ལུའུ་ཧྲི་རྫོང་།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2020-05-08 08:34ལ་འགྲུབ།

ལུའུ་ཧྲི་རྫོང་།

ལུའུ་ཧྲི་རྫོང་།
ལུའུ་ཧྲི་རྫོང་ནི་ཧོ་ནན་ཞིང་ཆེན་སན་མོན་ཞ་གྲོང་ཁྱེར་གྱི་ཁོངས་གཏོགས་རྫོང་དང་ས་ཁམས་གནས་ཚད་ནི་བྱང་གི་འཕྲེད་ཐིག33°33′-34°23′དང་ཤར་གྱི་གཞུང་ཐིག 110°35′-111°22′བར་དུ་ཡོད། བྱང་ངོས་སུ་ལིན་པའོ་དང་། ཤར་ངོས་སུ་ལུའོ་ཉིང་དང་ལོན་ཁྲོན། ལྷོ་ངོས་སུ་ཞི་ཞ། ལྷོ་ནུབ་ངོས་སུ་ཧྲའན་ཞི་ཞིང་ཆེན་གྱི་ལུའོ་ནན་དང་ཏན་ཧྥེང་། ཧྲང་ནན་བཅས་རྫོང་གསུམ་བཅས་དང་འབྲེལ་ཞིང་། རྫོང་མཁར་ནི་སན་མོན་ཞ་གྲོང་ཁྱེར་ཁུལ་དང་བར་ཐག་སྤྱི་ལེ135མཚམས་ན་ཡོད། ལུའུ་ཧྲི་རྫོང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ4004དང་། སྤྱིའི་མི་འབོར་ཁྲི38.2དང་གྲོང་རྡལ9 ཤང10 སྲིད་འཛིན་གྲོང་ཚོ277 གྲོང་མི་ཨུ་ལྷན10 གྲོང་མིའི་ཚོགས་ཆུང3114 རང་བྱུང་གྲོང་ཚོ4113 སྡོད་དམངས་ས་ཚིགས18560ལྷག་ཡོད།(2018ལོར) སྤྱི་ལོ2017ལོར་ལུའུ་ཧྲི་རྫོང་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི911027ཟིན་པ་དེ་དུས་མཚུངས་ལས9.1%འཕར་བའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི217779དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི290460ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི402788བཅས་དང་ཐོན་ལས་གསུམ་གྱི་བསྡུར་ཚད་ནི23.9:31.9:44.2ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
卢氏县
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཧོ་ནན་ཞིང་ཆེན་སན་མོན་ཞ་གྲོང་ཁྱེར།
མངའ་ཁོངས།
ཏུའུ་ཀོན་གྲོང་རྡལ། ཝུའུ་ལི་ཁྲོན་གྲོང་རྡལ། ཧྲ་ཧོ་ཤང་སོགས་གྲོང་རྡལ9དང་ཤང10ཡོད།
སྲིད་གཞུང་གི་ས་གནས།
ཁྲེང་ཀོན་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0398(+86)
སྦྲག་སྲིད་ཨང་རྟགས།
472200
ས་གནས།
ཧོ་ནན་ཞིང་ཆེན་གྱི་ནུབ་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ4004ཡོད།
མི་གྲངས།
ཁྲི38.2ཡོད།(2018ལོའི་ཐེམ་ཐོའི་མི་གྲངས)
ནམ་ཟླའི་ཆ་རྐྱེན།
དྲོད་རྒྱུད་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཡུས  (豫)M
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
411224
GDP
སྒོར་ཁྲི911027ཡོད།(2017ལོར)
1 འཛུགས་སྐྲུན་གྱི་འཕེལ་རིམ།

ཆིན་རྒྱལ་རབས་ནི་སན་ཁྲོན་ཅུན་གྱི་ཁོངས་སུ་གཏོགས།

ཧན་རྒྱལ་རབས་ཀྱི་སྐབས་སུ་གོང་མ་ཀའོ་ཏི་ལོ་གཉིས་པ(སྤྱི་ལོའི་སྔོན་གྱི205ལོར)ཧོ་ནན་ཅུན་དུ་བསྒྱུར། ཝུའུ་ཏི་ཡོན་ཏིན་ལོ་བཞི་པ(སྤྱི་ལོའི་སྔོན་གྱི113ལོར)ནས་ལུའུ་ཧྲི་རྫོང་བཙུགས།

