“ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་དམ་པོར་འཆང”ཞེས་པའི་བརྗོད་གཞིའི་སློབ་གསོ།སྔ་མའི་པར་གཞི་དེ བསེ་ཆང་རྡོ་རིན།  ནས 2020-05-11 10:43ལ་འགྲུབ།

“ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་དམ་པོར་འཆང”ཞེས་པའི་བརྗོད་གཞིའི་སློབ་གསོ།

“ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་དམ་པོར་འཆང”ཞེས་པའི་བརྗོད་གཞིའི་སློབ་གསོ།
“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་འཆང”ཞེས་པའི་བརྗོད་གཞིའི་སློབ་གསོ་ནི་ཏང་ཡོངས་ཀྱི་ཁྱབ་ཁོངས་སུ་སྤེལ་བའི་བརྗོད་གཞིའི་སློབ་གསོ་ཡིན་ལ། ཏང་ཡོངས་ཀྱིས་སྔར་ལས་རང་རྟོགས་ཀྱི་སྒོ་ནས་དུས་རབས་གསར་པའི་ཏང་གི་ལོ་རྒྱུས་ལས་འགན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་པར་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན། སྤྱི་ལོ2017ལོའི་ཟླ10བའི་ཚེས18ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཏང་ཡོངས་སུ “ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་འཆང”ཞེས་པའི་བརྗོད་གཞིའི་སློབ་གསོ་སྤེལ་བ་དང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྤྱད་དེ་ཏང་ཡོངས་ཀྱིས་དེ་བས་རང་རྟོགས་ངང་དུས་རབས་གསར་པའི་ཏང་གི་ལོ་རྒྱུས་ལས་འགན་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུར་སྐུལ་འདེད་བཏང་ཡོད། སྤྱི་ལོ2019ལོའི་ཟླ5བའི་ཚེས13ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་སྤྱི་ལོ2019ལོའི་ཟླ6པ་ནས་འགོ་བཙུགས་ཏེ་ཏང་ཡོངས་སུ་ཁག་གཉིས་ལ་དབྱེ་ནས “ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་འཆང”ཞེས་པའི་བརྗོད་གཞིའི་སློབ་གསོ་སྤེལ་རྒྱུར་གཏན་འབེབས་བྱས་པ་རེད། ཟླ9བར《“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་འཆང”ཞེས་པའི་བརྗོད་གཞིའི་སློབ་གསོ་ཁག་གཉིས་པ་སྤེལ་རྒྱུའི་སྐོར་གྱི་སློབ་སྟོན་བསམ་འཆར》པར་འགྲེམས་བྱས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
“不忘初心、牢记使命”主题教育
གང་ནས་བཏོན་པ།
ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ།
བཏོན་པའི་དུས་ཚོད།
སྤྱི་ལོ2017ལོའི་ཟླ10བའི་ཚེས18ཉིན།
འདོན་མཁན།
ཞི་ཅིན་ཕིང་།
1 ​དངོས་སུ་བཏོན་པ།

སྤྱི་ལོ2017ལོའི་ཟླ10བའི་ཚེས18ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་བཏང་ནས “གཉིས་སློབ་གཅིག་བསྒྲུབ”ཀྱི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་།  རྫོང་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་གཙོ་གནད་དུ་བཟུང་སྟེ་ཏང་ཡོངས་སུ “ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་འཆང”ཞེས་པའི་བརྗོད་གཞིའི་སློབ་གསོ་སྤེལ་བ་དང་། ཏང་གི་གསར་གཏོད་གཞུང་ལུགས་སྤྱད་དེ་ཏང་ཡོངས་ཀྱིས་སྔར་ལས་རང་རྟོགས་ཀྱི་སྒོ་ནས་དུས་རབས་གསར་པའི་ཏང་གི་ལོ་རྒྱུས་ལས་འགན་མངོན་འགྱུར་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱེད་པར་སྐུལ་འདེད་གཏོང་དགོས། 

2 ཀྲུང་དབྱང་གི་བླང་བྱ།
2_1 ཁག་དང་པོ།

སྤྱི་ལོ2019ལོའི་ཟླ5ཚེས13ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་སྤྱི་ལོ2019ལོའི་ཟླ6པ་ནས་བཟུང་ཏང་ཡོངས་སུ་ཁག་གཉིས་ལ་དབྱེ་ནས “ཐོག་མའི་བསམ་འདུན་མི་བརྗེད་པར།  འགན་འཁྲི་ཡིད་ལ་དམ་པོར་འཆང”ཞེས་པའི་བརྗོད་གཞིའི་སློབ་གསོ་སྤེལ་རྒྱུར་གཏན་འབེབས་བྱས་པ་རེད།  

སྤྱི་ལོ2019ལོའི་ཟླ5བའི་ཚེས31ཉིན “ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་འཆང”ཞེས་པའི་བརྗོད་གཞིའི་སློབ་གསོའི་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གིས་སྐོར་སྐྱོད་མཛུབ་ཁྲིད་བྱས་ཏེ་ས་ཁུལ་ཁག་དང་། སྡེ་ཚན་ཁག  ཚན་པ་ཁག་བཅས་ཀྱིས་བརྗོད་གཞིའི་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པའི་རེ་བ་བཏོན་པ་རེད།

སྤྱི་ལོ2019ལོའི་ཟླ6པའི་ཚེས5ཉིན “ཐོག་མའི་བསམ་འདུན་མི་བརྗེད་པར།  འགན་འཁྲི་ཡིད་ལ་དམ་པོར་འཆང”ཞེས་པའི་བརྗོད་གཞིའི་སློབ་གསོ་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གིས་གསོ་སྦྱོང་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད།

