ཁྲང་ཅི་གྲོང་ཁྱེར།སྔ་མའི་པར་གཞི་དེ བསོད་ནམས་དབང་འགྲུབ།  ནས 2020-05-13 08:41ལ་འགྲུབ།

ཁྲང་ཅི་གྲོང་ཁྱེར།

ཁྲང་ཅི་གྲོང་ཁྱེར།
ཁྲང་ཅི་གྲོང་ཁྱེར་ནི་ཞིན་ཅང་ཁྲང་ཅི་ཁུལ་གྱི་ས་ཁུལ་རིམ་པའི་སྲིད་འཛིན་ཁུལ་གྱི་སྲིད་གཞུང་ཐོག་མ་དེ་ཡིན་ལ། ཐེན་ཧྲན་པེ་ལུའུ་དང་ཀྲུན་ཀ་འར་ས་ཆའི་ལྷོ་རྒྱུད་དུ་ཆགས། ས་གནས་ཡ་གླིང་དང་ཨོ་གླིང་གི་སྐམ་སའི་ལྟེ་བ་རུ་ཡོད་ལ། ཁུལ་སྲིད་གཞུང་བཅའ་སྡོད་བྱ་ཡུལ་ཡང་ཡིན་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ8215ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
昌吉市
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ8215
ཕྱི་ཡིག་གི་མིང་།
Changji City
མི་གྲངས།
ཁྲི54.7481(སྤྱི་ལོ2017ལོ)
སྲིད་འཛིན་ས་ཁོངས་རིགས་དབྱེ།
ས་ཁུལ་རིམ་པའི་རང་སྐྱོང་ཁུལ་གྱི་སྲིད་གཞུང་ཐོག་མ།
ནམ་ཟླ།
དྲོད་ཁུལ་སྐམ་ས་ཅན་གྱི་ཐན་སྐམ་ནམ་ཟླ།
ཁོངས་གཏོགས་ས་གནས།
ཁྲང་ཅི་ཧོས་རིགས་རང་སྐྱོང་ཁུལ།
རླངས་འཁོར་ཚབ་ཨང་།
新B
སྦྲག་ཨང་།
831100
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
652301
1 ངོ་སྤྲོད།

ཁྲང་ཅི་གྲོང་ཁྱེར་གྱི་མིང་ཁྲང་ཅི་ཞེས་པ་ནི“ཁྲང་ཧྲེང་ཅི་ཞང”ཞེས་པའི་བསྡུས་མིང་ཡིན།  དེ་ནི་ཁྲང་ཅི་ཧུའེ་རིགས་རང་སྐྱོང་ཁུལ་གྱི་ཁུལ་སྲིད་གཞུང་གི་གནས་ཡུལ་ཡིན་ལ། སྔ་རྗེས་སུ་རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར་དང་། རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར། རྒྱལ་ཁབ་ཀྱི་སྐྱེད་ཚལ་གྲོང་ཁྱེར། ཀྲུང་གོའི་ཕུལ་བྱུང་ཡུལ་སྐོར་གྲོང་ཁྱེར། རྒྱལ་ཁབ་ཀྱི་གྲོང་ཁྱེར་ཆུང་འབྲིང་གི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་གྲོང་ཁྱེར། རྒྱལ་ཁབ་ཀྱི་གསར་གཏོད་རྣམ་པའི་ཚོད་ལྟའི་གྲོང་ཁྱེར། རྒྱལ་ཁབ་ཀྱི་ཤེས་ནུས་གྲོང་ཁྱེར་གྱི་ཚོད་ལྟའི་གྲོང་ཁྱེར། ཀྲུང་གོའི་མི་སྡོད་ཁོར་ཡུག་གི་དཔེ་མཚོན་གཟེངས་སྐྱེས་སོགས་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་མང་པོ་ཐོབ་པ་རེད།

སྤྱི་ལོ2018ལོར་ཁྲང་ཅི་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་ཁྲོམ་གཞུང5དང་གྲོང་རྡལ8  ཡུལ་ཚོ2  ཤེས་ནུས་ཁུལ2  ཞིང་ར2   དོ་དམ་ས་ཚིགས1བཅས་ཡོད་པས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར398ལ་སླེབས་པ་དང་། སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར41.94ལ་སླེབས་ཡོད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར122.6ལ་སླེབས་པ་དང་། གྲོང་མིའི་འཛད་སྤྱོད་རིན་གོང་སྟོན་གྲངས1.6%ལ་འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེས་ཆ་སྙོམས་ངང་བཀོལ་ཆོག་པའི་ཡོང་འབབ་སྒོར31071སླེབས་ཡོད་ལ། གྲོང་གསེབ་ཀྱི་གྲོང་མི་མི་རེས་ཆ་སྙོམས་ངང་བཀོལ་ཆོག་པའི་ཡོང་འབབ་སྒོར19334སླེབས་ཡོད།