རྒྱལ་ཁབ་གསུམ་གྱི་དུས་སྐབས་སུ་ཚའོ་ཝེ་དང་། ལུའུ་ཧེང་ནུང་ཅུན་བཙུགས།

སུའེ་རྒྱལ་རབས་ཀྱི་དུས་སུ་ཧུང་ནུང་ཅུན་གྱི་ཁོངས་སུ་གཏོགས་པ་དང་། གོང་མ་ཀུང་ཏི་དབྱི་ཉིང་ཁྲི་ལོ་དང་པོ(སྤྱི་ལོ617ལོར)ལུའུ་ཧྲི་དང་ཧུང་ནུང་། ཁམ་གླིང་བཅས་རྫོང3ཡོད།

ཐང་རྒྱལ་རབས་ཀྱི་སྐབས་སུ་ཀྲེན་ཀོན་ཁྲི་ལོ་བརྒྱད་པ(སྤྱི་ལོ634ལོར)ཧུང་ནུང་དུ་གནས་སྤོས།

ཡོན་རྒྱལ་རབས་ཀྱི་སྐབས་སུ་དེང་གི་སུང་རྫོང་དང་། ལོན་ཁྲོན། ལུའུ་ཧྲི་རྫོང་བཅས་རྫོང་གསུམ་ནི་ནན་དབྱང་ཧྥུ་ཡི་ཡན་ཀྲོའུ་རུ་གཏོགས།

མིང་རྒྱལ་རབས་ཀྱི་དུས་སུ་ཧུང་ཝུའུ་ལོ་གསུམ་པ(སྤྱི་ལོ1370ལོར)ཧྲའན་ཀྲོའུ་རུ་ལོག་པ་དང་། ཧོ་ནན་ཧྥུ་ཡི་ཁོངས་སུ་གཏོགས།

ཆིང་རྒྱལ་རབས་ནི་ཧྲའན་ཀྲོའུ་ཡི་ཁོངས་ཡིན།

མིན་གོའི་སྲིད་ལོ་གཉིས་པ(སྤྱི་ལོ1913ལོར)ཡུས་ཞི་ཏའོ་ཡི་ཁོངས་སུ་གཏོགས་པ་དང་།མིན་གོའི་སྲིད་ལོ་གསུམ་པར་(སྤྱི་ལོ1914ལོར)ཡུས་ཞི་ཏའོ་ནས་ཧོ་ལོ་ཏའོ་རུ་བསྒྱུར། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བཅུ་བདུན་པ(སྤྱི་ལོ1928ལོར)ཧོ་ལོ་ཏའོ་ཡི་ཐད་གཏོགས་ཧོ་ནན་ཞིང་ཆེན་གྱི་ཁོངས་སུ་གཏོགས། མིན་གོའི་སྲིད་ལོ་ཉི་ཤུ་པར(སྤྱི་ལོ1931ལོར)ཧྲའན་ཀྲོའུ་ཡི་ཆུས་བཅུ་གཅིག་པའི་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས་པ་དང་། མིན་གོའི་སྲིད་ལོ་སུམ་ཅུ་སོ་དྲུག་པ(སྤྱི་ལོ1947ལོའི)ཟླ8པར་ཀུང་ཧྲུའུ་དང་པོའི་ཁོངས་སུ་གཏོགས། ཟླ10པར་སན་ཁྲོན་དང་། ལོན་ཁྲོན། ཐའོ་ཝན། དགོན་པ་བཅས་གྲོང་རྡལ་བཞི་གསར་དུ་བཙུགས་པའི་ལོན་ཁྲོན་རྫོང་དུ་བགོས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་ཐོག་མར་ཧྲའན་ཀྲོའུ་ཆེད་ཁུལ་དུ་གཏོགས་པ་དང་། སྤྱི་ལོ1952ལོར་ལུའོ་དབྱང་ཆེད་ཁུལ་དུ་བགོས། སྤྱི་ལོ1986ལོར་སན་མོན་ཞ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2012ལོའི་བར་ལུའུ་ཧྲི་རྫོང་ཁོངས་གཏོགས་སུ་གྲོང་རྡལ9དང་ཤང10ཡོད་པ་སོ་སོར་ཁྲེང་ཀོན་གྲོང་རྡལ་དང་། ཏུང་མིང་གྲོང་རྡལ། ཏུའུ་ཀོན་གྲོང་རྡལ། ཀོན་ཏའོ་ཁོའུ་གྲོང་རྡལ། ཧྥན་ལི་གྲོང་རྡལ། ཝུའུ་ལི་ཁྲོན་གྲོང་རྡལ། ཀོན་ཕོ་གྲོང་རྡལ། ཀྲུའུ་དབྱང་ཀོན་གྲོང་རྡལ། ཧྲོང་ལུང་དབན་གྲོང་རྡལ། ཝུན་ཡུས་ཤང་། ཧེང་ཅན་ཤང་། ཐང་ཧོ་ཤང་། ཝ་ཡའོ་ཀོའུ་ཤང་། ཧྲོང་ཕུའུ་ཧྲུའུ་ཤང་། སེང་གེ་ཕིང་ཤང་། ཞུས་ཅ་དབན་ཤང་། ཕན་ཧོ་ཤང་། མུའུ་ཐུང་ཤང་། ཧྲ་ཧོ་ཤང་། ཁྱོན་བསྡོམས་སྲིད་འཛིན་གྲོང་ཚོ352ཡོད།