སྤྱི་ལོ2019ལོའི་ཟླ6ཚེས6ཉིན་གྱི་སྔ་དྲོ་ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)ཡིས་བརྗོད་གཞིའི་སློབ་གསོའི་སྐུལ་སློང་ཚོགས་ཆེན་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་སློབ་གྲྭ་ཡོངས་ཀྱི་བརྗོད་གཞིའི་སློབ་གསོར་སྐུལ་སློང་དང་བཀོད་སྒྲིག་བྱས་པ་རེད།

སྤྱི་ལོ2019ལོའི་ཟླ6པར་ཀྲུང་གུང་ཀྲུང་དབྱང་གིས《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གི་རྩ་གནད》པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་ནས《རྩ་གནད》དེ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པའི་ཞོར་འདེགས་ཀློག་དེབ་གལ་ཆེན་ཞིག་ཏུ་བརྩི་བ་དང་འབྲེལ “ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གི་རྩ་གནད”ཀྱི་བརྗོད་གཞིའི་སློབ་གསོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ《རྩ་གནད》དེ་སློབ་སྦྱོང་གི་འཆར་གཞིའི་ནང་བཅུག་ནས་རྣམ་པ་མང་བ་དང་། རིམ་པ་དབྱེ་བ། ཡོངས་སུ་ཁྱབ་པ་བཅས་ཀྱི་སློབ་སྦྱོང་གསོ་སྦྱོང་བྱེད་དགོས་པའི་རེ་བ་བཏོན་པ་རེད།

2_2 ཁག་གཉིས་པ།

སྤྱི་ལོ2019ལོའི་ཟླ9བར་ཀྲུང་དབྱང་གི “ཐོག་མའི་བསམ་འདུན་མི་བརྗེད་པར།  འགན་འཁྲི་ཡིད་ལ་དམ་པོར་འཆང”ཞེས་པའི་བརྗོད་གཞིའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གིས《ཁག་གཉིས་པའི “ཐོག་མའི་བསམ་འདུན་མི་བརྗེད་པར།  འགན་འཁྲི་ཡིད་ལ་དམ་པོར་འཆང”ཞེས་པའི་བརྗོད་གཞིའི་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》པར་འགྲེམས་བྱས་པ་རེད། བསམ་འཆར་གཞིར་བཟུང་ན་བརྗོད་གཞིའི་སློབ་གསོ་ཁག་གཉིས་པ་སྤྱི་ལོ2019ལོའི་ཟླ9བ་ནས་བཟུང་ཟླ11པའི་ཟླ་མཇུག་བར་གཞི་རྩའི་ཆ་ནས་མཇུག་བསྒྲིལ་བ་རེད།

སྤྱི་ལོ2019ལོའི་ཟླ10བའི་ཚེས12ཉིན “ཐོག་མའི་བསམ་འདུན་མི་བརྗེད་པར།  འགན་འཁྲི་ཡིད་ལ་དམ་པོར་འཆང”ཞེས་པའི་བརྗོད་གཞིའི་སློབ་གསོའི་བྱེད་སྒོ་ཁག་གཉིས་པ་སྤེལ་བཞིན་པ་དང་ཀྲེ་ཅང་ཞིང་ཆེན་ཧྲང་ཡིའུ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལས་ཁུངས་ཀྱི “ཐོག་མའི་བསམ་འདུན་མི་བརྗེད་པར།  འགན་འཁྲི་ཡིད་ལ་དམ་པོར་འཆང”ཞེས་པའི་བརྗོད་གཞིའི་སློབ་གསོ་གཅིག་སྡུད་སློབ་སྦྱོང་ཐོག་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་ཡོངས་ཀྱིས《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་རྩ་གནད》ཀྱི་ནང་དོན་ཁག་གཅིག་ཐུན་མོང་ཐོག་ཀློག་པ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ཡོད།

ཀྲེ་ཅང་ཞིང་ཆེན་ཁྲང་ཤིང་རྫོང་ཧུང་ཆའོ་གྲོང་རྡལ་སྒྲིག་ཨུད་ཀྱིས་མེ་འགོག་དམག་མི་རྒན་གྲས་གདན་དྲངས་ནས་ལོ50ཡི་གོང་གི་འཐབ་ཕྱོགས་སུ་ཏང་ནང་ཞུགས་པའི་བྱས་རྗེས་འཆད་ཁྲིད་བྱས་པ་དང་འབྲེལ་ཏང་ཡོན་ལས་བྱེད་པར་སྐུལ་ལྕག་བཏང་ནས་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་ཕུལ་ཡོད།

ཧྥུའུ་ཅན་ཞིང་ཆེན་ཏ་ཐེན་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ཨ་རིའི་ཆུ་ཐོན་དངོས་རྫས་སློབ་གྲྭའི་གནས་རྙིང་བཤམས་སྟོན་ཁང་དུ་ལྟ་སྐོར་བྱས་པ་དང་། དམར་པོའི་རི་འགོག་དམག་འཁྲུག་གི་བྱས་རྗེས་བཞག་ནས་སྔོན་བྱོན་པའི་སྙིང་སྟོབས་སློབ་སྦྱོང་བྱས་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགན་འཁྲི་ལག་ལེན་བསྟར་ཡོད།