2 ལོ་རྒྱུས་ཀྱི་འཕེལ་རིམ།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བདུན་པར(སྤྱི་ལོ1918ལོར)ཧོ་ཐུའུ་པི་རྫོང་བཙུགས་ཤིང་། རྫོང་དེ་གཉིས་ཀ་ཏི་ཧྭ་ཏའོ་ཡི་ཁོངས་སུ་གཏོགས།     སྤྱི་ལོ1949ལོའི་ཟླ9བར་ཞིན་ཅང་ཞི་བས་བཅིངས་འགྲོལ་བཏང་ཞིང་སྤྱི་ལོ1950ལོའི་ཟླ4བར་ཁྲང་ཅི་རྫོང་མི་དམངས་སྲིད་གཞུང་བཙུགས་པ་དང་། ཏི་ཧྭ་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས། སྤྱི་ལོ1954ལོའི་ཟླ7པར་ཁྲང་ཅི་ཧུའེ་རིགས་རང་སྐྱོང་ལྗོངས་བཙུགས་པ་དང་། ཁྲང་ཅི་རྫོང་ནི་རང་སྐྱོང་ལྗོངས་ཀྱི་ཆུས་སྲིད་གཞུང་གནས་ས་ཡིན། སྤྱི་ལོ1955ལོའི་ཟླ11པར་ཁྲང་ཅི་ཧུའེ་རིགས་རང་སྐྱོང་ལྗོངས་རང་སྐྱོང་ཁུལ་དུ་བསྒྱུར། སྤྱི་ལོ1955ལོར་ཁྲང་ཅི་རྫོང་མི་དམངས་སྲིད་གཞུང་རྫོང་མི་དམངས་ཨུ་ཡོན་ལྷན་ཁང་ཞེས་པར་བསྒྱུར། སྤྱི་ལོ1958ལོར་མི་དམངས་ཀུང་ཧྲེ་ཅན་མངོན་འགྱུར་བྱུང་ཞིང་། སྤྱི་ལོ1959ལོའི་ཟླ4བར། ཁྲང་ཅི་རྫོང་གིས་མི་དམངས་ཀུང་ཧྲེའི་མཉམ་འབྲེལ་ཁང་གི་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་ཏེ། རྫོང་མིའི་ཨུ་ཡོན་ལྷན་ཁང་དང་མཉམ་དུ་ཚན་ཁག་གཅིག་དང་སྒོ་བྱང་གཉིས་བཙུགས། སྤྱི་ལོ1962ལོར་མཉམ་འབྲེལ་ཁང་མེད་པར་བཟོས། སྤྱི་ལོ1968ལོའི་ཟླ11པའི་ཚེས28ཉིན་ཁྲང་ཅི་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས། སྤྱི་ལོ1981ལོའི་ཟླ2པར་ཁྲང་ཅི་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་མེད་པར་བཟོས་ནས་རྫོང་མི་དམངས་སྲིད་གཞུང་སླར་གསོ་བྱས།     སྤྱི་ལོ1983ལོའི་ཟླ12པའི་ཚེས22ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཁྲང་ཅི་རྫོང་ཁྲང་ཅི་གྲོང་ཁྱེར་དུ་བསྒྱུར་ཞིང་། སྔར་བཞིན་ཁྲང་ཅི་ཧུའེ་རིགས་རང་སྐྱོང་ཁུལ་གྱི་མངའ་འོག་ཏུ་བཞག

3 སྲིད་འཛིན་བགོས་ཁོངས།

སྤྱི་ལོ2018ལོ་བར་ཁྲང་ཅི་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་ཁྲོམ་གཞུང5དང་གྲོང་རྡལ8 ཡུལ་ཚོ2དང་བྱེད་ནུས་ཁུལ2  ཞིང་ར2དང་དོ་དམ་ས་ཚིགས1བཅས་ཡོད་ལ། ཁྲང་ཅི་གྲོང་ཁྱེར་མི་དམངས་སྲིད་གཞུང་རྒྱལ་བཙུགས་ནུབ་ལམ་གྱི་ཨང169བ་རུ་བཅའ་སྡོད་བྱས་ཡོད།

4 ས་ཁམས་ཁོར་ཡུག
4_1 ས་གཤིས་ཆགས་ཚུལ།

ཁྲང་ཅི་གྲོང་ཁྱེར་གྱི་མངའ་ཁོངས་སུ་ས་རིམ་སྣ་ཚོགས་ཡོད། ཆེས་ལྷོ་སྣེ་རུ་མངོན་པའི་སན་ཐུན་ཆུ་བོའི་སྟེང་དུ་ཝུའུ་ལུའུ་མུའུ་ཆིའི་པིན་ཏ་པེན་བྱང་ཕྱོགས་སུ་ཡོན་ཀུའུ་ས་མཚམས་ཡོད། གནའ་རབས་སྐྱེ་དངོས་ཁམས་ཀྱི་ས་རིམ་འཚར་སྐྱེ་ཅུང་ཆ་ཚང་བ་དང་། རི་ཁུལ་མཐོན་པོའི་ས་རིམ་གཙོ་བོ་གྲུབ་ཅིང་། ཤར་ནས་ནུབ་བར་ཁྱབ་ཡོད། གནའ་བོའི་སྐྱེ་དངོས་ཀྱི་ཁམས་ཏེ་བར་སྐྱེས་ཀྱི་ཁམས་ནི་ཁྲང་ཅི་ཆུ་བོ་སོགས་ནས་ཐོན་པ་དང་། འབྲིང་རིམ་ལས་རིགས་ཀྱི་རིམ་པ་གཉིས་པ་ནི་ཁྲང་ཅི་གཙང་པོའི་གཡོན་ངོགས་སུ་ཐོན་པ་དང་། མ་ན་སི་འིས་ཆའི་ཁུལ་ཆུང་དུ་ཚུད་ཡོད། ཀྲུའུ་ལོ་ནི་གཙོ་བོ་ཁྲང་ཅི་ཆུ་བོ་དང་། སན་ཐུན་ཆུ་བོ། ཐོ་ཐུན་ཆུ་བོ་བཅས་སུ་ཁྱབ་ཡོད། དཀར་རག་ནི་སན་ཐུན་ཆུ་བོའི་རྒྱུད་དུ་ཁྱབ་ཡོད། གསར་སྐྱེས་ལས་རིགས་དེ་ཁྲང་ཅི་ཁྱབ་ཁོངས་སུ་ཁྱབ་རྒྱ་ཅུང་ཆེ་བ་དང་། གཙོ་བོ་ཧྲན་ཆན་དང་ཇུན་གར་གཤོངས་སའི་ལྷོ་མཐའ་དང་ཇུན་གར་གཤོང་སའི་ནང་སོགས་སུ་ཁྱབ་ཡོད།

4_2 ནམ་ཟླའི་ཁྱད་ཆོས།

ཁྲང་ཅི་གྲོང་ཁྱེར་ཁོངས་ཀྱི་དབུས་དྲོད་རྒྱུད་ཁུལ་ནི་སྐམ་སའི་རང་བཞིན་གྱི་ཐན་སྐམ་གནམ་གཤིས་དཔེ་མཚོན་ཅན་ཞིག་ཡིན་ཞིང་། དགུན་དུས་གྲང་ངར་ཆེ་བ་དང་། དབྱར་དུས་ཚ་བ་ཆེ་བ། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། ས་བབ་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ལྷོ་ནས་བྱང་བར་གནམ་གཤིས་ཁྱད་པར་ཅུང་ཆེ་བ་དང་། ལྷོ་རྒྱུད་དུ་དབྱར་དུས་ཆར་ཆུ་ཅུང་མང་། བྱང་ཕྱོགས་ཀྱི་བྱེ་ཐང་རང་བཞིན་གྱི་གནམ་གཤིས་ཁྱད་ཆོས་མངོན་གསལ་ཡིན། ཁྲང་ཅི་ཀྲོའུ་རུ་ཉི་འོད་ཕོག་ཚད་འདང་ངེས་ཡོད་པ་དང་ལོར་ཉི་འོད་ཕོག་ཚད་ཆུ་ཚོད་2700ཟིན་པ། དྲོད་ཚད་ཀྱི་ཆ་རྐྱེན་ཡང་ཅུང་འཛོམས་པོ་ཡོད་པ་དང་། ལོ་རེའི་དྲོད་ཚད10℃ནི3450℃དང་། ལོ་རེའི་ཆ་སྙོམས་དྲོད་ཚད6.8℃ཡིན་ཞིང་། ཟླ་བ་དང་པོའི་ཆ་སྙོམས་དྲོད་ཚད་ནི-15.6℃ཡིན། ཟླ་བ་བདུན་པའི་ཆ་སྙོམས་དྲོད་ཚད་ནི24.5℃ཡིན་ལ། ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི190ཡིན་པ་དང་དབྱར་དུས་ཆར་ཆུ་འབབ་ཚད་དགུན་དུས་ལས་མངོན་གསལ་དོད་པོས་མང་བ་ཡོད་ཅིང་། ལོ་རེར་སད་མེད་དུས་ཡུན་ནི་ཉིན160-190བར་ཡིན།

