ཧྥུའུ་ཧྲུན་རྫོང་།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-05-11 16:54ལ་འགྲུབ།

ཧྥུའུ་ཧྲུན་རྫོང་།

ཧྥུའུ་ཧྲུན་རྫོང་།
ཧྥུའུ་ཧྲུན་རྫོང་ནི་ལིའོ་ཉིང་ཞིང་ཆེན་ཧྥུའུ་ཧྲུན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཧྥུའུ་ཧྲུན་གྲོང་ཁྱེར་གྱི་ནུབ་ངོས་སུ་གནས་ཡོད། ཤར་དུ་ཞིན་པིན་མན་རིགས་རང་སྐྱོང་རྫོང་དང་། ལྷོ་རུ་པུན་ཞི་གྲོང་ཁྱེར་ཞི་ཧུའུ་ཆུས་དང་པུན་ཞི་མན་རིགས་རང་སྐྱོང་རྫོང་དང་འབྲེལ་ཡོད། ནུབ་ཏུ་ཧྲེན་དབྱང་གྲོང་ཁྱེར་ཧུན་ནན་ཆུས་དང་། སུའུ་ཅཱ་ཐུན་ཆུས། ཧྥུའུ་ཧྲུན་གྲོང་ཁུལ། ཧྲུན་ཁྲེང་ཆུས་སོགས་དང་བརྟེན་ནས་གནས་ཡོད། བྱང་འགྲམ་ནི་ཐིའེ་ལིང་རྫོང་བཅས་དང་འབྲེལ་ཡོད། བྱང་ཤར་དུ་ཆིང་ཡོན་མན་ཇུ་རིགས་རང་སྐྱོང་རྫོང་དང་འབྲེལ་ཡོད་ལ། ས་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2328.9(སྤྱི་ལོ2010ལོ)ཡོད། མི་འབོར་ཁྲི11.6(སྤྱི་ལོ2010ལོ)ཡོད་ཅིང་། སྤྱི་ལོ2012ལོར་ཧྥུའུ་ཧྲུན་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར82ལེགས་གྲུབ་བྱུང་ཡོད། ཧྥུའུ་ཧྲུན་རྫོང་དུ་སན་ཁོའེ་ཧྲི་ཡི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དང་། ཐེན་ཉུས་རི་བོའི་མཛེས་ལྗོངས་ཁུལ། ཀོན་ཧྲན་མཚེའུ་ཡི་ཡུལ་སྐོར་སྤྲོ་གསེང་ཁུལ། ཆིང་ལུང་དགོན། པའེ་ལུའུ་གླིང་ཕྲན་གྱི་མཛེས་ལྗོངས་ཁུལ་སོགས་གྲགས་ཅན་མཛེས་ལྗོངས་ཁུལ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
抚顺县
ཕྱི་ཡིག་གི་མིང་།
Fushun County
མིང་གཞན།
ཧྥུའུ་ཧྲུན།
​རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2328.9ཡོད། (སྤྱི་ལོ2010ལོ)
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
མི་འབོར།
ཁྲི11.6ཡོད། (སྤྱི་ལོ2010ལོ)
ཁོངས་གཏོགས་ས་ཁུལ།
ལིའོ་ཉིང་ཞིང་ཆེན་ཧྥུའུ་ཧྲུན་གྲོང་ཁྱེར།
​ཡུལ་སྐད།
བྱང་ཤར་སྐད།
མངའ་ཁོངས།
གྲོང་རྡལ4དང་ཤང3མི་རིགས་ཤང1བཅས་ཡོད།
གནམ་གཤིས།
དྲོད་རྒྱུད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
སྲིད་གཞུང་གནས་ཡུལ།
ཧྥུའུ་ཧྲུན་གྲོང་ཁྱེར་ཧྲུན་ཁྲེང་ཆུས་ཞིན་ཁྲེང་ལམ་གྱི་དུམ་བུ་བར་མའི་ཨང་རྟགས20-3པ་རུ་གནས་ཡོད།
མཛེས་ལྗོངས་གྲགས་ཅན།
ཀྲུང་ཧྭ་དགོན་པའི་མཛེས་ལྗོངས་ཁུལ་དང་ཆིང་ལུང་དགོན། ཀོན་ཧྲན་མཚེའུའི་རྒྱལ་ཁབ་ཆུ་བེད་མཛེས་ལྗོངས་ཁུལ།
ས་ཁོངས་ཁ་པར་ཨང་རྟགས།
024
མེ་འཁོར་འབབ་ཚུགས།
ཧྥུའུ་ཧྲུན་འབབ་ཚུགས།
སྦྲག་སྲིད་ཨང་རྟགས།
113006
རླངས་འཁོར་ཚབ་ཨང་།
ལིའོ(辽)D
གནས་ཡུལ།
ཧྥུའུ་ཧྲུན་གྲོང་ཁྱེར་གྱི་ནུབ་རྒྱུད་དུ་གནས་ཡོད།
སྲིད་འཛིན་ཚབ་ཨང་།
210421
1 ངོ་སྤྲོད་མདོར་བསྡུས།

