ཅིང་ཉིང་རྫོང་།སྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2020-05-08 14:32ལ་འགྲུབ།

ཅིང་ཉིང་རྫོང་།

ཅིང་ཉིང་རྫོང་།
ཅིང་ཉིང་རྫོང་ཀན་སུའུ་ཞིང་ཆེན་ཕིང་ལེང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཀན་སུའུ་དབུས་རྒྱུད་དུ་གནས་པ་དང་། ལིའུ་ཕན་རི་བོའི་ནུབ་དང་ཧྭ་ཅ་ལིན་གྱི་ཤར་ཕྱོགས། ཤར་དང་བྱང་ནས་ཉིང་ཞའི་ལུང་ཏེ་དང་ཞི་ཅི་རྫོང་དང་ས་མཚམས་འབྲེལ་ཡོད། ནུབ་དང་ལྷོ་རུ་ཐུང་ཝེ་དང་ཆིན་ཨན་རྫོང་ལ་འབྲེལ་ཡོད། ནུབ་བྱང་དུ་ཧུའེ་ཉིང་རྫོང་དང་འབྲེལ་ཡོད། ཤར་ལྷོར་ཀྲོང་ལང་རྫོང་དང་འབྲེལ་ནས་ཡོད། དེ་ནི་གནའ་བོའི་དར་གོས་ལམ་བུའི་ཤར་རྒྱུད་དབུས་ཁུལ་གྱི་གྲོང་རྡལ་གལ་ཆེན་ཞིག་ཡིན་ཞིང་། ཕིང་ཏིང་མྱུར་བགྲོད་གཞུང་ལམ་དང་། རྒྱལ་ལམ312དང་། ཅིང་ཀྲོང་། ཅིང་ཆིན་གཞུང་ལམ་བཅས་བརྒྱུད་པས“ལུང་ཁོའུ་འགག་གནད”ཅེས་འབོད་སྲོལ་ཡོད། སྤྱི་ལོ2017ལོའི་བར། ཅིང་ཉིང་རྫོང་ཁོངས་སུ་གྲོང་རྡལ13དང་ཡུལ་ཚོ11ཡོད་པ་དང་། ཁྱོན་སྡེ་ཁུལ5དང་། སྲིད་འཛིན་གྲོང་ཚོ333 གྲོང་མིའི་ཚོགས་ཆུང2319བཅས་ཡོད་པ་དང་། སྤྱིའི་མི་འབོར་ཁྲི48.75ཟིན་པའི་ནང་གྲོང་གསེབ་ཀྱི་མི་འབོར་ཁྲི44.67ཡོད་པ་དང་། རྒྱ་རིགས་གཙོ་བོ་ཡིན་པ་དང་། ཧུའེ་རིགས་དང་བོད་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་མི་འབོར1210ཡོད་པ་རེད། སྤྱི་ལོ2017ལོར། ཅིང་ཉིང་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར51.09ཟིན་ཡོད། ཅིང་ཉིང་རྫོང་ནི་ཞིང་ལས་པུའུ་ཡིས“ས་སེར་མཐོ་སྒང་གི་སྤུས་ལེགས་ཀུ་ཤུ་འདེབས་འཛུགས་ཁུལ་ཡག་ཤོས”ལ་བདམས་པ་རེད། སྤྱི་ལོ2018ལོའི་ཟླ12པར། ཞིང་ལས་གྲོང་གསེབ་པུའུ་ཡིས་ཁག་གཉིས་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་ལེགས་ཆའི་ཁུལ་དུ་གཏན་འཁེལ་བྱས་པ་རེད། སྤྱི་ལོ2019ལོའི་ཟླ9པའི་ཚེས20ཉིན། རྒྱལ་ཡོངས་ཀྱི་སྔོ་འགྱུར་དཔེ་བཟང་ཚན་པའི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། སྤྱི་ལོ2020ལོའི་ཟླ2པར། ཀན་སུའུ་ཞིང་ཆེན་དབུལ་སྒྲོལ་འགག་སྒྲོལ་འགོ་ཁྲིད་ཚོགས་ཆུང་གིས་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། ཅིང་ཉིང་རྫོང་དབུལ་ཕོངས་རྫོང་ནས་འབུད་ཆོག་པའི་ཆ་རྐྱེན་དང་འཚམ་པས་དེའི་ཆོག་མཆན་སྤྲད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
静宁县
མི་འབོར།
ཁྲི48.75(སྤྱི་ལོ2017ལོ)ཡོད།
ཕྱི་ཡིག་གི་མིང་།
Jingning County
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2193ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ནམ་ཟླའི་ཆ་རྐྱེན།
དྲོད་འཇམ་བརླན་གཤེར་ཕྱེད་དང་ཐན་སྐམ་ཕྱེད་ཀྱི་ནམ་ཟླ།
ཁོངས་གཏོགས་ས་ཁུལ།
ཀན་སུའུ་ཕིང་ལེང་།
སྲིད་གཞུང་གི་སྡོད་གནས།
ཁྲེང་ཀོན་གྲོང་རྡལ།
མངའ་ཁོངས།
གྲོང་རྡལ10ཡུལ་ཚོ14ཡོད།
རླངས་འཁོར་ཚབ་ཨང་།
甘L
ས་ཁོངས་ཁ་པར་ཨང་རྟགས།
0933
ས་ཁམས་གནས་ཡུལ།
ཀན་སུའུ་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད།
སྦྲག་སྲིད་ཨང་རྟགས།
743400
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
620826
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་གཉིས་པར(སྤྱི་ལོ1913ལོར)ཅིང་ཉིང་ཀྲོའུ་རྫོང་དུ་བསྒྱུར་ཞིང་། རྫོང་ཡོངས་ཆུས5ལ་བགོས་ཤིང་། ཁོངས་སུ་གྲོང་ཚོ123ཡོད་པ་དང་། ཅིང་ཡོན་ཏའོ་ཡི་ཁོངས་སུ་གཏོགས་པ་དང་། ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བཅོ་ལྔ་པའི(སྤྱི་ལོ1936ལོ)ཀན་སུའུ་ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་གཉིས་པའི་ཁོངས་སུ་གཏོགས། ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་དྲུག་པར(སྤྱི་ལོ1937ལོར)པའོ་ཅའི་ལམ་ལུགས་ཁྱབ་སྤེལ་བཏང་ཞིང་། རྫོང་ཡོངས་ཆུས6དང་པའོ294རུ་བགོས་ཡོད། ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་དགུ་པ(སྤྱི་ལོ1940ལོར)ཆུས་མེད་པར་བཟོས་ཏེ། ཡུལ་ཚོ་དང་གྲོང་རྡལ18དང་། པའོ164ལ་བསྒྱུར་ཡོད།  

ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་གཅིག་པའི(སྤྱི་ལོ1942ལོར)ཅིང་ཉིང་ལྷོ་ཕྱོགས་ཀྱི་གྲོང་རྡལ8(ཐུང་ཡེ་དང་། ཀྲང་མ། ལིང་དབྱི། ཧྲུའེ་ལུའོ། ཅའོ་ཧན་ཏེན། ཀྲུའུ་ཅ་ཏེན། ཉིང་དབྱང་། ཅི་ཏུའུ་བཅས)ཀྲོང་ལང་རྫོང་གི་ཁོངས་སུ་བགོས་པ་དང་། ཀྲོང་ལང་རྫོང་གི་ཀོང་དབྱིན་ཡུལ་ཚོ་དང་ཡུན་ཚུའེ་ཡུལ་ཚོའི་ས་ཁུལ་ཁ་ཤས་ཅིང་ཉིང་གི་ཁོངས་སུ་བགོས།

སྤྱི་ལོ1949ལོའི་ཟླ8པར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ནུབ་སྐྱོད་དཔུང་ཆེན་གྱིས་ཅིན་ཉིང་བཅིངས་འགྲོལ་བྱས། 

སྤྱི་ལོ1949ལོའི་ཟླ8པར། ཅིང་ཉིང་བཅིངས་འགྲོལ་བཏང་ཞིང་། ཏིང་ཞི་ཡི་ཁོངས་གཏོགས་ཡིན། 

སྤྱི་ལོ1950ལོའི་ཟླ5པར། ཕིང་ལེང་གི་མངའ་ཁོངས་སུ་བགོས། སྤྱི་ལོ2002ལོར། ཕིང་ལེང་ཀྲོན་ཡོན་ཀུང་ཧྲུའུ་གྲོང་ཁྱེར་དུ་བསྒྱུར་བ་དང་ཅིང་ཉིང་རྫོང་ཁོངས་ཕིང་ལེང་གྲོང་ཁྱེར་དུ་གཏོགས།

སྤྱི་ལོ2003ལོའི་ཟླ12པའི་ཚེས8ཉིན། ཀན་སུའུ་ཞིང་ཆེན་དམངས་སྲིད་ཐིང་གི《ཕིང་ལེང་གྲོང་ཁྱེར་གྱི་ཡུལ་ཚོ་དང་གྲོང་རྡལ་གྱི་སྲིད་འཛིན་ཁུལ་དབྱེ་བ་ལེགས་སྒྲིག་བྱེད་པའི་སྐོར་གྱི་མཆན་བཀོད་བཀའ་ལན》(ཀན་དམངས་ཁུལ་གྱི་ཡིག་ལན[སྤྱི་ལོ2003]ཨང49པ)དང་། ཕིང་སྲིད་སྤེལ[སྤྱི་ལོ2003]ཡིག་ཨང180པ། ཅིང་ཉིང་རྫོང་གིས་ཆི་ལི་ཡུལ་ཚོ་མེད་པར་བཟོས་ཏེ། ཡུལ་ཚོ་དེ་ཅེ་ཧྲི་ཏེན་གྲོང་རྡལ་དུ་ཟླ་སྒྲིལ་བཏང་བ་དང་། ཆི་ཁྲོན་ཡུལ་ཚོ་མེད་པར་བཟོས་ཏེ་ཀན་ཀོའུ་ཡུལ་ཚོར་ཟླ་སྒྲིལ་བཏང་། ཧྲི་ཅི་ཡུལ་ཚོ་མེད་པར་བཟོས་ཏེ་གནའ་གྲོང་ཡུལ་ཚོར་ཟླ་སྒྲིལ་བཏང། ཐེན་པའོ་ཡུལ་ཚོ་མེད་པར་བཟོས་ཏེ་སི་ཧོ་ཡུལ་ཚོར་ཟླ་སྒྲིལ་བཏང་། ཧོའུ་ལིང་ཡུལ་ཚོ་མེད་པར་བཟོས་ཏེ་ལེ་ཏ་ཡུལ་ཚོར་ཟླ་སྒྲིལ་བཏང་། དབྱང་ཕོ་ཡུལ་ཚོ་མེད་པར་བཟོས་ཏེ་རིན་ཏ་ཡུལ་ཚོར་ཟླ་སྒྲིལ་བཏང་།   

