ལིང་ཐའེ་རྫོང་།སྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2020-05-08 15:11ལ་འགྲུབ།

ལིང་ཐའེ་རྫོང་།

ལིང་ཐའེ་རྫོང་།
ལིང་ཐའེ་རྫོང་ནི་ཀན་སུའུ་ཞིང་ཆེན་ཕིང་ལེང་གྲོང་ཁྱེར་ཁོངས་གཏོགས་རྫོང་ཡིན་པ་དང་། ཀན་སུའུ་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དུ་གནས་པ་དང་། ཤར་ལྷོར་ཧྲའན་ཞི་ཞིང་ཆེན་གྱི་ཁྲང་ཝུའུ་དང་། པིན་རྫོང་། ལིན་ཡིའུ། ཆན་དབྱང་། ལུང་རྫོང་བཅས་དང་ས་འབྲེལ་ཡིན་པ་དང་། ནུབ་བྱང་དུ་ཀན་སུའུ་ཞིང་ཆེན་གྱི་ཁྲུང་ཤིན་དང་ཅིང་ཁྲོན་རྫོང་དང་ས་འབྲེལ་ཡིན་པ་རེད། ས་ཁམས་གནས་ཚད་ནི་གཞུང་ཐིག་ཤར་མའི107°00′—107°57′ བར་དང་། འཕྲེད་ཐིག་བྱང་མའི34°54′—35°14′བར་དུ་གནས་ཡོད་པ་ཡིན། མངའ་ཁོངས་ཡོངས་སུ་ཤར་ནུབ་ཏུ་སྤྱི་ལེ78ཡོད་པ་དང། ལྷོ་བྱང་དུ་ཞེང་ཚད་སྤྱི་ལེ40ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2038ཡོད། སྤྱི་ལོ2012ལོའི་བར། ལིང་ཐའེ་རྫོང་ཁོངས་སུ་གྲོང་རྡལ5དང་། ཡུལ་ཚོ8 སྲང་ལམ1བཅས་ཡོད་པ་དང་། སྡེ་ཁུལ4དང་། སྲིད་འཛིན་གྲོང་ཚོ184 གྲོང་མིའི་ཚོགས་ཆུང1429བཅས་ཡོད་པ་དང་། མི་འབོར་བསྡོམས་འབོར229752ཟིན་པ་དང། རྒྱ་རིགས་མང་ཤོས་ཡིན་ཏེ96.7%བཟུང་ཡོད་པ་དང། གྲངས་ཉུང་མི་རིགས་ལ་ཧུའེ་རིགས་དང་། བོད་རིགས། མན་ཇུ་རིགས། མིའོ་རིགས། སོག་རིགས་སོགས་ཡོད་པ་དེས3.3%བཟུང་ཡོད། སྤྱི་ལོ2012ལོར། ལིང་ཐའེ་རྫོང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་ཁྲི259344མངོན་འགྱུར་བྱུང་བ་དེ་འགྱུར་མེད་རིན་གོང་ལྟར་བརྩིས་ན་སྤྱི་ལོ2011ལོ་ལས14%འཕར་ཡོད། སྤྱི་ལོ2019ལོའི་ཟླ4པའི་ཚེས28ཉིན། ཀན་སུའུ་ཞིང་ཆེན་སྲིད་གཞུང་གིས་ལིང་ཐའེ་རྫོང་དབུལ་ཕོངས་རྫོང་ནས་འབུད་པའི་ཆོག་མཆན་སྤྲད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
灵台县
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2038ཡོད།
ཕྱི་ཡིག་གི་མིང་།
Lingtai County
མི་འབོར།
229752ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ནམ་ཟླའི་ཆ་རྐྱེན།
གྲང་དྲོད་ཁུལ་གྱི་བཞའ་ཚན་ཕལ་བའི་ནམ་ཟླ།
ཁོངས་གཏོགས་ས་ཁུལ།
ཀན་སུའུ་ཕིང་ལེང་།
ཡུལ་ལྗོངས་གྲགས་ཅན།
ཀུའུ་ལིང་ཐའེ་སོགས་ཡོད།
མངའ་ཁོངས།
གྲོང་རྡལ5དང་། ཡུལ་ཚོ8 སྲང་ལམ1ཡོད།
རླངས་འཁོར་ཚབ་ཨང་།
甘L
ས་ཁོངས་ཁ་པར་ཨང་རྟགས།
0933
ས་ཁམས་གནས་ཡུལ།
ཀན་སུའུ་ཞིང་ཆེནགྱི་ཤར་ལྷོའི་རྒྱུད།
སྦྲག་སྲིད་ཨང་རྟགས།
744400
ས་ཁུལ་གྱི་ཐོན་སྐྱེད་སྡོམ་འབོར།
སྒོར་ཁྲི259344(སྤྱི་ལོ2012ལོ)ཟིན་ཡོད།
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་དང་པོར(སྤྱི་ལོ1912ལོར)ལིང་ཐའེ་ཅིང་ཡོན་ཏའོ་ཡི་ཁོངས་སུ་གཏོགས་པ་དང་། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བཅུ་དྲུག་པར(1927ལོར)ཏའོ་མེད་པར་བཟོས་པ་དང་། ལིང་ཐའེ་རྫོང་ཐད་ཀར་ཀན་སུའུ་ཞིང་ཆེན་གྱི་ཁོངས་སུ་གཏོགས། 