ཧྥུའུ་ཧྲུན་རྫོང་ནི་ལིའོ་ཉིང་ཞིང་ཆེན་ཧྥུའུ་ཧྲུན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཧྥུའུ་ཧྲུན་གྲོང་ཁྱེར་གྱི་ནུབ་ངོས་སུ་གནས་ཡོད། ཤར་དུ་ཞིན་པིན་མན་རིགས་རང་སྐྱོང་རྫོང་དང་། ལྷོ་རུ་པུན་ཞི་གྲོང་ཁྱེར་ཞི་ཧུའུ་ཆུས་དང་པུན་ཞི་མན་རིགས་རང་སྐྱོང་རྫོང་དང་འབྲེལ་ཡོད། ནུབ་ཏུ་ཧྲེན་དབྱང་གྲོང་ཁྱེར་ཧུན་ནན་ཆུས་དང་། སུའུ་ཅཱ་ཐུན་ཆུས། ཧྥུའུ་ཧྲུན་གྲོང་ཁུལ། ཧྲུན་ཁྲེང་ཆུས་སོགས་དང་བརྟེན་ནས་གནས་ཡོད། བྱང་འགྲམ་ནི་ཐིའེ་ལིང་རྫོང་བཅས་དང་འབྲེལ་ཡོད། བྱང་ཤར་དུ་ཆིང་ཡོན་མན་ཇུ་རིགས་རང་སྐྱོང་རྫོང་དང་འབྲེལ་ཡོད་ལ། ས་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2328.9(སྤྱི་ལོ2010ལོ)ཡོད། མི་འབོར་ཁྲི11.6(སྤྱི་ལོ2010ལོ)ཡོད་ཅིང་། སྤྱི་ལོ2012ལོར་ཧྥུའུ་ཧྲུན་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར82ལེགས་གྲུབ་བྱུང་ཡོད།

ཧྥུའུ་ཧྲུན་རྫོང་དུ་སན་ཁོའེ་ཧྲི་ཡི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དང་། ཐེན་ཉུས་རི་བོའི་མཛེས་ལྗོངས་ཁུལ། ཀོན་ཧྲན་མཚེའུ་ཡི་ཡུལ་སྐོར་སྤྲོ་གསེང་ཁུལ། ཆིང་ལུང་དགོན། པའེ་ལུའུ་གླིང་ཕྲན་གྱི་མཛེས་ལྗོངས་ཁུལ་སོགས་གྲགས་ཅན་མཛེས་ལྗོངས་ཁུལ་ཡོད།