སྤྱི་ལོ2015ལོར་ཀན་སུའུ་ཞིང་ཆེན་དམངས་སྲིད་ཐིང(ཀན་དམངས་ཡིག་ལན〔སྤྱི་ལོ2015〕ཨང49པ)གིས་ཀན་ཀོའུ་ཡུལ་ཚོ་དང་། གནའ་གྲོང་ཡུལ་ཚོ། རིན་ཏ་ཡུལ་ཚོ་བཅས་མེད་པ་བཟོ་རྒྱུའི་མཆན་འགོད་བཀའ་ལན་གནང་ནས་ཀན་ཀོའུ་གྲོང་རྡལ་དང་། གནའ་གྲོང་གྲོང་རྡལ། རིན་ཏ་གྲོང་རྡལ་བཅས་བཙུགས་ཡོད།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2017ལོའི་བར། ཅིང་ཉིང་རྫོང་ཁོངས་སུ་གྲོང་རྡལ13(ཁྲེང་ཀོན་གྲོང་རྡལ་དང་། པ་ལི་གྲོང་རྡལ། ཀུའུ་ཁྲེང་གྲོང་རྡལ། ཝུའེ་རུང་གྲོང་རྡལ། རེན་ཏ་གྲོང་རྡལ། ལི་ཏན་གྲོང་རྡལ། ཀན་ཀོའུ་གྲོང་རྡལ། ཅེ་ཧྲི་ཕུའུ་གྲོང་རྡལ། ཚའོ་ཝུའུ་གྲོང་རྡལ། ལེ་ཏ་གྲོང་རྡལ། ཞི་ཞང་གྲོང་རྡལ། ཁྲེང་ཁྲོན་གྲོང་རྡལ། སི་ཧོ་གྲོང་རྡལ)ཡུལ་ཚོ11(སི་ཆའོ་ཡུལ་ཚོ། ཧྲོང་ཝན་ཡུལ་ཚོ། ཡུས་ཝན་ཡུལ་ཚོ། ཅ་ཧོ་ཡུལ་ཚོ། ཧྲེན་ཀོའུ་ཡུལ་ཚོ། ཀྲི་ཕིང་ཡུལ་ཚོ། ཤིན་ཏན་ཡུལ་ཚོ། ཧུང་ཧུའུ་ཡུལ་ཚོ། སན་ཧོ་ཡུལ་ཚོ། ཡོན་ཨན་ཡུལ་ཚོ། ལིང་ཀྲི་ཡུལ་ཚོ)བཅས་ཁྱོན་སྡེ་ཁུལ5དང་། སྲིད་འཛིན་གྲོང་ཚོ333 གྲོང་མིའི་ཚོགས་ཆུང2319བཅས་ཡོད་པ་རེད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ་ས་ཁོངས།

ཅིང་ཉིང་རྫོང་ཀན་སུའུ་ཞིང་ཆེན་ཕིང་ལེང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཀན་སུའུ་དབུས་རྒྱུད་དུ་གནས་པ་དང་། ལིའུ་ཕན་རི་བོའི་ནུབ་དང་ཧྭ་ཅ་ལིན་གྱི་ཤར་ཕྱོགས། ཤར་དང་བྱང་ནས་ཉིང་ཞའི་ལུང་ཏེ་དང་ཞི་ཅི་རྫོང་དང་ས་མཚམས་འབྲེལ་ཡོད། ནུབ་དང་ལྷོ་རུ་ཐུང་ཝེ་དང་ཆིན་ཨན་རྫོང་ལ་འབྲེལ་ཡོད། ནུབ་བྱང་དུ་ཧུའེ་ཉིང་རྫོང་དང་འབྲེལ་ཡོད། ཤར་ལྷོར་ཀྲོང་ལང་རྫོང་དང་འབྲེལ་ནས་ཡོད།

རྫོང་ཁོངས་ཀྱི་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ81དང་ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ68.75ཡོད་པ་དང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2193ཡོད་པ་རེད།

3_2 ནམ་ཟླའི་ཁྱད་ཆོས།

ཅིང་ཉིང་རྫོང་ནི་དྲོ་འཇམ་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་དང་ཐན་པ་ཕྱེད་ཙམ་གྱི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། དུས་བཞི་གསལ་བ་དང་། གནམ་གཤིས་དྲོ་འཇམ་ལྡན་པ། འོད་ཕོག་ཚད་མང་བ། ལོ་རེར་ཆ་སྙོམས་དྲོད་ཚད7.1℃དང་སད་མེད་དུས་ཉིན159ཡིན་པ་རེད། ལོ་རེར་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད2238ཡིན་པ་བཅས་རེད། ཆར་ཆུ་འབབ་ཚད་དབྱར་དུས་ཅུང་མང་བ་དང་དགུན་དཔྱིད་ཀྱི་དུས་ཚིགས་ཅུང་ཉུང་ལ། ལོ་རེར་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི450.8ཡིན་པ་དང་། ལོ་རེའི་རླངས་པར་འགྱུར་ཚད་ཧའོ་སྨི1469ཡིན།

