རུང་རྫོང་།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-05-11 17:05ལ་འགྲུབ།

རུང་རྫོང་།

རུང་རྫོང་།
རུང་རྫོང་ནི་སི་ཁྲོན་ལྷོ་རྒྱུད་དུ་གནས་པ་དང་ཙི་ཀུང་གྲོང་ཁྱེར་གྱི་ཁོངས་གཏོགས་ཡིན་པ་དང་། ཤར་ཕྱོགས་སུ་ཙི་ཀུང་གྲོང་ཁྱེར་གྱི་ཀུང་ཅིན་ཆུས་དང་འབྲེལ། ནུབ་ཏུ་ལེ་ཧྲན་གྲོང་ཁྱེར་གྱི་ཅིན་ཡན་རྫོང་དང་འབྲེལ། ལྷོ་རུ་དབྱི་པིན་གྲོང་ཁྱེར་དང་འབྲེལ། བྱང་དུ་མེ་ཧྲན་གྲོང་ཁྱེར་གྱི་རེན་ཧྲོའུ་རྫོང་དང་ནེ་ཅང་གྲོང་ཁྱེར་གྱི་ཝེ་ཡོན་རྫོང་གཉིས་ལ་འབྲེལ་ཡོད། འབྲི་ཆུའི་སྟོད་རྒྱུད་ཀྱི་ཐུའོ་ཅང་གཙང་པོ་དང་རྨིན་ཅང་གཙང་པོའི་ཆུ་རྒྱུད་བཅས་བར་གྱི་རི་མ་ཐང་དུ་ཆགས་ཡོད་ལ། ས་བབ་ནུབ་བྱང་མཐོ་ཞིང་ཤར་ལྷོ་དམའ། རྡོ་སོལ་དང་། རྫ་ས། རང་བྱུང་སོལ་རླངས། བྲག་ཚྭ་སོགས་གཏེར་རྫས་ཡོད། བཟོ་ལས་ནི་འཕྲུལ་ཆས་དང་། ཨར་ལས་རྒྱུ་ཆ། ཚྭ་རྫས་འགྱུར་བཟོ་ལས། བཟའ་བཅའ། ནུས་ཁུངས་བཅས་གཙོ་བོ་ཡིན་པ་དང་། རྒྱལ་ཁབ་ཀྱི་ཚོང་ཟོག་འབྲུ་རིགས་དང་། སྤུས་ལེགས་ཚ་ལུ་མ་དང་ཤ་སྣག་ཅན་གྱི་ཕག་པའི་ཐོན་སྐྱེད་རྟེན་གཞིའི་རྫོང་ཡིན་ལ། སི་ཁྲོན་ཞིང་ཆེན་གྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་དཔེ་སྟོན་རྫོང་དང་། རིག་གནས་སྔོན་ཐོན་རྫོང་། ཡུལ་སྐོར་རྫོང་ཆེན་བཅས་ཀྱང་ཡིན། རྒྱལ་ཁབ་ཀྱི་་སྐོར་ཁག་དང་པོའི་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཚོད་ལྟའི་དཔེ་སྟོན་ཁུལ་ཡིན། སྤྱི་ལོ2019ལོའི་ཟླ6པའི་ཚེས14ཉིན་རུང་རྫོང་སྤྱི་ལོ2019ལོའི་ལོ་འཁོར་གྱི་གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ལམ་ལུགས་སྒྱུར་བཅོས་ཚོད་ལྟའི་ཚན་པར་གཏན་འཁེལ་བྱས།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
རུང་རྫོང་།
རྒྱ་ཡིག་གི་མིང་།
荣县
ཕྱི་ཡིག་གི་མིང་།
Rong County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེན་ཙི་ཀུང་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ19 ཁྲོམ་གཞུང2
སྲིད་གཞུང་སྡོད་གནས།
ཞུས་དབྱང་གྲོང་རྡལ་རུང་ཀྲོའུ་ལམ་ཆེན་ཨང་རྟགས1པོ།
ས་ཁོངས་ཁ་པར་ཨང་རྟགས།
0813
སྦྲག་སྲིད་ཚབ་ཨང་།
643100
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1605
མི་གྲངས།
ཁྲི70(སྤྱི་ལོ2016ལོ)
ནམ་ཟླ།
ཚ་ཁུལ་ཕལ་བའི་བརླན་བཤེར་ཅན་གྱི་དུས་རླུང་རང་བཞིན་གྱི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
川C
སྲིད་འཛིན་ཚབ་ཨང་།
510321
གནམ་གྲུའི་ཐང་།
ཙི་ཀུང་ཧྥེང་ཐུང་ཡུང་གནམ་གྲུའི་ཐང་།
མེ་འཁོར་འབབ་ཚུགས།
ཙི་ཀུང་མེ་འཁོར་འབབ་ཚིགས།
GDP
དམངས་སྒོར་དུང་ཕྱུར201.63(སྤྱི་ལོ2016ལོ)
1 ​ལོ་རྒྱུས་འཕེལ་རིམ།