2 འཛུགས་སྐྲུན་འཕེལ་རིམ།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་དང་པོ་སྤྱི་ལོ1912ལོར་ཧྥུའུ་ཧྲུན་རྫོང་ཁོངས་ཧྥེང་ཐེན་ཞིང་ཆེན་ཤར་ཕྱོགས་ལམ་གྱི་ཁོངས་གཏོགས་ཡིན། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བཞི་པ་སྤྱི་ལོ1915ལོར་ཧྥུའུ་ཧྲུན་རྫོང་གིས་བཅོས་སྐྱོང་ཁང་ཧྥུའུ་ཧྲུན་གྲོང་ཁྱེར་ནས་ཀན་ཅིན་ཀྲའེ་རུ་སྤོས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བཅོ་བརྒྱད་པ་སྤྱི་ལོ1929ལོར་ཧྥུའུ་ཧྲུན་རྫོང་ལིའོ་ཉིང་ཞིང་ཆེན་གྱི་ཁོངས་གཏོགས་ཡིན། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉི་ཤུ་པ་སྤྱི་ལོ1931ལོའི་ཟླ9ཚེས19ཉིན་རི་པིན་བཙན་འཛུལ་པས་ཧྥུའུ་ཧྲུན་རྫོང་བཙན་བཟུང་བྱས་པས་ཧྥུའུ་ཧྲུན་རྫོང་དེ་རི་པིན་གྱི་མི་སེར་སྤེལ་ཡུལ་དུ་གྱུར། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་གཅིག་པ་སྤྱི་ལོ1932ལོར་ལིའོ་ཉིང་ཞིང་ཆེན་དེ་ཧྥེང་ཐེན་ཞིང་ཆེན་དུ་བསྒྱུར་ཞིང་། ཧྥུའུ་ཧྲུན་རྫོང་ནི་ཧྥེང་ཐེན་ཞིང་ཆེན་རྫུན་མའི་ཁོངས་སུ་གཏོགས་པ་དང་། རིམ་པ་གཉིས་པའི་རྫོང་ཡིན། མན་ཇུ་རྫུས་མའི་ཁང་ཏེ་ཁྲི་ལོ་བཞི་པ་སྤྱི་ལོ1937ལོར་རི་པིན་དང་རྫུས་དམག་གིས་ཧྥུའུ་ཧྲུན་རྫོང་གི་ས་ཁུལ་ཁ་ཤས་སུ་ཧྥུའུ་ཧྲུན་གྲོང་ཁྱེར་བཙུགས་ནས་ཧྥུའུ་ཧྲུན་གྲོང་ཁྱེར་རྫུས་མའི་ཀུང་ཧྲུའུ་བཙུགས་པ་དང་། གྲོང་ཁྱེར་དང་རྫོང་ཕན་ཚུན་ཁོངས་གཏོགས་མི་བྱེད་པར་ཧྥེང་ཐེན་ཞིང་ཆེན་ཀུང་ཧྲུའུ་རྫུས་མའི་མངའ་ཁོངས་སུ་ཚུད། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་བཞི་པ་སྤྱི་ལོ1945ལོའི་ཟླ8པར་ཧྥུའུ་ཧྲུན་ཚུར་བླངས་པ་དང་། ལོ་དེའི་ཟླ9ཚེས27ཉིན་ཧྥུའུ་ཧྲུན་རྫོང་གི་དམངས་གཙོའི་མཉམ་འབྲེལ་སྲིད་གཞུང་བཙུགས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་ལྔ་པ་སྤྱི་ལོ1946ལོའི་ཟླ3ཚེས22ཉིན། གོ་མིན་ཏང་གི་དམག་ཤོག་ང་གཉིས་པ་ཡིས་ཧྥུའུ་ཧྲུན་བཙན་བཟུང་བྱས་པ་དང་། གོ་མིན་ཏང་གི་སྲིད་འཛིན་ཁང་གིས་ཧྥུའུ་ཧྲུན་དུ“གྲོང་ཁྱེར་སྲིད་གཞུང”དང“རྫོང་སྲིད་གཞུང”བཙུགས། ཧྥུའུ་ཧྲུན་རྫོང་གི་དམངས་གཙོའི་མཉམ་འབྲེལ་སྲིད་གཞུང་སྤོ་སྐྱོད་བྱས། ཟླ4བར། ཧུན་ཧུ་ཆུ་བོའི་བྱང་ཕྱོགས་ཀྱི་ཐིའེ་ལིང་དང་ཧྲེན་དབྱང་། ཧྥུའུ་ཧྲུན་ཟུར་གསུམ་ས་ཁུལ་དུ་ཧྲིན་ཐིའེ་ཧྥུའུ་མཉམ་འབྲེལ་རྫོང་བཙུགས། ཟླ7པར། ཀྲུང་གུང་ལིའོ་ཏུང་ས་ཁུལ་གསུམ་གྱིས་ཧྲེན་དབྱང་རྫོང་དང་ཧྥུའུ་ཧྲུན་རྫོང་གཉིས་ཧྲུན་ཧྥུའུ་རྫོང་དུ་ཟླ་བསྒྲིལ་བཏང་། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་དྲུག་པ་སྤྱི་ལོ1947ལོའི་ཟླ3པར་གོ་མིན་ཏང་སྲིད་འཛིན་ཁང་གིས་ཧྥུའུ་ཧྲུན་གྲོང་ཁྱེར་ཕྱིར་འཐེན་བྱས་ཏེ་ཧྥུའུ་ཧྲུན་གྲོང་ཁྱེར་དེ་ཧྥུ་ཧྲུན་རྫོང་དུ་ཟླ་བསྒྲིལ་བཏང་། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་བདུན་པ་སྤྱི་ལོ1948ལོའི་ཟླ10པར་ཧྥུའུ་ཧྲུན་བཅིངས་འགྲོལ་བཏང་རྗེས། ཧྲུན་ཧྥུའུ་རྫོང་མེད་པར་བཟོས་ནས་ཧྥུའུ་ཧྲུན་རྫོང་སླར་གསོ་བྱས་པ་དང་། ཧྥུའུ་ཧྲུན་རྫོང་སྲིད་གཞུང་བཙུགས་པ་དང་། ལས་ཁུངས་སྡོད་གནས་ཧྥུའུ་ཧྲུན་གྲོང་ཁྱེར་དུ་བཙུགས། ཨན་ཏུང་ཞིང་ཆེན་སྲིད་གཞུང་གི་ཁོངས་གཏོགས་ཡིན།

