ཏེ་ཧུང་ཏའེ་རིགས་ཅིང་ཕོ་རིགས་རང་སྐྱོང་ཁུལ།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2020-05-15 15:26ལ་འགྲུབ།

ཏེ་ཧུང་ཏའེ་རིགས་ཅིང་ཕོ་རིགས་རང་སྐྱོང་ཁུལ།

ཏེ་ཧུང་ཏའེ་རིགས་ཅིང་ཕོ་རིགས་རང་སྐྱོང་ཁུལ།
ཏེ་ཧུང་ཏའེ་རིགས་ཅིང་ཕོ་རིགས་རང་སྐྱོང་ཁུལ་ནི་ཡུན་ནན་ཞིང་ཆེན་ཁོངས་གཏོགས་ཀྱི་ས་གནས་རིམ་པའི་སྲིད་འཛིན་ཁུལ་ཞིག་ཡིན་པ་དང་། ཀྲུང་གོའི་ཡུན་ནན་ཞིང་ཆེན་གྱི་ནུབ་རྒྱུད་དུ་གནས་ཤིང་། རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི1.15ཡོད་པ་དེའི་ཁོངས་སུ་མང་ཧྲི་གྲོང་ཁྱེར་དང་། རུའེ་ལི་གྲོང་ཁྱེར། ལིའང་ཧོ་རྫོང་། ཡིང་ཅང་རྫོང་། ལུང་ཁྲོན་རྫོང་། ཁུལ་མི་དམངས་སྲིད་གཞུང་གི་མང་ཧྲི་གྲོང་ཁྱེར་བཅས་ཡོད། ཤར་ཕྱོགས་སུ་པའོ་ཧྲན་གྲོང་ཁྱེར་དང་ཁྱིམ་མཚེས་ཡིན་ཞིང་། བྱང་དང་། ནུབ་དང་། ལྷོ་བཅས་ཕྱོགས་གསུམ་ཚང་མ་འབར་མ་དང་འབྲེལ་ཡོད་པས། རྫོང་རིམ་པའི་ལས་ཁུངས་ལྔ་པོའི་ཡུལ་མིར“ཕྱི་ཡི་རྫོང་ལྔ”ཞེས་འབོད་ཀྱི་ཡོད། “ཏེ་ཧུང”ནི་ཏའེ་རིགས་ཀྱི་སྐད་སྒྱུར་ལས་ཐོགས་པ་དང་། “ཏེ”ནི་སྨད་རྒྱུད་ཅེས་པ་དང“ཧུང”ཞེས་པ་ནི་རྒྱ་མོ་རྔུལ་ཆུ་ཡིན་ཞིང་། དེའི་ནང་དོན་ནི“རྒྱལ་མོ་རྔུལ་ཆུའི་སྨད་རྒྱུད་ཀྱི་ས་ཆ”ཞེས་པ་དེ་ཡིན། སྤྱི་ལོ2010ལོར་ཏེ་ཧུང་ཁུལ་གྱི་རྒྱུན་སྡོད་མི་འབོར་ཁྲི121.1ཟིན་པ་དང་། ཏའེ་དང་། ཅིང་ཕོ་རིགས། ཧན་རིགས། ལི་སུའུ་རིགས། ཨ་ཁྲང་། ཏེ་ཨང་སོགས་མི་རིགས་དག་ཡོད། སྤྱི་ལོ1953ལོའི་ཟླ7པར་ཏེ་ཧུང་ཐའེ་རིགས་ཅིན་ཕོ་རིགས་རང་སྐྱོང་ལྗོངས་བཙུགས་པ་དང་། སྤྱི་ལོ1956ལོར་ཏེ་ཧུང་ཏའེ་རིགས་ཅིན་ཕོ་རིགས་རང་སྐྱོང་ཁུལ་དུ་བསྒྱུར། ཁུལ་མི་དམངས་སྲིད་གཞུང་ནི་མང་ཧྲི་གྲོང་ཁྱེར་གྱི་སྨར་ཁམས་གྲོང་རྡལ་དུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
德宏傣族景颇族自治州
ཕྱི་ཡིག་གི་མིང་།
Dehong  Autonomous Prefecture
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རང་སྐྱོང་ཁུལ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཡུན་ནན་ཞིང་ཆེན་གྱི་ནུབ་རྒྱུད།
མངའ་ཁོངས། 
གྲོང་ཁྱེར2དང་རྫོང3ཡོད།
སྦྲག་སྲིད་ཨང་རྟགས།
678400
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
533100
རླངས་འཁོར་ཚབ་ཨང་།
云N
མི་གྲངས།
ཁྲི130(སྤྱི་ལོ2019ལོ)ཡོད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ་ཁྲི1.15ཡོད།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
ས་ཁོངས་ཁ་པར་ཨང་རྟགས།
0692
མེ་འཁོར་འབབ་ཚུགས།
མང་ཧྲི་འབབ་ཚུགས།
ཡུལ་སྐད།
ལྷོ་ནུབ་སྐད།  རྒྱ་སྐད།
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1950ལོའི་ཟླ4པའི་ཚེས21ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ལུའུ་ཞི་རུ་བཅའ་སྡོད་བྱས་ཏེ་ཏེ་ཧུང་བཅིངས་འགྲོལ་བཏང་། དམག་སྲིད་འཐུས་ཚབ་ཚོགས་པས་དབང་སྒྱུར་ཅུའུ་རྩིས་ལེན་བདག་སྤྲོད་བྱས་ཏེ། ལུའུ་ཞི་རྫོང་དང་རུའེ་ལི་དང་ལུང་ཁྲོན། ཡིང་ཅང་། ལེན་ཧྲན། ལིའང་ཧོ་བཅས་མི་རིགས་སྲིད་འཛིན་ཨུ་ཡོན་ལྷན་ཁང5བཙུགས་ཏེ། པའོ་ཧྲན་ཆེད་ཁུལ་གྱི་མངའ་ཁོངས་སུ་གཏོགས་པར་བྱས།     སྤྱི་ལོ1952ལོར་རུའེ་ལི་དང་། ལུང་ཁྲོན། ཡིང་ཅང་། ལེན་ཧྲན། ལིའང་ཧོ་བཅས་མི་རིགས་ཁག་གི་སྲིད་འཛིན་ཨུ་ཡོན་ལྷན་ཁང5སོ་སོར་རྫོང་བཙུགས་པ་དང་། ཡུས་ཆི་གྲོང་རྡལ་དུ་ལུའུ་ཞི་རྫོང་གིས་རྫོང་རིམ་པའི་ཡན་ཞང་གྲོང་རྡལ་བཙུགས་པ་ཚང་མ་པའོ་ཧྲན་ཆེད་ཁུལ་གྱི་མངའ་ཁོངས་སུ་གཏོགས།     