ལྕགས་ཕག་ལོའི་གསར་བརྗེའི་སྔ་ནུབ་ཏུ། རུང་རྫོང་ནི་ཆིང་སྲིད་གཞུང་གི་དབང་སྒྱུར་མགོ་རྟིང་སློག་པའི་རྫོང་དང་པོར་གྱུར་ནས། ལྕགས་ཕག་ལོའི་གསར་བརྗེ་དེ་རྒྱལ་ཡོངས་སུ་འོས་ལངས་བྱེད་པའི་འགོ་བརྩམས་པ་རེད།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་གཉིས་པར(སྤྱི་ལོ1913ལོར)ཏའོ་ཐུང་རྫོང་ལ་བརྟེན་ནས་རུང་རྫོང་ནི་ཧྲང་ཁྲོན་ནན་ཏའོ(ཕྱི་ལོར་ཅན་ཁྲང་ཏའོ་ཞེས་པར་བསྒྱུར)ལག་བསྟར་བྱས།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བཅུ་བདུན་པར(སྤྱི་ལོ1928ལོར)ཏའོ་ལམ་ལུགས་དོར་ནས་ཞིང་ཆེན་ལམ་ལུགས་སླར་གསོ་བྱས་པ་དང་། རོང་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་ཁོངས་གཏོགས་ཡིན།

སྤྱི་ལོ1949ལོའི་ཟླ12པའི་ཚེས6ཉིན་རོང་རྫོང་བཅིངས་འགྲོལ་བཏང་ཞིང་། སི་ཁྲོན་ལྷོ་རྒྱུད་སྲིད་འཛིན་ཀུང་ཧྲུའུ་ཙི་ཀྲུང་ཀྲོན་ཆུས(རྗེས་མར་མིང་ལ་ནེ་ཅང་ཀྲོན་ཆུས་ཞེས་བསྒྱུར)ཞེས་པའི་ཁོངས་སུ་གཏོགས།

སྤྱི་ལོ1978ལོར་རུང་རྫོང་ཙི་ཀུང་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁུལ་ཁོངས་སུ་བཅུག

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2019ལོའི་ཟླ9པར་རོང་རྫོང་ཁོངས་ཀྱི་ཁྲོམ་གཞུང2(ཝུའུ་ཐུང་ཁྲོམ་གཞུང་དང་ཆིང་དབྱང་ཁྲོམ་གཞུང་།)དང་། གྲོང་རྡལ19(ཞུས་དབྱང་གྲོང་རྡལ་དང་། ཁྲང་ཧྲན་གྲོང་རྡལ། ཏིང་ཤིན་གྲོང་རྡལ། ཧོ་ཁོའུ་གྲོང་རྡལ། ཀུའུ་ཝུན་གྲོང་རྡལ། ཏུའུ་ཅ་གྲོང་རྡལ། ཀྲེང་ཙེ་གྲོང་རྡལ། པའོ་ཧྭ་གྲོང་རྡལ། ཧྲོང་ཀུའུ་གྲོང་རྡལ། ཤིན་ཆའོ་གྲོང་རྡལ། ལིའུ་ཅ་གྲོང་རྡལ། ལེ་ཏེ་གྲོང་རྡལ། ཧྲོང་ཧྲི་གྲོང་རྡལ། ཏུང་ཅ་གྲོང་རྡལ། ལའེ་མུའུ་གྲོང་རྡལ། ཀོན་ཧྲན་གྲོང་རྡལ། ཀའོ་ཧྲན་གྲོང་རྡལ། ཏུང་ཤིན་གྲོང་བརྡལ)བཅས་ཡོད་པ་རེད།