སྤྱི་ལོ2018ལོར་ལུའུ་ཧྲི་རྫོང་ཁོངས་སུ་གྲོང་རྡལ9དང་ཤང10 སྲིད་འཛིན་གྲོང་ཚོ277 གྲོང་མི་ཨུ་ལྷན10 གྲོང་མིའི་ཚོགས་ཆུང3114 རང་བྱུང་གྲོང་ཚོ4113 སྡོད་དམངས་ས་ཚིགས18560བཅས་ཚུད་ཡོད།

3 ས་ཁམས་ཁོར་ཡུག
3_1  ས་གཤིས།

ལུའུ་ཧྲི་རྫོང་གི་ས་གཞི་ཆེན་པོའི་ཆགས་གནས་ནི་ཁུན་ལུན་ནས་ཆིན་ལིན་བར་གྱི་འཕྲེད་ཐིག་བྱང་ཕྱོགས་ཡིན་པ་དང་། ཐའེ་ཧང་ཧྲན་རི་བོ་ཞིན་ཧྭ་ཁྲུང་ལུང་ནས་ལྷོ་སྣེར་ཡོད་པ། ཆི་ལུའི་ཧོ་ཧྲན་ཡི་གེ་ཅན་གྱི་མདུན་གཞུ་ཤར་ལྷོའི་རྒྱུད་ཡིན་ལ། ཤར་ལྷོར་ཧོའེ་དབྱང་རི་བོའི་ཡི་གེ་རྣམ་པའི་ནུབ་གཤོག་གི་ལྡོག་འཕྲོའི་གཞུ་ཐིག་དང་ཉེ་ཡོད། ས་རིམ་ཅུང་ཆ་ཚང་བ་དང་། དེའི་ཁོངས་སུ་ཡོན་རྒྱལ་རབས་ཀྱི་དུས་དང་། གནའ་བོའི་སྐྱེ་དངོས་ཀྱི་དུས། བར་སྐྱེས་ཀྱི་དུས། གསར་སྐྱེས་ཀྱི་དུས་བཅས་ཚུད་ཡོད། 

3_2 ས་ངོས་ཆགས་ཚུལ།

ལུའུ་ཧྲི་རྫོང་གི་ས་བབ་ནུབ་མཐོ་ལ་ཤར་དམའ་ཞིང་། ལྷོ་མཐོ་ལ་བྱང་དམའ་བ། གཙོ་བོ་ཀྲུང་ཧྲན་དང་། དམའ་སྒང་། རི་མ་ཐང་། གྲོག་རོང་གཤོང་ས་བཅས་ཀྱིས་གྲུབ། ས་ཁོངས་ནང་གི་རྒྱ་མཚོའི་ངོས་ལས་མཐོ་ཚད་དམའ་ཤོས་ནི་རི་ཁུལ་དུ་སྨི482ཡོད་པ་དང་། ས་བབ་མཐོ་ཤོས་ནི་སྨི2057.9ཟིན་ཡོད།    

