ཧྥུའུ་ཧྲུན་རྫོང་།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-05-11 17:03ལ་འགྲུབ།

ཧྥུའུ་ཧྲུན་རྫོང་།

ཧྥུའུ་ཧྲུན་རྫོང་།
ཧྥུའུ་ཧྲུན་རྫོང་ནི་སི་ཁྲོན་ཞིང་ཆེན་ཙི་ཀུང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། སི་ཁྲོན་གཤོངས་སའི་ལྷོ་ངོས་དང་ཐུའོ་ཅང་གཙང་པོའི་སྨད་རྒྱུད་དུ་གནས། རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1336ཡོད། ཧྥུ་ཧྲུན་རྫོང་གི་ནམ་ཟླ་དྲོད་འཇམ་ཡིན་ལ། ཚ་ཁུལ་ཕལ་བའི་བརླན་གཤེར་ཅན་གྱི་དུས་རླུང་ནམ་ཟླའི་རིགས་ཀྱི་ས་ཁུལ་དུ་གཏོགས་པ་དང་། ཆར་ཆུ་འབེལ་ཞིང་། ཉི་འོད་ཕོག་ཚད་ཅུང་མང་བ། སད་མེད་དུས་ཡུན་རིང་བ། དུས་བཞིའི་དབྱེ་བ་གསལ་བ་བཅས་ཡིན། སྤྱི་ལོ2019ལོའི་བར་དུ་ཧྥུའུ་ཧྲུན་རྫོང་ཁོངས་སུ་ཁྲོམ་ལམ3དང་། གྲོང་རྡལ16 ཤང1བཅས་གཏོགས་ཡོད་པ་དང་། རྫོང་མི་དམངས་སྲིད་གཞུང་གི་ཧྥུའུ་ཧྲི་ཁྲོམ་ལམ་དུ་བཅའ་སྡོད་བྱས་ཡོད། སྤྱི་ལོ2018ལོའི་ལོ་མཇུག་བར་དུ་ཧྥུའུ་ཧྲུན་རྫོང་གི་ཐེམ་ཐོའི་མི་འབོར་ཁྲི107.5ཡོད། རྒྱུན་སྡོད་མི་འབོར་ཁྲི76.4ལ་སླེབས་ཡོད། སྤྱི་ལོ2018ལོར་ཧྥུའུ་ཧྲུན་རྫོང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར300.58ལ་སླེབས་ནས་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས9.4%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར47.37ལ་སླེབས་ནས3.8%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར139.49ལ་སླེབས་ནས10.3%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར113.72ལ་སླེབས་ནས10.7%འཕར་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཧྥུའུ་ཧྲུན་རྫོང་།
རྒྱ་ཡིག་གི་མིང་།
富顺县
ཕྱི་ཡིག་གི་མིང་།
Fushun County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེན་ཙི་ཀུང་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་གཞུང་གསུམ། གྲོང་རྡལ་བཅུ་དྲུག ཤང་གཅིག
སྲིད་གཞུང་སྡོད་གནས།
ཧྥུའུ་ཧྲི་ཁྲོམ་གཞུང་།