3 མི་གྲངས་གནས་ཚུལ།

སྤྱི་ལོ2016ལོའི་ལོ་མཇུག་ཏུ་རྫོང་དེ་ཡོངས་ཀྱི་དུད་ཚང232645ལ་སླེབས་ཡོད། དེའི་ནང་གྲོང་གསེབ་ཀྱི་དུད་ཚང155601དང་གྲོང་ཁྱེར་དང་གྲོང་རྡལ་གྱི་དུད་ཚང77044ཡོད་པ་རེད། མི་འབོར་བསྡོམས་འབོར་ཁྲི70ལྷག་ཙམ་ཁྱིམ་ཚང་གི་ཆ་སྙོམས་མི་འབོར2.94ཡོད། མི་འབོར་འདུས་ཚད་སྤྱི་ལེ་ངོས་གྲུ་བཞི་མ་རེར་མི425ལ་སླེབས་པ་དེ་ལོ་གོང་མ་ལས་མི1ཉུང་དུ་ཕྱིན་ཡོད།

སྤྱི་ལོ2016ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར་རྫོང་ཡོངས་ཀྱི་གསར་སྐྱེས་མི་འབོར5603ཡོད་པའི་ནང་དེ་སྔ་མི1231སྐྱེས་པ་དང་སྐྱེས་ཚད8.19‰ལ་སླེབས་པ་དང་། རྐྱེན་ལམ་དུ་ཤོར་བའི་མི་འབོར4467 ཤི་ཚད6.53‰ལ་སླེབས། མི་འབོར་རང་ཤུགས་སུ་མི1136འཕར་བ་དང་། མི་འབོར་རང་ཤུགས་སུ་འཕར་ཚད1.66‰ལ་སླེབས་ཡོད། གནས་སྤོས་མི་གྲངས1076ལ་སླེབས་པ་དང་གནས་སྤོས་མི་གྲངས1.57%ལ་སླེབས། མི4311གནས་སྤོས་བྱས་པ་དང་གནས་སྤོ་བྱེད་ཚད6.30%ལ་སླེབས་ཡོད་པ་རེད། སྐྱེས་པའི་མི་འབོར་ཁྲོད་ཕྲུ་གུ་བུ2895ཡོད་པ་དེས51.67%བཟུང་བ་དང་། ཕྲུ་གུ་བུ་མོ2708ཡོད་པ་དེས48.33%བཟུང་། ཕྲུ་གུ་དམར་འབྱར་གྱི་ཕོ་མོའི་བསྡུར་ཚད་ནི106.91(བུད་མེད=100)ཡིན་པ་དེ་ལོ་གོང་མ་ལས5.6%འཕར་ཡོད།

ལོ་མཇུག་ཏུ་རྫོང་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི59.38ལ་སླེབས་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད37.63%ལ་སླེབས་ཡོད།

4 དཔལ་འབྱོར་རགས་བཤད།

སྤྱི་ལོ2016ལོར་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་ཁྲི2016271ལ་སླེབས་པ་དེ་ལོ་གོང་མ་ལས8.0%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི430078ལ་སླེབས་ནས3.9%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི1030629ལ་སླེབས་ནས9.7%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི555564ལ་སླེབས་ནས8.1%འཕར་ཡོད། ཐོན་ལས་ཐེངས་གསུམ་པས་དཔལ་འབྱོར་འཕར་རྒྱུར་སྐྱེས་འབུལ་ཚད་སོ་སོར10.8%དང་། 61.8% 27.4%བཅས་ལ་སླེབས་པ་དང་། ཐོན་ལས་གསུམ་གྱིས་དཔལ་འབྱོར་འཕར་ཚད0.9%དང་། 4.9% 2.2%བཅས་སོ་སོར་སྐུལ་ཁྲིད་བྱས་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་དེ་ལོ་གོང་མའི་ལོ་མཇུག་གི21.9:51.1:27.0ནས21.3:51.1:27.6བར་ལེགས་སྒྲིག་བྱས་ཡོད།

