ཀུང་ཅིང་ཆུས།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-05-11 17:11ལ་འགྲུབ།

ཀུང་ཅིང་ཆུས།

ཀུང་ཅིང་ཆུས།
ཀུང་ཅིང་ཆུས་ནི་སི་ཁྲོན་གཤོངས་སའི་ལྷོ་རྒྱུད་ཀྱི་རི་མ་ཐང་དུ་གནས་པ་དང་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་ཙི་ཀུང་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས་ཤིག་རེད། ཀུང་ཅིང་གི་དེ་སྔའི་མིང་ལ“གུང་ཅིང”ཞེས་པ་དེ་ལྗོངས་ནང་ཁུལ་དུ་ལོ་ངོ1400ལྷག་ཙམ་གོང་གི་སྤྱི་ཁྲོན་ཆེན་པོ་ཉར་ཚགས་བྱས་ཡོད་པས་སྐད་གྲགས་ཆོད་པ་དང་། མེང་རྒྱལ་རབས་ཀྱི་ཅ་ཅིང་གི་སྐབས་སུ་ཁྲོན་པ་དེ་དངོས་སུ་ཀུང་ཅིང་ཞེས་མིང་བསྒྱུར། དེ་ནི་ལོ་རྒྱུས་ཡུན་རིང་ལྡན་ལ་རིག་གནས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་ཚྭ་ལས་ཀྱི་གཙོ་གནད་གྲོང་རྡལ་ཞིག་ཡིན་ལ་ཁྲོན་ཚྭ་འབྱུང་གནས་ཀྱི་གྲས་ཤིག་ཀྱང་རེད། སྤྱི་ལོ2014ལོར་ཀུང་ཅིང་ཆུས་ཀྱིས་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར112.22ལ་སླེབས་ཡོད། སྤྱི་ལོ2015ལོའི་ཟླ5པར་ཀུང་ཅིང་ཆུས་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ9.5དང་རྒྱུན་སྡོད་མི་འབོར260607ཡོད་པ་རེད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཀུང་ཅིང་ཆུས།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཙི་ཀུང་གྲོང་ཁྱེར།
སྲིད་གཞུང་སྡོད་གནས།
643020
སྦྲག་སྲིད་ཚབ་ཨང་།
0813
རྒྱ་ཁྱོན།
417.63k㎡
མི་གྲངས།
260607
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
川C
སྲིད་འཛིན་ཚབ་ཨང་།
510303
གནམ་གྲུའི་ཐང་།
ཙི་ཀུང་ཧྥེང་མེང་ཐུང་ཡུང་གནམ་གྲུའི་ཐང་།
མེ་འཁོར་འབབ་ཚུགས།
ཙི་ཀུང་མེ་འཁོར་འབབ་ཚིགས།
1 ​ལོ་རྒྱུས་འཕེལ་རིམ།    

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་བརྒྱད་པའི(སྤྱི་ལོ1939ལོའི)ཟླ9པའི་ཚེས1ཉིན། ཙི་ཀུང་ཅན་གྲོང་ཁྱེར་དུ“ཙི་ཀུང”ཞེས་པའི་མིང་ནི་སྐད་གྲགས་ཆེ་བའི་ཚྭ་ཁ་ཁྲོན་ཙི་ལིའུ་ཅིང་དང་ཀུང་ཅིང་གཉིས་ཀྱི་སྤྱི་མིང་ཡིན། ཀུང་ཅིན་ས་ཁུལ་ནི་ཙི་ཀུང་གྲོང་ཁྱེར་གྱི་ཆུས་གསུམ་པ་དང་། ཆུས་བཞི་པ། ཆུས་ལྔ་པ་བཅས་ཡིན།      སྤྱི་ལོ1949ལོའི་ཟླ12པའི་ཚེས5ཉིན། ཙི་ཀུང་ཞི་བས་བཅིངས་འགྲོལ་བཏང་། སྤྱི་ལོ1950ལོར་ཙི་ཀུང་ཆུས་གསུམ་པ་དང་བཞི་པ་ཟླ་སྒྲིལ་བཏང་ནས་ཙི་ཀུང་གྲོང་ཁྱེར་གྱི་ཆུས་གཉིས་པར་གྱུར།      སྤྱི་ལོ1953ལོའི་ཟླ1པོར་ཙི་ཀུང་ཆུས་གཉིས་པ་དེ་ཀུང་ཅིན་ཆུས་སུ་བསྒྱུར་ཞིང་། སི་ཁྲོན་ཞིང་ཆེན་ཙི་ཀུང་གྲོང་ཁྱེར་ཁོངས་སུ་གཏོགས། 