སྤྱི་ལོ1949ལོའི་ཟླ1ཚེས30ཉིན་ཧྥུའུ་ཧྲུན་རྫོང་མི་དམངས་སྲིད་གཞུང་གི་གཞུང་ཐམ་དངོས་སུ་སྤྱོད་འགོ་ཚུགས། ཧྥུའུ་ཧྲུན་རྫོང་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རྫོང་ཡིན།

སྤྱི་ལོ1952ལོའི་ཟླ9བར། ཧྥུའུ་ཧྲུན་རྫོང་མེད་པར་བཟོས་ཤིང་། དེའི་སྲིད་འཛིན་མངའ་ཁོངས་སོ་སོར་པུན་ཞི་གྲོང་ཁྱེར་དང་ཧྥུའུ་ཧྲུན་གྲོང་ཁྱེར་གྱི་ཁོངས་སུ་བགོས།

སྤྱི་ལོ1961ལོའི་ཟླ8པའི་ཚེས7ཉིན། ཧྥུའུ་ཧྲུན་རྫོང་གི་སྒྲིག་གཞི་སླར་གསོ་བྱས་པ་དང་། ཧྥུའུ་ཧྲུན་རྫོང་མི་དམངས་ཨུ་ཡོན་ལྷན་ཁང་བཙུགས། ལས་ཁུངས་དེ་ཧྥུའུ་ཧྲུན་གྲོང་ཁྱེར་དུ་བཅའ་སྡོད་བྱས།

སྤྱི་ལོ1968ལོའི་ཟླ5པར། ཧྥུའུ་ཧྲུན་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས།

སྤྱི་ལོ1969ལོའི་ཟླ10བར། རྫོང་ལས་ཁུངས་ཧྥུའུ་ནན་མི་དམངས་ཀུང་ཧྲེའི་ཧྲི་ཝུན་ཁྲང་སྡེ་བ(ད་ལྟའི་ཧྲི་ཝུན་གྲོང་རྡལ)རུ་སྤོས།

སྤྱི་ལོ1979ལོའི་ཟླ7པའི་ཚེས17ཉིན། ཧྥུའུ་ཧྲུན་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཧྲི་ཝུན་ཁྲང་སྡེ་བ་ནས་ཧྥུའུ་ཧྲུན་གྲོང་ཁྱེར་དུ་སྤོས།

