ཙི་ལིའུ་ཅིན་ཆུས།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-05-11 17:23ལ་འགྲུབ།

ཙི་ལིའུ་ཅིན་ཆུས།

ཙི་ལིའུ་ཅིན་ཆུས།
ཙི་ལིའུ་ཅིན་ཆུས་ནི་ཙི་ཀུང་གྲོང་ཁྱེར་ཁོངས་སུ་གཏོགས་ཤིང་། ཙི་ཀུང་གྲོང་ཁྱེར་སྲིད་འཛིན་ལྟེ་གནས་ཡིན་པའི་ངོས་ནས་མངའ་ཁོངས་ཀྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ152.94ཡོད། སྤྱི་ལོ2005ལོའི་ཟླ8པའི་ཚེས1ཉིན་སྲིད་འཛིན་ས་ཁོངས་ལེགས་སྒྲིག་བྱས་རྗེས་ཐེམ་ཐོའི་མི་འབོར346403ཡོད། ཙི་ལིའུ་ཅིན་ཆུས་ཀྱི་ཁོངས་གཏོགས་ཁྲོམ་གཞུང6དང་། གྲོང་རྡལ3 ཤང4བཅས་ཡོད་པ་སྟེ། ཝུའུ་ཞིན་ཁྲོམ་གཞུང་ཁྲོམ་གཞུང་། ཏུང་ཤིན་དགོན་གྱི་ཁྲོམ་གཞུང་། ཤིན་ཅེ་ཁྲོམ་གཞུང་། ཀུའོ་ཅ་ཨའོ་ཁྲོམ་གཞུང་། ཏན་ཀུའེ་ཁྲོམ་གཞུང་། སློབ་གྲྭའི་ཁྲོམ་གཞུང་། (ཙེ་ཀུང་མཐོ་གསར་ལག་རྩལ་ཁུལ་གྱི་མངགས་བཅོལ་དོ་དམ)ཀྲུང་ཆོན་གྲོང་རྡལ། ཧྲུའུ་ཕིང་གྲོང་རྡལ། རུང་པན་གྲོང་རྡལ། དར་དམར་ཤང་། ཀའོ་ཧྥུང་གྲོང་རྡལ། ཞིང་ཐོན་ཤང་། དབྱིན་ཧྲུའུ་ཤང་། དབྱིན་ཧྲུའུ་ཤང་། ཙི་ལིའུ་ཅིན་ཆུས་མི་དམངས་སྲིད་གཞུང་ཏན་ཀུའེ་ཁྲོམ་གཞུང་ཏན་ཀུའེ་ཁྲོམ་གཞུང་ཨང་རྟགས196པར་བཅའ་སྡོད་བྱས་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཙི་ལིའུ་ཅིན་ཆུས།
རྒྱ་ཡིག་གི་མིང་།
自流井区
ཕྱི་ཡིག་གི་མིང་།
Ziliujing District
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་མེན་དབྱང་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་གཞུང་དྲུག གྲོང་རྡལ་བཞི། ཤང་གསུམ།
སྲིད་གཞུང་སྡོད་གནས།
ཏན་ཀུའེ་ཁྲོམ་གཞུང་ཏན་ཀུའེ་ཁྲོམ་གཞུང་ཨང་རྟགས196པ།
ས་ཁོངས་ཁ་པར་ཨང་རྟགས།
0813
སྦྲག་སྲིད་ཚབ་ཨང་།
643000
རྒྱ་ཁྱོན།
152.94㎡
མི་གྲངས།
346403
རླངས་འཁོར་ཚབ་ཨང་།
川C
སྲིད་འཛིན་ཚབ་ཨང་།
510302
