མཚུར་ཕུའི་རྡོ་རིང་་གི་ཡི་གེསྔ་མའི་པར་གཞི་དེ གདོང་བསོད་ནམས  ནས 2020-05-13 11:30ལ་འགྲུབ།

མཚུར་ཕུའི་རྡོ་རིང་་གི་ཡི་གེ

མཚུར་ཕུའི་རྡོ་རིང་་གི་ཡི་གེ
མཚུར་ཕུའི་རྡོ་རིང་ནི་ཁྲི་གཙུག་ལྡེ་བཙན་གྱིས་ཞང་ཚེས་པོང་སྟག་བཟང་ཉ་སྟོ་ལ་གནང་བའི་བཀའ་གཙིགས་ཡིན་ཞིང་། རྡོ་རིང་དེ་ད་ལྟ་བོད་ལྗོངས་སྟོད་ལུང་བདེ་ཆེན་རྫོང་ཁོངས་ཀྱི་མཚུར་ཕུ་དགོན་ཤུལ་དུ་མཆིས།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ལོ་རྒྱུས།
རིགས་དབྱེ།
ཡིག་རྙིང་།
རྒྱ་ཡིག་གི་མིང་།
楚普石碑
མཐོ་ཚད།
སྤྱི་ཁྲེ2.62
དུས་སྐབས།
ཁྲི་གཙུག་ལྡེ་བཙན་གྱི་སྐབས།
བཞེངས་ལོ།
སྤྱི་ལོ(815-836)
གནས་ཡུལ།
བོད་ལྗོངས་སྟོད་ལུང་བདེ་ཆེན་རྫོང་ཁོངས་མཚུར་ཕུ་དགོན་ཤུལ།
1 མ་ཡིག
1_1