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2004ལོར་ཀུང་ཅིང་ཆུས་ཁོངས་གཏོགས་ཀྱི་ཁྲོམ་གཞུང2(ཞའོ་ཤིས་ཁྲོམ་གཞུང་དང་ཀུང་ཅིང་ཁྲོམ་གཞུང)དང་གྲོང་རྡལ4(ཁྲང་ཐུའུ་གྲོང་རྡལ། རུང་པན་གྲོང་རྡལ། འཛུགས་སྐྲུན་གྲོང་རྡལ། ཨའེ་ཡེ་གྲོང་རྡལ)བཅས་ཡོད།      སྤྱི་ལོ2005ལོའི་ཟླ6པའི་ཚེས15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཙི་ཀུང་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ཁག་ཅིག་ལེགས་སྒྲིག་བྱ་རྒྱུའི་ཆོག་མཆན་བཀོད་པ་སྟེ། ཀུང་ཅིན་ཆུས་ཀྱི་རུང་པེན་གྲོང་རྡལ་དེ་ཙི་ཀུང་གྲོང་ཁྱེར་གྱི་ཙི་ལིའུ་ཅིམ་ཆུས་ཀྱི་ཁོངས་སུ་གཏོགས་པ་དང་། རུང་རྫོང་གི་ལུང་ཐན་གྲོང་རྡལ། ཆའོ་ཐོའུ་གྲོང་རྡལ། ཝུའུ་པའོ་གྲོང་རྡལ། ལེན་ཧྭ་གྲོང་རྡལ། ཁྲེང་ཅ་གྲོང་རྡལ། པའེ་མིའོ་གྲོང་རྡལ། ཀྲང་ཅ་ཞང་། ཉིའུ་ཝེ་ཞང་བཅས་ཀུང་ཅིན་ཆུས་ཀྱི་མངའ་འོག་ཏུ་བཅུག ལེགས་སྒྲིག་བྱས་རྗེས་ཀུང་ཅིང་ཆུས་ཁོངས་གཏོགས་ཀྱི་གྲོང་རྡལ9དང་། ཁྲོམ་གཞུང2  ཤང2བཅས་ཚུད་ཡོད།      སྤྱི་ལོ2019ལོའི་ཟླ9པའི་བར་ཀུང་ཅིང་ཆུས་ཁོངས་ཀྱི་གྲོང་རྡལ7དང་ཁྲོམ་གཞུང3ཡོད་པ་རེད།  

3 མི་གྲངས་གནས་ཚུལ།

སྤྱི་ལོ2000ལོར་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི་གཞི་གྲངས་ལྟར། ཀུང་ཅིན་ཁུལ་གྱི་མི་གྲངས་བསྡོམས་འབོར134697ཡོད།      སྤྱི་ལོ2015ལོའི་ཟླ5པ་བར་ཀུང་ཅིང་ཆུས་ཀྱི་མི་འབོར་ཁྲི29.71ཡོད་པ་རེད། མི་རིགས་ནི་རྒྱ་རིགས་གཙོ་བོ་ཡིན་པ་དང་། རྒྱུན་སྡོད་གྲངས་ཉུང་མི་རིགས20ལྷག་ཙམ་ལ་སྡོད་ཀྱི་ཡོད་པ་དང་། རྒྱུན་སྡོད་མི་འབོར་ཅུང་མང་བའི་གྲངས་ཉུང་མི་རིགས་ལ་དབྱིས་རིགས་དང་། བོད་རིགས། ཧུའེ་རིགས། མིའོ་རིགས། ཐུའུ་ཅ་རིགས། མན་ཇུ་རིགས་སོགས་ཡོད།      