3_3 ནམ་ཟླ།

ལུའུ་ཧྲི་རྫོང་ནི་ཚ་ཁུལ་ཕལ་བའི་དྲོད་ཁུལ་བར་བརྒལ་ས་ཁུལ་དུ་གནས་པ་དང་། སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁྱད་ཆོས་ལྡན། དུས་བཞི་གསལ་ལ་དཔྱིད་སྟོན་ཅུང་ཐུང་བ། དབྱར་དགུན་ཅུང་རིང་། ལོ་རེའི་ཆ་སྙོམས་དྲོད་ཚད་ནི12-13.4℃དང་། ལོ་ཧྲིལ་པོར10℃ཡི་དྲོད་ཚད4064.1℃ཡིན་པ་དང་། ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི692.9 དང་། ཆར་པ་འབབ་ཚད་ས་བབ་མཐོ་དམའི་དབང་གིས་སྙོམས་པོ་མེད་པ་དང་། ཕལ་ཆེར་ལྷོ་རྒྱུད་བྱང་རྒྱུད་ལས་མང་བ་དང་། ནུབ་རྒྱུད་ཤར་རྒྱུད་ལས་མང་བ། རི་ཁུལ་གཙང་པོ་ལས་མང་བ། ས་བབ་མཐོ་ཚད་སྨི1000མན་གྱི་ས་ཁུལ་དུ་ཆར་ཆུ་ཉུང་བ། ལོ་རེའི་ཆ་སྙོམས་ཉི་འོད་ཕོག་ཡུན་ཆུ་ཚོད2118དང་ལོ་རེའི་ཉི་མའི་འགྱེད་འཕྲོའི་སྤྱི་འབོར་སྨི་གྲུ་བཞི་མ་རེར་སྟོང་ཝ115.85ཡིན།

4 རང་བྱུང་ཐོན་ཁུངས།
4_1 གཏེར་རྫས་ཐོན་ཁུངས།

སྤྱི་ལོ2010ལོའི་བར་ལུའུ་ཧྲི་རྫོང་གིས་རྩད་ཆོད་པའི་གཏེར་རྫས་རིགས52ཡོད་པའི་ནང་ལྕགས་རིགས་གཏེར་རྫས་རིགས20ཡོད་པ་རེད། གཙོ་བོ་ནི་ལྕགས་དང་ཟངས། ཞ་ཉེ། ཏི་ཚ། ཁད། ཝུའུ། ལི། ཅིན། ཡུན་མུ། ལྕི་ཤེལ་རྡོ། སྤྲིན་དཀར་རྡོ། རྡོ་ཐལ་བྲག་རྡོ། རྡོ་ཀ་མ་རུ། རྡོ་སོལ་བ་སོགས་ཡིན།

4_2 སྐྱེ་དངོས་ཐོན་ཁུངས།

སྤྱི་ལོ2010ལོའི་བར་ལུའུ་ཧྲི་རྫོང་དུ་རྩི་ཤིང་སྣ་ཚོགས2400ལྷག་ཙམ་ཡོད་པའི་ནང་རི་སྐྱེས་རྩི་ཤིང་རིགས104དང་ཁོངས602ཡོད་པ་རེད། གཙོ་བོ་ཆིང་ཀང་དང་། རེང་ཕི་ལིའོ། མ་ཡེ། རི་ཡི་ཁམ་བུ། ཟུར་ལྔའི་ཧྥེང་། མའེ་ཅུང་ཡུས། པའེ་ལ་ཙི། ཧྲན་ཐའོ། པའེ་ཁྲུན་དང་། ཧོའེ་རིགས། སུང་། ཐུང་ཙི་ལིའུ། རྩི་ཤིང་། དབྱང་། ལིའུ་ཧྭ། ཧྭ་ཧྭ། ཆིན་ཕི་ལིའོ། དབྱིན་ཞིན། ཁོ་ནན། སྐྱུ་རུ་ར། ལེན་ཧྥན། ཧྭ་ཁྲོན། ཅིན་ཐིའོ། ཙི་ལིའུ་སོགས་ཡོད། 