4 མི་འབོར་དང་མི་རིགས།

སྤྱི་ལོ2017ལོའི་བར།  སྤྱིའི་མི་འབོར་ཁྲི48.75ཟིན་པའི་ནང་གྲོང་གསེབ་ཀྱི་མི་འབོར་ཁྲི44.67ཡོད་པ་དང་། རྒྱ་རིགས་གཙོ་བོ་ཡིན་པ་དང་། ཧུའེ་རིགས་དང་བོད་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་མི་འབོར1210ཡོད་པ་རེད།

5 འགྲིམ་འགྲུལ་སྐྱེལ་འདྲེན།

སྤྱི་ལོ2013ལོའི་ལོ་མཇུག་བར། ཅིང་ཉིང་རྫོང་གི་གྲོང་གསེབ་གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ3100.686ཟིན་པ་དང་ཞོར་གཏོགས་ཟམ་པ2630.7ཡན་སྨི57ཡོད་པ་རེད། གྲོང་གསེབ་ཀྱི་གཞུང་ལམ་ནང་རྫོང་ལམ་སྤྱི་ལེ226.704དང་། ཡུལ་ཚོའི་གཞུང་ལམ་སྤྱི་ལེ་212.16གྲོང་ལམ་སྤྱི་ལེ2661.822བཅས་ཡོད། རྫོང་ཡོངས་ཀྱི་རིམ་པའི་གཞུང་ལམ་གྱི་ལམ་ཚད་སྤྱི་ལེ1738.995ཟིན་པ་དང་། གྲོང་ཚོར་ཨར་འདམ་ལམ་སྤྱི་ལེ637.792ཟིན། ཡུལ་ཚོ་དང་གྲོང་རྡལ་དུ་ཤར་གཏོང་ཐུབ་ཚད100%ཟིན། སྒྲིག་གཞི་ཚང་བའི་གྲོང་ཚོར་ཤར་གཏོང་ཐུབ་ཚད43.3%ཟིན་པ་བཅས་རེད། ཁྱོན་ཡུལ་ཚོ་དང་གྲོང་རྡལ་གྱི་འགྲུལ་སྐྱེལ་བབས་ཚུགས22བསྐྲུན་པ་དང་། སྲིད་འཛིན་གྲོང་ཚོར་བབས་ཚུགས153ཡོད། ཡུལ་ཚོ་དང་གྲོང་རྡལ་དུ་རྒྱུན་ཚིགས་རླངས་འཁོར་ཤར་གཏོང་ཐུབ་ཚད100%ཟིན། སྲིད་འཛིན་གྲོང་ཚོར་རྒྱུན་ཚིགས་རླངས་འཁོར་ཤར་གཏོང་ཐུབ་ཚད39%ཟིན་པ་བཅས་རེད། ཁོངས་གཏོགས་ཁུལ་གྱི་རིམ་གསུམ་འོས་ཐོབ་འགྲུལ་སྐྱེལ་ཁེ་ལས2དང་རིམ་པ་གཉིས་པའི་འགྲུལ་སྐྱེལ་བབས་ཚུགས1ཡོད་པ་དང་། ཁྱོན་འགྲུལ་སྐྱེལ་ལམ་ཐིག53དང་། འགྲུལ་སྐྱེལ་རླངས་འཁོར222 ཟོག་འདྲེན་རླངས་འཁོར་དཀྱུས་མ། ཟོག་འདྲེན་རླངས་འཁོར1191 ཉེན་ཡོད་རླངས་འཁོར23 བོགས་གཏོང་རླངས་འཁོར266བཅས་ཡོད་པ་རེད།