ལོ་རེར་ཆ་སྙོམས་རྒྱུན་སྡོད་མི་འབོར་ལྟར་བརྩིས་ན། ལོ་ཧྲིལ་པོར་མི་རེའི་ཆ་སྙོམས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར34030ལ་སླེབས་པ་དེ་ལོ་གོང་མ་ལས་སྒོར2526འཕར་ཡོད།

ལོ་ཧྲིལ་པོར་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕར་ཐང་སྒོར་ཁྲི1282218ལ་སླེབས་པ་དེ་ལོ་གོང་མ་ལས8.4%འཕར་བ་དེསGDPཡི་བསྡུར་ཚད་ཀྱི63.6%བཟུང་བ་དངGDPའཕར་རྒྱུར་སྐྱེས་འབུལ་ཚད66.9%ལ་སླེབས་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི135457ལ་སླེབས་ནས4.2%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི797868ལ་སླེབས་ནས9.7%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི348893ལ་སླེབས་ནས7.0%འཕར་ཡོད།

སྤྱི་ལོ2017ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་ཁྲི1951918ལ་སླེབས་ནས་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས8.8%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི453176ལ་སླེབས་ནས4.2%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི་765482ལ་སླེབས་ནས10.0%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི733260ལ་སླེབས་ནས10.0%འཕར་ཡོད། ཐོན་ལས་ཐེངས་གསུམ་པས་དཔལ་འབྱོར་འཕར་རྒྱུར་སྐྱེས་འབུལ་ཚད་སོ་སོར11.7%དང་། 45.4% 42.9%བཅས་ལ་སླེབས་པ་དང་། ཐོན་ལས་གསུམ་པས་དཔལ་འབྱོར་འཕར་ཚད1.0% དང་། 4.0% 3.8% བཅས་སྐུལ་ཁྲིད་བྱས་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་དེ་ལོ་གོང་མའི་ལོ་མཇུག་གི21.3:51.1:27.6ནས23.2:39.2:37.6བར་ལེགས་སྒྲིག་བྱས་ཡོད། ལོ་རེར་ཆ་སྙོམས་རྒྱུན་སྡོད་མི་འབོར་ལྟར་བརྩིས་ན། ལོ་ཧྲིལ་པོར་མི་རེའི་ཆ་སྙོམས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར33486ལ་སླེབས་ཡོད། ལོ་ཧྲིལ་པོར་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕར་ཐང་སྒོར་ཁྲི1241420ལ་སླེབས་པ་དེ་ལོ་གོང་མ་ལས8.7%འཕར་བ་དེསGDPཡི་བསྡུར་ཚད་ཀྱི63.6%བཟུང་བ་དངGDPའཕར་རྒྱུར་ལེགས་སྐྱེས་འབུལ་ཚད61.4%ལ་སླེབས་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི135468ལ་སླེབས་ནས4.2%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི662765ལ་སླེབས་ནས9.9%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི443187ལ་སླེབས་ནས8.5%འཕར་ཡོད།

4_1 ཐོན་ལས་དང་པོ།

སྤྱི་ལོ2016ལོར་ལོ་ཧྲིལ་པོར་འབྲུ་རིགས་འདེབས་ཁྱོན་སྤྱི་ཆིང72613ལ་སླེབས་པ་དེ་ལོ་གོང་མ་ལས་སྤྱི་ཆིང38འཕར་བ་དང་། འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན425532ཡིན་ཞིང་། ཐོན་འཕར་ཏུན3070བྱུང་ཞིང་། 0.7%འཕར་སྣོན་བྱུང་། སྣུམ་རྒྱུ་འདེབས་ཁྱོན་སྤྱི་ཆིང7449ལ་སླེབས་པ་དེ་ལོ་གོང་མ་ལས་སྤྱི་ཆིང93གྱིས་ཇེ་མང་དུ་ཕྱིན། སྣུམ་རྒྱུའི་ཐོན་ཚད་ཏུན14826ལ་སླེབས་ནས3.1%འཕར་ཡོད།

ལོ་མཇུག་ཏུ་ཇ་རའི་རྒྱ་ཁྱོན་སྤྱི་ཆིང6282ལ་སླེབས་ཡོད། ཇ་ལོ་ཐོན་ཚད་ཏུན11279ལ་སླེབས་ནས6.6%འཕར། ཤིང་འབྲས་ར་བའི་རྒྱ་ཁྱོན་སྤྱི་ཆིང9866ལ་སླེབས། སྐྱེད་ཚལ་ཤིང་ཏོག་ཐོན་ཚད་ཏུན142644ལ་སླེབས་ནས3.3%འཕར་ཡོད།