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་ལྔ་པར(སྤྱི་ལོ1936ལོ)ཅིང་ཡོན་ཏའོ་སྲིད་འཛིན་ལྟ་ཞིབ་ཁུལ་གཉིས་པར་དབྱེ་ཞིང་། ལིང་ཐའེ་རྫོང་དེའི་ཁོངས་གཏོགས་ཡིན། 

སྤྱི་ལོ1949ལོའི་ཟླ7པའི་ཚེས24ཉིན། ལིང་ཐའེ་རྫོང་ཡོངས་བཅིངས་འགྲོལ་ཐོབ་ནས་ལིང་ཐའེ་རྫོང་མི་དམངས་སྲིད་གཞུང་བཙུགས། 

སྤྱི་ལོ1958ལོའི་ཟླ10པར། ལིང་ཐའེ་རྫོང་མེད་པར་བཟོས་ནས་ཅིང་ཁྲོན་རྫོང་དུ་ཟླ་སྒྲིལ་བཏང་། 

སྤྱི་ལོ1961ལོའི་ཟླ12པར། ལིང་ཐའེ་རྫོང་སླར་གསོ་བྱས།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2012ལོའི་བར། ལིང་ཐའེ་རྫོང་ཁོངས་གཏོགས་སུ་གྲོང་རྡལ(ཀྲུང་ཐའེ་གྲོང་རྡལ་དང་། ཧྲའོ་ཀྲའེ་གྲོང་རྡལ། ཏུའུ་ཏན་གྲོང་རྡལ། ཧྲི་ཙི་གྲོང་རྡལ། ཁྲའོ་ན་གྲོང་རྡལ)དང་ཡུལ་ཚོ8(ཤིན་ཁའེ་ཡུལ་ཚོ་དང་། ཤིས་ཐུན་ཡུལ་ཚོ། ཧྲང་ལེང་ཡུལ་ཚོ། ལེང་ཡོན་ཡུལ་ཚོ། ལུང་མོན་ཡུལ་ཚོ། ཤིང་ཧོ་ཡུལ་ཚོ། པའེ་ལི་ཡུལ་ཚོ། ཕུའུ་ཝའོ་ཡུལ་ཚོ་བཅས)ཁྱོན་སྡེ་ཁུལ4དང་། སྲིད་འཛིན་གྲོང་ཚོ184 གྲོང་མིའི་ཚོགས་ཆུང1429བཅས་ཡོད་པ་རེད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ་ས་ཁོངས།