སྤྱི་ལོ1980ལོའི་ཟླ10པར། ཧྥུའུ་ཧྲུན་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་དེ་ཧྥུའུ་ཧྲུན་རྫོང་མི་དམངས་སྲིད་གཞུང་དུ་བསྒྱུར།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2010ལོར་ཧྥུའུ་ཧྲུན་རྫོང་ཁོངས་སུ་གྲོང་རྡལ4ཡོད་པ་སྟེ། ཀྲང་ཏང་གྲོང་རྡལ་དང་། ཧྲི་ཝུན་གྲོང་རྡལ། ཧོའུ་ཨན་གྲོང་རྡལ། ཧཱ་ཏཱ་གྲོང་རྡལ་བཅས་ཡིན་པ་དང་། ཤང8ཡོད་པ་ནི་ཞྭ་ཧུ་ཤང་དང་། ཅིའུ་པིན་ཤང་། ལཱ་ཀུའུ་མན་ཇུ་རིགས་ཤང་། ཧའེ་ལང་ཤང་། མཱ་ཆོན་ཙི་ཤང་། ཧྲང་མཱ་ཤང་། ལན་ཧྲན་ཤང་། ཐང་ཐུའུ་མན་ཇུ་རིགས་ཤང་། སྡེ་ཁུལ11དང་སྲིད་འཛིན་གྲོང་ཚོ271བཅས་ཡོད།

སྤྱི་ལོ2014ལོའི་བར་ཧྥུའུ་ཧྲུན་རྫོང་ཁོངས་སུ་གྲོང་རྡལ4ཡོད་པ་སྟེ། ཧྲི་ཝུན་གྲོང་རྡལ་དང་། ཧོའུ་ཨན་གྲོང་རྡལ། ཅིའུ་པིན་གྲོང་རྡལ། ཧྲང་མཱ་གྲོང་རྡལ་བཅས་ཡིན་པ་དང་། ཤང3ནི་ཞྭ་ཧུ་ཤང་དང་། ཧའེ་ལང་ཤང་། མ་ཆོན་ཙི་ཤང་། མི་རིགས་ཤང1ཐང་ཐུའུ་མན་ཇུ་རིགས་ཤང་བཅས་ཡོད།

4 ས་ཁམས་ཁོར་ཡུག
4_1 གནས་ཡུལ།

ཧྥུའུ་ཧྲུན་རྫོང་ནི་ལིའོ་ཉིང་ཞིང་ཆེན་གྱི་ཤར་རྒྱུད་དུ་ཆགས་ཡོད་པ་དང་། ཤར་ཕྱོགས་ཀྱི་གཞུང་ཐིག123°39′-124°26′དང་། བྱང་ཕྱོགས་ཀྱི་འཕྲེད་ཐིག41°26′-42°04′ཡི་བར་དུ་གནས་ཡོད། ཤར་ནི་ཞིན་པིན་རྫོང་དང་ཆིང་ཡོན་མན་ཇུ་རིགས་རང་སྐྱོང་རྫོང་དང་འབྲེལ་ཞིང་། ནུབ་ནི་ཧྥུའུ་ཧྲུན་གྲོང་ཁྱེར་ཁུལ་དང་། ཧྲེན་དབྱང་གྲོང་ཁྱེར་ཏུང་ལིན་ཆུས། སུའུ་ཅཱ་ཐུན་ཆུས་བཅས་དང་འབྲེལ་ཡོད། ལྷོ་ནི་པུན་ཞི་གྲོང་ཁྱེར་པུན་ཞི་རྫོང་དང་ཉེ་ལ། བྱང་དུ་ཐིའེ་ལིང་གྲོང་ཁྱེར་དང་འབྲེལ་ཡོད། ས་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2328.9ཡོད། (སྤྱི་ལོ2010ལོར)