ས་ཁོངས་ཁ་པར་ཨང་རྟགས།
0813
སྦྲག་སྲིད་ཚབ་ཨང་།
643200
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1336
མི་གྲངས།
ཁྲི107.5
ནམ་ཟླ།
ཚ་ཁུལ་ཕལ་བའི་བརླན་བཤེར་ཅན་གྱི་དུས་རླུང་རང་བཞིན་གྱི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
川C
སྲིད་འཛིན་ཚབ་ཨང་།
510322
མེ་འཁོར་འབབ་ཚུགས།
ཧྥུའུ་ཧྲུན་མེ་འཁོར་འབབ་ཚིགས།
GDP
དམངས་སྒོར་དུང་ཕྱུར300.58(སྤྱི་ལོ2018ལོར།)
1 ​ལོ་རྒྱུས་འཕེལ་རིམ།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་དང་པོར(སྤྱི་ལོ1912ལོར)ཆིང་རྒྱལ་རབས་ཀྱི་ས་ཁུལ་དབྱེ་འབྱེད་བྱས་ཤིང་། ས་ཆ་དེ་སྔར་བཞིན་ཞུས་ཀྲོའུ་སྲིད་གཞུང་གི་མངའ་འོག་ཏུ་གཏོགས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་གཉིས་པར(སྤྱི་ལོ1913ལོར)ཞིང་ཆེན་མཁོ་མེད་དུ་བཏང་ནས་ཏའོ་ཐུང་རྫོང་དུ་བསྒྱུར་བ་དང་། ཧྥུའུ་ཧྲུན་ནི་སི་ཁྲོན་ལྷོ་རྒྱུད་ཀྱི་ལམ་དུ་གཏོགས། (ཕྱི་ལོར་ཡུང་ཉིང་ཏའོ་ཞེས་པར་བསྒྱུར) མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བཅུ་བདུན་པར(སྤྱི་ལོ1928ལོར)ཁྲུན་གཅོད་བྱས་པ་དང་རྫོང་ཁག་གི་ཐད་གཏོགས་ཞིང་ཆེན་སྲིད་གཞུང་། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་བཞི་པར(སྤྱི་ལོ1935ལོར)མིན་གོའི་སྲིད་གཞུང་གིས་སྲིད་འཛིན་ལྟ་ཞིབ་ཁུལ་གྱི་ལམ་ལུགས་ཁྱབ་སྤེལ་བཏང་བ་དང་། ཧྥུའུ་ཧྲུན་ནི་སི་ཁྲོན་ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཁུལ་བདུན་པ(ཆེད་མི་ཀུང་ཧྲུའུ་ལུའུ་ཀྲོའུ་རུ་བཅའ་སྡོད་བྱས་ཡོད)ཡིན།      སྤྱི་ལོ1949ལོའི་ཟླ12པའི་ཚེས18ཉིན། ཧྥུའུ་ཧྲུན་རྫོང་མི་དམངས་སྲིད་གཞུང་བཙུགས་པ་དང་། ལུའུ་རྫོང་གི་ཀྲོན་ཆུས(ཕྱིས་སུ་ལུང་ཁྲང་ཀྲོན་ཆུས་དང་ལུའུ་ཀྲོའུ་ཀྲོན་ཆུས་ཞེས་པར་བསྒྱུར)      སྤྱི་ལོ1959ལོར་ཧྥུའུ་ཧྲུན་རྫོང་དབྱི་པིན་ཀྲོན་ཆུས་སུ་ཟླ་སྒྲིལ་བཏང་།      སྤྱི་ལོ1983ལོའི་ཟླ3པར། ཧྥུའུ་ཧྲུན་རྫོང་ཙི་ཀུང་གྲོང་ཁྱེར་དུ་བགོས་ནས་གྲོང་ཁྱེར་ཁོངས་གཏོགས་ཀྱི་རྫོང་དུ་གྱུར།     