1    ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1953ལོར་ཙི་ལིའུ་ཅིན་ཆུས་སུ་བསྒྱུར། ཁོངས་གཏོགས་ཀྱི་ཤང་བཞི་ནི་དར་དམར་དང་ཡུང་ཧྲེང་ཤང་གཉིས་ལ་ཟླ་སྒྲིལ་བཏང་བ་དང་། ཟླ6པར་ཤང་གཉིས་དེ་གྲོང་ཁྱེར་ཉེ་འདབས་ཀྱི་དོ་དམ་བྱེད་ཁོངས་སུ་བཅུག་ཡོད།      སྤྱི་ལོ1957ལོའི་ཟླ1པོར། ཏ་ཨན་ཆུས་ཙི་ལིའུ་ཅིན་ཆུས་སུ་ཟླ་སྒྲིལ་བཏང་བ་དང་། སྤྱི་ལོ1960ལོར་ཆུས་གཉིས་སོ་སོར་བཙུགས།      སྤྱི་ལོ1960ལོའི་ཟླ6པར། ཞི་བདེ་དང་། ཁྱུང་། དར་དམར་བཅས་ཀུང་ཧྲེ་གསུམ་སྔ་རྗེས་སུ་ཙི་ལིའུ་ཀྲོན་ཆུས་སུ་བགོས། སྤྱི་ལོ1979ལོའི་ཟླ7པར། ཀུང་ཧྲེ་གསུམ་ཡང་ཏ་ཨན་ཆུས་སུ་བགོས་ཤིང་། ཙི་ལིའུ་ཅིན་ཆུས་དེ་གྲོང་ཁྱེར་རྐྱང་མའི་ཆུས་སུ་གྱུར།      སྤྱི་ལོ1997ལོར་ཙི་ལིའུ་ཅིན་ཆུས་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ12.6ཡོད་པ་དང་། མི་འབོར་ཁྲི19.9ཡོད། ཁོངས་སུ་སྲང་ལམ་4ཡོད་པ། ཆུས་སྲིད་གཞུང་བཅིངས་འགྲོལ་ལམ་དུ་བཅའ་སྡོད་བྱས་ཡོད།  སྤྱི་ལོ2000ལོར་མི་འབོར་ཡོངས་བཤེར་ཐེངས་ལྔ་པའི་གྲངས་གཞིར་གཞིགས་ན། སྤྱིའི་མི་འབོར206060ལ་སླེབས་པའི་ནང་ཝུའུ་ཤིང་ཁྲོམ་གཞུང57993 ཏུང་ཤིང་དགོན་སྡེའི་ཁྲོམ་གཞུང76137 ཁྲོམ་གཞུང་གསར་པའི27247 ཀུའོ་ཅ་ཨའོ་ཁྲོམ་གཞུང44683ཡོད།      སྤྱི་ལོ2004ལོར། ཙི་ལིའུ་ཅིན་ཆུས་ཀྱི་ཁོངས་སུ་སྲང་ལམ4(ཝུའུ་ཞིན་སྲང་ལམ། ཏུང་ཞིན་དགོན་སྲང་ལམ། ཞིན་སྲང་། ཀུའོ་ཅ་ཨའོ་སྲང)ཡོད།      སྤྱི་ལོ2005ལོའི་ཟླ6ཚེས15ཉིན་ཙི་ཀུང་གྲོང་ཁྱེར་ཏ་ཨན་ཆུས་ཀྱི་དར་དམར་ཤང་དང་། གྲམ་ངོགས་ཁུལ་གྱི་ཀྲུང་ཆོན་གྲོང་རྡལ་དང་། ཧྲུའུ་ཕིང་གྲོང་རྡལ། ཀའོ་ཀའོ་ཤང་། ཞིང་ཐོན་ཤང་། ཏི་ཧྲུའུ་ཤང་། ཀུང་ཧྲུའུ་ཤང་། ཀུང་ཅིང་ཆུས་ཀྱི་རུང་པན་གྲོང་རྡལ་བཅས་ཙི་ལིའུ་ཁྲོན་ཆུས་ཀྱི་ཁོངས་སུ་གཏོགས་པ་རེད། དེ་ནས་བཟུང་གྲོང་ཁྱེར་ཁེར་རྐྱང་གཙང་ཆུས་ཀྱི་ལོ་རྒྱུས་མཇུག་བསྒྲིལ།      