6 ཆབ་སྲིད་ལམ་ལུགས།

རྫོང་ཏང་ཨུའི་ཧྲུའུ་ཅི། ཝང་ཞའོ་ཅུན། 

ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན། ཀྲང་ཞིན་རུང་།  

རྫོང་ཨུའི་ཧྲུའུ་ཅི་གཞོན་པ། ཧོ་ཕེང་ཧྥེང་།  

རྫོང་ཨུའི་ཧྲུའུ་ཅི་གཞོན་པ། ཀྲང་ཝེ།   

རྒྱུན་ཨུ་དང་སྒྲིག་ཨུའི་ཧྲུའུ་ཅི། ཀྲུའུ་ཝུའེ་ཧྭ།    

རྒྱུན་ཨུ་དང་རྫོང་དཔོན་གཞོན་པ། ཁྲེན་ཅིང་ཁྲུན།    

རྒྱུན་ལས་ཨུ་ཡོན་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་། ལུའི་ཅིན་ཧུང་།     

རྒྱུན་ཨུ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་། དབྱང་ཧུའེ་ཅུན།     

རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ལི་ཡུའེ།     

རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཝང་རྨིན།     

རྒྱུན་ལས་ཨུ་ཡོན། ཝང་ཉིང་ཞང་།

7 དཔལ་འབྱོར།

སྤྱི་ལོ2017ལོར། ཅིང་ཉིང་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར51.09ཟིན་པ་དེ་སྤྱི་ལོ2016ལོ་ལས2.4%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར21.04ཟིན་ནས8.9%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར10.09ཟིན་ནས0.4%ཆག་པ་རེད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར19.96ཟིན་ནས1.7%ཆག་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཚུལ་གྱི་བསྡུར་ཚད་ནི41.2:19.7:39.1ཡིན། རྒྱུན་སྡོད་མི་འབོར་ལྟར་བརྩིས་ན། མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར12005ཡིན་པ་དེ་སྤྱི་ལོ2016ལོ་ལས2.3%འཕར་ཡོད།     

ལོ་ཧྲིལ་པོར་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར43.55བཏང་ནས་སྤྱི་ལོ2016ལོ་ལས47.25%ཆག་ཡོད། དེའི་ནང་སྒོར་ཁྲི500ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར38.22བཏང་ནས49.82%ཆག་ཡོད།     ཐོན་ལས་ཐེངས་གསུམ་ལ་གཞིགས་ནས་དབྱེ་ན། ཐོན་ལས་དང་པོར་མ་དངུལ་སྒོར་དུང་ཕྱུར11.53བཏང་ནས11.73%ཆག་པ་དང་། ཐོན་ལས་གཉིས་པར་མ་དངུལ་སྒོར་དུང་ཕྱུར3.99བཏང་ནས83.49%ཆག་ཡོད། ཐོན་ལས་གསུམ་པར་མ་དངུལ་སྒོར་དུང་ཕྱུར28.02བཏང་ནས38.15%ཆག་ཡོད།

8 སྤྱི་ཚོགས་ལས་དོན།
8_1 སློབ་གསོའི་ལས་དོན།

སྤྱི་ལོ2017ལོའི་བར། རྫོང་ཡོངས་སུ་ཁྱོན་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ485ཡོད་པའི་ནང་མཐོ་རིམ་སློབ་འབྲིང་དཀྱུས་མ(དམངས་གཉེར་ཧྭ་ཡོན་སློབ་འབྲིང་ཚུད་པ)4དང་། ཁྱོན་ཡོངས་ཀྱི་སློབ་འབྲིང5 རང་ཚུགས་དམའ་རིམ་སློབ་འབྲིང29 སློབ་ཆུང་དཀྱུས་མ184 ལས་རིགས་སློབ་གྲྭ1 བུ་བཅོལ་ཁང193(དེའི་ནང་སྲིད་འཛིན་གྲོང་ཚོའི་བུ་བཅོལ་ཁང149བཅས་ཚུད་པ)དམིགས་བསལ་སློབ་གསོའི་སློབ་གྲྭ1 སློབ་ཆུང་སློབ་ཁྲིད་ས་ཚིགས68བཅས་ཡོད་པ་རེད།     རྫོང་ཡོངས་སུ་གཞུང་བཙུགས་དགེ་རྒན་དང་ལས་བཟོ་བ6397དང་གཞུང་བཙུགས་ཆེད་བསྐོས་དགེ་རྒན6363དང་བཟོ་པ34ཡོད་པ་རེད། སློབ་གྲྭར་ཡོད་མུས་ཀྱི་སློབ་མ78938ཡོད་པའི་ནང་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་མ12677དང་། དམའ་རིམ་སློབ་འབྲིང་གི་སློབ་མ16856 ལས་རིགས་སློབ་གྲྭའི་སློབ་མ4454 སློབ་ཆུང་སློབ་མ31489 བུ་བཅོལ་ཁང་གི་སློབ་མ13399 དམིགས་བསལ་སློབ་གསོའི་སློབ་གྲྭ63བཅས་ཡོད་པ་རེད། སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%ཟིན་པ་དང། དམའ་འབྲིང་གི་སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%ཟིན་ཡོད།