4 དཔལ་འབྱོར་རགས་བཤད།

སྤྱི་ལོ2014ལོར་ཀུང་ཅིང་ཆུས་ཀྱིས་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར112.22ལ་སླེབས་པ་དེ་དུས་མཚུངས་ལས10%འཕར་བ་དང་འཕར་ཚད་དེ་ཙི་ཀུང་གྲོང་ཁྱེར་ཆུས་དང་རྫོང་དུ་ཨང་དང་པོར་སླེབས་ཡོད། ས་གནས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར1.2ལ་སླེབས་པ་དེ་དུས་མཚུངས་ལས13.3%འཕར་ཡོད། ཐོན་ལས་གྲུབ་ཆ་ལེགས་སྒྲིག་ཐེངས་གསུམ་ནི12.65:64.70:22.65     སྤྱི་ལོ2017ལོར་ཀུང་ཅིང་ཆུས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར154.87ལ་སླེབས་ནས9.8%འཕར་བ་དང་། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར2.01ལ་སླེབས་པས15.7%འཕར་ཡོད། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར82.2བཏང་ནས26.5%འཕར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་སྒོར30503དང་སྒོར14856སོ་སོར་ལ་སླེབས་ནས་སོ་སོར8.9%དང་9.1% 3%འཕར་འདུག།      སྤྱི་ལོ2018ལོར་ཀུང་ཅིང་ཆུས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར33018ལ་སླེབས་པ་དེ་ལོ་གོང་མ་ལས་སྒོར2515འཕར་ནས8.2%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དེ“གཉིས་འཕར་གཉིས་ཆག”གི་ཁྱད་ཆོས་མངོན་པ་སྟེ། གླ་ཕོགས་རང་བཞིན་གྱི་ཡོང་འབབ27.3%འཕར་ནས་སྒོར20704མངོན་འགྱུར་བྱུང་བ་དང་། རྒྱུ་ནོར་གྱི་ཡོང་འབབ་ཁེ་གཙང3.7%འཕར་ནས་སྒོར1134མངོན་འགྱུར་བྱུང་བ། གཉེར་སྐྱོང་གི་ཡོང་འབབ་ཁེ་གཙང0.2%ཆག་ནས་སྒོར3673མངོན་འགྱུར་བྱུང་བ། ཡོང་འབབ་ཁེ་གཙང20.7%ཆག་ནས་སྒོར7507བྱུང་ཡོད།       སྤྱི་ལོ2018ལོར་ཀུང་ཅིང་ཆུས་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར16179ལ་སླེབས་པ་དེ་ལོ་གོང་མ་ལས་སྒོར1323མང་དུ་ཕྱིན་ནས8.9%འཕར་ཡོད། གླ་ཕོགས་རང་བཞིན་གྱི་ཡོང་འབབ་དང་གཉེར་སྐྱོང་གི་ཡོང་འབབ་ཁེ་གཙང་ནི་ཞིང་པའི་འབབ་འཕར་གྱི་ཐབས་ལམ་གཙོ་བོ་དེ་ཡིན་པ་དང་། སྒོར2060དང་ལེགས་སྐྱེས་འབུལ་ཚད155.7%ལ་སླེབས་ཡོད། གླ་ཕོགས་རང་བཞིན་གྱི་ཡོང་འབབ་སྒོར6428ལ་སླེབས་ནས11.6%འཕར། གཉེར་སྐྱོང་ཡོང་འབབ་ཁེ་གཙང་སྒོར4707ལ་སླེབས་ནས42%འཕར། རྒྱུ་ནོར་གྱི་ཡོང་འབབ་ཁེ་གཙང་སྒོར370ལ་སླེབས་ནས159.3%འཕར། ཡོང་འབབ་ཁེ་གཙང་སྒོར4674ལ་སླེབས་ནས17.1%མར་ཆག་ཡོད།      