4_2 ནམ་ཟླ།

ཧྥུའུ་ཧྲུན་རྫོང་ནི་བྱང་དྲོད་ཁུལ་གྱི་བརླན་ཁུལ་དུ་གནས་ཡོད་པ་དང་། སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། ཆར་དུས་དང་བསྟུན་ནས་འབབ་པ་དང་དུས་བཞིའི་དབྱེ་བ་གསལ། ལོ་རེའི་ཆ་སྙོམས་དྲོད་ཚད7.8℃དང་། ཟླ་དང་པོའི་ཆ་སྙོམས་དྲོད་ཚད-14℃ཡིན། ཆེས་དམའ་བའི་དྲོད་ཚད-35.2℃ཡིན། ཟླ་བདུན་པའི་ཆ་སྙོམས་དྲོད་ཚད24དང་། ཆེས་མཐོ་བའི་དྲོད་ཚད35.8℃ཡིན། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི823ཡིན་པ་དང་། མང་ཆེ་བ་ཟླ་བདུན་པ་དང་། བརྒྱད་པ། དགུ་པ་བཅས་སུ་འདུས་ཡོད། སད་མེད་དུས་ཉིན145ཡས་མས་ཡིན།

5 མི་འབོར་དང་མི་རིགས།

སྤྱི་ལོ2010ལོའི་བར་ཧྥུའུ་ཧྲུན་རྫོང་གི་མི་འབོར་ཁྲི11.6ཡོད་པའི་ནང་ཞིང་ལས་མི་འབོར་ཁྲི10.4དང་ཞིང་ལས་མིན་པའི་མི་འབོར་ཁྲི1.2ཡོད། མི་རིགས་ལ་རྒྱ་རིགས་དང་། མན་ཇུ་རིགས། སོག་རིགས། ཧུའེ་རིགས། ཁྲའོ་ཞན་རིགས་སོགས་ཡོད།

6 དཔལ་འབྱོར།

སྤྱི་ལོ2012ལོར་ཧྥུའུ་ཧྲུན་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར82ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2007ལོ་ལས་ལྡབ1.9འཕར་བ་དང་ལོ་རེར་ཆ་སྙོམས་འཕར་ཚད23.4%ཟིན་ཡོད། སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར8.3ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2007ལོ་ལས་ལྡབ3འཕར་བ་དང་ལོ་རེར་ཆ་སྙོམས་རིམ་འཕར31.6%ཟིན་ཡོད། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར140བཏང་བ་དེ་ལོ་གོང་མའི་ལྡབ2.3ཡིན་པ་དང་། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེར་གཙང་སྒོར9850ཟིན་པ་དེ་སྤྱི་ལོ2007ལོ་ལས་སྒོར4636འཕར་བ་དང་། ལོ་རེར་ཆ་སྙོམས་རིམ་འཕར13.6%བྱུང་ཡོད།

7 སྤྱི་ཚོགས་བྱ་གཞག
7_1 སློབ་གསོ།

སྤྱི་ལོ2010ལོར་ཧྥུའུ་ཧྲུན་རྫོང་དུ་ལོ་དགུའི་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭའི་མུ་མཐུད་འཛུགས་སྐྲུན་ལས་གྲྭ5ལེགས་གྲུབ་བྱུང་བ་དང་། ཧྥུའུ་ཧྲུན་གྲོང་ཁྱེར་དུ་ཤང་རེར་ལོ་དགུའི་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭའི་དམིགས་ཚད་སྔོན་ལ་མངོན་འགྱུར་བྱུང་ནས“མཐོ་བ་གཉིས་དང་ལོ་དགུའི་ཁྱབ་གདལ་སློབ་གསོ”གྱི་ལས་དོན་ལ་རྨང་གཞི་བཏིང་ཡོད། སྤྱི་ལོ2010ལོའི་བར་ཧྥུའུ་ཧྲུན་རྫོང་དུ་མཐོ་རིམ་སློབ་འབྲིང2དང་། ལས་རིགས་མཐོ་རིམ་སློབ་འབྲིང1ལོ་དགུའི་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭ14རང་ཚུགས་སློབ་ཆུང32བཅས་ཁྱོན་སློབ་གྲྭ་འབྲིང་ཆུང49ཡོད། སྤྱི་ལོ2011ལོར་ཧྥུའུ་ཧྲུན་རྫོང་གི“མཐོ་བ་གཉིས་དང་ལོ་དགུའི་ཁྱབ་གདལ་སློབ་གསོ”ཚད་མཐོའི་ཞིང་ཆེན་སྲིད་གཞུང་གིས་ཞིབ་བཤེར་རྩིས་ལེན་བྱས་པ་བརྒྱུད་ཤང(གྲོང་རྡལ)གཅིག་གི་གཞུང་བཙུགས་ལྟེ་བའི་བུ་བཅོལ་ཁང་འཛུགས་སྐྲུན་ལེགས་གྲུབ་བྱུང་ཡོད།