2 སྲིད་འཛིན་ཁོངས་བགོས།

ཙི་ལིའུ་ཅིན་ཆུས་ཁོངས་གཏོགས་སུ་ཁྲོམ་གཞུང6དང་། གྲོང་རྡལ4 ཤང3བཅས་ཡོད་པ་སྟེ། ཝུའུ་ཤིན་ཁྲོམ་གཞུང་དང་། ཏུང་ཤིན་དགོན་གྱི་ཁྲོམ་གཞུང་། ཤིན་ཅེ་ཁྲོམ་གཞུང་། ཀུའོ་ཅ་ཨའོ་ཁྲོམ་གཞུང་། ཏན་ཀུའེ་ཁྲོམ་གཞུང་། སློབ་གྲྭའི་ཁྲོམ་གཞུང(མཐོ་གསར་ལག་རྩལ་ཁུལ་གྱི་ཚབ་གཉེར) ཀྲུང་ཆོན་གྲོང་རྡལ། ཧྲུའུ་ཕིང་གྲོང་རྡལ། རུང་པན་གྲོང་རྡལ། དར་དམར་ཁྲོམ་གཞུང(མཐོ་གསར་ལག་རྩལ་ཁུལ་གྱི་ཚབ་གཉེར)ཀའོ་ཧྥུང་ཁྲོམ་གཞུང་། ཧྥེ་ལུང་ཞ་གྲོང་རྡལ་བཅས་རེད། 

3 མི་གྲངས་གནས་ཚུལ།      

སྤྱི་ལོ2000ལོར་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པ་བྱས་པ་དང་། ཙི་ལིའུ་ཅིན་ཆུས་ཀྱི་མི་འབོར་བསྡོམས206060ལ་སླེབས་པའི་ནང་ཝུའུ་ཤིང་ཁྲོམ་གཞུང་གི་མི57993དང་། ཏུང་ཤིང་དགོན་སྡེའི་ཁྲོམ་གཞུང་གི་མི76137 ཤིན་ཅེ་ཁྲོམ་གཞུང་གསར་པའི་མི27247 ཀུའོ་ཅ་ཨའོ་ཁྲོམ་གཞུང་གི་མི44683བཅས་ཡོད། སྤྱི་ལོ2005ལོར་མི་གྲངས330064ཡོད། སྤྱི་ལོ2010ལོར་མི་གྲངས་བསྡོམས་འབོར་ཁྲི35ལ་སླེབས།      

4 དཔལ་འབྱོར་རགས་བཤད།

ཙི་ལིའུ་ཅིན་ཆུས་ཀྱི་བཟོ་ལས་ཁེ་ལས་ཀྱིས་ལས་རིགས་ལྟར་དབྱེ་ན་གཙོ་བོ་འཕྲུལ་ཆས་ལས་སྣོན་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས(ཆུས་ཡོངས་ཀྱི་བཟོ་ལས་ཐོན་རྫས་རིན་ཐང་བསྡོམས་འབོར་གྱི46%བཟུང)དང་། ཞིང་ཞོར་ཐོན་རྫས་ལས་སྣོན་ལས་རིགས(ལྗོངས་ཡོངས་ཀྱི་བཟོ་ལས་ཐོན་རྫས་རིན་ཐང་བསྡོམས་འབོར་གྱི16བཟུང)རྒྱུ་ཆ་དང་ཐུམ་སྒྲིལ་བཟོ་ལས(བསྲེས་ལྕགས་དང་། པོ་ཚི། ཐུམ་སྒྲིལ། གློག་ཐཱན་དང་། ཆུ་འགོག ཨར་ལས་རྒྱུ་ཆ་སོགས་སུ་གཅིག་སྡུད་བྱས་ནས་ལྗོངས་ཡོངས་ཀྱི་བཟོ་ལས་ཐོན་རྫས་རིན་ཐང་བསྡོམས་འབོར་གྱི7%བཟུང་།)དང་། རྫས་འགྱུར་བཟོ་ལས། ནུས་རྒྱུའི་ཐོན་ལས(ཆུས་ཡོངས་ཀྱི་བཟོ་ལས་ཐོན་རྫས་རིན་ཐང་བསྡོམས་འབོར་གྱི27བཟུང)བཅས་རིགས་ཁ་ཤས་ཡོད། དེ་བྱིངས་ཁ་ཐོར་བཀོད་སྒྲིག་བྱས་པའི་ཐོན་ལས་རྣམ་གྲངས་ཀྱི་བསྡོམས་འབོར་གྱིས་ལྗོངས་ཡོངས་ཀྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་གི4ལས་ལ་སླེབས་གྱིན་མེད།      སྤྱི་ལོ2012ལོར་ཙི་ལིའུ་ཅིན་ཆུས་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར255ལེགས་གྲུབ་བྱུང་བས11.5%འཕར་ཡོད། ས་གནས་ཀྱི་སྤྱི་པའི་ནོར་སྲིད་ཡོང་འབབ་སྒོར་ཁྲི6052ལ་སླེབས་ནས20.1%འཕར། ཆུས་ཁོངས་གཏོགས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར90བཏང་ནས25%འཕར། ཆུས་ཁོངས་གཏོགས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར91བཏང་ནས26.7%འཕར་ཡོད།      

