མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་གཉིས་པར(སྤྱི་ལོ1913ལོར) ཅིན་ཀྲོའུ་ཡི་མིང་ཅིང་རྫོང་ཞེས་པར་བསྒྱུར་པ་དང་། ཅིང་ཡོན་ཏའོ་ཞེས་པར་གཏོགས་པ་དང་མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་གསུམ་པར(སྤྱི་ལོ1914ལོར)སླར་ཡང་ཅིང་ཁྲོན་རྫོང་ཞེས་པར་བསྒྱུར།
མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་བཞི་པར(སྤྱི་ལོ1935ལོར)ཅིང་ཡོན་སྲིད་འཛིན་ཁུལ་དེ་ཀན་སུའུ་ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་གཉིས་པར་བསྒྱུར་ཞིང་། ཅིང་ཁྲོན་དེའི་ཁོངས་སུ་གཏོགས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་ལྔ་པར(སྤྱི་ལོ1936ལོར)ཅིང་ཁྲོན་རྫོང་ཀན་སུའུ་ཞིང་ཆེན་གྱི་ཆུས་གསུམ་པའི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་རུ་བསྒྱུར།
སྤྱི་ལོ2000ལོར། ཅིང་ཁྲོན་རྫོང་ཁོངས་སུ་གྲོང་རྡལ4དང་ཡུལ་ཚོ14ཡོད། ཁྲེང་ཀོན་གྲོང་རྡལ། ཡུས་ཏུའུ་གྲོང་རྡལ། ཀའོ་ཕིན་གྲོང་རྡལ། ལི་པའོ་གྲོང་རྡལ། ལིའང་ཧོ་ཡུལ་ཚོ། ཧེ་ཧོ་ཡུལ་ཚོ། ནེ་ཧྥེང་ཡུལ་ཚོ། ཝང་ཚུན་ཡུལ་ཚོ། ལུའོ་ཧན་ཏུང་ཡུལ་ཚོ། ཅིན་མིང་ཡུལ་ཚོ། ཧུང་ཧོ་ཡུལ་ཚོ། ཡའོ་ཏེན་ཡུལ་ཚོ། ཧྥེ་ཡུན་ཡུལ་ཚོ། ཐའེ་ཕིན་ཡུལ་ཚོ། ཧོང་ཅ་ཕུའུ་ཡུལ་ཚོ། ཧྥེང་ཐའེ་ཡུལ་ཚོ། ཏང་ཡོན་ཡུལ་ཚོ། ཧོ་ཏའོ་ཡུལ་ཚོ། ཀྲང་ལའོ་དགོན་བཅས་ཞུས་ཉི་ཡུལ་ཚོ་བཅས་སོ།།
སྤྱི་ལོ2003ལོའི་ཟླ12པའི་ཚེས8ཉིན། ཅིང་ཁྲོན་རྫོང་གིས་ཧོ་ཏའོ་ཡུལ་ཚོ་མེད་པར་བཟོས་ཏེ། ཏང་ཡོན་ཡུལ་ཚོར་བཅུག་པ་རེད། ལིའང་ཧོ་ཡུལ་ཚོ་དང་ཧོང་ཅ་ཕུའུ་ཡུལ་ཚོ་མེད་པར་བཟོས་ཏེ། ལིའང་ཧོ་ཞང་དང་ཧོང་ཅ་ཕུའུ་ཞང་གཉིས་ཀའོ་ཕིང་གྲོང་རྡལ་དུ་བཅུག།ཧེ་ཧོ་ཡུལ་ཚོ་མེད་པར་བཟོས་ཏེ་ཐའེ་ཕིན་ཡུལ་ཚོར་བཅུག
སྤྱི་ལོ2016ལོའི་ཟླ7པར། ཀན་སུའུ་ཞིང་ཆེན་དམངས་སྲིད་ཐིང་གིས་མཆན་འགོད་བཀའ་ལན་གནང་བ་བརྒྱུད་ཕིང་ལེང་གྲོང་ཁྱེར་གྱིས་ཡུལ་ཚོ13མེད་པར་བཟོས་གྲོང་རྡལ་དུ་བསྒྱུར་བའི་ལས་དོན་ལེགས་གྲུབ་ཟིན་པའི་ནང་། ཅིང་ཁྲོན་རྫོང་ཐའེ་ཕིང་ཡུལ་ཚོ་དང་རུའེ་ཧྥེང་ཡུལ་ཚོ་མེད་པར་བཟོས་ནས་གྲོང་རྡལ་དུ་བསྒྱུར་ཡོད།