8_2 འཕྲོད་བསྟེན་ལས་དོན།

སྤྱི་ལོ2017ལོ་བར། ཅིང་ཉིང་རྫོང་དུ་འཕྲོད་བསྟེན་ལས་ཁུངས་སྣ་ཚོགས565ཡོད་པ་རེད། དེའི་ནང་ཕྱོགས་བསྡུས་སྨན་ཁང1དང་། ཀྲུང་ལུགས་སྨན་ཁང1 བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་ས་ཚིགས1 སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས1 སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས2 ཤང་གྲོང་འཕྲོད་བསྟེན་ཁང25 ཁེར་རྐྱང་སྨན་བཅོས་ཁང136 སྒོ་བསྟེན་སྨན་བཅོས་ཁང1 གྲོང་ཚོའི་འཕྲོད་བསྟེན་ཁང393བཅས་ཡོད་པ་དང་། སྨན་བཅོས་འཕྲོད་བསྟེན་ཆེད་ལས་ལག་རྩལ་མི་སྣ2125ཡོད། དེའི་ནང་གཞུང་བཙུགས་སྨན་བཅོས་ལས་ཁུངས་ཀྱི་མི1581དང་། གྲོང་ཚོའི་འཕྲོད་བསྟེན་ཁང400 སྨན་བཅོས་ཁང་དང་སྒོ་བསྟེན་སྨན་བཅོས་ཁང་སོགས་མི183བཅས་ཡོད་པ་རེད།

9 གཟི་བརྗིད་མཚན་སྙན།

ཅིང་ཉིང་རྫོང་ནི་ཞིང་ལས་པུའུ་ཡིས“ས་སེར་མཐོ་སྒང་གི་སྤུས་ལེགས་ཀུ་ཤུ་འདེབས་འཛུགས་ཁུལ་ཡག་ཤོས”ལ་བདམས་པ་རེད།

སྤྱི་ལོ2018ལོའི་ཟླ12པར། ཞིང་ལས་གྲོང་གསེབ་པུའུ་ཡིས་ཁག་གཉིས་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་ལེགས་ཆའི་ཁུལ་དུ་གཏན་འཁེལ་བྱས་པ་རེད།

སྤྱི་ལོ2019ལོའི་ཟླ9པའི་ཚེས20ཉིན། རྒྱལ་ཡོངས་ཀྱི་སྔོ་འགྱུར་དཔེ་བཟང་ཚན་པའི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། 

སྤྱི་ལོ2020ལོའི་ཟླ2པར། ཀན་སུའུ་ཞིང་ཆེན་དབུལ་སྒྲོལ་འགག་སྒྲོལ་འགོ་ཁྲིད་ཚོགས་ཆུང་གིས་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། ཅིང་ཉིང་རྫོང་དབུལ་ཕོངས་རྫོང་ནས་འབུད་ཆོག་པའི་ཆ་རྐྱེན་དང་འཚམ་པས་དེའི་ཆོག་མཆན་སྤྲད་པ་རེད།


དཔྱད་གཞིའི་ཡིག་ཆ།