ལོ་ཧྲིལ་པོར་མིས་བཟོས་ནགས་བཟོའི་རྒྱ་ཁྱོན་སྤྱི་ཆིང2067ལ་སླེབས་པ་དེའི་ནང་རྒྱུ་ཆའི་ནགས་ཚལ་སྤྱི་ཆིང1467དང་། དཔལ་འབྱོར་ནགས་ཚལ་སྤྱི་ཆིང600ལ་སླེབས་ཡོད། འགྲམ་བཞིར་ཤིང་འཛུགས་སྡོང་རྐང་ཁྲི250བཙུགས་ཡོད། ཚོང་ཟོག་རྒྱུ་ཆ་གཅོད་ཚད་སྨི་རྒྱ་དཔངས་གྲུ་བཞི་མ91205ལ་སླེབས། ལོ་དེའི་སྡོང་ཕྲུག་ཐོན་ཚད་ཁྲི900ལ་སླེབས་ཡོད།

ལོ་ཧྲིལ་པོར་ཆུ་ཐོན་གསོ་སྤེལ་རྒྱ་ཁྱོན་སྤྱི་ཆིང2316ལ་སླེབས་ནས3.4%འཕར་ཡོད། ཆུ་ཐོན་ཐོན་འབབ་ཏུན13800ལ་སླེབས་ནས4.9%འཕར་བའི་ནང་གསོ་ཚགས་ཐོན་འབབ་ཏུན13311ལ་སླེབས་ནས5.3%འཕར་བ་དང་། ཐོན་ཚད་ཏུན489ལ་སླེབས་ནས1.4%མར་ཆག་ཡོད།

ལོ་མཇུག་ཏུ་ཞིང་ཆུ་འདྲེན་ཁྱོན་སྤྱི་ཆིང35283ལ་སླེབས་པ་དེ1.1%འཕར། ལོ་མཇུག་ཏུ་ཞིང་ལས་འཕྲུལ་ཆས་ཀྱི་སྤྱིའི་སྒུལ་ཤུགས35.39ལ་སླེབས་པ་དང་། འཕྲུལ་བསྡུའི་རྒྱ་ཁྱོན་སྤྱི་ཆིང19406ལ་སླེབས་ཡོད།

སྤྱི་ལོ2017ལོའི་ཟླ10པར་རོང་རྫོང་རྒྱལ་ཁབ་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཚོད་ལྟའི་དཔེ་སྟོན་ཁུལ་ཁག་དང་པོར་བདམས་པ་རེད།

སྤྱི་ལོ2019ལོའི་ཟླ11ཚེས18ཉིན་རོང་རྫོང་ནི“ཞིང་ལས་ལྗང་མདོག་འཕེལ་རྒྱས་སྔོན་ལ་ལག་བསྟར་དང་། ཚོད་ལྟ། འདེགས་སྐྱོར་བཅས་ཀྱི་མ་ལག་འཛུགས་སྐྱོང་གི་ཚོད་ལྟའི་རྫོང”དུ་བདམས་པ་རེད།  

4_2 ཐོན་ལས་གཉིས་པ།

སྤྱི་ལོ2016ལོར་ལོ་ཧྲིལ་པོར་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི910121ལ་སླེབས་ནས10.4%འཕར་ནས་དཔལ་འབྱོར་འཕར་རྒྱུར་སྐྱེས་འབུལ་ཚད58.5%ལ་སླེབས་ཡོད། དེའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་འཕར་ཐང11.1%འཕར་ཡོད། ལོ་མཇུག་ཏུ་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས86དང་། ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་ཁྲི2251661ལ་སླེབས་ནས11.6%འཕར། བཟོ་ལས་ཐོན་རྫས་ཕྱིར་ཚོང་བྱེད་ཚད95.5%ལ་སླེབས་ནས0.1%མར་ཆག་ཡོད།