1.༄། ། ཞང་ཚེས་པོང་སྟག་བཟང་ཉ་ལྟོས2།

2.སྟོད་ཀྱི་ལྕང་བུར3། གཙུག་ལག་ཁང་བརྩྀགས་

3.ལོ་རྒྱུས། ། རྡོ་རིངས་ལ་བྲྀ་བར།༔། བཙན་༔

4.པོའི་བཀའས་གནང་སྟེ་བྲིས་པའ།༔།

5.༄། ། བཙན་པོ་ལྷ་སྲས་ཡབ་མྱེས་ཀྱི་སྐུ་རིང་ལ

6.དམ་པའྀ་ཆོས་བརྙེས་ནས། ། གདུང་རབསཿ

7.སུ་དམ་པའི་ཆོས་མྱྀ་གཏང་ཞིང་མཛད་པརཿ

8.ཆོས་གཙིགས་དང་། བཀའ་ལུང་སྩལད་པ་

9.ལས་འབྱུང་བ་བཞིན། ཞང་ཚེས་པོང་ཉ་སྟོས།

10.དམ་པའྀ་ཆོས་ཉམས་སུ་བླངས། བཙནཿ

11 .པོ་ལྷ་སྲས། ཁྲྀ་གཙུག་ལྡེ་བརྩན་འཕྲུལ་གྱི་

12.བཀའ་དྲྀན། ཞང་ཉ་སྟོ་ལ་ཆེད་སྩའད་པས

13.བཀའ་དྲྀན་ཆེན་པོ་བསབ་པའྀ་ཕྱིར། །

14.བཙན་པོ་སྐུ་ཡོན་དུ་བསྔོས་ཏེ། སྨོན་ལམཿ

15.རྒྱ་ཆེར་བཏབ་ནས།  སྟོད་ལུང་ཀྱྀ་ལྕང་བུརཿ

16.གཙུག་ལག་ཁང་བརྩིགས་སྟེ། དཀོན་

17.མཆོག་གསུམ་གྱི་རྟེན་བཙུགས། དགེ་

18.སློབ་བཞི་གནས་པར་སྦྱར། རྐྱེན་ཀྱྀ

19.བྲན་ཞང་འབྲོག་དང་། ལྷ་ཆ་4དང་། ནོར་རྫས་

20.དང་། རྐང་འགྲོས་5ལས་སྩོགས་པ། ནོར་རྫས་

21.བཅད་དེ། ། བཙན་པོ་ཁྲྀ་གཙུག་ལྡེ་བརྩན་

22.གྱི་སྐུ་ཡོན་རྒྱུན་མྱྀ་འཆད་པར་བྱེད་དོ། །

23.གཙུག་ལག་ཁང་འདྀའི་མཚན་ཡང་། །

24.བཙན་པོའི་བཀའ་ཞལ་གྱྀས་བཏགས་སྟེ།

25.འོན་ཅང་དོའི་ཐུགས་དམ་གྱྀ་གཙུག་ལག

26.ཁང་ཆེན་པོའི་མཇུག་ལ་གདགས་ཤྀང་།

27.ཚིས་ཀྱང་། བླ་ནས་མཛད་པར། ། བཀའས་

28.གནང་། ། ལྷ་རྀས་ཀྱི་འབངས་དང་། དཀོར་

29.ལ། ཁྲལ་མྱྀ་དབབ་པ་དང་། ཁྭ་6དང་། ཆད་ཀ7

30.མྱྀ་བཞེས་པ་ལས་སྩོགས་པ་ཡང་། ལྷ་རིསཿ

31.ཆེན་པོའི་ཐང་དུ། ། བཀའས་གནང་ངོ་། །

32.གཙུག་ལག་ཁང་འདྀའི་རྐྱེན་རྀས་བསྔོ་ཞིང་

33.སྤྱད་པ་ཡང་།  ། ཞང་ཉ་སྟོས། ། ཇི་ལྟར་བྱས་ཤྀང་།

34.བསྔོས་པ་བཞྀན་བརྩན་པར། བཀའས་གནངོ་།

35.ནམ་ཞྀག་ན། །ཞང་ཉ་སྟོ་ལ། བུ་ཚ་རྒྱུད་ཡོང[ཡོད]ཿ

36.མྱེད་པ་ཞྀག་ཏུ་གྱུར་ན། ། ཁོལ་ཡུལ་ལས་སྩོགས་

37.པ་དབང་ངོ་ཅོག ། ། བླར་མྱི་བཞེས།

38.ཀྱང་མྱྀ་སྦྱིན་བར། ། གཙུག་ལག་ཁང་འདྀ་རྐྱེན་

39.དུ་བསྣན་པར། ། བཀའས་གནང་ངོ།

40.གཙུག་ལག་ཁང་གྀ་རྐྱེན་བཅད་པའི་དཀརཿ

41.ཅག་དང་། བསྔོས་ཡྀག་བླ་དཔེ་ནི། ། བཅོམ་ལྡན་

42.འདའས་རིང་ལུགས་ཀྱི་འདུན་སར་བཞག །

43.འོག་དཔེ་ནི།  འོན་ཅང་དོ་གཙུག་ལག་ཁང་གིཿ

44.གནས་བརྟན་དང་། མངན་ལ་སྩའད། ། དཔེཿ

45.དེ་དང་འདྲ་བ་གཅྀག་ནི། ། གཙུག་ལག་ཁངཿ

46.འདིར་གཞག་པར། བཀའས་གནང་ངོ།

1_2

1.༄། ། ཞང་ཚེས་པོང་

2.གསས་སྟོའི་བུ་

3.ཚ། གཙིགསཿ

4.གནང་བའྀ་བླ

5.དཔེ་ནི། ཕྱྀང་བ་

6.འི་སྐུན་མཁར་8

7.ན། གཙིགསཿ

8.ཆེན་པོ་གཞན་གྱྀ།

9.ཟླ་ལ་བཞག། དེ་

10.དང་འདྲ་བ་རྣམཿ

11 ..གཅྀག་ནི། གཙིགས

12.གཞན་གྱྀ་ཟླ་ལ

13.བཀའྀ་སར་བཞྒ

14.གཙྀགས་ཀྱྀ་

15.འོག་དཔེ་འཕྲཿ

16.མེན་གྱྀ་སྒྲོམ་བུཿ

17.ནི། གཙུགས་ལགཿ

18.ཁང་འདྀའི་མཛོད་

19.དུ་བཞག་པར

20.བཀའས་གནང་

21.ངོ། །

22.བཀྲ་ཤིས། །

2 དཀའ་འགྲེལ།

1.མཚུར་ཕུའི་རྡོ་རིང་། འདི་ནི་ཁྲི་གཙུག་ལྡེ་བཙན་གྱིས་ཞང་ཚེས་པོང་སྟག་བཟང་ཉ་སྟོ་ལ་གནང་བའི་བཀའ་གཙིགས་ཡིན་ཞིང་། རྡོ་རིང་དེ་ད་ལྟ་བོད་ལྗོངས་སྟོད་ལུང་བདེ་ཆེན་རྫོང་ཁོངས་ཀྱི་མཚུར་ཕུ་དགོན་ཤུལ་དུ་མཆིས།

2.ཞང་ཚེས་པོང་སྟག་བཟང་ཉ་སྟོ།  འདི་ཉིད་ནི་ཁྲི་གཙུག་ལྡེ་བཙན་གྱི་ཞང་པོར་ངེས་ལ།  ཚེས་པོང་པ་དང་བཙན་པོ་རྒྱུད་ཀྱི་བར་གཉེན་གྱི་འབྲེལ་བ་ཟབ་མོའང་ཡོད་དོ། །

3.སྟོད་ཀྱི་ལྕང་བུ། སྟོད་ལུང་གི་ཡུལ་གྲུ་ཞིག

4.ལྷ་ཆ། ལྷ་ཆས་ཏེ་ཆོས་ཕྱོགས་སུ་སྦྱར་པའི་ཡོ་བྱད།

5.རྐང་འགྲོས། ཁལ་ཟོག་དང་བཞོན་རྟ་དང་བཀོལ་ཕྱུགས།

6.ཁྭ། ཁན་ཏེ་གཏན་ཁེལ་བྱས་པའི་གྲངས་ལས་ཁ་སྣོན་མི་བྱེད་པའི་མིང་།

7.ཆད་ཀ །  ཆད་པ་སྟེ་ཁྲིམས་ཀྱི་ཆད་པ་སོགས་ལ་འཇུག་པ་འདྲ། ཆས་ཀ་སྟེ་སྤྱི་རྫས་སུ་འཇུག་པའི་འགྲེལ་ཡང་འབྱུང་།

8.ཕྱྀང་བ་འི་སྐུན་མཁར། བཙན་པོའི་ཕོ་བྲང་རྙིང་བ་སྟེ་ཕྱིང་བ་སྐུ་མཁར་ཞེས་པ་དེ་དེང་གི་བོད་ལྗོངས་ལྷོ་ཁའི་འཕྱོང་རྒྱས་རྫོངས་སུ་མཆིས།