5 ཐོན་ལས་དང་པོ།     

སྤྱི་ལོ2014ལོར་ཀུང་ཅིང་ཆུས་ཀྱི་ལོ་ཧྲིལ་པོའི་ཞིང་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར14.19ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2013ལོ་ལས4.2%འཕར་ཡོད། རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་དཔེ་སྟོན་ར་བ་གསར་སྐྲུན་བྱ་བའི་ལས་འགན་ཕལ་ཆེར་ཡོངས་འགྲུབ་བྱས། རྒྱལ་ཡོངས་ཀྱི“གྲོང་ཚོ་རེར་ཐོན་རྫས་རེ”ཡོད་པའི་དཔེ་སྟོན་གྲོང་རྡལ2དང་ཆེད་ལས་གྲོང་ཚོ31གསོ་སྐྱོང་བྱས་ཡོད། ཞིང་ལས་ཐོན་རྫས་ཀྱི་སྤུས་རྟགས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་། ནོར་ལྔའི་བ་དམ་དང་ལུང་ཏུའུ་ཙའོ་ཤང་ཡུས་ལ་རྒྱལ་ཁབ་ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས་ཀྱི་མཚན་སྙན་ཐོབ། “ཁྲོན་ལུང་ཐན”ལ་ཞིང་ཆེན་རིམ་པའི་གྲགས་ཅན་ཚོང་རྟགས་ཀྱི་མཚན་སྙན་ཐོབ། ཀུང་ཅིང་ཆུས་ཀྱི་སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་ཐོན་ཡུལ་ལ་ཞིང་ཆེན་རིམ་པའི་བསྐྱར་ཞིབ་ཁས་ལེན་ཐོབ། “ལི་པི་ཞང”རྟགས་ཅན་གྱི་ཐ་ལུའོ་ཁོའོ་ཁྲག་ལི་སེར་ལྗང་མདོག་བཟའ་བཅའི་ཁས་ལེན་ཞིབ་དཔྱད་ཚད་ལེན་བྱས། སྔོ་ཚལ་སྣ་ཁ14ལ་སྐྱེ་ལྡན་བཟའ་བཅའི་ཁས་ལེན་དཔང་འདོན་ལག་ཁྱེར2ཡོད།     

6 ཐོན་ལས་གཉིས་པ།     

སྤྱི་ལོ2014ལོར་ཀུང་ཅིང་ཆུས་ཀྱི་ལོ་ཧྲིལ་པོར་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར70.48ལ་སླེབས་པ་དེ་དུས་མཚུངས་ལས11.6%འཕར་ཡོད། བཟོ་ལས་གླིང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་བ་དང་རིམ་རྩིས་བྱས་ན་སྒོར་དུང་ཕྱུར1.5བཏང་ནས་གླིང་ཁུལ་གྱི་འགྲོ་ལམ་དང་། ནུས་རྒྱུ། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལག་བསྟར་བྱས་པས་ཐེག་ནུས་མུའུ1013གསར་དུ་འཕར་ཡོད། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་མགྱོགས་སུ་བཏང་བ་དང་། ཧའེ་ཁྲོན་འབར་རྫས་འཕྲུལ་འཁོར་གྱི་ལྷུ་ལག་བཟོ་སྐྲུན་རྣམ་གྲངས་དང་། སི་ཁྲོན་ལྷོ་རྒྱུད་སྤྱི་སྤྱོད་མཁའ་འགྲུལ་ཐོན་ལས་གླིང་མགྱོགས་མྱུར་ངང་སྐུལ་སྤེལ་བཏང་། མཐོ་བཅུད་གཙང་བཟོའི་སྒྲིག་ཆས་དང་། བར་སྣང་དྭངས་འབྱེད་སྒྲིག་ཆས་སོགས་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་སྒྲིག་ཆས་ཐོན་ལས་གཙོ་བོ་ཐོན་ཚོང་གཉིས་ཀ་དར་བ། ཧྭ་ཀང་རྒྱུ་ཆ་གསར་པའི་རགས་རྡུལ་ཐཱན་འགྱུར་ཝུ་ཡི་ཐོན་སྐྱེད་སྒྲུབ་རིམ་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང19.5%འཕར་བ་བཅས་ཀྱིས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་བསྡུར་ཚད་ཀྱི24.5%ལ་སླེབས་ཡོད། འབྲེལ་གཅོད་རྡུལ་དང་འགྱིག་བཟོས་ཨར་ལས་རྒྱུ་ཆ་སོགས་སྲོལ་རྒྱུན་གྱི་ཁྱད་ཡོན་ལྡན་པའི་ཐོན་ལས་ཀྱི་སྤུས་ཚད་དང་རིམ་པ་མཐོ་རུ་བཏང་བ་དང་། སྲོལ་རྒྱུན་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར9.9%འཕར་ཡོད། རྐང་འཛིན་ཁེ་ལས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུར་རོགས་སྐྱོར་བྱས་ནས“‘གྱད་མི་ཆུང་ཆུང’འཚར་ལོངས་རྣམ་པའི”ཁེ་ལས3གསར་དུ་སྐྱེད་སྲིང་བྱས་པ་དང་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས4མང་དུ་བཏང་བ]      