ལིང་ཐའེ་རྫོང་ནི་ཀན་སུའུ་ཞིང་ཆེན་ཕིང་ལེང་གྲོང་ཁྱེར་ཁོངས་གཏོགས་རྫོང་ཡིན་པ་དང་། ཀན་སུའུ་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དུ་གནས་པ་དང་། ཤར་ལྷོར་ཧྲའན་ཞི་ཞིང་ཆེན་གྱི་ཁྲང་ཝུའུ་དང་། པིན་རྫོང་། ལིན་ཡིའུ། ཆན་དབྱང་། ལུང་རྫོང་བཅས་དང་ས་འབྲེལ་ཡིན་པ་དང་། ནུབ་བྱང་དུ་ཀན་སུའུ་ཞིང་ཆེན་གྱི་ཁྲུང་ཤིན་དང་ཅིང་ཁྲོན་རྫོང་དང་ས་འབྲེལ་ཡིན་པ་རེད། ས་ཁམས་གནས་ཚད་ནི་གཞུང་ཐིག་ཤར་མའི107°00′—107°57′ བར་དང་། འཕྲེད་ཐིག་བྱང་མའི34°54′—35°14′བར་དུ་གནས་ཡོད་པ་ཡིན། མངའ་ཁོངས་ཡོངས་སུ་ཤར་ནུབ་ཏུ་སྤྱི་ལེ78ཡོད་པ་དང། ལྷོ་བྱང་དུ་ཞེང་ཚད་སྤྱི་ལེ40ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2038ཡོད། 

3_2 ནམ་ཟླ།

ལིང་ཐའེ་རྫོང་ནི་ཆི་ཝེ་ཆུ་བོའི་གྲང་རྒྱུད་ཀྱི་བརླན་ཁུལ་ཕལ་བའི་ཁུལ་ཡིན་པ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད8.6℃དང་། ཆེས་མཐོ་བའི་དྲོད་ཚད35.8℃དང་། ཆེས་དམའ་བའི་དྲོད་ཚད-23.2℃བཅས་ཡིན། ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད654.4mmཡིན་པ་དང་། ཆར་པ་འབབ་ཚད་མི་སྙོམས་པ་དང་། ཟླ7པ་དང་། 8པ། 9པ་བཅས་ཟླ་གསུམ་གྱི་ཆར་ཆུ་འབབ་ཚད་ཀྱིས་ལོ་ཧྲིལ་པོའི་ཆར་ཆུ་འབབ་ཚད་ཀྱི55.5%ཟིན་ཡོད། ལོ་རེའི་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད2453ཡིན་པ་དང་། ལོ་ཧྲིལ་པོར་སད་མེད་དུས་ཉིན159ཡིན།

4 རང་བྱུང་ཐོན་ཁུངས།
4_1 ས་ཆའི་ཐོན་ཁུངས།

སྤྱི་ལོ2012ལོའི་བར། ལིང་ཐའེ་རྫོང་དུ་ཁྱོན་ས་ཞིང་མུའུ་ཁྲི2796758.3ཟིན་པའི་ནང་ཐོན་སྐྱེད་ཀྱི་རྣམ་པ་ལྟར་དབྱེ་ན། རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི666216.7དང་། ལྡུམ་ར་མུའུ་ཁྲི67800.2 ས་རྒོད་མུའུ་ཁྲི258440.7 ནགས་ས་མུའུ་ཁྲི1160842.7 འབྲོག་རྩྭ་མུའུ་ཁྲི643458བཅས་ཡོད་པ་རེད།

4_2 རྩི་ཤིང་གི་ཐོན་ཁུངས།

ལིང་ཐའེ་རྫོང་གི་རྩི་ཤིང་ལ་སྡོང་རིང་དང་། སྡོང་ཐུང་། དཔལ་འབྱོར་ནགས་ཤིང་བཅས་ཡོད་པ་དང་། སྡོང་རིང་ནི་སྡོང་དཀར་དང་། ལྕང་སྡོང་། སྟར་ཀ ལི་སྡོང་སོགས་གཙོ་བོ་ཡིན་པ་དང་། སྡོང་ཕྲན་ནི་སྐྱུར་ཚེར་དང་། སྐྱུར་སེར། སྤྱང་སོའི་ཚེར་མ། ཤིང་ཀྭ། སྐྱུ་རུ་ར། ཁམ་བུ་སོགས་གཙོ་བོ་ཡིན། དཔལ་འབྱོར་ནགས་ཤིང་ནི་རིའི་ཁམ་བུ་དང་། སྟར་ཀ ཁམ་བུ། ལི་ཙི། ལི་བཅས་གཙོ་བོ་ཡིན།