ཧོ་ནན་ཞིང་ཆེན་ཆི་རྫོང་དམག་སྡེ་བརྒྱད་པའི་ཧོ་ནན་ནུབ་རྒྱུད་ཀྱི་རི་འགོག་དྲན་གསོ་ཁང་དུ་ཧོ་ནན་ཞིང་ཆེན་དབྱི་ཀང་གྲོང་ཁྱེར་གྱི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་གསར་བརྗེའི་ལོ་རྒྱུས་བསྐྱར་ཀློག་དང་། འབད་འཐབ་ལོ་རྒྱུས། རྒྱང་སྐྱོད་ལམ་བུ་བཅས་ཀྱི་བྱ་ཐབས་བརྒྱུད་འགན་འཁྲི་ཡག་པོ་འཁུར་བ་དང་འགན་འཁྲི་འཁུར་ཕོད་པའི་ཡིད་ཆེས་དང་ཆོད་སེམས་བརྟན།

3 ཀྲུང་དབྱང་སློབ་སྟོན་ཚོ་ཆུང་།

རུ་སྣེ་ཁྲིད་དེ་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་བཅུ་དྲུག་པའི་ཚོགས་གཙོ་ཀེང་ཧུའེ་ཁྲང་དུ་བཅའ་སྡོད་བྱས་ནས་རྒྱལ་ཁབ་བདེ་འཇགས་པུའུ་ཡི་པུའུ་ཀྲང་བྱེད་མྱོང་། རུ་སྣེ་ཁྲིད་དེ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་སུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་ཉི་ཤུ་པའི་ཚོགས་གཙོ་ཅང་ཏ་མིང་གིས་དེ་སྔའི་པུའུ་ཀྲང་གི་འགན་བཞེས་པ་དང་། རུ་སྣེ་ཁྲིད་དེ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ལྷན་དུ་བཅའ་སྡོད་བྱེད་མཁན་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་བཅོ་བརྒྱད་པའི་ཚོགས་གཙོ་ལིའུ་པིན་ཅེ་ཡིས་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཧྲུའུ་ཡི་ཧྲུའུ་ཀྲང་གི་འགན་འཁུར་མྱོང་བ། རུ་སྣེ་ཁྲིད་དེ་ཀྲུང་དབྱང་དམག་དམངས་མཉམ་འདྲེས་གཞུང་དོན་ཁང་གི་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་ཉེར་གཉིས་པའི་ཚོགས་གཙོ་ཧྥན་ཞའོ་ཅན་དུ་བཅའ་སྡོད་བྱས་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་བྱེད་མྱོང་ཡོད། རུ་སྣེ་ཁྲིད་དེ་རྒྱལ་ཁབ་ལས་ཁུངས་ལས་དོན་ཅུས་ཀྱི་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་བཅུ་གཉིས་པའི་ཚོགས་གཙོ་ཆོན་ཀྲེ་ཀྲུའུ་རུ་བཅའ་སྡོད་བྱས་ནས་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་བྱེད་མྱོང་ཡོད། རུ་སྣེ་ཁྲིད་དེ་འཕྲལ་སྡོམ་དོ་དམ་པུའུ་རུ་བཅའ་སྡོད་བྱེད་མཁན་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་ཉེར་བཞི་པའི་ཚོགས་གཙོ་སུང་ཤིའུ་ཡན་གྱིས་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་གཞོན་པའི་འགན་ཁུར་མྱོང་བ་དང་། རུ་སྣེ་ཁྲིད་དེ་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་དུ་བཅའ་སྡོད་བྱེད་མཁན་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་བཅུ་གཅིག་པའི་ཚོགས་གཙོ་འཁྱག་ཞུ་བྱས་པ་དང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་ཡོན་ཀྲང་བྱེད་མྱོང་ཡོད། རུ་སྣེ་ཁྲིད་དེ་ཕྱི་འབྲེལ་པུའི་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་བཅུ་གསུམ་པའི་ཚོགས་གཙོ་ཝང་དབན་པིན་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་དྲུང་ཆེ་གཞོན་པ་གནང་མྱོང་ཡོད།

ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་ནང་ལས་གནས་ནས་ཕྱིར་འཐེན་བྱས་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི8ཀྱིས་རུ་སྣེ་ཁྲིད་དེ་ཧྲང་ཧའེ་རུ་བཅའ་སྡོད་ཚོགས་ཆུང་དྲུག་པའི་ཚོགས་གཙོ་སུང་ཡུས་དབྱིང་གིས་ཧུའུ་པེ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གནང་མྱོང་བ་དང་། རུ་སྣེ་ཁྲིད་དེ་ཧུའུ་ནན་དུ་བཅའ་སྡོད་མཛུབ་ཁྲིད་ཚོགས་ཆུང་དང་པོའི་ཚོགས་གཙོ་ཕུང་ཕུང་གིས་ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞིའི་འགན་འཁུར་མྱོང་ཡོད། རུ་སྣེ་ཁྲིད་དེ་ཨན་ཧུའེ་རུ་བཅའ་སྡོད་བྱེད་མཁན་མཛུབ་ཁྲིད་ཚོགས་ཆུང་གསུམ་པའི་ཚོགས་གཙོ་ཡུས་ཤུན་གྱིས་སྲིད་གྲོས་ཀྱི་ཀྲུའུ་ཞི་གནང་མྱོང་ཡོད། རུ་སྣེ་ཁྲིད་དེ་ཧྲའན་ཤིས་སུ་བཅའ་སྡོད་མཛུབ་ཁྲིད་ཚོགས་ཆུང་ལྔ་པའི་ཚོགས་གཙོ་ཧོང་གཡོད་ཅིན་གྱིས་སྲིད་གྲོས་ཀྱི་ཀྲུའུ་ཞི་གནང་མྱོང་ཡོད། རུ་སྣེ་ཁྲིད་དེ་ཧྲན་ཏུང་དུ་བཅའ་སྡོད་བྱེད་པའི་མཛུབ་ཁྲིད་ཚོགས་ཆུང་བཞི་པའི་ཚོགས་གཙོ་ཙང་ཤན་ཕུའུ་ཡིས་ཐེན་ཅིན་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞིའི་འགན་བཞེས་མྱོང་། རུ་སྣེ་ཁྲིད་དེ་པེ་ཅིང་དུ་བཅའ་སྡོད་མཛུབ་ཁྲིད་ཚོགས་ཆུང་གཉིས་པའི་ཚོགས་གཙོ་ཁྲེན་ཅི་ཝ་ཡིས་སྲིད་གྲོས་ཀྱི་ཀྲུའུ་ཞི་གནང་མྱོང་ཡོད། རུ་སྣེ་ཁྲིད་དེ་ལེའོ་ཉིང་དུ་བཅའ་སྡོད་མཛུབ་ཁྲིད་ཚོགས་ཆུང་བདུན་པའི་ཚོགས་གཙོ་ཞུའེ་ཡན་ཀྲུང་གིས་ཧྲན་ཤིས་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞིའི་འགན་བཞེས་མྱོང་། རུ་སྣེ་ཁྲིད་དེ་ཁྲུང་ཆིང་དུ་བཅའ་སྡོད་བྱེད་པའི་མཛུབ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་ཏུའུ་ཡུས་ཤིན་གྱིས་སྲིད་གྲོས་ཀྱི་ཀྲུའུ་ཞི་གནང་མྱོང་ཡོད།

ཚོགས་གཙོའི་ནང་ད་དུང་ཞིང་ཆེན་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཞིང་ཆེན(གྲོང་ཁྱེར)གྱི་འགོ་འཛིན་གྱིས་རུ་སྣེ་ཁྲིད་དེ་ཀོང་ཏུང་དང་ཧའེ་ནན་གྱི་ཚོགས་ཆུང་དགུ་པའི་ཚོགས་གཙོ་ཏུའུ་ཏེ་དབྱིང་དུ་བཅའ་སྡོད་བྱས་ཏེ་པེ་ཅིང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་འཁུར་མྱོང་བ་དང་། རུ་སྣེ་ཁྲིད་དེ་ཐེན་ཅིན་དང་ཧོ་པེ་ཡི་མཛུབ་ཁྲིད་ཚོགས་ཆུང་བརྒྱད་པའི་ཚོགས་གཙོ་དབྱང་ཞུང་གིས་ཧྲང་ཧའེ་ཡི་ཧྲི་ཀྲང་བྱེད་མྱོང་ཡོད།

ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་ནང་ད་དུང་ཀྲུང་དབྱང་ཁེ་ལས་དང་དངུལ་རྩའི་སྒྲིག་གཞིའི་འགན་འཁུར་བ་མང་པོ་ཡོད། སྤྱི་ལོ2019ལོའི་ཟླ3པར་ཀྲུང་གོ་སྒུལ་བདེ་ཏུང་ཧྲི་ཀྲང་གི་ཧྲང་པིང་གིས་མཛུབ་ཁྲིད་ཚོགས་ཆུང་ཉེར་བརྒྱད་པའི་ཚོགས་གཙོ་གི་འགན་འཁུར་ནས་རུ་སྣེ་ཁྲིད་དེ་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སིར་བཅའ་སྡོད་བྱས་པ་དང་། རུ་སྣེ་ཁྲིད་དེ་ཅིང་ཚད་ཡོད་ཀུང་སིའི་མཛུབ་ཁྲིད་ཚོགས་ཆུང་སོ་གསུམ་པའི་ཚོགས་གཙོ་ཉིའུ་ཤིས་མིང་དུ་བཅའ་སྡོད་བྱས་ནས་འགྲིམ་འགྲུལ་དངུལ་ཁང་གི་ཏུང་ཧྲི་ཀྲང་བྱེད་མྱོང་བ། རུ་སྣེ་ཁྲིད་དེ་ཀྲུང་གོ་དཔེ་སྐྲུན་ཚོགས་པ་ཀུང་སིའི་མཛུབ་ཁྲིད་ཚོགས་ཆུང་སོ་གཉིས་པའི་ཚོགས་གཙོ་ཝང་པིང་ཧྭ་རུ་བཅའ་སྡོད་བྱས་པ་དང་། རུ་ཁག་ཁྲིད་དེ་ཨན་ཀང་ཚོགས་པའི་མཛུབ་སྟོན་ཚན་ཆུང་སོ་བཞི་བའི་ཚན་གཙོ་ཧོ་ཝུན་པོ་རུ་བཅའ་སྡོད་བྱས་ཤིང་། སྔོན་ཆད་གཏེར་ལྔ་ཚོགས་པའི་ལས་འཛིན་གཅོ་བོའི་འགན་བཞེས་མྱོང་།