4_3 ཆུ་ནུས་ཐོན་ཁུངས།

སྤྱི་ལོ2012ལོའི་བར་ལུའུ་ཧྲི་རྫོང་གི་ཆུ་ནུས་ཐོན་ཁུངས་གསོག་ཚད་ཆན་ཝ་ཁྲི13.8ཟིན་པ་དང་གསར་སྤེལ་ཐུབ་ཚད་ཆན་ཝ་ཁྲི8.3ཟིན་ཡོད།

5 མི་གྲངས་དང་མི་རིགས།
5_1 མི་གྲངས།

སྤྱི་ལོ2017ལོའི་བར་ལུའུ་ཧྲི་རྫོང་གི་ཐེམ་ཐོ་མི་འབོར379627ཡོད་པ་དང་། རྫོང་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར70964 གྲོང་གསེབ་ཀྱི་མི་འབོར308663 རང་ཤུགས་སུ་འཕར་ཚད3.83‰བཅས་རེད།

སྤྱི་ལོ2018ལོར་ལུའུ་ཧྲི་རྫོང་གི་མི་འབོར་བསྡོམས་འབོར་ཁྲི38.2ཟིན་པ་དེ་ཞིང་ཆེན་དེ་ཡོངས་ཀྱི་རྒྱ་ཁྱོན་ཆེ་ཤོས་དང་མི་འབོར་འདུས་ཚད་ཆེས་ཆུང(སྤྱི་ལེ་ངོས་གྲུ་རེར་མི92ཡོད་པ)ཟིན་པའི་ས་ཁུལ་ཞིག་རེད།

5_2 མི་རིགས།

ལུའུ་ཧྲི་རྫོང་ནི་རྒྱ་རིགས་གཙོ་བྱས་པའི་འདུས་སྡོད་ཁུལ་ཞིག་ཡིན་པ་དང་། གྲངས་ཉུང་མི་རིགས་ལ་ཧུའེ་རིགས་དང་སོག་རིགས། མན་ཇུ་རིགས། ཀྲོང་རིགས། ལི་རིགས། བོད་རིགས། ཐུའུ་ཅ་རིགས་སོགས་ཡོད།

6 དཔལ་འབྱོར།
6_1 ཐོན་ལས་དང་པོ།

སྤྱི་ལོ2017ལོར་ལུའུ་ཧྲི་རྫོང་གི་འབྲུ་རིགས་འདེབས་ཁྱོན་སྤྱི་ཆིང31726ཟིན་པ་དེ་སྤྱི་ལོ2016ལོ་ལས་སྤྱི་ཆིང817ཉུང་དུ་ཕྱིན་པ་དེ་དུས་མཚུངས་ལས2.5%ཆག་པ་དང་། དེའི་ནང་གྲོ་འདེབས་ཁྱོན་སྤྱི་ཆིང13934ཟིན་ནས་སྤྱི་ཆིང348ཉུང་དུ་ཕྱིན་པ་དེ་དུས་མཚུངས་ལས2.4%ཆག་པ། སྟོན་འབྲུ་འདེབས་ཁྱོན་སྤྱི་ཆིང17787ཟིན་ནས་སྤྱི་ཆིང474ཉུང་དུ་ཕྱིན་པ་དེ་དུས་མཚུངས་ལས2.6%ཆག་པ། སྣུམ་རྒྱུ་འདེབས་ཁྱོན་སྤྱི་ཆིང440ཟིན་ནས་སྤྱི་ཆིང24ཉུང་དུ་ཕྱིན་པ་དེ་དུས་མཚུངས་ལས5.1%ཆག་པ། སྔོ་ཚལ་འདེབས་ཁྱོན་སྤྱི་ཆིང3278ཟིན་ནས་སྤྱི་ཆིང10འཕར་བ་དེ་དུས་མཚུངས་ལས0.3%འཕར་བ། རྡོ་ཐ་འདེབས་ཁྱོན་སྤྱི་ཆིང8400ཟིན་ནས་སྤྱི་ཆིང4ཉུང་དུ་ཕྱིན་པ་དེ་དུས་མཚུངས་ལས1.9%ཆག་པ། ལོ་ཧྲིལ་པོར་རྫོང་ཡོངས་ཀྱི་འབྲུ་རིགས་ཐོན་ཚད་ཏུན119607ཟིན་ནས0.16%ཆག་པ་བཅས་རེད།