6_1 ཐོན་ལས་གསུམ་པ། 

སྤྱི་ལོ2014ལོར་ཀུང་ཅིང་ཆུས་ཀྱི་ལོ་ཧྲིལ་པོའི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར39.02ལ་སླེབས་པ་དེ་དུས་མཚུངས་ལས15.3%འཕར་བ་དང་། ཞབས་ཞུའི་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར25.41ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2013ལོ་ལས8.5%འཕར་ཡོད། གྲོང་ཁྱེར་གྱི་ཚོང་ལས་ཐང་ཆེན་འཛུགས་སྐྲུན་བདེ་བླག་ངང་སྤེལ་བ་དང་། ཕིན་ཆའོ་ཞི་ཁྲོམ་ལམ་གྱི་ཚོང་ལས་རྐང་ཐང་ཁྲོམ་ལམ་དང་ཞི་ཁྲེང་རྒྱུ་ནོར་ལྟེ་གནས་ཀྱི་དུས་ཐེངས་དང་པོའི་ལས་གྲྭ་འཛུགས་སྐྲུན་ལེགས་གྲུབ་བྱུང་ནས་བེད་སྤྱོད་བཏང་། རིག་གནས་ཡུལ་སྐོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་། མཁའ་འགྲུལ་རིག་གནས་ཡུལ་སྐོར་ཁུལ་གསར་པའི་ཐོན་ལས་འཆར་འགོད་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་ཡོད།  

7 སྤྱི་ཚོགས་ལས་དོན།
7_1 སློབ་གསོ།     

སྤྱི་ལོ2013ལོ་བར་ཀུང་ཅིང་ཆུས་སུ་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང84ཡོད་པའི་ནང་སྤྱིར་བཏང་གི་པའོ་ཀྲུང2དང་། འབྲིང་རིམ་ལས་རིགས་སློབ་གྲྭ2(དམངས་གཉེར་སློབ་གྲྭ2ཚུད་པ)ལོ་དགུ་རྒྱུན་མཐུད་ལམ་ལུགས་ཀྱི་སློབ་གྲྭ8 དམའ་རིམ་སློབ་འབྲིང4 སློབ་ཆུང14 དམིགས་བསལ་སློབ་གསོའི་སློབ་གྲྭ1 བུ་བཅོལ་ཁང52(དམངས་གཉེར་བུ་བཅོལ་ཁང51ཚུད་པ)བཅས་ཡོད་པ་རེད། སློབ་གྲྭར་ཡོད་པའི་སློབ་གྲྭ་འབྲིང་ཆུང་གི་སློབ་མ24288ཡོད་པའི་ནང་སློབ་ཆུང་སློབ་མ11858དང་། དམའ་རིམ་སློབ་འབྲིང་གི་སློབ་མ6470 མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་མ3109 འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མ2741 དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་མ110བཅས་ཡོད། བུ་བཅོལ་ཁང་དུ་བྱིས་པ7274ཡོད། ཀུང་ཅིན་ཆུས་ཀྱི་གཞུང་གཉེར་སློབ་གྲྭ་དང་ཐད་གཏོགས་བྱ་ལས་སྡེ་ཚན་གྱི་ལས་ཐོག་དགེ་རྒན་དང་ལས་བཟོ་པ1612ཡོད།