5 མི་གྲངས།

སྤྱི་ལོ2017ལོའི་ལོ་མཇུག་བར་ཁྲང་ཅི་གྲོང་ཁྱེར་གྱི་མི་འབོར་བསྡོམས་འབོར་ཁྲི54.7481ཟིན་པའི་ནང་ཐེམ་ཐོའི་མི་འབོར་ཁྲི38.3554ཡོད་པ་དང་སྐབས་སྡོད་མི་འབོར་ཁྲི16.3927ཡོད་པ་རེད། ཐེམ་ཐོའི་མི་འབོར་ཁྲོད་ཀྱི(གཤམ་དུའང་མཚུངས)དུད་ཚང་བསྡོམས་འབོར་ཁྲི13.2578ཟིན་པའི་ནང་ས་གནས་ཀྱི་དུད་ཚང་ཁྲི12.751ལ་མི་ཁྲི35.8718ཡོད་པ་དང་། དཔུང་ཚོགས5068ལ་མི24836ཡོད་པ་སོགས་སོ།།

6 ཆབ་སྲིད་སྒྲིག་གཞི།

ཆིན་ཝེ། ཁུལ་ཏང་ཨུའི་རྒྱུན་ཨུ་དང་གྲོང་ཨུའི་ཧྲུའུ་ཅི། 

མ་ཧུང་ཧུང་། གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། གྲོང་ཁྱེར་གྱི་འགོ་འཛིན། 

ཀྲོང་གོ་ཆང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ(རྫོང་རིམ་པའི་རིམ་པ)དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། 

ཀྲོང་ཡུས་ཐིང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ(རྫོང་རིམ་པ་རྒན་པ)དང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི། རྒྱུན་ལས་ཧྲི་ཀྲང་གཞོན་པ། 

ཝང་ཁྲུན་ལེ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། 

ཀྲང་ཞའོ་ཡན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། 

དབྱང་ཞུའེ་ཀུའེ།  གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། 

ལིའུ་མའོ་ཞང་། གྲོང་ཨུད་ཀྱི་རྒྱུན་ཨུ་དང་མི་དམངས་དྲག་ཆས་པུའི་པུའུ་ཀྲང་། 

ཀྲུའུ་ཧྥེང་། གྲོང་ཨུའི་རྒྱུན་ལས་ཨུ་ཡོན། ཞིན་ཅང་སྐམ་དམག་གྲ་སྒྲིག་དམག་ཞབས་རྐང་དམག་ཧྲི་ཤོག་གི་མདའ་ཤོག་དང་པོའི་མདའ་དཔོན་དང་། གུང་གཞོན་ཚོགས་པའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲི་ཤོག་གི་ཏང་ཨུའི་ཨུ་ཡོན། 

ཝང་ཡན་ཧྭ།  གྲོང་ཨུད་ཀྱི་རྒྱུན་ཨུ་དང་། དྲིལ་བསྒྲགས་པུའི་པུའུ་ཀྲང་། སློབ་གསོ་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི། 

ཡང་ཧྲུའུ་ཀྲོང་།  གྲོང་ཨུད་ཀྱི་རྒྱུན་ཨུ་དབྱང་ཧྲུའུ་ཀྲུང་། 

ཀྲོའུ་ཞའོ་ཡོན། གྲོང་ཨུད་ཀྱི་རྒྱུན་ཨུ་དང་། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གྲྭ)ཡི་སློབ་གཙོ། 