སྤྱི་ལོ1958ལོའི་ཟླ10པར་ལེན་ཧྲན་རྫོང་དང་ཡིང་ཅང་རྫོང་ཟླ་སྒྲིལ་བཏང་ནས་ཡིང་ཅང་རྫོང་བཙུགས།

སྤྱི་ལོ1963ལོའི་ཟླ8པར། ཏེ་ཧུང་དང་པའོ་ཧྲན་ས་ཁུལ་སོ་སོར་བཙུགས་ནས། ཏེ་ཧུང་ཁུལ་གྱི་མངའ་ཁོངས་སུ་ལུའུ་ཞི་དང་། ལིའང་ཧོ། ཡིང་ཅང་། ལུང་ཁྲོན། རུའེ་ལི་བཅས་རྫོང་ལྔ་དང་བན་ཏན་གྲོང་རྡལ་བཙུགས།

སྤྱི་ལོ1969ལོའི་ཟླ11པར་ཏེ་ཧུང་ཁུལ་མེད་པར་བྱས་ཏེ་པའོ་ཧྲན་ས་ཁུལ་དུ་ཟླ་སྒྲིལ་བཏང་བ་རེད།  

སྤྱི་ལོ1971ལོའི་ཟླ11པར། ཏེ་ཧུང་ཁུལ་གྱི་སྒྲིག་གཞི་སླར་གསོ་བྱས་ཤིང་། དེའི་ཁོངས་སུ་ལུའུ་ཞི་དང་། ལིའང་ཧོ། རུའེ་ལི། ལུང་ཁྲོན། ཡིང་ཅང་བཅས་རྫོང5དང་། དེ་བཞིན་ཧུའེ་ཡུས་གྲོང་རྡལ་བཅས་གཏོགས་ཡོད།