4 དོན་སྙིང་གལ་ཆེན།

ཐོག་མའི་བསམ་འདུན་མི་བརྗེད་པར།  འགན་འཁྲི་ཡིད་ལ་དམ་པོར་འཆང་པ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་ཆེན་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ལས།  དར་ཆ་མཐོན་པོར་སྒྲེང་བ་དང་།  མིག་རྒྱང་རིང་བ་དང་།  མིག་རྒྱང་རིང་བ་བཅས་ནི་ང་ཚོའི་ཏང་གིས་དུས་རབས་གསར་པར་མདུན་སྐྱོད་བྱེད་པ་དང་།  འཐབ་ལམ་གསར་པ་གཏོད་པ།  རྩོམ་འབྲི་བྱེད་པ་བཅས་ཀྱི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན། “ཐོག་མའི་བསམ་འདུན་མི་བརྗེད་པར།  འགན་འཁྲི་ཡིད་ལ་དམ་པོར་འཆང”ཞེས་པའི་བརྗོད་གཞིའི་སློབ་གསོ་སྤེལ་ནས “ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་བྱེད་པའི” “ཐོག་མའི་བསམ་འདུན”དང “འགན་འཁྲི”བློ་ལ་བརྟན་པོར་ངེས་རྒྱུ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་ང་ཚོ་གུང་ཁྲན་ཏང་མིར་ལྕག་སྐུལ་བྱེད་པའི་རྩ་བའི་སྒུལ་ཤུགས་ཤིག་རེད།

ཐོག་མའི་བསམ་འདུན་མི་བརྗེད་པར།  འགན་འཁྲི་ཡིད་ལ་དམ་པོར་འཆང་པ་ནི་ཏང་གིས་ནམ་ཡང་ན་གཞོན་རྒྱུན་འཁྱོངས་བྱེད་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ལས་བསྟན་དོན། “འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་།  ནམ་ཡང་འབད་འཐབ་བྱས་ན།  ད་གཟོད་ཀྲུང་གོ་གུང་ཁྲན་ཏང་ནམ་ཡང་ན་གཞོན་དུ་འགྱུར་ཐུབ། ཀྲུང་གོའི་གུང་ཁྲན་ཏང་ལ་ནམ་ཡང་ན་གཞོན་གསོན་ཤུགས་ལྡན་དུ་འཇུག་དགོས་ན། ཏང་གི་སྔོན་ཐོན་རང་བཞིན་དང་། དྭངས་གཙང་རང་བཞིན། འཐབ་འཛིང་རང་བཞིན་བཅས་རྒྱུན་འཁྱོངས་བྱ་དགོས། འགན་འཁྲི་བློ་ལ་བརྟན་པོར་ངེས་པ” ཞེས་པའི་བརྗོད་བྱ་གཙོ་བོའི་སློབ་གསོ་སྤེལ་བ་ནི་ཏང་གི་སྔོན་ཐོན་རང་བཞིན་སྔར་ལས་ལྷག་པར་རྒྱུན་འཁྱོངས་དང་། ཏང་གི་སྲིད་སྐྱོང་ནུས་པ་མཐོར་འདེགས། ཏང་གི་སྲིད་སྐྱོང་གོ་གནས་སྲ་བརྟན་དུ་གཏོང་བ་བཅས་ཡིན། ཏང་གི་དྭངས་གཙང་རང་བཞིན་སྔར་བས་རྒྱུན་འཁྱོངས་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་མུ་མཐུད་སྐུལ་འདེད་གཏོང་བ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ། ཏང་ནང་ཁུལ་གྱི་ཆབ་སྲིད་སྣོད་བཅུད་གཙང་མ་བཟོ་བ་བཅས་ཡིན་པ་དང་། ཏང་གི་འཐབ་འཛིང་རང་བཞིན་སྔར་བས་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་ལེན་པའི་འཐབ་འཛིང་དང་། དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ལས་འགན་གསར་པའི་ཁྲོད། ཞུམ་མེད་མདུན་སྐྱོད་དང་འབད་འབུངས་ཡར་བརྩོན་བྱེད་དགོས།

ཐོག་མའི་བསམ་འདུན་མི་བརྗེད་པར།  འགན་འཁྲི་ཡིད་ལ་བརྟན་པོར་བཅང་པ་ནི་ཏང་གིས་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་བློ་ལ་བརྟན་པོར་འཛིན་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། རླབས་ཆེན་གྱི་མི་རིགས་ཤིག་གིས་ངེས་པར་དུ་ལོ་རྒྱུས་བློ་ལ་བརྟན་པོར་ངེས་དགོས།“ ཐོག་མའི་བསམ་འདུན་མི་བརྗེད་པར།  འགན་འཁྲི་ཡིད་ལ་དམ་པོར་འཆང།” ཞེས་པའི་བརྗོད་གཞིའི་སློབ་གསོ་སྤེལ་ནས་རྒྱ་ཆེའི་ཏང་ཡོན་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་གཏིང་ཟབ་བྱ་རྒྱུར་ཁྲིད་སྟོན་བྱ་རྒྱུ་དང་ཏང་གཤིས་བློ་སྦྱོང་གི་ཆུ་ཚད་མཐོ་རུ་བཏང་ནས་གདོང་ལེན་དཔེ་བཟང་གི་ནུས་པ་སྔར་བས་འདོན་སྤེལ་བྱ་རྒྱུ་དང་། རྒྱ་ཆེའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཏང་གི་ལོ་རྒྱུས་ཕྱོགས་ཡོངས་ནས་ཤེས་རྟོགས་ཐུབ་པ་དང་། ཏང་ལ་དགའ་ཞེན་དང་། ཏང་ལ་བརྩི་བཀུར། ཏང་ལ་སྲུང་སྐྱོང་བཅས་བྱས་ཏེ་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས། ང་ཚོའི་ཏང་གིས་ད་གཟོད་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ལས་འགན་གསར་པ་ལེགས་འགྲུབ་དང་། འགྲན་སློང་གསར་པ་སྒྲོལ་བ། གྲུབ་འབྲས་གསར་པ་ཐོབ་པ་བཅས་བྱེད་ཐུབ།