4_3 གཏེར་རྫས་ཀྱི་ཐོན་ཁུངས།

ལིང་ཐའེ་རྫོང་གི་ས་འོག་གཏེར་ཁུངས་གཙོ་བོ་རྡོ་སོལ་དང་། རང་བྱུང་སོལ་རླངས། རྡོ་སྣུམ་བཅས་རིགས་གསུམ་ཡོད་པ་དེའི་ནང་རྡོ་སོལ་ཐོན་ཁུངས་དེ་ལིང་ཐའེ་རྫོང་ལྷོ་རྒྱུད་རི་ཁུལ་གྱི་སྤྱི་ལེ་གྲུ་བཞི་མ14ཟིན་པའི་ཧྲའོ་ཀྲའེ་དང་། ཕུའུ་ཝའོ། པའེ་ལི་སོགས་ཤང་གྲོང་གི་ས་འོག་རྡོ་སོལ་གསོག་ཚད་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ200ཙམ་ཟིན་པ་དང་། བསགས་པའི་རྡོ་སོལ་གཏིང་ཚད་སྨི600ནས700བར་ཟིན་པ་རེད། རྡོ་སོལ་མཐུག་ཚད་སྨི8ནས10བར་ཟིན་པ་དང། གསོག་ཚད་ཏུན་དུང་ཕྱུར15ཡན་ཟིན་ཡོད་པ་རེད། རྡོ་སོལ་གྱི་སྤུས་ཚད་དམའ་བ་དང་། མུ་ཟི་དམའ་བ། ཚ་ཚད་ཧ་ཅང་མཐོ་བ་བཅས་ཡིན།

5 མི་འབོར་དང་མི་རིགས།
5_1 མི་འབོར།

སྤྱི་ལོ2012ལོའི་ལོ་མཇུག་བར། ལིང་ཐའེ་རྫོང་དུ་ཁྱོན་དུད་ཚང73989ཡོད་པ་དང་མི་འབོར་བསྡོམས་འབོར229752ཡོད་པའི་ནང་སྐྱེས་པ120457དང་བུད་མེད109295ཡོད་པ་དང་། ཞིང་ལས་མིན་པའི་མི་འབོར24703ཡོད། ལོ་ན18མན་གྱི་མི48104དང་། ལོ18ནས35བར་གྱི་མི59915 ལོ35ནས60བར་གྱི་མི89873 ལོ60ཡན་གྱི་མི31860བཅས་ཡོད།   

5_2 མི་རིགས།  

ལིང་ཐའེ་རྫོང་དུ་རྒྱ་རིགས་མང་ཞིང96.7 %ཟིན་པ་དང་། གྲངས་ཉུང་མི་རིགས་ལ་ཧུའེ་རིགས་དང་། བོད་རིགས། མན་ཇུ་རིགས། མིའོ་རིགས། སོག་རིགས་སོགས་ཡོད་པ་དེས3.3 %ཟིན་ཡོད།

6 འགྲིམ་འགྲུལ་སྐྱེལ་འདྲེན།

སྤྱི་ལོ2012ལོར། ལིང་ཐའེ་རྫོང་ལ་གཉེར་སྐྱོང་རླངས་འཁོར655ཡོད་པ་དང་། འགྲུལ་སྐྱེལ་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་ཁྲི20742ཟིན་པ་དེ་སྤྱི་ལོ2011ལོ་ལས10.2%འཕར་བ་དང་། ཟོག་འདྲེན་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་ཁྲི31926ཟིན་པ་དེ་སྤྱི་ལོ2011ལོ་ལས41%འཕར་ཡོད།

7 ཆབ་སྲིད་ལམ་ལུགས།
7_1 རྫོང་ཨུ།

ལིའུ་ཁའེ། རྫོང་ཨུའི་ཧྲུའུ་ཅི། 

ཚུའེ་རེན་ཅེ། རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྫོང་སྲིད་གཞུང་གི་རྫོང་དཔོན།

སུན་ཡིའུ་ཞན། རྫོང་ཨུའི་ཧྲུའུ་ཅི་གཞོན་པ། (འགན་བཏགས) 