སྤྱི་ལོ1985ལོར་རྫོང་རིམ་པའི་གྲོང་ཁྱེར་དུ་བསྒྱུར།

སྤྱི་ལོ1992ལོའི་ཟླ6པར་རུའེ་ལི་རྫོང་ནི་གྲོང་ཁྱེར་དུ་བསྒྱུར།

སྤྱི་ལོ1997ལོའི་ཟླ4པར། ལུའུ་ཞི་རྫོང་གྲོང་ཁྱེར་དུ་བསྒྱུར།

སྤྱི་ལོ1999ལོའི་ཟླ7པའི་ཚེས8ཉིན་ནས་བཟུང་ཏེ་ཧུང་ཁུལ་གྱི་མངའ་ཁོངས་སུ་གྲོང་ཁྱེར་གཉིས་དང་རྫོང་གསུམ་ཡོད་པ་སྟེ། ལུའུ་ཞི་གྲོང་ཁྱེར་དང་། རུའེ་ལི་གྲོང་ཁྱེར། ལུང་ཁྲོན་རྫོང་། ཡིང་ཅང་རྫོང་། ལིའང་ཧོ་རྫོང་བཅས་ཡིན།   

སྤྱི་ལོ2010ལོའི་ཟླ7པའི་ཚེས12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལུའུ་ཞི་གྲོང་ཁྱེར་གྱི་མིང་བསྒྱུར་བར་ཆོག་མཆན་བཀོད། “མང་ཧྲི་གྲོང་ཁྱེར”ནི་སྤྱི་ལོ1989ལོ་ནས་བཟུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དངོས་སུ་ཆོག་མཆན་གནང་བའི་ཆེད་སྤྱོད་མིང་ཞིག་དང་སྤྱི་མིང་ལ་ཡིག་འབྲུ་གཉིས་ལས་མེད་པའི་རྫོང་རིམ་པའི་གྲོང་ཁྱེར་གཅིག་པུ་ལ་ཟེར་བ་ཡིན།

2 སྲིད་འཛིན་ཁོངས་བགོས།  

ཏེ་ཧུང་ཁུལ་དུ་རྫོང་རིམ་པའི་གྲོང་ཁྱེར2དང་རྫོང3ཡོད་པ་དང་། རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ11526ཡོད། མི་འབོར་ཁྲི130(སྤྱི་ལོ2019ལོའི་གཞུང་ཕྱོགས་དྲ་བའི་གྲངས་གཞི)ཡོད་པ་རེད། ཁུལ་མི་དམངས་སྲིད་གཞུང་མང་ཧྲི་གྲོང་ཁྱེར་དུ་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཏེ་ཧུང་ཏའེ་རིགས་ཅིང་ཕོ་རིགས་རང་སྐྱོང་ཁུལ་ནི་ཡུན་ནན་ཞིང་ཆེན་ཁོངས་གཏོགས་ཀྱི་ས་གནས་རིམ་པའི་སྲིད་འཛིན་ཁུལ་ཞིག་ཡིན་པ་དང་། ཀྲུང་གོའི་ཡུན་ནན་ཞིང་ཆེན་གྱི་ནུབ་རྒྱུད་དུ་གནས་ཤིང་། རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི1.15ཡོད་པ་དེའི་ཁོངས་སུ་མང་ཧྲི་གྲོང་ཁྱེར་དང་། རུའེ་ལི་གྲོང་ཁྱེར། ལིའང་ཧོ་རྫོང་། ཡིང་ཅང་རྫོང་། ལུང་ཁྲོན་རྫོང་། ཁུལ་མི་དམངས་སྲིད་གཞུང་གི་མང་ཧྲི་གྲོང་ཁྱེར་བཅས་ཡོད། ཤར་ཕྱོགས་སུ་པའོ་ཧྲན་གྲོང་ཁྱེར་དང་ཁྱིམ་མཚེས་ཡིན་ཞིང་། བྱང་དང་། ནུབ་དང་། ལྷོ་བཅས་ཕྱོགས་གསུམ་ཚང་མ་འབར་མ་དང་འབྲེལ་ཡོད་ལ།  རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི1.15ཡོད།