ཐོག་མའི་བསམ་འདུན་མི་བརྗེད་པར།  འགན་འཁྲི་ཡིད་ལ་དམ་པོར་འཆང་པ་ནི་ཏང་གིས་རྒྱུན་ཆད་མེད་པར་འབྱུང་འགྱུར་གཏོད་པའི་རྨང་གཞི་གལ་ཆེན་ཞིག་རེད། ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“ཡུན་རིང་འབད་བརྩོན་བྱས་པ་བརྒྱུད་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དེ་ནི་ཀྲུང་གོའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་པ་ཞིག་རེད” ཅེས་བསྟན་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། ཀྲུང་གོའི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་མི་དམངས་ཀྱི་དགའ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་བར་གྱུར་ཡོད། “ཐོག་མའི་བསམ་འདུན་མི་བརྗེད་པར།  འགན་འཁྲི་ཡིད་ལ་དམ་པོར་འཆང།” ཞེས་པའི་བརྗོད་གཞིའི་སློབ་གསོ་སྤེལ་ནས་དུས་རབས་གསར་པའི་འགལ་ཟླ་གསར་པ་དང་འགྲན་སློང་གསར་པའི་རྒྱང་སྐྱོད་ལམ་བུའི་ཐོག“ཐོག་མའི་སེམས་པ”དང“འགན་འཁྲི”འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། ལྷུ་ཚིགས་ཁག་ཏུ་ཁྱབ་པ། ཕྱོགས་ཁག་ཏུ་ཁྱབ་པ། དཀའ་སྤྱད་འབད་འཐབ་དང་འགག་སྒྲོལ་དཀའ་སེལ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྒུལ་ཤུགས་བསྣན་རྒྱུ་རེད།

5 སྤྱིའི་བླང་བྱ།

“བསམ་འདུན་སྲུང་། འགན་འཁྲི་འཁུར།  ཧེ་བག་འཚོལ།   དོན་འཁྱོལ་འཛིན”

བསམ་འདུན་སྲུང་ཞེས་པ་ནི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་པ་དང་། ཕུགས་བསམ་དང་དད་སེམས་དམ་པོར་འཆང་ནས་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པ་ནི་ང་ཚོའི་འབད་འཐབ་དམིགས་ཚད་ཡིན་པ་བློ་ལ་བརྟན་པོར་ངེས་པ། དུས་དང་རྣམ་པ་ཀུན་ཏུ་རང་རེའི་ཏང་ནི་མི་དམངས་ལས་བྱུང་བ་དང་། མི་དམངས་ལ་རྩ་བ་ནས་འཛུགས་པ། མང་ཚོགས་དང་ཁ་བྲལ་བ་དང་། མང་ཚོགས་ལ་མཐོང་ཆུང་། མང་ཚོགས་སྣང་མེད་དུ་འཇོག་པ་བཅས་བྱེད་མི་རུང་།

འགན་འཁྲི་འཁུར་ཞེས་པ་ནི་རང་རེའི་ཏང་གི་ཕྲག་ཏུ་འཁུར་བའི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་བློ་ལ་བརྟན་པོར་ངེས་ནས་འགན་འཁྲི་འཁུར་ཕོད་པ་དང་། ཧུར་བརྩོན་དང་རང་འགུལ་ངང་བྱས་རྗེས་འཇོག་པ། འཐབ་རྩོད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས། ཉེན་ཁ་དང་འགྲན་སློང་འགོག་ཕོད་པ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་དང་སྒེར་སེམས་མེད་པའི་སྙིང་སྟོབས་ལ་བརྟེན་ནས་མདུན་སྐྱོད་ཀྱི་བགྲོད་ལམ་ཐོག་གི་ཡོད་ཚད་ལས་རྣམ་པར་རྒྱལ་བ་བྱེད་དགོས་པ་དེ་རེད།

ཧེ་བག་འཚོལ་ཞེས་པ་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྟ་སྡུར་དང་། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་དང་ལྟ་སྡུར། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་དང་ལྟ་སྡུར། སྔོན་ཐོན་དཔེ་མཚོན་དང་ཉེ་འགྲམ་གྱི་མིག་དཔེ་དང་ལྟ་སྡུར། ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོ་མཐའ་འཁྱོངས་བཅས་བྱས་ཏེ་འབེན་ཡོད་སར་མདའ་འཕེན་པ་ལྟར་དག་ཐེར་ཡོ་བསྲང་བྱེད་དགོས་པ་དེ་རེད།

དོན་འཁྱོལ་འཛིན་ཞེས་པ་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་བསྒྱུར་བཅོས་འཕེལ་རྒྱས་བརྟན་ལྷིང་གསུམ་དང་ཏང་འཛུགས་སྐྱོང་གི་ལས་དོན་ཁག་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་སུ་བསྒྱུར་བ་དང་། འགན་འཁྲི་དེ་ཏང་ཡོན་ལས་བྱེད་པ་དང་གསར་གཏོད་སྲོལ་འབྱེད་ཀྱི་སྙིང་སྟོབས་དང་སྙིང་སྟོབས་སུ་བསྒྱུར་བ། དམ་པ་དོན་གཉེར་བྱེད་པའི་རང་རྟོགས་ཀྱི་བྱ་སྤྱོད་དུ་བསྒྱུར་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོང་གང་ཐུབ་བྱེད་པ། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་བཅས་ལ་སྐུལ་འདེད་གཏོང་བ། མི་དམངས་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་གནད་དོན་མངོན་གསལ་ཅན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ། མི་དམངས་མང་ཚོགས་ཀྱི་ཐོབ་སེམས་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་ཡིན།