7_2 ཚན་རྩལ།

སྤྱི་ལོ2010ལོར་ཧྥུའུ་ཧྲུན་རྫོང་གིས་རྒྱལ་ཁབ་ཀྱི་ཚན་རྩལ་ལ་བརྟེན་ནས་དམངས་ཕྱུག་རྫོང་དར་གྱི་ཆེད་དོན་བྱ་སྤྱོད་ལེགས་སྒྲུབ་བྱས་པ་དང་གཙོ་གནད་ཚན་རྩལ་རྣམ་གྲངས15ལག་བསྟར་བྱས་ཡོད། ཧྥུའུ་ཧྲུན་རྫོང་ནི་རྒྱལ་ཡོངས་ཀྱི་ཚན་རྩལ་ཡར་ཐོན་སྔོན་ཐོན་རྫོང་དང་རྒྱལ་ཡོངས་ཀྱི་ཚན་རྩལ་ཁྱབ་གདལ་དཔེ་སྟོན་རྫོང་དུ་བདམས་ཡོད།

7_3 འཕྲོད་བསྟེན།

སྤྱི་ལོ2010ལོར་ཧྥུའུ་ཧྲུན་རྫོང་གིས་རྫོང་སྨན་ཁང་ཡུལ་གཞན་དུ་གསར་སྐྲུན་བྱས་པ་དང་། རྣམ་གྲངས་ཀྱི་ལས་གྲྭ་གཙོ་བོ་དང་ཚད་ལྡན་ཅན་གྱི་གྲོང་ཚོའི་འཕྲོད་བསྟེན་ཁང40བསྐྲུན་ནས་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་བྱེད་ལམ་གསར་པའི་ནང་ཞུགས་ཚད་དང་གྲོང་ཚོར་ཁྱབ་ཚད99.7%དང100%སོ་སོར་ཟིན་ཡོད། རིན་མི་དགོས་པར་གཉེན་སྒྲིག་ཞིབ་བཤེར་དང་། སྐྱེས་མ་ཐག་པའི་མི་འབོར་གྱི་སྐྱོན་ཆར་ཐེ་ཇུས་བྱེད་པ་སོགས་ཀྱི་ལས་གྲྭ་ལག་བསྟར་གཏིང་ཟབ་བྱས་པ་དང་། མི་འབོར་སྐྱེ་ཚད་དང་རང་བྱུང་འཕར་ཚད་སོ་སོར་བརྒྱ་ཆའི6.38དང་སྟོང་ཆའི0.43ནང་ཚུན་དུ་ཚོད་འཛིན་བྱས་ཡོད། སྤྱི་ལོ2011ལོར་ཧྥུའུ་ཧྲུན་རྫོང་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཕྱོགས་བསྡུས་སྒྱུར་བཅོས་དེ་ཧྥུའུ་ཧྲུན་གྲོང་ཁྱེར་གྱི་མདུན་གྲལ་དུ་བསྐྱོད་དེ་རྫོང་ཀྲུང་ལུགས་སྨན་ཁང་གི་ཐོན་ཁུངས་བསྡུ་སྒྲིལ་དང་ཧོའུ་ཨན་དང་ཧྲང་མཱ་འཕྲོད་བསྟེན་ཁང་རྒྱས་སྐྲུན་ལས་དོན་ལེགས་སྒྲུབ་བྱས་པ་དང་གྲོང་ཚོ་རིམ་པའི་ཚད་ལྡན་ཅན་གྱི་འཕྲོད་བསྟེན་ཁང17གསར་སྐྲུན་བྱས་ཡོད།