སྤྱི་ལོ2016ལོའི་བར། ཅིང་ཁྲོན་རྫོང་ཁོངས་སུ་སྲང་ལམ1དང་། གྲོང་རྡལ8 ཡུལ་ཚོ7བཅས་ཡོད་པ་དེ་དག་ནི་གྲོང་ཁུལ་སྲང་ལམ་དང་། ཁྲེང་ཀོན་གྲོང་རྡལ། ཡུས་ཏུའུ་གྲོང་རྡལ། ཀའོ་ཕིང་གྲོང་རྡལ། ལི་པའོ་གྲོང་རྡལ། ཝང་ཀྲེན་གྲོང་རྡལ། ཡའོ་ཏན་གྲོང་རྡལ། ཐའེ་ཕིང་གྲོང་རྡལ། ལུའོ་ཧན་ཏུང་ཡུལ་ཚོ། ཅིང་མིང་ཡུལ་ཚོ། ཧུང་ཧོ་ཡུལ་ཚོ། ཧྥེ་ཡུན་ཡུལ་ཚོ། ཧྥེང་ཐའེ་ཡུལ་ཚོ། ཏང་ཡོན་ཡུལ་ཚོ་བཅས་རེད།
སྤྱི་ལོ2013ལོའི་ལོ་མཇུག་ཏུ། ཅིང་ཁྲོན་རྫོང་གི་ཐེམ་ཐོའི་མི་འབོར་ཁྲི35.6དང་། དུད་ཚང་ཁྲི10.93 ཞིང་ལས་མི་འབོར་ཁྲི32.04ཞིང་ལས་མ་ཡིན་པའི་མི་འབོར་ཁྲི3.56བཅས་ཡོད་པ་རེད། ཅིན་ཁྲོན་རྫོང་གི་རྒྱུན་སྡོད་མི་འབོར་ཁྲི28.32ཟིན་པ་དང་། མི་འབོར་སྐྱེ་ཚད12.48‰མི་འབོར་ཤི་ཚད6.756‰མི་འབོར་རང་བཞིན་གྱི་འཕར་ཚད5.73‰བཅས་ཟིན་ཡོད།
སྤྱི་ལོ2012ལོའི་བར། ཅིང་ཁྲོན་རྫོང་གི་མི་འབོར་བསྡོམས་འབོར་ཁྲི34.89ཟིན་པའི་ནང་ཧུའེ་རིགས་དང་། མན་ཇུ་རིགས། བོད་རིགས། སོག་རིགས། ཐུའུ་ཅ་རིགས། མིའོ་རིགས་བཅས་གྲངས་ཉུང་མི་རིགས6ཡོད་པ་དང་མི་འབོར1942ཡོད་པ་དེས་ཅིང་ཁྲོན་རྫོང་གི་མི་འབོར་བསྡོམས་འབོར་གྱི0.5%བཟུང་ཡོད། དེའི་ནང་ཧུའེ་རིགས་ཁྱིམ་དུད511གི་མི་གྲངས1799ཡོད་པ་དེས་གྲངས་ཉུང་མི་རིགས་ཀྱི་མི་འབོར་བསྡོམས་གྲངས་ཀྱི98%ཟིན་པ་དང་། གྲངས་ཉུང་མི་རིགས་གཞན་དག་ལ་ཁྱོན་བསྡོམས143ཡོད།
ཅིང་ཁྲོན་རྫོང་ནི་ཀན་སུའུ་ཞིང་ཆེན་ཕིང་ལེང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཀན་སུའུ་ཞིང་ཆེན་གྱི་ཤར་གྱི་གཞུང་ཐིག107°15′~107°45′བར་དང་། བྱང་གི་འཕྲེད་ཐིག35°11′~35°31′བར་དུ་གནས་ཡོད་པ་ཡིན། ས་སེར་མཐོ་སྒང་དབུས་ཁུལ་གྱི་ཆིན་ལུང་འབྲེལ་མཚམས་སུ་ཆགས་ཡོད། ཤར་དུ་ཉིང་རྫོང་དང་ཧྲའན་ཞི་ཞིང་ཆེན་གྱི་ཁྲང་ཝུའུ་རྫོང་གི་འབྲེལ་མཚམས་དང་། ནུབ་ཏུ་ཁྲུང་ཞིན་རྫོང་དང་ཁུང་ཐུང་ཆུས་དང་འབྲེལ་ཞིང་། ལྷོ་རུ་ལིན་ཐའེ་རྫོང་དང་འབྲེལ་ཞིང་། བྱང་དུ་ཀྲེན་ཡོན་རྫོང་དང་འབྲེལ་ཡོད། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ57ཡོད་པ་དང་། ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ36ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1409.3(སྤྱི་ལོ2012ལོར)ཡོད།