“བསམ་འདུན་སྲུང་། འགན་འཁྲི་འཁུར།  ཧེ་བག་འཚོལ།   དོན་འཁྱོལ་འཛིན”ནི་ཕན་ཚུན་འབྲེལ་བའི་སྤྱིའི་ཚོགས་པ་ཞིག་ཡིན་པས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བྱས་ཏེ་བརྗོད་གཞིའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས།  

6 རྩ་བའི་ལས་འགན།

●ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ།

●ལྷག་བསམ་རྣམ་དག་དང་སྤྱོད་གཙང་། འགན་འཁུར་ཕོད་པའི་ཆབ་སྲིད་གཤིས་རྒྱུད་ཅིག་ཆགས་པར་བསྲེགས་བཅད་བརྡར་གསུམ་བྱེད་དགོས།

●རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་ཐུན་མོང་གིས་འབད་པ་བྱེད་དགོས།

7 ཞིབ་ཕྲའི་དམིགས་ཡུལ།
7_1 གཞུང་ལུགས་སློབ་སྦྱོང་གྲུབ་འབྲས་ཐོབ།

གཙོ་གནད་ནི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྔར་ཡོད་སློབ་སྦྱོང་བྱས་པའི་རྨང་གཞིའི་ཐོག་ཡར་རྒྱས་གསར་པ་ཡོང་བར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་ལ་གོ་བ་གཏིང་ཟབ་ལེན་པ་དང་། སློབ་སྦྱོང་གཏིང་ཟབ་བྱས་ནས་གོ་བ་གཏིང་ཟབ་ལེན་པ་དང་མཐའ་གསལ་མཐིལ་རྟོགས་བྱེད་པ། ལག་བསྟར་དོན་འཁྱོལ་བྱེད་པའི་རང་རྟོགས་རང་བཞིན་དང་བློ་རྩ་བརྟན་པོའི་རང་བཞིན་ཆེ་རུ་གཏོང་བ། ཏང་གི་གསར་གཏོད་ལ་བརྟེན་ནས་ལག་ལེན་དང་ལས་ཀར་སྐུལ་འདེད་གཏོང་བའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱ་དགོས།

7_2 བསམ་བློ་ཆབ་སྲིད་ཉམས་སད་ཐེབས།

གཙོ་གནད་ནི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མར་ཁེ་སི་རིང་ལུགས་ལ་དད་མོས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་དད་སེམས་བརྟན་དུ་གཏོང་བ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན། “འདུ་ཤེས་བཞི”ཤུགས་སྣོན། “གདེང་ཚོད་བཞི”བརྟན་པོ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཏང་དང་། མི་དམངས། མར་ཁེ་སི་རིང་ལུགས་བཅས་ལ་བློ་དཀར་སེམས་དཀར་བྱེད་དགོས་པའི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།

7_3 ལས་སྒྲུབ་ལས་གཏོད་འགན་འཁྲི་འཁུར།

གཙོ་གནད་ནི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེན་པོ་བཅངས་ནས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་འབད་འབུངས་ཡར་བརྩོན་གྱི་འབད་འཐབ་རྣམ་པ་དང་དཀའ་ཚེགས་ཇི་ཙམ་ཆེ་བ་དེ་ཙམ་གྱིས་མདུན་ཕྱོགས་སུ་སྐྱོད་པའི་འཐབ་རྩོད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་དང་། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལས་དོན་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་ཧུར་ཐག་གཏོད་དགོས།

7_4 དམངས་ལ་ཞབས་ཞུ་དཀའ་གནད་སེལ།

གཙོ་གནད་ནི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་འཛུགས་པ། མི་དམངས་མང་ཚོགས་དང་བརྩེ་དུང་ཟབ་ཏུ་གཏོང་བ། རང་རྟོགས་ངང་མི་དམངས་དང་མཉམ་དུ་བསམ་བློ་གཏོང་བ་དང་མཉམ་དུ་ལས་ཀ་བྱེད་པ། མང་ཚོགས་ཀྱི་སེམས་ཁྲལ་དང་སུན་སྣང་གི་བྱ་བ་ཐག་གཅོད་གང་ཐུབ་བྱེད་པ་བཅས་ཀྱི་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་དམངས་ཀྱི་དོན་དུ་ཁེ་ཕན་གཉེར་བ་དང་དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པའི་ཕན་འབྲས་དངོས་མི་དམངས་ཀྱི་ཆེད་དུ་འབུལ་དགོས།

7_5 གཞུང་དྲང་སྤྱོད་གཙང་མིག་དཔེ་བསྟན།

གཙོ་གནད་ནི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དམངས་ཀྱི་དོན་དུ་དངོས་གཉེར་སྤྱོད་གཙང་བྱེད་པའི་ཆབ་སྲིད་ཀྱི་རང་མདངས་རྒྱུན་འཁྱོངས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་པ་དང་། ཁྱད་དབང་གི་བསམ་བློ་དང་ཁྱད་དབང་གི་སྣང་ཚུལ་ལ་རང་རྟོགས་ཀྱིས་འཐབ་རྩོད་བྱེད་པ། རུལ་སུངས་སྔོན་འགོག་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། དཔོན་པོ་སྤྱོད་གཙང་དང་། ལས་ཀ་གཙང་སྒྲུབ། མི་ཚུལ་ལྡན་ཞིག་བྱེད་པ་བཅས་བྱེད་དགོས།