3_2 ས་དབྱིབས།  

ཏེ་ཧུང་ནི་ཡུན་ཀུའེ་ས་མཐོའི་ནུབ་རྒྱུད་འཕྲེད་བཅད་རི་རྒྱུད་ཀྱི་ལྷོ་རྒྱུད་དུ་གནས་པ་དང་། ཀའོ་ལི་ཀུང་རི་བོའི་ནུབ་རྒྱུད་རི་རྒྱུད་དེ་ཏེ་ཧུང་གི་ས་ཁོངས་སུ་སྣུར་སྲིང་བྱས་ནས་བྱང་ཤར་མཐོ་ལ་གཡང་གཟར་བ་དང་། ལྷོ་ནུབ་ཏུ་ས་བབ་དམའ་ལ་ཁོད་སྙོམས་པའི་སྒོ་ནས་རི་ལྡེབས་བཅད་པས་ཁུལ་ཡོངས་ཀྱི་ས་བབ་མཐོ་ཤོས་ནི་དབྱིན་ཅང་བྱང་རྒྱུད་ཀྱི་ཏ་ཉང་རི་བོ་ཡིན། ས་བབ་མཐོ་ཚད་སྨི3404.6ཟིན་པ་དང་། ས་བབ་དམའ་ཤོས་ཀྱང་དབྱིན་ཅང་གཙང་པོའི་ནུབ་རྒྱུད་ན་པང་ཐང་གི་ལུང་གཞུང་དུ་ཡོད། ས་བབ་མཐོ་ཚད་སྨི210ལས་མེད། ཁུལ་ཡོངས་ཀྱི་སྤྱིར་བཏང་ས་བབ་མཐོ་ཚད་སྨི800ནས2100བར་དང་ཁུལ་སྲིད་གཞུང་མང་གྲོང་ཁྱེར་གྱི་ས་བབ་མཐོ་ཚད་སྨི920ཟིན་གྱི་ཡོད།     

3_3 ནམ་ཟླ།   

ཏེ་ཧུང་གི་གནམ་གཤིས་ཐོན་ཁུངས་ཀྱང་ཐུན་མོང་མ་ཡིན་པ་ཞིག་ཡིན་ཞིང་། ཁུལ་ཡོངས་བྱང་གི་ལྡོག་ཐིག་གི་ཉེ་འགྲམ་དུ་བཅར་ནས་འཕྲེད་ཐིག་གི་ཏུའུ་གྲངས་དམའ་ཞིང་། ཧིན་རྡུ་རྒྱ་མཚོའི་ལྷོ་ནུབ་ཀྱི་དུས་རླུང་གི་ཤུགས་རྐྱེན་ཐེབས་པས། ཚ་ཁུལ་ལྷོ་མའི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས། བྱང་ཤར་ངོས་ཀྱི་ཀའོ་ལི་ཀུང་ཧྲན་གྱིས་ཞི་པོ་ལི་ཡ་ལྷོ་ཕྱོགས་སུ་འབབ་པའི་རླུང་སྐམ་བཀག་ནས་ནང་དུ་ཡོང་དུ་བཅུག་པ་དང་། དབྱར་ཁར་ཧིན་རྡུ་རྒྱ་མཚོ་ཆེན་པོའི་རླན་གཤེར་རླུང་རྒྱུན་ལྷོ་ནུབ་ཏུ་གསེག་པའི་རི་ཐང་གི་རླུང་ཕྱོགས་དེད་ནས་ཡར་འཕགས་ཏེ་ཕུན་སུམ་ཚོགས་པའི་རང་བྱུང་གི་ཆར་ཆུ་ཆགས་ཡོད། འཕྲེད་ཐིག་དམའ་བའི་མཐོ་སྒང་ཁུལ་དུ་ཉི་མའི་ཚུར་འཕྲོའི་ཟུར་ཚད་ཆེ་ཞིང་། མཁའ་རླུང་གི་གསལ་ཚད་བཟང་། དེ་ནི་རྒྱལ་ཡོངས་ཀྱི་འོད་འཕྲོའི་སྤུས་ཚད་མཐོ་བའི་ས་ཁུལ་གྱི་གྲས་ཤིག་ཡིན། ལོ་ཧྲིལ་བོར་ཉི་མའི་འགྱེད་འཕྲོ་ལི་སྨི137ནས143བར་དང་། ལོ་རེར་ཆར་ཆུ་འབབ་ཚད་ཧའོ་སྨི1400ནས1700བར་ཡིན། ལོ་རེའི་ཆ་སྙོམས་དྲོད་ཚད18.4℃~20℃ཡིན་པ་དང་། ལོ་རེའི་ཉི་འོད་ཆུ་ཚོད2281-2453ཡིན། ལོ་རེའི་དྲོད་ཚད6400-7300℃ཡིན། ལོ་རེའི་སྐམ་སའི་རླངས་པར་འགྱུར་ཚད་ཧའོ་སྨི1400-1900བར་དང་། ཐན་པའི་སྟོན་གྲངས0.4-1.2བར་ཡིན།