ལོ་ཧྲིལ་པོར་ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་ཁྲི1997567ལ་སླེབས་ནས9.0%འཕར། གྱོང་གུན་ཕོག་པའི་ཁེ་ལས4ཡོད་པ་དང་ཁེ་གྱོང་ཁ་འཐབ་བཏང་བའི་ཁེ་སྤོགས་བསྡོམས་འབོར་སྒོར་ཁྲི49543ལ་སླེབས་ནས8.2%མར་ཆག ཁེ་སྤོགས་དང་དཔྱ་ཁྲལ་བསྡོམས་འབོར་སྒོར་ཁྲི103582ལ་སླེབས་ནས5.0%མར་ཆག་ཡོད།

ལོ་ཧྲིལ་པོར་སྤྱི་ཚོགས་ཡོངས་ཀྱི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་སྒོར་ཁྲི126298ལ་སླེབས་ནས4.4%འཕར་ཡོད། རྫོང་ཡོངས་ཀྱི་འོས་ཐོབ་རིམ་པ་ལྡན་པའི་སྤྱིའི་འགན་གཙང་དང་ཆེད་ལས་འགན་གཙང་ཨར་སྐྲུན་ཁེ་ལས14ཡོད་པ་དང་ཨར་སྐྲུན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི280579ལ་སླེབས་ནས18.0%འཕར་ཡོད་པ་རེད།

4_3 ཐོན་ལས་གསུམ་པ།

སྤྱི་ལོ2016ལོར་སྤྱི་ཚོགས་ཡོངས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་ཁྲི793358ལ་སླེབས་པ་དེ་ལོ་གོང་མ་ལས11.2%འཕར་ཡོད། བཅད་གྲངས་ཡན་གྱི་ཁེ་ལས(ཚན་པ)ནང་བཟའ་བཏུང་ལས་རིགས་ཀྱི་ཁྲིམས་མིའི་ཚན་པ42དང་། ཐོན་ལས་བྱེད་སྒོ་མིན་པའི་ཚན་པ1 ཁེར་རྐྱང་བཟོ་ཚོང་དུད་ཚང་8བཅས་ཆོག་མཆན་སྤྲད་པ་དང་། བཅད་གྲངས་ཡན་གྱི་སིལ་ཚོང་དངུལ་འབོར་སྒོར་ཁྲི277962ལ་སླེབས་པ་དེས་སྤྱི་ཚོགས་ཡོངས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་གྱི35.0%བཟུང་བ་དེ་དུས་མཚུངས་ལས16.0%འཕར་ཡོད་པ་རེད།

བཅད་གྲངས་ཡན་གྱི་ཁེ་ལས(སྡེ་ཚན་)གྱི་ཚོང་ཟོག་གཙོ་བོ་སིལ་འཚོང་བྱེད་འབོར་ཁྲོད་འབྲུ་སྣུམ་དང་། བཟའ་བཅའ། བཏུང་བྱ། དུ་ཆང་བཅས་ཀྱི་རིགས19.4%འཕར་བ་དང་། གྱོན་ཆས་དང་། ལྷམ་ཞྭ། ཁབ་འཁལ་འཐག་ཐོན་རྫས་རིགས19.5%འཕར། ཉིན་མཁོའི་དངོས་རྫས་རིགས14.8%འཕར། མཛེས་འཆོས་བྱུག་རྫས་རིགས17.9%འཕར། གསེར་དངུལ་མུ་ཏིག་དང་ནོར་བུའི་རིགས42.9%འཕར། ཁྱིམ་སྤྱོད་གློག་ཆས་དང་སྒྲ་བརྙན་ཡོ་ཆས་རིགས16.9%མར་ཆག ཀྲུང་ལུགས་དང་ཕྱི་ལུགས་ཀྱི་སྨན་རྫས་སྣ་ཁ31.5%འཕར། ཁྱིམ་ཆས་རིགས7.5%འཕར། འཕྲིན་གཏོང་ཡོ་བྱད་རིགས1.2%འཕར། རིག་གནས་གཞུང་ལས་མཁོ་ཆས་རིགས27.0%མར་ཆག རླངས་འཁོར་རིགས6.8%འཕར་བ། རྡོ་སྣུམ་དང་བཟོས་རྫས་རིགས30.0%མར་ཆག རིགས་གཞན་དག36.4%མར་ཆག་ཡོད།

དཔྱད་གཞིའི་ཡིག་ཆ།