ཞུས་ཅུན་ཧུང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པ། 

ཀྲང་ཆན། རྫོང་ཨུའི་རྒྱུན་ཨུ་དང་། རྫོང་སྒྲིག་ཨུའི་ཧྲུའུ་ཅི། ལྟ་སྐུལ་ཨུ་ལྷན་གྱི་ཀྲུའུ་རེན།

ཝང་ཏུའུ་ལིན། རྫོང་ཨུའི་རྒྱུན་ཨུ་དང་། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ། 

དབྱང་ཅུན་ཕིང་། རྫོང་ཨུའི་རྒྱུན་ཨུ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་། 

ལུའོ་ཏ་ཅང་། རྫོང་ཨུའི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་། 

དབྱང་ཏུང་ཧུའུ། རྫོང་ཨུའི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། 

ཁྲེང་ཀིན་ཧུའེ། ཏང་ཨུའི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། 

ཝང་ཆིན་ཡེ། རྫོང་ཨུའི་རྒྱུན་ཨུ།

7_2 དམངས་ཆེན།

པེན་ཨན་ཡུའུ། རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། 

ཀྲང་ཧུང་ཡ། རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། 

དབྱང་ཁྲུང་ཁོའུ། རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། 

ཚའོ་ཡ་ཕིང་། རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། 

ཏུའུ་ཧྥུའུ་ལིན། རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། 

7_3 སྲིད་གཞུང་། 

ཚུའེ་རེན་ཅེ། རྫོང་ཨུའི་ཧྲུའུ་ཅི་གཞོན་པ་རྫོང་སྲིད་གཞུང་གི་རྫོང་དཔོན། 

ཝང་ཏུའུ་ལིན། རྫོང་ཨུའི་རྒྱུན་ཨུ་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ། 

ཀྲོའུ་པའོ་ཉིང་། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ། 

ཞིན་ཧུང་ཅུན། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ། 

ཞེ་རུའེ་ཧྥེང་། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ། 

ལི་ཀོན་ཀྲི རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ། 

ཀྲང་གོ་ཀྲེན། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ། 

7_4 སྲིད་གྲོས། 

ཏུའུ་ཞའོ་རུང་། རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི། 

ཚའོ་ཅུས་མེ། རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། 

ལིའུ་ཧའེ་ཐའོ། རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། 

ཞིན་ལིན་སུའེ། རྫོང་ཆབ་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། 

ཀྲོའུ་ཞིན་ཡུས། རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།

8 དཔལ་འབྱོར་གནས་ཚུལ།

སྤྱི་ལོ2012ལོར། ལིང་ཐའེ་རྫོང་གི་ཁ་ཞེང་ཆེ་བའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་གྱི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་ནས་སྒོར་ཁྲི11807ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2011ལོ་དང་བསྡུར་ན52.4%འཕར་བ་དང་། སྤྱི་པའི་ནོར་སྲིད་ཡོང་འབབ་སྒོར་ཁྲི8251ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2011ལོ་ལས57.2%འཕར་བ་དང་། སྤྱི་པའི་ནོར་སྲིད་འགྲོ་སྒོ་སྒོར་ཁྲི149371ཟིན་པ་དེ་སྤྱི་ལོ2011ལོ་ལས32.4%འཕར་བ་དེའི་ནང་སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཀྱི་འགྲོ་སྒོ་སྒོར་ཁྲི16567ཟིན་པ་དེ་སྤྱི་ལོ2011ལོ་ལས10.1%འཕར་བ་དང་། སློབ་གསོའི་འགྲོ་སྒོ་སྒོར་ཁྲི35286ཟིན་པ་དེ་སྤྱི་ལོ2011ལོ་ལས65.1%འཕར་བ་རེད། སྨན་བཅོས་འཕྲོད་བསྟེན་གྱི་འགྲོ་སྒོ་སྒོར་ཁྲི10413ཟིན་པ་དེ་སྤྱི་ལོ2011ལོ་ལས61.3%འཕར། ཞིང་ནགས་ཆུ་གསུམ་ལས་དོན་གྱི་འགྲོ་སྒོ་སྒོར་ཁྲི23800ཟིན་པ་དེ་སྤྱི་ལོ2011ལོ་ལས21.3%འཕར་ཡོད།     