2 སྲིད་འཛིན་ཁོངས་བགོས།     

སྤྱི་ལོ2019ལོའི་ཟླ9པའི་བར་ཧྥུའུ་ཧྲུན་རྫོང་ཁོངས་སུ་ཧྥུའུ་ཧྲི་ཁྲོམ་གཞུང་དང་། ཏེང་ཅིང་ཀོན་ཁྲོམ་གཞུང་། ཏུང་ཧུའུ་ཁྲོམ་གཞུང་བཅས་ཁྲོམ་གཞུང3དང་། ཕང་ཐུང་གྲོང་རྡལ། སེང་གེ་གྲོང་རྡལ། རྟ་ལུང་གྲོང་རྡལ། ཏའེ་དགོན་གྲོང་རྡལ། ཐུང་སི་གྲོང་རྡལ། ཀུའུ་ཧྥོ་གྲོང་རྡལ། ཡུང་ཉན་གྲོང་རྡལ། པང་ཆའོ་གྲོང་རྡལ། ཧྥུའུ་ཧྲན་གྲོང་རྡལ། ལི་ཆའོ་གྲོང་རྡལ། ཀྲའོ་ཧྭ་གྲོང་རྡལ། ཨན་ཤིས་གྲོང་རྡལ། ཧྥེ་ལུང་གྲོང་རྡལ། ཧོའེ་ཏེ་གྲོང་རྡལ། ཁྲང་ཐན་གྲོང་རྡལ་བཅས་གྲོང་རྡལ16  ལུང་ཝན་ཤང་བཅས་ཡོད།  