ཅིང་ཁྲོན་རྫོང་གི་གནམ་གཤིས་དང་སྐམ་སའི་རང་བཞིན་མངོན་གསལ་དོད་པ་དང་། དུས་བཞིའི་དབྱེ་བ་གསལ་པོ་ཡོད། གྲང་འཁྱག་གི་འཕེལ་འགྲིབ་ཆེན་པོ་མེད་པ་དང། ཆར་པ་མང་ཆེ་བ་དབྱར་དུས་སུ་འབབ་ཀྱི་ཡོད། ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ10ཡིན་པ་དང་སད་མེད་དུས་ཀྱི་ཉིན174ཡིན། ལོ་རེར་ཆ་སྙོམས་ཆར་པ་ཧའོ་སྨི555བབས་པ་དང་། ཉི་འོད་ཕོག་ནས་ཆུ་ཚོད2274དང་། བལྟོས་བཅས་བཞའ་ཚན69%ཡིན་པ་དང་། ལོ་འཁོར་མོར་བྱང་ཤར་དུ་རླུང་འཚུབ་མང་བ། ལོར་རླངས་པར་འགྱུར་ཚད་ཧའོ་སྨི1339.6ཟིན་ཡོད། རང་བྱུང་གནོད་འཚེ་ལ་ཐན་པ་དང་། ཆུ་ལོག་དང་ཞོད་སྐྱོན། སེར་བ། རླུང་དང་ཐོག ནད་འབུའི་གནོད་པ་སོགས་ཡོད་པ་དང་། དེའི་ནང་ནས་ཐན་པ་གཙོ་བོ་ཡིན།
སྤྱི་ལོ2012ལོའི་བར། ཅིང་ཁྲོན་རྫོང་ཁོངས་སུ་ཅིང་ཧོ་གཙང་པོ་དང་དེའི་ཡན་ལག་ཆུ་བོ་སོགས་ཆུ་བོ་ལྔ་ཡོད་པ་དང་ལོར་ཆ་སྙོམས་རྒྱུག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར124ཟིན་པའི་ནང་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར6.9བེད་སྤྱོད་གཏོང་ཆོག་གི་ཡོད་པ་རེད། ཆུ་ཤུགས་གློག་ཁང1དང་ལོ་རེར་གློག་གཏོང་ཚད་ཆུ་ཚོད་རེར་སྟོང་ཝ་ཁྲི25ཟིན་གྱི་ཡོད།
སྤྱི་ལོ2012ལོའི་བར། ཅིང་ཁྲོན་རྫོང་གིས་ཟངས་དང་། ཞ་ཉེ། ཡིའུ་སོགས་ལྕགས་རིགས་གཏེར་ཁུལ་དང་རྡོ་སོལ་དང་ཆུ་ཚན་སོགས་ལྕགས་རིགས་མིན་པའི་གཏེར་ཁུལ་མང་པོ་རྩད་ཆོད་ཡོད་པ་རེད། དེའི་ནང་རྫོང་གྲོང་གི་ཤར་ངོས་ཀྱི་སྤྱི་ལེ7.5ཡོད་པའི་ཧོ་ཅ་ཕིང་གྲོང་ཚོའི་ཆུ་ཚན་ཉིན་རེར་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ1920ཐོན་པ་དང་། ཆུ་དྲོད37℃ནས38℃བར་ཐོན་པ་རེད། ཆུའི་སྤུས་ཚད་ལེགས་པ་དང་། ཧྥུལ་རིལ་རྡུལ་མང་པོ་འདུས་ཡོད་པ་བཅས་ནི་ཐཱན་སྐྱུར་ལྕི་རིགས་ཀྱི་སྨན་སྤྱོད་གཏེར་ཆུ་ཡིན་པ་རེད།
སྤྱི་ལོ2012ལོའི་བར། ཅིང་ཁྲོན་རྫོང་དུ་ད་ཡོད་ནགས་སའི་རྒྱ་ཁྱོན་མུའུ་ཁྲི69.6ཟིན་པ་དང་། ནགས་ཚལ་ཁྱབ་ཚད34.9%ཟིན། ནགས་ཤིང་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི146.4ཟིན་ཡོད་པ་རེད།
ལུའི་ཕེང་ཅུས། རྫོང་ཨུའི་ཧྲུའུ་ཅི།
ཝང་ཐིན་ཙུའོ། ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན།
ཅིན་ཙུང་ཀང་། ཧྲུའུ་ཅི་གཞོན་པ། (འགན་བཏགས)
ལི་ཝུའེ་ཏུང་། རྒྱུན་ཨུ་དང་སྒྲིག་ཨུའི་ཧྲུའུ་ཅི།