7_2 སྨན་བཅོས།

སྤྱི་ལོ2013ལོའི་བར་ཀུང་ཅིང་ཆུས་ཁོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི16ཡོད་པ་སྟེ། ཀུང་ཅིང་ཆུས་ཀྲུང་ལུགས་གསོ་རིག་སྨན་ཁང་དང་། ཀུང་ཅིང་ཆུས་ནད་ཡམས་ཚོད་འཛིན་ལྟེ་གནས། ཀུང་ཅིང་ཆུས་མ་བུ་འཕྲོད་སྦྱོར་ཁང་། ཀུང་ཅིང་ཆུས་འཕྲོད་བསྟེན་ལྟ་སྐུལ་ཁྲིམས་འཛིན་རུ་ཆེན་དང་ཀུང་ཅིང་ཆུས་ཤིན་ཧོ་ལྟེ་གནས་དང་དེ་བཞིན་ཤང་གྲོང་འཕྲོད་བསྟེན་ཁང11བཅས་རེད། སྒྲིག་གཞི་ཚང་བའི་གྲོང་ཚོའི་འཕྲོད་བསྟེན་ཁང147བཅས་ཡོད་པ་རེད། ཁོངས་གཏོགས་ཁུལ་དུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་སྨན་བཅོས་སྒྲིག་གཞི3ཡོད་པ་སྟེ། ཙི་ཀུང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པ་དང་། མི་དམངས་སྨན་ཁང་ལྔ་པ། མི་དམངས་སྨན་ཁང་དྲུག་པ་བཅས་ཡིན་པ་དང་། ཙི་ཀུང་གྲོང་ཁྱེར་ནད་གསོ་ཁང1 སྒེར་བཙུགས་སྨན་ཁང1དང་ཀྲུང་གོ་དང་དབྱི་ཐ་ལིའི་མཛའ་བརྩེ་སྨན་ཁང་། ཁེ་ལས་ཀྱིས་སྨན་ཁང1དང་། ལེ་ཀུང་ཐན་སྨན་ཁང་། སྒེར་གྱི་སྨན་བཅོས་ཁང54ཡོད་པ། སློབ་གྲྭའི་སྨན་བཅོས་ཁང7ཡོད།     སྤྱི་ལོ2013ལོ་བར་ཀུང་ཅིང་ཆུས་འཕྲོད་བསྟེན་ཁོངས་གཏོགས་སུ་ལས་ཐོག་ལས་བཟོ413(དེའི་ནང་དོ་དམ་མི་སྣ29དང་། འཕྲོད་བསྟེན་ཆེད་ལས་ལག་རྩལ་མི་སྣ326 དེ་མིན་གྱི་ཆེད་ལས་ལག་རྩལ་མི་སྣ5བཟོ་པ53)བཅས་ཡོད་པ་དང་། ཆེད་ལས་ལག་རྩལ་མི་སྣའི་ཁྲོད་མཐོ་རིམ་གཞོན་པའི་གོ་མིང་མི3དང་། འབྲིང་རིམ་གྱི་གོ་མིང་མི83དམའ་རིམ་གྱི་གོ་མིང་མི245བཅས་ཡོད། སློབ་གྲྭ་ཆེན་མོའི་དངོས་གཞིའི་ཚན་ཁག་གི་མི40དང་། ཆེད་སྦྱོང་ཚན་ཁག་གི་མི176འབྲིང་རིམ་ཆེད་སྦྱོང་སློབ་གྲྭའི་མི125མཐོ་རིམ་སློབ་འབྲིང་དང་དེའི་གཤམ་གྱི་མི72བཅས་ཡོད། སྨན་པ139དང་། སྨན་རྫས34དང་། ནད་གཡོག82 སྨན་བཅོས་ལག་རྩལ38བཅས་ཡོད། སྨན་པ31དང་ཆེད་ལས་གཞན་དག89དང་གནས་སྐབས་གདན་ཞུ་བྱས་པའི་མི་སྣ་215ཡོད་པ་རེད། [12]      སྤྱི་ལོ2019ལོའི་ཟླ8པར་དམ་ཟབ་རྣམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་མཉམ་གཟུགས་འཛུགས་སྐྱོང་གི་ཚོད་ལྟའི་རྫོང་དུ་བདམས་པ་རེད།      