3 མི་གྲངས་གནས་ཚུལ།
3_1 མི་འབོར།

སྤྱི་ལོ2018ལོའི་ལོ་མཇུག་བར་ཧྥུའུ་ཧྲུན་རྫོང་གི་ཐེམ་ཐོའི་མི་འབོར་ཁྲི107.5ལ་སླེབས་ཡོད། དེའི་ནང་ཞིང་ལས་མིན་པའི་མི་འབོར་ཁྲི40.98དང་ཞིང་ལས་མི་འབོར་ཁྲི66.52ཡོད་པ་རེད། ཕོ་མོའི་དབྱེ་བ་ལྟར་དབྱེ་ན། སྐྱེས་པ་ཁྲི55.36ཡོད་པ་དང་། བུད་མེད་མི་འབོར་ཁྲི52.14ཡོད། ཕོ་མོའི་བསྡུར་ཚད106.18∶100ཡིན། ལོ་ཧྲིལ་པོར་གསར་སྐྱེས་མི་འབོར་ཁྲི1.09ཡོད་པ་དང་། མི་འབོར་སྐྱེ་ཚད10.46‰ལ་སླེབས་ཡོད། རྐྱེན་ལམ་དུ་ཤོར་བའི་མི་འབོར5047དང་ཤི་ཚད6.76‰ལ་སླེབས། མི་འབོར་རང་བྱུང་འཕར་ཚད3.7‰(གོང་ནི་སྤྱི་ལོ2018ལོའི་ཟླ12ཚེས20ཉིན་བར་གྱི་སྤྱི་བདེའི་མི་འབོར་གྱི་གྲངས་གཞི)ཡིན་པ་རེད།      སྤྱི་ལོ2018ལོའི་ལོ་མཇུག་བར་ཧྥུའུ་ཧྲུན་རྫོང་གི་རྒྱུན་སྡོད་མི་འབོར་ཁྲི76.4ལ་སླེབས་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི0.99ཡིས་ཇེ་ཉུང་དུ་ཕྱིན་ནས1.3%མར་ཆག་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་མི་འབོར་ཁྲི31.75དང་གྲོང་གསེབ་ཀྱི་མི་འབོར་ཁྲི44.65ཡོད་པ་རེད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད41.56%ལ་སླེབས་ནས་ལོ་གོང་མ་ལས1.05%ཡིས་ཇེ་མཐོ་རུ་ཕྱིན། 

3_2 མི་རིགས།     

སྤྱི་ལོ2010ལོར་མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱས་པར་གཞིགས་ན། ཧྥུའུ་ཧྲུན་རྫོང་ཁོངས་སུ་བོད་རིགས་དང་མིའོ་རིགས་སོགས་གྲངས་ཉུང་མི་རིགས35ཡོད་པ་དང་མི་འབོར796ཡོད་པ་དེས་ཡོངས་ཁྱབ་ཞིབ་བཤེར་གྱི་སྤྱིའི་མི་འབོར་གྱི0.1%བཟུང་ཡོད། དེའི་ནང་མི་བརྒྱ་ལས་བརྒལ་བའི་གྲངས་ཉུང་མི་རིགས་ལ་མིའོ་རིགས་དང་། དབྱིས་རིགས། བོད་རིགས། ཐུའུ་ཅ་རིགས། ཧུའེ་རིགས་བཅས་ཡོད།      