4 མི་འབོར་དང་མི་རིགས།  

ཁུལ་ཡོངས་ཀྱི་མི་གྲངས་བསྡོམས་འབོར1211440ཟིན་ཡོད།     ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར5ཡི་མི་འབོར་དེ་སྤྱི་ལོ2000ལོའི་ཟླ11པའི་ཚེས1ཉིན་གྱི་ཆུ་ཚོད་ཀླད་ཀོར་གྱི་མི་ཁྲི107.13དང་བསྡུར་ན་ལོ་བཅུའི་ནང་མི140153འཕར་ནས13.08%འཕར་ཡོད།     ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར5ལ་ཁྱོན་དུད་ཚང315547ཡོད་པ་དང་། ཁྱིམ་ཚང་རེར་མི་གྲངས1146026ཡོད་པ། ཁྱིམ་ཚང་རེར་ཆ་སྙོམས་མི་གྲངས3.63ཡོད་པ་དེ་སྤྱི་ལོ2000ལོའི་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་ལྔ་པའི་མི་གྲངས4.07ལས0.44ཉུང་དུ་ཕྱིན་ཡོད་པ་རེད།     ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར5ཡི་མི་འབོར་ཁྲོད་སྐྱེས་པ624774ཡོད་པ་དེས་སྤྱིའི་མི་འབོར་གྱི51.5%བཟུང་བ་དང་། བུད་མེད586666ཡོད་པ་དེས་སྤྱིའི་མི་འབོར་གྱི48.43%བཟུང་ཡོད། སྤྱིའི་མི་འབོར་གྱི་ཕོ་མོའི་དབྱེ་བ(བུད་མེད100དང་སྐྱེས་པས་བུད་མེད་ལ་བཟུང་བའི་བསྡུར་ཚད)སྤྱི་ལོ2000ལོར་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི104.65ནས106.50བར་འཕར་ཡོད།    

ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར5ཡི་མི་འབོར་ཁྲོད་ལོ0ནས14བར་གྱི་མི་འབོར252174ཡོད་པ་དེས་སྤྱིའི་མི་འབོར་གྱི20.82%བཟུང་བ་དང་། ལོ15ནས64བར་གྱི་མི་འབོར883264ཡོད་པ་དེས་སྤྱིའི་མི་འབོར་གྱི72.91%བཟུང་བ། ལོ65དང་དེ་ཡན་གྱི་མི་འབོར76002ཟིན་པ་དེས་སྤྱིའི་མི་འབོར་གྱི6.27%བཟུང་ཡོད། སྤྱི་ལོ2000ལོར་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པ་བྱས་པ་དང་བསྡུར་ན་ལོ0ནས14བར་གྱི་མི་འབོར་གྱི་བསྡུར་ཚད་བརྒྱ་ཆའི་གྲངས6.77ཆག་པ་དང་། ལོ15ནས64བར་གྱི་མི་འབོར་གྱི་བསྡུར་ཚད་བརྒྱ་ཆའི་གྲངས5.43འཕར། ལོ65དང་དེ་ཡན་གྱི་མི་འབོར་གྱི་བསྡུར་ཚད་བརྒྱ་ཆའི་གྲངས1.34འཕར་ཡོད།

ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར5ཡི་མི་འབོར་ཁྲོད་རྒྱ་རིགས་མི་གྲངས629147ཟིན་པ་དེས་སྤྱིའི་མི་འབོར་གྱི51.93%བཟུང་བ་དང་། གྲངས་ཉུང་མི་རིགས་ཁག་གི་མི་འབོར582293ཡོད་པ་དེས་སྤྱིའི་མི་འབོར་གྱི48.07%བཟུང་ཡོད། དེའི་ནང་ཏའེ་རིགས་ཀྱི་མི་འབོར349840ཡོད་པ་དེས་མི་འབོར་བསྡོམས་འབོར་གྱི28.88%བཟུང་བ་དང་། ཅིང་ཕོ་རིགས་ཀྱི་མི་འབོར134373ཟིན། མི་འབོར་བསྡོམས་འབོར་གྱི11.09%བཟུང་། ལི་སུའུ་རིགས་ཀྱི་མི་འབོར31530ཟིན། མི་འབོར་བསྡོམས་འབོར་གྱི2.60%བཟུང་། ཨ་ཁྲང་རིགས་ཀྱི་མི་འབོར30389ཟིན། མི་འབོར་བསྡོམས་འབོར་གྱི2.51%བཟུང་། ཏེ་ཨང་རིགས་ཀྱི་མི་འབོར14436ཟིན། མི་འབོར་བསྡོམས་འབོར་གྱི1.19%བཟུང་བ་བཅས་རེད། སྤྱི་ལོ2000ལོར་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པ་བྱས་པ་དང་བསྡུར་ན། རྒྱ་རིགས་ཀྱི་མི་འབོར91079འཕར་ནས16.93%འཕར་བ་དེས་སྤྱིའི་མི་འབོར་གྱི་བསྡུར་ཚད་ཀྱི་བརྒྱ་ཆའི་གྲངས1.71མཐོ་རུ་ཕྱིན་པ་དང་། གྲངས་ཉུང་མི་རིགས་ཁག་གི་མི་འབོར49074མང་དུ་སོང་ནས9.20%འཕར་ནས་མི་འབོར་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་བརྒྱ་ཆའི་གྲངས1.71ཆག་ཡོད།    

ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར5ཡི་མི་འབོར་ཁྲོད་སློབ་ཆེན་གྱི་ཡོན་ཚད་ལྡན་པའི་མི་འབོར65010ཡོད་པ་དང་། མཐོ་རིམ་སློབ་འབྲིང་(འབྲིང་རིམ་ཆེད་ཚན་ཚུད་)རིག་གནས་ཆུ་ཚད་ལྡན་པའི་མི་འབོར93336ཡོད། དམའ་རིམ་སློབ་འབྲིང་གི་རིག་གནས་ཆུ་ཚད་ལྡན་པའི་མི་འབོར322391ཡོད། སློབ་ཆུང་གི་རིག་གནས་ཆུ་ཚད་ལྡན་པའི་མི་གྲངས་ནི525621(དེའི་ཡན་གྱི་སློབ་གསོ་ཐོབ་ཚད་སྣ་ཚོགས་ཀྱི་ནང་སློབ་གྲྭ་སྣ་ཚོགས་ཀྱི་སློབ་ཐོན་སློབ་མ་དང་། སློབ་གྲྭ་ནས་ཐོན་པའི་སློབ་མ། སློབ་གྲྭར་ཡོད་པའི་སློབ་མ་བཅས་ཚུད་ཡོད། )     ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར་5ཡི་མི་འབོར་ཁྲོད་ཡིག་རྨོངས་མི་གྲངས(ལོ་15དང་དེ་ཡན་གྱི་ཡི་གེ་མི་ཤེས་པའི་མི)90434ཡོད་པ་དེ་སྤྱི་ལོ2000ལོའི་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པ་དང་བསྡུར་ན་ཡིག་རྨོངས་མི་འབོར་28182ཉུང་དུ་ཕྱིན་པ་དང་ཡིག་རྨོངས་བ11.07%ནས7.47%བར་ཆག་ནས་བརྒྱ་ཆའི་གྲངས3.60ཆག་ཡོད།     ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར5ཡི་མི་འབོར་ཁྲོད་གྲོང་ཁྱེར་དང་གྲོང་རྡལ་དུ་སྡོད་མཁན་མི་གྲངས414070ཟིན་པ་དེས34.18%བཟུང་བ་དང་། གྲོང་གསེབ་ཏུ་སྡོད་མཁན་མི་གྲངས797370ཡོད་པ་དེས65.82%བཟུང་ཡོད། སྤྱི་ལོ2000ལོའི་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པ་དང་བསྡུར་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར169889འཕར་བ་དང་། གྲོང་གསེབ་ཀྱི་མི་འབོར29736ཉུང་དུ་སོང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་བསྡུར་ཚད་བརྒྱ་ཆའི་གྲངས11.39འཕར།

