་བསྡུར་གཞི་ཡོད་པའི་རིན་གོང་དུས་མཚུངས་ལས1.99%འཕར་ཡོད།    

6_2 ཐོན་ལས་གཉིས་པ།    

སྤྱི་ལོ2015ལོར། ཞོན་ཝུའེ་གྲོང་ཁྱེར་བཟོ་ལས་ཁེ་ལས་ཀྱིས་རིམ་རྩིས་བྱས་ན་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར171.79ཟིན་པ་དེ་དུས་མཚུངས་ལས7.35%འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར123.30ཟིན་པ་དེ་དུས་མཚུངས་ལས5.80%འཕར། གཞི་ཁྱོན་མན་གྱི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར48.49ཟིན་པ་དེ་དུས་མཚུངས་ལས11.50%འཕར་ཡོད།     ཡང་བའི་བཟོ་ལས་དང་ལྕི་བའི་བཟོ་ལས་ཀྱི་གྲུབ་ཆ་ནས་བལྟས་ན། ཡང་བའི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར14.98ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས24.63%འཕར་བ་དང་། ལྕི་བའི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར108.32ཟིན་པ་དེ་དུས་མཚུངས་ལས3.64%འཕར་ཡོད། 

དཔལ་འབྱོར་རྣམ་པའི་ཐོག་ནས་བལྟས་ན། གཞུང་ཁོངས་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར3.96ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས2.46%ཆག་པ་དང་། མཉམ་སྡེབ་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར5.26ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས155.34%འཕར། མ་རྐང་ལམ་ལུགས་ཀྱི་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར99.08ཟིན་པ་དེ་དུས་མཚུངས་ལས3.86%ཆག དཔལ་འབྱོར་རིགས་ཀྱི་ཁེ་ལས་གཞན་དག་གིས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར15ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས103.53%འཕར་ཡོད་པ་རེད།  

ལས་རིགས་བགོས་ཚུལ་ཐད། རྡོ་སོལ་སྔོག་འདོན་དང་དེ་བཞིན་འཁྲུད་འདེམས་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར26.94ཟིན་པ་དེ་དུས་མཚུངས་ལས74.48%འཕར། རྫས་འགྱུར་རྒྱུ་ཆ་དང་དེ་བཞིན་རྫས་འགྱུར་བཟོས་རྫས་བཟོ་སྐྲུན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར32.85ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས6.49%ཆག ལྕགས་རིགས་མིན་པའི་གཏེར་དངོས་བཟོ་སྐྲུན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར8.13ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས0.97%ཆག ལྕགས་རིགས་ནག་པོ་བཙོ་སྦྱང་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར16.49ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས25.45%ཆག གློག་ཤུགས་དང་ཚ་ནུས་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར16.34ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས20.64%ཆག་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར29.92ཟིན་པ་དེ་དུས་མཚུངས་ལས12.5%འཕར་ཡོད།

6_3 ཐོན་ལས་གསུམ་པ།  

སྤྱི་ལོ2015ལོར། ཞོན་ཝུའེ་གྲོང་ཁྱེར་གྱི་གཏན་འཇགས་རྒྱུ་ནོར་མ་འཇོག་རིམ་རྩིས་བྱས་ན་སྒོར་དུང་ཕྱུར243.2234ཟིན་པ་དེ་དུས་མཚུངས་ལས20.5%འཕར་ཡོད། དེའི་ནང་ས་ཁང་ཐོན་ལས་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར26.1970བཏང་བ་དེ་དུས་མཚུངས་ལས21.5%འཕར་ཡོད།     སྤྱི་ལོ2015ལོར་ཞོན་ཝུའེ་གྲོང་ཁྱེར་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར19.7969ཟིན་ཡོད། དུས་མཚུངས་ལས34.69%ཆག་པ་དེའི་ནང་སྤྱིར་བཏང་གི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར11.2828ལེགས་གྲུབ་བྱུང་ཡོད། ལོ་གོང་མའི་དུས་མཉམ་དང་བསྡུར་ན24.78%ཆག་ཡོད། སྤྱིར་བཏང་གི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་ཁྲོད་གནས་ཐང་འཕར་ཁྲལ་སྒོར་དུང་ཕྱུར1.4863ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས38.12%ཆག་པ་དང་། གཉེར་སྐྱོང་དཔྱ་ཁྲལ་སྒོར་དུང་ཕྱུར2.4688ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས47.51%ཆག ཁེ་ལས་ཀྱི་ཐོབ་ཁྲལ་སྒོར་ཁྲི2021ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས29.78%ཉུང་དུ་ཕྱིན།

དཔྱད་གཞིའི་ཡིག་ཆ།