4 དཔལ་འབྱོར་རགས་བཤད།    

སྤྱི་ལོ2018ལོར་ཧྥུའུ་ཧྲུན་རྫོང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར300.58ལ་སླེབས་ནས་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས9.4%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར47.37ལ་སླེབས་ནས3.8%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར139.49ལ་སླེབས་ནས10.3%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར113.72ལ་སླེབས་ནས10.7%འཕར་ཡོད། ཐོན་ལས་ཐེངས་གསུམ་གྱིས་དཔལ་འབྱོར་འཕར་རྒྱུར་སྐྱེས་འབུལ་ཚད་སོ་སོར6.4%དང་། 50.6% 43%བཅས་ལ་སླེབས་ནས་དཔལ་འབྱོར་འཕར་ཚད་སོ་སོར0.61%དང་། 4.77% 4.06%བཅས་ཀྱིས་སྐུལ་ཁྲིད་བྱས་ཡོད། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར39090(རྒྱུན་སྡོད་མི་འབོར་ལྟར་བརྩིས་པ)ལ་སླེབས་ནས11.6%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་དེ་ལོ་སྔོན་མའི16.2∶46.5∶37.3ནས15.8∶46.4∶37.8བར་ལེགས་སྒྲིག་བྱས་ཡོད།      སྤྱི་ལོ2018ལོར་ཧྥུའུ་ཧྲུན་རྫོང་དུ་དམངས་གཉེར་དཔལ་འབྱོར་གྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར166.48ལ་སླེབས་ནས་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན9.5%འཕར་བ་དེསGDPཡི་བསྡུར་ཚད55.4%བཟུང་བ་དངGDPའཕར་རྒྱུར་སྐྱེས་འབུལ་ཚད56.46%ལ་སླེབས་ནས་དཔལ་འབྱོར་འཕར་ཚད5.31%ལ་སྐུལ་ཁྲིད་ཐུབ་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར16.59ལ་སླེབས་ནས3.8%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར96.26ལ་སླེབས་ནས10.2%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར53.62ལ་སླེབས་ནས10.1%འཕར་ཡོད།      སྤྱི་ལོ2018ལོར་ཧྥུའུ་ཧྲུན་རྫོང་གི་གྲོང་མིའི་འཛད་སྤྱོད་རིན་གོང(CPI)ལོ་གོང་མ་ལས2.3%འཕར་བའི་ནང་བཟའ་བཅའི་རིན་གོང2.2%འཕར་བ་དང་བཟའ་བཅའི་རིན་གོང་མིན་པའི་རིན་གོང2.3%འཕར་བ་དང་། འཛད་སྤྱོད་དངོས་རྫས་ཀྱི་རིན་གོང1.7%འཕར་བ་དང་ཞབས་ཞུའི་རིན་གོང3.5%འཕར་ཡོད། བཟོ་ལས་ཐོན་སྐྱེད་བྱེད་མཁན་བཟོ་གྲྭ་ནས་ཐོན་པའི་རིན་གོང་སྔ་ལོ2.3%འཕར་བ་དང་། བཟོ་ལས་ཐོན་སྐྱེད་བྱེད་མཁན་གྱིས་རིན་གོང2.9%འཕར་ཡོད།      སྤྱི་ལོ2018ལོར་ཧྥུའུ་ཧྲུན་རྫོང་གི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག(ཞིང་དུད་ཀྱི་མ་འཇོག་ཚུད)སྒོར་དུང་ཕྱུར154.29ལེགས་སྒྲུབ་བྱས་པ་དེ་ལོ་གོང་མ་ལས23.8%འཕར་ཡོད། དེའི་ནང་ཞིང་དུད་ཀྱིས་མ་དངུལ་སྒོར་དུང་ཕྱུར8.2བཏང་བ་དེ་ལོ་གོང་མ་དང་མཉམ་པ་དང་གཏན་འཇགས་རྒྱུ་ནོར་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར146.09བཏང་ནས25.44%འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་མ་འཇོག་སྒོར་དུང་ཕྱུར7.31ལ་སླེབས་ནས5%མར་ཆག་པ་དང་། ཐོན་ལས་གཉིས་པའི་མ་འཇོག་སྒོར་དུང་ཕྱུར17.82ལ་སླེབས་ནས5.5%འཕར། ཐོན་ལས་གསུམ་པར་མ་དངུལ་སྒོར་དུང་ཕྱུར117.31བཏང་ནས35.4%འཕར་ཡོད།      སྤྱི་ལོ2018ལོར་ཧྥུའུ་ཧྲུན་རྫོང་གི་ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར64.43བཏང་བ་དེ་ལོ་གོང་མ་ལས101.7%འཕར་ཡོད། ཚོང་ཟོག་ཁང་པའི་ཨར་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི365.91ལ་སླེབས་ནས95.3%འཕར་བའི་ནང་སྡོད་ཁང་ཨར་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི285.18ལ་སླེབས་ཡོད་པ་རེད། ཚོང་སྒྱུར་སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི193.08ལ་སླེབས་པའི་ནང་སྡོད་ཁང་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི156.31ལ་སླེབས་ཡོད་པ་རེད། ཚོང་སྒྱུར་སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི59.87ལ་སླེབས་ནས131.6%འཕར་བ་དེའི་ནང་སྡོད་ཁང་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི39.48ལ་སླེབས་ཡོད། ཚོང་སྒྱུར་སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི134.24ལ་སླེབས་ནས70.5%འཕར་བ། ཕྱིར་ཚོང་དངུལ་གྲངས་སྒོར་དུང་ཕྱུར75.18ལ་སླེབས་ནས་04.3%འཕར་ཡོད། དེའི་ནང་སྡོད་ཁང་ཕྱིར་ཚོང་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི113.16ལ་སླེབས་ཡོད། ལོ་མཇུག་ཏུ་ཚོང་སྒྱུར་སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི28.79ལ་སླེབས་ཡོད། དེའི་ནང་སྡོད་ཁང་སྨི་ངོས་གྲུ་བཞི་མ་ཁྲི5.03ལ་སླེབས་ཡོད།     སྤྱི་ལོ2018ལོར་ཧྥུའུ་ཧྲུན་རྫོང་གི་རྫོང་ཡོངས་ལ་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར19.15བྱུང་བ་དེ་ལོ་གོང་མ་ལས27.75%འཕར་ཡོད། དེའི་ནང་ས་གནས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར10.6ལ་སླེབས་ནས24.44%འཕར་བ་དང་། ཁྲལ་བསྡུའི་རང་བཞིན་གྱི་ཡོང་འབབ་སྒོར་དུང་ཕྱུར7.73ལ་སླེབས་ནས28.27%འཕར་ཡོད། སྤྱི་པའི་ནོར་སྲིད་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར52.42ཡིན་པས11.77%འཕར་ཡོད།      