6_2 ཐོན་ལས་གཉིས་པ།

སྤྱི་ལོ2017ལོར་ལུའུ་ཧྲི་རྫོང་གི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི139204ཟིན་པ་དེ་དུས་མཚུངས་ལས9.2%འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཁྲོད་ཡང་བའི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི42799ཟིན་པ་དེ་དུས་མཚུངས་ལས61%འཕར་བ། ལྕི་བའི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི96405ཟིན་པ་དེ་དུས་མཚུངས་ལས0.5%ཆག་པ་དང་ཡང་བའི་བཟོ་ལས་དང་ལྕི་བའི་བཟོ་ལས་ཀྱི་བསྡུར་ཚད30.8:69.2ཟིན་པ་དང་ལོ་ཧྲིལ་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་རྫས་ཕྱིར་ཚོང་བྱེད་ཚད98.85%ཟིན་ཡོད་པ་རེད། ལས་རིགས་ལྟར་དབྱེ་ན་མདོག་ནག་ལྕགས་རིགས་འཚོལ་འདེམས་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི37628ཟིན་པ་དེ་དུས་མཚུངས་ལས8%ཆག་པ་དང་། ཞིང་ཞོར་བཟའ་བཅའ་ལས་སྣོན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི20624ཟིན་པ་དེ་དུས་མཚུངས་ལས55.4%འཕར་བ། མདོག་ལྡན་ལྕགས་རིགས་འཚོལ་འདེམས་ལས་རིགས་ལ་སྒོར་ཁྲི36531ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས1.1%འཕར་ཡོད།

6_3 ཐོན་ལས་གསུམ་པ།

སྤྱི་ལོ2017ལོར་ལུའུ་ཧྲི་རྫོང་གི་ཚོང་ཟོག་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི875938ཟིན་པ་དེ་དུས་མཚུངས་ལས14.7%འཕར་བའི་ནང་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་ཁྲི454551ཟིན་པ་དེ་དུས་མཚུངས་ལས11.3%འཕར་ཡོད། ལས་རིགས་ལ་གཞིགས་ནས་དབྱེ་ན། སྡེབ་ཚོང་ལས་རིགས་ཀྱི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི121745ཟིན་པ་དེ་དུས་མཚུངས་ལས13.2%འཕར་བ་དང་སིལ་ཚོང་ལས་རིགས་ལ་སྒོར་ཁྲི584068ཟིན་པ་དེ་དུས་མཚུངས་ལས14.8%འཕར་བ། ཞག་སྡོད་ལས་རིགས་ལ་སྒོར་ཁྲི38243ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས13.2%དང་བཟའ་བཏུང་ལས་རིགས་ལ་སྒོར་ཁྲི131882ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས16.2%འཕར་ཡོད།

7 སྤྱི་ཚོགས་ལས་དོན།

སྤྱི་ལོ2010ལོར་ལུའུ་ཧྲི་རྫོང་སློབ་ཆུང་དུ་བརྟག་དཔྱད་ཞིབ་འཇུག་བྱས་པའི་སྦྱངས་འབྲས་དང་ཀྲུང་བསྡུ་སྤྱི་ཡོངས་ཀྱི་གྲུབ་འབྲས་སན་མོན་ཞ་གྲོང་ཁྱེར་གྱི་ཨང་དང་པོ་ཟིན་ཡོད། མཐོ་གསར་སློབ་ཁུལ་ཞིག་སྤྱིར་ན་བསྐྲུན་ཟིན་པ་དང་། ལུའོ་ཡོན་ཁུལ་ཆུང་གི་བུ་བཅོལ་ཁང་དང་། ལུས་རྩལ་ཁང་། ཏུང་ཁྲེང་དམའ་རིམ་སློབ་འབྲིང་། མཐོ་གསར་སློབ་ཁུལ་གཅིག་བཅས་ཀྱི་མཐོ་རིམ་སྡོད་ཁང་གི་གཙོ་གཟུགས་སྤྱིར་ན་བསྐྲུན་ཟིན་པ་དང་། སློབ་གྲྭ35ཡི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་བཞི་མ5214ཡོད་པའི་སློབ་གྲྭའི་ཉལ་ཁང་སྒྱུར་བཀོད་ལེགས་གྲུབ་ཟིན་ཡོད།