ཆི་ཞུའེ་ཆིན། རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་།
ཐའོ་མེ། རྒྱུན་ལས་ཨུ་ཡོན། རྒྱུན་ལས་རྫོང་དཔོན་གཞོན་པ།
ལི་ཡུང་ཁྲེང་། རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི།
ཀྲའོ་ཞའོ་ཅུན། རྒྱུན་ཨུ་དང་རྫོང་དཔོན་གཞོན་པ།
ཀྲང་ཞའོ་ཕིང་། རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་།
མུའུ་ཞའོ་ཡུན། རྒྱུན་ཨུ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་།
སྤྱི་ལོ2015ལོར། སྔོན་དཔག་བྱས་ན་རྫོང་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར55.8ལེགས་གྲུབ་བྱུང་བ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”དུས་མཇུག་ལས་ལྡབ་གཅིག་འཕར་བ་དང་། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་སྒོར་དུང་ཕྱུར71.7ལེགས་གྲུབ་ཟིན་པ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར3.53ལེགས་གྲུབ་བྱུང་བ་རེད། ས་གནས་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར1.85ལེགས་གྲུབ་ཟིན་ནས་སོ་སོར “ལོ་ལྔ་ཚན་བཅུ་གཅིག་པའི”དུས་མཇུག་གི་ལྡབ3དང་། ལྡབ3.3 ལྡབ3.5བཅས་ཟིན་ཡོད། ཐོན་ལས་གྲུབ་ཆ་ཐེངས་གསུམ་གྱི་བསྡུར་ཚད35.3:28.6:36.1ནས34.6:25.8:39.6བར་ལེགས་སྒྲིག་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་དང་རྒྱུན་མཐུད་རང་བཞིན་སྔར་བས་ཆེ་རུ་ཕྱིན་ཡོད།
སྤྱི་ལོ2016ལོའི་ལོ་མཇུག་ཏུ། རྫོང་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར51.24ཟིན་པ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར78.61ཟིན། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར1.82ཟིན། ས་གནས་ཀྱི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར1.81ཟིན་པ་དེ་སྤྱི་ལོ2011ལོ་ལས་སོ་སོར་ལྡབ1.6དང་། ལྡབ2.6 ལྡབ1.2 ལྡབ2.8བཅས་འཕར་ཡོད། སྤྱི་ལོ2017ལོར། ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར53.5ཟིན་པ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར50.8བཏང་བ་རེད། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར1.5ཟིན། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར23.2ཟིན་པ་དང། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར1.82ཟིན། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར23324ཟིན། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར9011ཟིན་པ་རེེད།