7_3 འགན་སྲུང་།      

སྤྱི་ལོ2014ལོར་ཀུང་ཅིང་ཆུས་ཀྱི་དམངས་འཚོའི་རང་བཞིན་གྱི་གཏོང་སྒོ་སྒོར་དུང་ཕྱུར7.8ལ་སླེབས་པ་དེས་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ73.8%བཟུང་ཡོད། དབུལ་སྐྱོར་གསར་སྤེལ་གྱི་འཛུགས་སྐྲུན་རྣམ་གྲངས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་མི3451དབུལ་སྒྲོལ་ཐུབ་རྒྱུར་རོགས་རམ་བྱས་ཡོད། སྤྱི་པའི་ལས་ཞུགས་ཞབས་ཞུའི་བྱེད་སྒོ་ཧུར་ཐག་སྤེལ་བ་དང་། ལས་ཞུགས་མེད་པའི་ཁྱིམ་ཚང་འགུལ་རྣམ་ཐོག་ནས་མེད་པར་བཟོས་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད4.2%ནང་ཚུན་དུ་ཚོད་འཛིན་བྱས་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས3450གསར་དུ་འཕར་སྣོན་བྱུང་ཡོད། སྤྱི་ཚོགས་འགན་སྲུང་མ་ལག་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་ལ་འགུལ་རྣམ་དོ་དམ་བྱས་པ། གྲོང་གསེབ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལ་ཞུགས་པའི་མི་གྲངས་དང་འགན་བཅོལ་ལ་ཞུགས་པའི་མི་གྲངས་སོ་སོར་ཁྲི8.25དང་ཁྲི2.42ལེགས་གྲུབ་བྱུང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཁྱབ་པའི་མི་གྲངས་ཁྲི5.1ལ་སླེབས་ཡོད། གྲོང་གསེབ་ཀྱི་བདེ་སྐྱིད་གླིང6གསར་སྐྲུན་བྱས་པ་དང་ཉིན་མོའི་ལྟ་རྟོག་ལྟེ་གནས16གསར་སྐྲུན་བྱས་ཡོད། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་བ་དང་། གཞུང་གི་བོགས་གཏོང་ཁང་པ104དང་ཁང་གླ་ཁེ་བའི་སྡོད་ཁང160བསྐྲུན་པ་དང་། གཞུང་གི་བོགས་གཏོང་ཁང་པ192གསར་དུ་ལས་འགོ་བཙུགས་པ། གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྡོད་ཁང1150བསྒྱུར་བཀོད་བྱས་ཡོད། ཞིང་གྲོང་གི་འཐུང་ཆུ་ཉེན་མེད་ལས་གྲྭ་ལག་བསྟར་བྱས་ཏེ། མི་ཁྲི1.8ཀྱི་འཐུང་ཆུ་ཉེན་མེད་གནད་དོན་ཐག་གཅོད་བྱ་དགོས་ཡོད། 

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

རིག་གནས། མི་རིགས། ས་ཁམས། ཡུལ་གྲུ།