7_1 རིག་གནས།

སྤྱི་ལོ2017ལོར་ལུའུ་ཧྲི་རྫོང་དུ་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ7དང་། རིག་གནས་ཁང1སྤྱི་པའི་དཔེ་མཛོད་ཁང1རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ1རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང1ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང4གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུ་9བཅས་སུ་བདམས་པ་རེད། རིན་མི་དགོས་པར་སྤྱི་དམངས་ལ་རིག་གནས་ཁང1དང་དཔེ་མཛོད་ཁང3སྒོ་ཕྱེ་ཡོད། ལོ་མཇུག་ཏུ་རྫོང་རིམ་པའི་རླུང་འཕྲིན་བརྙན་འཕྲིན་ཁང1ཡོད་པ་དང་། རླུང་འཕྲིན་མི་འབོར་ལ་ཕྱོགས་བསྡུས་ཀྱིས་ཁྱབ་ཚད91.2% བརྙན་འཕྲིན་མི་འབོར་ལ་ཕྱོགས་བསྡུས་ཀྱིས་ཁྱབ་ཚད92.4%ཟིན་ཡོད།

7_2 འཕྲོད་བསྟེན།

སྤྱི་ལོ2017ལོར་ལུའུ་ཧྲི་རྫོང་དུ་འཕྲོད་བསྟེན་སྒྲིག་གཞི29ཡོད་པའི་ནང་རྫོང་རིམ་པ་ཡན་གྱི་སྨན་ཁང7དང་། འཕྲོད་བསྟེན་ཁང20ནད་རིགས་ཚོད་འཛིན་ལྟེ་གནས1མ་བུ་བདེ་སྲུང་ཁང1བཅས་ཡོད་པ་རེད། ཁྱོན་ཉལ་ཁྲི1787ཡོད་པ་རེད།

7_3 ལུས་རྩལ།

སྤྱི་ལོ2017ལོར་ལུའུ་ཧྲི་རྫོང་གིས་རྣམ་པ་གསར་པའི་ཞིང་པའི་ལུས་རྩལ་ལུས་སྦྱོང་འདུ་འགོད25དང་། ཤང་གྲོང་གི་ལུས་རྩལ་ལུས་སྦྱོང་འདུ་འགོད19 བཤིག་སྒྲིག་ཆོག་པའི་ཆུ་རྐྱལ་རྫིང་བུ1རྒྱུན་གཏན་ལུས་སྦྱོང་ཐབས་ལམ10རྒྱལ་དམངས་ཀྱི་གཟུགས་གཞི་ལྟ་ཞིབ་ཚད་ལེན་དོ་དམ་མ་ལག1བཅས་ལག་བསྟར་བྱས་པ་རེད། ལོ་ཧྲིལ་པོར་རྫོང་དེ་ཡོངས་ཀྱི་རུ་ཁག་སྒྲིག་འཛུགས་བྱས་ནས་གྲོང་ཁྱེར་རིམ་པ་དང་དེ་ཡན་གྱི་འགྲན་བསྡུར་ཐེངས15ལ་ཞུགས་པ་དང་། གསེར་གྱི་རྟགས་མ2དང་། དངུལ་གྱི་རྟགས་མ16ཟངས་ཀྱི་རྟགས་མ15བཅས་ཐོབ་ཡོད། གྲོང་ཁྱེར་རིམ་པའི་ལུས་རྩལ་སྲོལ་རྒྱུན་རྣམ་གྲངས་སློབ་གྲྭ1ལ་རེ་ཞུ་བྱས་པ་རེད།


དཔྱད་གཞིའི་ཡིག་ཆ།