4_1 ཐོན་ལས་དང་པོ།     

སྤྱི་ལོ2018ལོར་ཧྥུའུ་ཧྲུན་རྫོང་དུ་ད་ཡོད་རིན་གོང་གི་ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར78.2ལ་སླེབས་པ་དེ་ལོ་གོང་མ་ལས3.8%འཕར་བ་དང་ཞིང་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར48.22ལ་སླེབས་ནས3.9%འཕར་ཡོད།      སྤྱི་ལོ2018ལོར་ཧྥུའུ་ཧྲུན་རྫོང་གི་འབྲུ་རིགས་ལོ་ཏོག་འདེབས་ཁྱོན་སྤྱི་ཆིང་ཁྲི8.73ལ་སླེབས་པ་དེ་ལོ་གོང་མ་ལས་སྤྱི་ཆིང1328འཕར་ནས1.54%འཕར་བ་དང་། སྣུམ་རྒྱུའི་ལོ་ཏོག་འདེབས་ཁྱོན་སྤྱི་ཆིང་ཁྲི2.15ལ་སླེབས་ནས་སྤྱི་ཆིང་ཁྲི743མང་དུ་ཕྱིན་ནས3.6%འཕར། སྔོ་ཚལ་འདེབས་ཁྱོན་སྤྱི་ཆིང་ཁྲི1.19ལ་སླེབས་ནས་སྤྱི་ཆིང660འཕར་ཏེ5.8%འཕར། སྨན་རྒྱུ་འདེབས་ཁྱོན་སྤྱི་ཆིང262ལ་སླེབས་ནས་སྤྱི་ཆིང་28མང་དུ་ཕྱིན་པ་དང་12%འཕར་ཡོད།      2018ལོར་ཧྥུའུ་ཧྲུན་རྫོང་གི་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི54.09ལ་སླེབས་པ་དེ་ལོ་གོང་མ་ལས0.3%འཕར་ཡོད། དེའི་ནང་ཞའོ་ཁྲུན་གྱི་འབྲུ་རིགས་ཐོན་ཚད་ཏུན་ཁྲི3.57ལ་སླེབས་ནས་ཏུན52འཕར་ནས0.1%འཕར་བ་དང་། དཔྱིད་ཀའི་འབྲུ་རིགས་ཐོན་འབོར་ཏུན་ཁྲི50.52ཡིན་ཞིང་། ཐོན་འཕར་ཏུན1692བྱུང་ཞིང0.3འཕར་ཡོད། སྣུམ་རྒྱུ་ཐོན་ཚད་ཏུན་ཁྲི4.77ལ་སླེབས་ནས་ཏུན169འཕར་ནས2.5%འཕར་བ། སྔོ་ཚལ་ཐོན་ཚད་ཏུན་ཁྲི52.03ལ་སླེབས་པ་དང་འབབ་འཕར་ཏུན་ཁྲི1.43བྱུང་ནས2.8%འཕར་ཡོད།      སྤྱི་ལོ2018ལོར་ཧྥུའུ་ཧྲུན་རྫོང་གིས་མི་ཐབས་ལ་བརྟེན་ནས་ནགས་བཟོ་བྱས་པའི་རྒྱ་ཁྱོན་མུའུ་ཁྲི3.51ལེགས་སྒྲུབ་བྱས་པ་དང་། ཐོན་འབབ་དམའ་བ་དང་ཕན་འབྲས་ཆུང་བའི་སྒྱུར་བཀོད་ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི0.375ལ་སླེབས་པ། ནགས་ཚལ་གསོ་སྐྱོང་གི་སྤྱིའི་རྒྱ་ཁྱོན་མུའུ་ཁྲི16.8ལ་སླེབས། “འགྲམ་བཞི་ལ་ཤིང་འཛུགས་ནགས་བཟོ་ཁྲི502.5བྱས་པ་བཅས་རེད། ལོ་མཇུག་ཏུ་རྫོང་ཡོངས་ཀྱི་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་ཁྲི3.27ལ་སླེབས་པ་དང་ནགས་ཚལ་ཁྱབ་ཚད31.27%ལ་སླེབས་ནས་ལོ་གོང་མ་ལས4.53%ཆག་ཡོད། ལོ་མཇུག་ཏུ་ཕན་ནུས་ལྡན་པའི་ཞིང་ཆུ་འདྲེན་ཁྱོན་སྤྱི་ཆིང་ཁྲི2.13ལ་སླེབས་ཡོད། རྫོང་ཡོངས་ཀྱི་ཞིང་ལས་འཕྲུལ་ཆས་ཀྱི་སྤྱིའི་སྒུལ་ཤུགས་ཁྲི31.76ལ་སླེབས་པ་དེ་ལོ་གོང་མ་ལས3.93%འཕར་ཡོད། གྲོང་གསེབ་ཏུ་གློག་སྤྱོད་ཚད་བསྡོམས་འབོར་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར1.42ཡིན་ཞིང་། 12.69%དང6%འཕར་སྣོན་བྱུང་།      