ལིའུ་ཡུང་ཆང་། གྲོང་ཨུད་ཀྱི་རྒྱུན་ཨུ་དང་ཧྲི་ཀྲང་གཞོན་པ། 

ཡང་ཡུང་ལིའང་། གྲོང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན།    

ཀྲང་ལེ། གྲོང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། 

ཝང་ཡིང་། གྲོང་ཨུད་ཀྱི་རྒྱུན་ཨུ་དང་ཧྲི་ཀྲང་གཞོན་པ། 

ཨ་ཏ་ལི་ཨ་སི་ལེ་ཧན། གྲོང་ཨུད་ཀྱི་རྒྱུན་ཨུ།

7 དཔལ་འབྱོར།
7_1 རགས་བཤད།

སྤྱི་ལོ2018ལོར་ཁྲང་ཅི་གྲོང་ཁྱེར་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར398ཟིན་ནས7%ལ་འཕར་བ་དང་། སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར41.94ཡིན་པས་ལོ་གོང་མ་དང་གཞི་རྩའི་ཆ་ནས་མཉམ་པ་དང་། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར122.6ཟིན་ནས8%ལ་འཕར། གྲོང་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངས1.6%འཕར། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱིས་སྒོར31071ཟིན་ནས6.1%འཕར། གྲོང་གསེབ་ཀྱི་ཡུལ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱིས་སྒོར19334ཟིན་ནས་སྒོར797ལ་འཕར་ཡོད།

8 སྤྱི་ཚོགས་ལས་དོན།
8_1 ཚན་རྩལ་བྱ་གཞག

སྤྱི་ལོ2017ལོར་ཁྲང་ཅི་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་ཁེ་བེད་བདག་ཐོབ715རེ་ཞུ་བྱས་པ་དང་རྒྱལ་ཁབ་ཀྱི་ཁེ་བེད་བདག་ཐོབ407ལ་དབང་ཆ་སྤྲད་པ་རེད། ལོ་མཇུག་ཏུ་ལག་རྩལ་མཐོ་གསར་གྱི་ཁེ་ལས55ཟིན་ཡོད། ཚན་རྩལ་གསར་གཏོད་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ་དང་། གྲོང་ཁྱེར་ཡོངས་ཀྱི་གཞི་ཁྱོན་ལྡན་པའི་བཟོ་ལས་ཞིབ་འཇུག་གསར་སྤེལ་བྱེད་སྒོའི་འགྲོ་གྲོན་སྒོར་དུང་ཕྱུར6.46བཏང་བ་དེས་གཙོ་གཉེར་ལས་སྒོའི་ཡོང་འབབ་ཀྱི་བསྡུར་ཚད་ཀྱི1.8%བཟུང་ཡོད།

8_2 སློབ་གསོའི་བྱ་གཞག

སྤྱི་ལོ2017ལོའི་ལོ་མཇུག་བར་ཁྲང་ཅི་གྲོང་ཁྱེར་དུ་རིགས་ཁག་གི་སློབ་གྲྭ(བྱིས་སྐྱོང་ཁང་ཚུད་ཡོད)100ཡོད་པ་དང་ཁྱོན་འཛིན་གྲྭ1245ཡོད།  སློབ་གྲྭར་ད་ཡོད་ཀྱི་སློབ་མ55814ཡོད་པའི་ནང་བྱིས་སྐྱོང་ཁང70(གཞུང་བཙུགས་སློབ་གྲྭ24)དང་འཛིན་གྲྭ434ཡོད་པ་དང་བུ་བཅོལ་ཁང་དུ་ཡོད་པའི་སློབ་མ15255ཡོད་པ་དང་། སློབ་ཆུང23དང་། འཛིན་གྲྭ531  སློབ་གྲྭར་ཡོད་པའི་སློབ་མ26582   དམའ་རིམ་སློབ་འབྲིང4དང་འཛིན་གྲྭ204  སློབ་གྲྭར་ཡོད་པའི་སློབ་མ9599བཅས་ཡོད། མཐོ་རིམ་སློབ་འབྲིང3དང་འཛིན་གྲྭ76ཡོད་པ་དང་སློབ་གྲྭར་ད་ཡོད་ཀྱི་སློབ་མ4378ཡོད། ཁྱོན་སློབ་ཐོན་སློབ་མ8508ཡོད་པའི་ནང་སློབ་ཆུང་སློབ་ཐོན་སློབ་མ4131ཡོད་པ་དང་། དམའ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ3104ཡོད་པ། མཐོ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ1273བཅས་ཡོད་པ་རེད། སློབ་མ16141བསྡུ་བའི་ནང་བྱིས་སྐྱོང་ཁང་གིས་སློབ་མ6671བསྡུས་པ་དང་སློབ་ཆུང་དུ་སློབ་མ4582བསྡུས། དམའ་རིམ་སློབ་འབྲིང་དུ་སློབ་མ3436བསྡུས་ཤིང་། མཐོ་རིམ་སློབ་འབྲིང་དུ་སློབ་མ1452བསྡུས་ཡོད། དགེ་རྒན4020ཡོད་པའི་ནང་ཆེད་བསྐོས་དགེ་རྒན3343ཡོད་པ་བཅས་སོ།།