5 དཔལ་འབྱོར།
5_1 ཐོན་ལས་དང་པོ།   

སྤྱི་ལོ2016ལོར་ཁུལ་ཡོངས་ཀྱི་ཞིང་ནགས་འབྲོག་ཉ་ལས་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར126.31ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས5.7%འཕར་ཡོད། དེའི་ནང་ཞིང་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར76.92ཟིན་ནས་ལོ་གོང་མ་ལས7.7%འཕར་བ་དང་། ནགས་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར10.86ཟིན་ནས8.3%ཆག འབྲོག་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར29.95ཟིན་ནས7.2%འཕར། ཉ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར5.08ཟིན་ནས6.5%འཕར་ཡོད། ཞིང་ནགས་འབྲོག་ཉ་གསུམ་གྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར3.50ཟིན་ནས8.5%འཕར།     

5_2 ཐོན་ལས་གཉིས་པ།  

སྤྱི་ལོ2016ལོའི་ལོ་ཧྲིལ་པོར་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར200.60ཟིན་ནས་ལོ་དེའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས11.4%འཕར་ཡོད། བཟོ་ལས་ཡོངས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར51.54ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས9.1%འཕར་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར42.45ལེགས་གྲུབ་བྱུང་བ་དང་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས9.7%འཕར་བ།

སྤྱི་ལོ2016ལོར་སྤྱི་ཚོགས་ཡོངས་ཀྱི་ཨར་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར27.58ཟིན་ནས་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས22.6%འཕར་ཡོད། ཁུལ་དེ་ཡོངས་ཀྱི་འོས་ཐོབ་ལྡན་པའི་ཨར་སྐྲུན་ལས་རིགས་ཀྱི་ཁེ་ལས40ཡི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར41.88ཟིན་པ་དེ་ལོ་གོང་མ་ལས37.9%འཕར། ཁེ་སྤོགས་སྒོར་དུང་ཕྱུར3.5བྱུང་ནས་ལྡབ3.7འཕར། ལོ་ཧྲིལ་པོར་ཁང་པའི་ཨར་ལས་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི129.54ཟིན་ནས་19.9%འཕར་ཡོད།     

5_3 ཐོན་ལས་གསུམ་པ། 

སྤྱི་ལོ2016ལོར་ཁུལ་ཡོངས་ཀྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར310.57བཏང་བ་དེ་ལོ་གོང་མ་ལས23.7%འཕར་ཡོད། དེའི་ནང་ཐོན་ལས་དང་པོར་མ་དངུལ་སྒོར་དུང་ཕྱུར3.97བཏང་བ་དེ་ལོ་གོང་མ་ལས92.2%འཕར་བ་དང་། ཐོན་ལས་གཉིས་པར་མ་དངུལ་སྒོར་དུང་ཕྱུར44.48བཏང་ནས9.0%ཆག  ཐོན་ལས་གསུམ་པར་མ་དངུལ་སྒོར་དུང་ཕྱུར262.12བཏང་ནས31.0%འཕར་ཡོད།     ཁུལ་ཡོངས་ཀྱིས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར46.01བཏང་ནས་སྔ་ལོ་ལས0.5%འཕར་ནས་མ་འཇོག་བསྡོམས་འབོར་གྱི14.4%བཟུང་ཡོད། ཚོང་སྒྱུར་སྡོད་ཁང་གི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི623.75ཟིན་ནས9.4%ཆག ཚོང་སྒྱུར་སྡོད་ཁང་བསྐྲུན་ཟིན་པའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི81.26ཟིན་ནས28.0%ཆག

ལོ་ཧྲིལ་པོར་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ཨ་སྒོར་དུང་ཕྱུར42.52ཟིན་པ་དེ་སྔ་ལོ་ལས14.9%ཆག་ཡོད། དེའི་ནང་ནང་འདྲེན་བསྡོམས་འབོར་ཨ་སྒོར་དུང་ཕྱུར19.85ཟིན་ནས19.0%ཆག་པ་དང་། ཕྱིར་གཏོང་བསྡོམས་འབོར་ཨ་སྒོར་དུང་ཕྱུར22.67ཟིན་ནས10.9%ཆག་ཡོད། ལོ་ཧྲིལ་པོར་རྒྱལ་ནང་གི་མཉམ་ལས་རྣམ་གྲངས་ཁག505ལག་བསྟར་བྱས་པ་དང་རྣམ་གྲངས124གསར་སྣོན་བྱུང་ཞིང་། རྒྱལ་ནང་གི་མ་དངུལ་སྒོར་དུང་ཕྱུར234.17བེད་སྤྱོད་བྱས་པས། ལོ་གོང་མ་ལས9.9%འཕར་ཡོད།

དཔྱད་གཞིའི་ཡིག་ཆ།