4_2 ཐོན་ལས་གཉིས་པ།     

སྤྱི་ལོ2018ལོར་ཧྥུའུ་ཧྲུན་རྫོང་དུ་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར107.56བྱུང་བ་དེསGDPཡི་བསྡུར་ཚད་ཀྱི35.78%བཟུང་བ་དང་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན་ལོ་གོང་མ་ལས10.4%འཕར་བ་དང་། དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད38.57%ལ་སླེབས། དཔལ་འབྱོར་འཕར་རྒྱུར་སྐུལ་ཁྲིད་ཐུབ་རྒྱུ་ཡིན་པ་རེད། ལོ་ཧྲིལ་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས120(ལོའི་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་ཁྲི2000ཡན་ལ་སླེབས་པ)འཕར་ཐང11.5%འཕར་བ། ཕྱིར་གཏོང་ཚོང་ཟོག་གི་རིན་ཐང་སྒོར་དུང་ཕྱུར2ལ་སླེབས་ནས7.33%འཕར། བཟོ་ལས་ཐོན་རྫས་ཐོན་སྐྱེད་བྱེད་ཚད98.12%ལ་སླེབས་ནས་སྔ་ལོ་ལས1.33%མར་ཆག་ཡོད།      སྤྱི་ལོ2018ལོར་ཧྥུའུ་ཧྲུན་རྫོང་གི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལ་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར295.22བྱུང་བ་དེ་ལོ་གོང་མ་ལས15.7%འཕར་བ་དང་། ཁེ་གྱོང་ཁ་འཐབ་བཏང་རྗེས་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར17.13ལ་སླེབས་ནས11.22%འཕར། ཁེ་སྤོགས་དང་དཔྱ་ཁྲལ་གྱི་བསྡོམས་འབོར་སྒོར་དུང་ཕྱུར25.35ལ་སླེབས་ནས9.61%འཕར་ཡོད།      སྤྱི་ལོ2018ལོར་ཧྥུའུ་ཧྲུན་རྫོང་གིས་བསྡོམས་རྩིས་ནང་བཅུག་པའི་གཞི་ཁྱོན་ལྡན་པའི་བཟོ་ལས་ཐོན་རྫས་ཁྲོད་ལོ་ཧྲིལ་པོར་གྱོན་ཆས་ཁྲི187.62ཐོན་སྐྱེད་བྱས་ནས33.48%འཕར་བ་དང་། གློག་གནོན་སྒྱུར་ཆས་ཆན་ཧྥུའུ་ཨན་ཁྲི216.08ལ་སླེབས་ནས6.93%འཕར། སྲིང་བལ་ཏུན་ཁྲི3.72ལ་སླེབས་ནས25.96%འཕར། མིས་བཟོས་པང་ལེབ་སྨི་རྒྱ་དཔངས་གྲུ་བཞི་བཞི་མ་ཁྲི17.59ལ་སླེབས་ནས0.9%འཕར། གློག་ཤུགས་གློག་ཐག་སྟོང་སྨི10747ལ་སླེབས་ནས89.14%འཕར། འཐུང་བྱའི་ཨ་རག་ཧྲེང་ཁྲི5167.1ལ་སླེབས་ནས38.01%འཕར། ལྷམ་ཆ་ཁྲི223.19ལ་སླེབས་ནས20.59%འཕར། རྒྱ་སྨན་ཏུན3375ལ་སླེབས་ནས11.28%འཕར། སོ་ཕག་དུང་ཕྱུར12.71ལ་སླེབས་ནས་19.59%འཕར་བ། དམའ་རིམ་རྣམ་པའི་སྤོས་འགྱིག་ཏུན་ཁྲི་2.17ལ་སླེབས་ནས14.6%འཕར། འབྲས་ཏུན་ཁྲི31.93ལ་སླེབས་ནས23.69%འཕར། འཕྲུལ་ཆས་ཅན་གྱི་ཞིང་ལས་དང་ལྡུམ་རའི་ལག་རྩལ་ཡོ་བྱད་ཁྲི2.88ལ་སླེབས་ནས60.6%འཕར། རྫས་ལུད་ཏུན་ཁྲི9.69ལ་སླེབས་ནས6.6%མར་ཆག་ཡོད།      སྤྱི་ལོ2018ལོར་ཧྥུའུ་ཧྲུན་རྫོང་དང་རྫོང་ལ་རིམ་གསུམ་འོས་ཐོབ་དང་དེ་ཡན་གྱི་ཨར་སྐྲུན་ཁེ་ལས39ཡོད་པ་རེད། དེའི་ནང“ཐོག་བཞི”ཡི་བསྡོམས་རྩིས་ཨར་སྐྲུན་ཁེ་ལས39ཡི་ནང་བཅུག་ཡོད། ལོ་ཧྲིལ་པོར་ཁང་པའི་ཨར་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི365.34ལ་སླེབས་པ་དེ་ལོ་གོང་མ་ལས17.03%འཕར། ཨར་ལས་གྲུབ་པའི་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི204.05ལ་སླེབས་ནས15.68%འཕར་ཡོད། ཨར་སྐྲུན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར104.5ལ་སླེབས་པ་དེ་ལོ་གོང་མ་ལས31.6%འཕར། བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར32.3ལ་སླེབས་ནས9.9%འཕར།      