སྤྱི་ལོ2013ལོའི་བར། ཅིང་ཁྲོན་རྫོང་གི་རིམ་ཁག་དང་རིགས་ཁག་གི་སློབ་གྲྭ(དར་མའི་སློབ་གསོའི་སྒྲིག་གཞི་ཚུད་མེད་པ)235ཡོད་པ་རེད། དགེ་རྒན་དང་ལས་བཟོ་བ4004དང་། ཆེད་བསྐོས་དགེ་རྒན3553ཡོད་པ་དང་། སྤྱི་ལོ2013ལོའི་ལོ་མཇུག་ཏུ། སློབ་གྲྭར་ཡོད་པའི་སློབ་མ52987ཡོད་པ་རེད། དེའི་ནང་ལས་རིགས་སློབ་འབྲིང1དང་སློབ་གྲྭར་ཡོད་པའི་སློབ་མ5575དང་། མཐོ་རིམ་སློབ་འབྲིང2དང་སློབ་གྲྭར་ཡོད་པའི་སློབ་མ6175ཡོད། དམའ་རིམ་སློབ་འབྲིང17དང་སློབ་གྲྭར་ཡོད་པའི་སློབ་མ11732ཡོད། ཆ་ཚང་སློབ་འབྲིང2དང་སློབ་གྲྭར་ཡོད་པའི་སློབ་མ3730ཡོད། སློབ་ཆུང167དང་སློབ་གྲྭར་ཡོད་པའི་སློབ་མ19822ཡོད།
སྤྱི་ལོ2013ལོའི་བར། ཅིང་ཁྲོན་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་དུ་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་ལས་བཟོ7057ཡོད་པ་དང་། རྒན་གསོའི་འགན་བཅོལ་གྲོན་དངུལ་སྒོར་ཁྲི4034བསྡུས་པ་དང་། ལས་ཤོར་འགན་བཅོལ་ནང་ཞུགས་མཁན་ལས་བཟོ7584ཡོད་པ་དེས་ལས་ཤོར་འགན་བཅོལ་གྲོན་དངུལ་སྒོར་ཁྲི503བསྡུ་ལེན་བྱས་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས11500ཟིན་པ་དང་། སྨན་བཅོས་འགན་བཅོལ་གྲོན་དངུལ་སྒོར་ཁྲི2640བསྡུས་ཡོད། ལས་རྨས་འགན་བཅོལ་ནང་ཞུགས་མཁན་ལས་བཟོ་བ7205ཡོད་པ་དང། བུ་བཙའི་འགན་བཅོལ་ནང་ཞུགས་མཁན་ལས་བཟོ་བ7600ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་མི་གྲངས20931ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི193029ཡོད་པ་དང་དེའི་ནང་ཞུགས་ཚད97.4%ཟིན་ཡོད་པ་རེད། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་དཔེ་གསར་ལ་ཞུགས་མཁན་མི་གྲངས299866ཡོད་ཅིང་། ཆ་སྙོམས་སུ་ཞུགས་ཚད98.4%ཟིན་པ་དང་། ལོ་ཧྲིལ་པོར་ཁྱོན་བསྡོམས་སྨན་རིན་སྒོར་ཁྲི8060.5རྩིས་ཞུ་བྱས་ཡོད། གྲོང་གསེབ་ཀྱི“མ་མཐའི་འཚོ་རྟེན་འགན་སྲུང”གི་མི་སྣ23663ཡོད།