8_3 འཕྲོད་བསྟེན།

སྤྱི་ལོ2017ལོའི་ལོ་མཇུག་བར་ཁྲང་ཅི་གྲོང་ཁྱེར་དུ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི434ཡོད་པའི་ནང་སྨན་ཁང18  རིགས་ཁག་གི་འཕྲོད་བསྟེན་ལས་དོན་པ3068ཡོད་པའི་ནང་འཕྲོད་བསྟེན་ལག་རྩལ་པ2507  དེའི་ནང་ལས་གཉེར་སྨན་པ་བཀའ་བཅུ་བ1030དང་སྨན་གཡོག1197ཐོ་འགོད་བྱས་ཡོད་ལ་སྨན་བཅོས་ཉལ་ཁྲི1978ཡོད།

9 གཟི་བརྗིད་མཚན་སྙན།

རྒྱལ་ཁབ་ཀྱི་དཔལ་ཡོན་གྲོང་ཁྱེར། 

རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར། 

ཀྲུང་གོའི་ཕུལ་བྱུང་ཡུལ་སྐོར་གྲོང་ཁྱེར། 

རྒྱལ་ཡོངས་ཚན་རྩལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར། 

རྒྱལ་ཡོངས་ཀྱི་སྐྱེ་བོ་ལོ་ན་མ་སོན་པའི་བསམ་བློ་དང་ཀུན་སྤྱོད་ལེགས་སྐྱོང་ལས་ཀའི་སྔོན་ཐོན་གྲོང་ཁྱེར། 

རྒྱལ་ཡོངས་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་སྣེ་ཁྲིད་ཁུལ། 

རྒྱལ་ཁབ་སྐྱེད་ཚལ་གྲོང་ཁྱེར། 

རྒྱལ་ཁབ་ཀྱི་གསར་གཏོད་རྣམ་པའི་ཚོད་ལྟའི་གྲོང་ཁྱེར། 

རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར། 

ཀྲུང་གོའི་ཕུལ་བྱུང་ཅན་བརྒྱའི་རྫོང་། 

རྒྱལ་ཡོངས་ཚན་རྩལ་བྱ་བའི་སྔོན་ཐོན་གྲོང་ཁྱེར། 

རྒྱལ་ཡོངས་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་ཕུལ་བྱུང་གྲོང་ཁྱེར། 

རྒྱལ་ཡོངས་དམངས་སྲིད་བྱ་བའི་སྔོན་ཐོན་གྲོང་ཁྱེར། 

རྒྱལ་ཡོངས་འཕྲོད་བསྟེན་སྔོན་ཐོན་གྲོང་ཁྱེར། 

རྒྱལ་ཡོངས་མི་འབོར་ཡོངས་བཤེར་སྔོན་ཐོན་གྲོང་ཁྱེར། 

རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་གྲོང་ཁྱེར། 

རྒྱལ་ཡོངས་སྡེ་ཁུལ་རྒྱ་གྲམ་དམར་རྟགས་ཞབས་ཞུའི་དཔེ་སྟོན་གྲོང་ཁྱེར། 

རྒྱལ་ཁབ་སྤུས་ཚད་དར་རྒྱས་གྲོང་ཁྱེར་གྱི་སྔོན་ཐོན་གྲོང་ཁྱེར། 

རང་སྐྱོང་ལྗོངས་སྐྱེད་ཚལ་གྲོང་ཁྱེར། རང་སྐྱོང་ལྗོངས་འཕྲོད་བསྟེན་དར་དམར་གྲོང་ཁྱེར། 

རང་སྐྱོང་ལྗོངས་ཞིང་ལས་ཐོན་ལས་ཅན་གྱི་དཔེ་སྟོན་གྲོང་ཁྱེར།


དཔྱད་གཞིའི་ཡིག་ཆ།