4_3 ཐོན་ལས་གསུམ་པ།     

སྤྱི་ལོ2018ལོར་ཧྥུའུ་ཧྲུན་རྫོང་དུ་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར125.05ལ་སླེབས་པ་དེ་ལོ་གོང་མ་ལས11.17%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ལ་གཞིགས་ནས་དབྱེ་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར75.78ལ་སླེབས་ནས11.05%འཕར་བ་དང་། གྲོང་གསེབ་ཀྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར49.28ལ་སླེབས་ནས11.35%འཕར་ཡོད། ལས་རིགས་ལ་གཞིགས་ནས་དབྱེ་ན་སྡེབ་ཚོང་ལས་རིགས་ལ་སྒོར་དུང་ཕྱུར16.64བཏང་ནས8.34%འཕར་བ་དང་། སིལ་ཚོང་ལས་རིགས་སྒོར་དུང་ཕྱུར87.73ལ་སླེབས་ནས11.24%འཕར། ཞག་སྡོད་ལས་རིགས་སྒོར་ཁྲི2773.5ལ་སླེབས་ནས24.36%འཕར། བཟའ་བཏུང་ལས་རིགས་ལ་སྒོར་དུང་ཕྱུར20.41བཏང་ནས13.09%འཕར་ཡོད།      སྤྱི་ལོ2018ལོར་ཕུའུ་ཧྲུན་རྫོང་གི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར1.94ལ་སླེབས་ཡོད། དེའི་ནང་ནང་འདྲེན་སྒོར་ཁྲི1457དང་ཕྱིར་གཏོང་སྒོར་དུང་ཕྱུར1.79ལ་སླེབས་ཡོད། ལོ་ཧྲིལ་པོར་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་ཆེ་གྲས49གསར་དུ་མིང་རྟགས་བཀོད་པ་དང་། གྲོང་ཁྱེར་ཕྱིའི་མ་དངུལ་སྒོར་དུང་ཕྱུར142.4དང་ཞིང་ཆེན་ཕྱིའི་མ་དངུལ་སྒོར་དུང་ཕྱུར108.3དོན་འཁྱོལ་བྱས་ཡོད།      སྤྱི་ལོ2018ལོར་ཧྥུའུ་ཧྲུན་རྫོང་དུ་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར56.5ལ་སླེབས་པ་དེ་ལོ་གོང་མ་ལས27.25%འཕར་ཡོད། ལོ་མཇུག་ཏུ་རྫོང་ཡོངས་སུ་སྐར་མ་རིམ་པའི་གསོལ་མགྲོན་ཁང3དང་སྐར་མ་རིམ་པའི་གསོལ་མགྲོན་ཁང་གི་ཉལ་ཁྲི263ཡོད་པ་རེད།      སྤྱི་ལོ2018ལོར་ཧྥུའུ་ཧྲུན་རྫོང་གི་སྦྲག་ཏར་ལས་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར6.33ལ་སླེབས་ཡོད། དེའི་ནང་སྦྲག་སྲིད་ལས་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར1.29ལ་སླེབས་པ་དང་གློག་འཕྲིན་ལས་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར5.04ལ་སླེབས་ཡོད། ལོ་མཇུག་ཏུ་དྲ་སྦྲེལ་དྲ་ཆེན་སྤྱོད་མཁན་དུད་ཚང་ཁྲི28.1དང་། གཏན་འཇགས་ཁ་པར་སྤྱོད་མཁན་དུད་ཚང་ཁྲི13.09སྒུལ་བདེའི་ཁ་པར་སྤྱོད་མཁན་དུད་ཚང་ཁྲི79.38བཅས་ཡོད་པ་རེད།      སྤྱི་ལོ2018ལོའི་ལོ་མཇུག་བར་ཧྥུའུ་ཧྲུན་རྫོང་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་གྱི་བཅོལ་དངུལ་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར347.14ལ་སླེབས་པ་དེ་ལོ་གོང་མའི་ལོ་མཇུག་ལས8.31%འཕར། དེའི་ནང་ཁྱིམ་དུད་ཀྱི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར290.21ལ་སླེབས་ནས9.66%འཕར། མི་དམངས་ཤོག་སྒོར་གྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར187.09ལ་སླེབས་ནས11.37%འཕར། དེའི་ནང་ཁྱིམ་དུད་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར104.63ཡིན་པས20.79%འཕར།      སྤྱི་ལོ2018ལོར་ཧྥུའུ་ཧྲུན་རྫོང་གི་གྲོན་དངུལ་འགན་ལེན་ཡོང་འབབ་སྒོར་དུང་ཕྱུར6.46ལ་སླེབས་པ་དེ་ལོ་གོང་མ་ལས11.7%འཕར། དེའི་ནང་རྒྱུ་ནོར་རིགས་ཀྱི་འགན་བཅོལ་ཡོང་འབབ་སྒོར་དུང་ཕྱུར1.54ལ་སླེབས་ནས5.84%འཕར་བ་དང་། མིའི་ཚེ་སྲོག་རིགས་ཀྱི་འགན་བཅོལ་སྒོར་དུང་ཕྱུར4.92ལ་སླེབས་ནས13.68%འཕར། 

དཔྱད་གཞིའི་ཡིག་ཆ།