7_4 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2010ལོར་ཧྥུའུ་ཧྲུན་རྫོང་གིས་ཞིང་ཆེན་རིམ་པའི་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་རྟེན་གཞི2བསྐྲུན་པ་དང་དུད་ཚང་དབུལ་པོ་དང་དབང་པོ་སྐྱོན་ཅན་གྱི་སྡོད་ཁང317བསྐྲུན་ཡོད། གྲོང་སྡེ40དང་མི་ཁྲི1.8ཀྱི་འཐུང་ཆུ་ཉེན་མེད་གནད་དོན་ཐག་གཅོད་བྱས། ཡར་རྒྱས་བརྩོན་ལེན་བྱེད་པའི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར4.65ཡིས་དམངས་འཚོའི་བྱ་གཞག་འཕེལ་རྒྱས་གཏོང་བར་འགན་སྲུང་བྱས་ཡོད། གྲོང་ཁྱེར་སྲིད་གཞུང་གིས་སྤྲད་པའི་རྒན་གསོ་དང་། ལས་ཤོར། ལས་རྨས། སྨན་བཅོས་འགན་བཅོལ་བཅས་ཀྱི་ཁྱབ་རྒྱ་དང་རྒན་གསོའི་འགན་བཅོལ་གྱི་གཅིག་གྱུར་གྲབས་གསོག་མ་དངུལ་བསྡུ་བའི་ལས་འགན་ལེགས་སྒྲུབ་བྱས་པ་དང་མ་མཐའི་འཚོ་བའི་འགན་ལེན་དང་རོགས་སྐྱོབ་མ་དངུལ་སྣ་ཚོགས་སྒོར་ཁྲི952སྤྲད་ཡོད། སྤྱི་ལོ2011ལོར་ཧྥུའུ་ཧྲུན་རྫོང་གིས་རྒན་གསོ་དང་། ལས་ཤོར། ལས་རྨས། སྨན་བཅོས་འགན་བཅོལ་གྱི་ཁྱབ་རྒྱ་དང་རྒན་གསོའི་འགན་བཅོལ་གྱི་གཅིག་གྱུར་གྲབས་གསོག་མ་དངུལ་བསྡུ་བའི་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་པ་དང་། གྲོང་གསེབ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་གསར་པའི་ནང་ཞུགས་ཚད91.6%ཟིན་ནས་རྒན་གསོའི་འགན་བཅོལ་མ་དངུལ་སྒོར་ཁྲི530ལྷག་ཙམ་སྤྲད། ས་ཞིང་གཞུང་བསྡུ་བྱས་པའི་ཞིང་པའི་སྤྱི་ཚོགས་འགན་སྲུང་བྱ་བ་འཚོལ་ཞིབ་དང་ལག་བསྟར་བྱས། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པའི་རྒྱུན་སྡོད་མི་འབོར་གྱི་མཉམ་ལས་སྨན་བཅོས་ནང་ཞུགས་ཚད94.4%ཟིན་ནས་ཞིང་པར་སྨན་རིན་སྒོར་ཁྲི1760ལྷག་ཙམ་རྩིས་ཞུ་བྱས། མ་མཐའི་འཚོ་བའི་འགན་སྲུང་མ་དངུལ་དང་རོགས་སྐྱོབ་མ་དངུལ་སྣ་ཚོགས་སྒོར་ཁྲི1029བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་གཞི་རྩའི་ཆ་ནས་བཙུགས་ཡོད། ལིའོ་ཉིང་ཞིང་ཆེན་གྱི་གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་བཅོལ་གསོའི་ཞབས་ཞུ་ལྟེ་གནས་ཐོག་མ་དེ་བཙུགས་ནས་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལས་དོན་གྱི་སྔོན་ཐོན་ཚན་པ་དང་སྐྱ་འགྲིབ་ནད་གེགས་མེད་རྫོང་དུ་བདམས།


དཔྱད་གཞིའི་ཡིག་ཆ།