8 སློབ་གསོའི་བྱ་ཡུལ་།

རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་གཙོ་གནད་དུ་བཟུང་སྟེ་ཏང་ཡོངས་སུ “ཐོག་མའི་བསམ་འདུན་མི་བརྗེད་པར།  འགན་འཁྲི་ཡིད་ལ་དམ་པོར་འཆང”ཞེས་པའི་བརྗོད་གཞིའི་སློབ་གསོ་སྤེལ་ཡོད།

9 བྱེད་ཐབས་གཙོ་བོ།

དོན་དངོས་དང་ཟུང་འབྲེལ་དང་གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་སྤེལ་ཏེ་སློབ་སྦྱོང་སློབ་གསོ་དང་། བརྟག་དཔྱད་ཞིབ་འཇུགགནད་དོན་ལ་ཞིབ་བཤེར། དག་ཐེར་དོན་འཁྱོལ་བཅས་བྱ་རྒྱུ་བརྗོད་དོན་གཙོ་བོའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས་ཕན་འབྲས་ཡག་ཤོས་ཐོན་རྒྱུར་འབད་བརྩོན་བྱེད་དགོས།

རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ་དང་། གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་། དུས་བབ་སྲིད་ཇུས་ཀྱི་སློབ་གསོ། སྔོན་ཐོན་དཔེ་མཚོན་གྱི་སློབ་གསོ། ཉེན་ཟོན་སློབ་གསོ་བཅས་གཏིང་ཟབ་སྤེལ་བ། བསམ་བློའི་རྩ་བའི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་པ། རང་རྟོགས་ངང་རེའུ་མིག་དང་དམིགས་ཚད་ལ་ཁ་གཏད་གཅོག་པ་བཅས་བྱས་ནས་སློབ་སྦྱོང་སློབ་གསོའི་དམིགས་སའི་རང་བཞིན་དང་། དངོས་ཕན་རང་བཞིན། འགོས་པའི་རང་བཞིན།

རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་མི་དམངས་ཀྱི་གནས་ཚུལ་རྒྱུས་ལོན་དང་གནས་ཚུལ་ངོ་མ་ཁོང་དུ་ཆུད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་པ་དང་། གནད་དོན་གང་ཡིན་པ་དང་གནད་འགག་གང་ཡིན་གསལ་པོར་ཤེས་པ། དཀའ་གནད་སེལ་བའི་བྱེད་ཐབས་དངོས་དང་བྱེད་ཐབས་བཙན་པོ་འདོན་དགོས།

ཏང་ཡོན་ལས་བྱེད་པར་གྲི་ཁ་ལ་བརྟེན་ནས་ནང་ཁུལ་དུ་རང་ངོས་གསར་བརྗེ་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས་བསམ་འཆར་རྒྱ་ཁྱབ་ཏུ་ཉན་པ་དང་། ཞིབ་བཤེར་དང་བསམ་ཞིབ་ནན་ཏན་བྱེད་པ། གནད་དོན་དངོས་འཚོལ་བ། འབྱུང་རྩ་སྔོག་འདོན་གཏིང་ཟབ་བྱེད་པ། འབད་བརྩོན་བྱེད་ཕྱོགས་དང་ལེགས་བཅོས་བྱེད་ཐབས་ཁ་གསལ་བཟོ་བ་བཅས་བྱས་ནས་གནད་དོན་ཐག་གཅོད་ཡག་པོ་ཏན་ཏིག་བྱེད་དགོས།

“བསྒྱུར་བཅོས”ཞེས་པའི་ཡིག་འབྲུ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། ཞིབ་བཤེར་མྱུར་བཅོས་དང་། ཤེས་རྟོགས་འཕྲལ་བཅོས། འཕྲལ་དུ་ལེགས་བཅོས་བཅས་བྱས་ནས་འཕྲལ་མར་ལེགས་བཅོས་བྱེད་ཐུབ་རིགས་ལ་དུས་བཀག་དང་བླང་བྱ་ཁ་གསལ་བཟོས་ཏེ་དུས་བཀག་ལྟར་དག་ཐེར་དང་ལེགས་བཅོས་གནད་འཁེལ་བྱ་དགོས། སྐབས་ཤིག་ཐག་གཅོད་བྱེད་མི་ཐུབ་པའི་རིགས་ལ་བརྟན་པོར་དམིགས་ཏེ་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། རང་རྟོགས་བྱེད་ཤུགས་ཆེ་རུ་གཏོང་བ། དུས་རིམ་གྱི་དམིགས་ཚད་ཁ་གསལ་བཟོ་བ།

དམིགས་ཡུལ་ཡོད་པའི་སྒོ་ནས་བཅོས་སྒྲིག་བྱེད་དགོས་པའི་མངོན་གསལ་དོད་པའི་གནད་དོན་བཀོད་ནས་གཅིག་སྡུད་བཅོས་སྒྲིག་བྱེད་དགོས། ཆེད་དོན་བཅོས་སྒྲིག་གི་གནས་ཚུལ་དེ་བྱ་ཐབས་འོས་འཚམ་གྱི་ཐོག་ནས་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་བརྡ་ཁྱབ་གཏོང་དགོས་པ་དང་ཆེད་དོན་བཅོས་སྒྲིག་ཁྲོད་ཤེས་རྟོགས་བྱུང་བའི་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

རྩ་བའི་ལས་འགན།