སྤྱི་ལོ2013ལོར། སྔོན་དཔག་བྱས་ན་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར30.35ཟིན་ནས་15%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར40.58བཏང་ནས42.5%འཕར་བ་དང་། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར2.29ཟིན་ནས25.1%འཕར་ཡོད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར9.8ཟིན་ནས18.2%འཕར་ཡོད། སྤྱི་པའི་ནོར་སྲིད་ཡོང་འབབ་སྒོར་ཁྲི9573ཟིན་ནས32%འཕར་ཡོད། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར5070ཟིན་ནས18.5%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར15822ཟིན་ནས16.1%འཕར་བ་བཅས་རེད།      

སྤྱི་ལོ2014ལོར། ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར32.9ཟིན་ནས6.8%འཕར་བ་དང་། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར10.8ཟིན་ནས13.5%འཕར་ཡོད། སྤྱི་པའི་ནོར་སྲིད་ཡོང་འབབ་སྒོར་ཁྲི10125(དེའི་ནང་ཡོང་འབབ་སྒོར་ཁྲི1000ཚུད་པ)ཟིན་ནས5.8%འཕར་བ་དང། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར5403.2ཟིན་ནས12.5%འཕར་བ་དང། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར15739ཟིན་ནས10.4%འཕར་ཡོད།

9 སྤྱི་ཚོགས་ལས་དོན།
9_1 ཚན་རྩལ་ལས་དོན།

སྤྱི་ལོ2012ལོར། ལིང་ཐའེ་རྫོང་གི་ཞིང་ལས་ལག་རྩལ་གསར་པའི་གྲུབ་འབྲས་ཁྱབ་གདལ་གཏོང་ཚད84.7%དང་། ཞིང་ལས་ལག་རྩལ་གསར་པའི་གྲུབ་འབྲས་བཀོལ་སྤྱོད་བྱེད་ཚད88.1% ཞིང་ལས་ཚན་རྩལ་ཡར་ཐོན་གྱི་མྱུར་ཚད7.59% ཞིང་ལས་ཚན་རྩལ་གྱིས་ལེགས་སྐྱེས་འབུལ་ཚད50.8%བཅས་ཡིན་པ་དང་། བཟོ་ལས་ཚན་རྩལ་གྱིས་ལེགས་སྐྱེས་འབུལ་ཚད50.3%ཟིན་པ་དང་བཟོ་ལས་ཚན་རྩལ་ཡར་ཐོན་གྱི་མྱུར་ཚད6.9%ཟིན་ཡོད།

9_2 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2012ལོའི་བར། ལིང་ཐའེ་རྫོང་དུ་འཕྲོད་བསྟེན་ལས་ཁུངས19ཡོད་པའི་ནང་སྨན་ཁང་དང་འཕྲོད་བསྟེན་ཁང15དང་། སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས1 བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་ས་ཚིགས་དང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་1 འཕྲོད་བསྟེན་ལྟ་སྐུལ་སུའོ1བཅས་ཡོད་པ་དང་། ཉལ་ཁྲི698ཡོད་པའི་ནང་སྨན་ཁང་དང་འཕྲོད་བསྟེན་ཁང698ཡོད། རྫོང་ཡོངས་སུ་འཕྲོད་བསྟེན་ལག་རྩལ་མི་སྣ588ཡོད་པའི་ནང་སྨན་ཁང་དང་འཕྲོད་བསྟེན་ཁང་གི་སྨན་པ550ཡོད་པའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ་དང་ལས་གཉེར་ལས་རོགས་སྨན་པ167ཡོད། རྫོང་དང་ཡུལ་ཚོའི་འཕྲོད་བསྟེན་ལས་ཁུངས་སུ་ལོ་ཧྲིལ་པོར་སྨན་བཅོས་བྱེད་མཁན་མི་ཐེངས་ཁྲི24.94ཡོད་པ་དང་ལས་སྒོའི་སྤྱིའི་ཡོང་འབབ་སྒོར་ཁྲི6365.8ཟིན་ཡོད་པ་རེད།


དཔྱད་གཞིའི་ཡིག་ཆ།