4_1 ཐོན་ལས་དང་པོ། 

སྤྱི་ལོ2010ལོའི་ལོ་མཇུག་ཏུ་ཙི་ལིའུ་ཅིན་ཆུས་སུ་རིམ་རྩིས་བྱས་ན་འབྲས་ཞིང་ཕྱོགས་བསྡུས་ཆུ་ཐོན་གསོ་སྤེལ་མུའུ10000དང་། ཤིང་ཏོག་མུའུ9000 མེ་ཏོག་མུའུ2000བཅས་འཕེལ་རྒྱས་བཏང་ནས་སྣོད་བཅུད་སྐྱེད་ཚལ་དང་། གྲོང་སྐོར་མེ་ཏོག སྤྱི་གནོད་མེད་པའི་སྔོ་ཚལ། སྤུས་ལེགས། གཡེར་མ། སྒོ་ཕྱུགས་དང་ཁྱིམ་བྱའི་ཆུ་ཐོན་སོགས་ཁྱད་ལྡན་ཞིང་ལས་ཐོན་ལས་ཁུལ་ཆེན་པོ6ཆགས་ཡོད་པ་རེད། སྤྱི་ལོ2010ལོར་ཞིང་ལས་ཀྱི་སྣེ་འདྲེན་ཁེ་ལས་གཙོ་བོ་དང་། ཆེད་གཉེར་མཉམ་ལས་རྩ་འཛུགས། འདེབས་གསོའི་དུད་ཆེན་སྣ་ཚོགས་བཅས་ལ་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར3ཙམ་བྱུང་བ་དང་། ཞིང་དུད་དུད་ཚང་ཁྲི2ལྷག་ཙམ་ལ་ཁྱབ་འགྱེད་སྐུལ་ཁྲིད་ཐུབ་པ་དང་། ཞིང་པར་འབབ་འཕར་སྒོར་ཁྲི3500ཡོང་རོགས་བྱས་ཡོད།      སྤྱི་ལོ2012ལོར་ཞིང་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར3.6ལ་སླེབས་ནས4.5%འཕར་ཡོད།  

4_2 ཐོན་ལས་གཉིས་པ།     

ཙི་ལིའུ་ཅིན་ཆུས་ཀྱི་བཟོ་ལས་ལོ་རྒྱུས་ཡུན་རིང་ལྡན་པ་དང་ཁོངས་གཏོགས་ཆུས་སུ་རྒྱལ་ཡོངས་ཀྱི་ཁྲོ་ཐབ་ཐོན་སྐྱེད་ཁེ་ལས་ཆེ་གྲས་གསུམ་གྱི་གྲས་ཤིག་ཡིན་པའི་ཤར་ཕྱོགས་ཁྲོ་ཐབ་ཚོགས་པ་ཀུང་སི་དང་ནུབ་རྒྱུད་ཀྱི་ཕྱོགས་བསྡུས་རྣམ་པའི་རྫས་འགྱུར་བཟོ་ལས་མ་བཅོས་རྒྱུ་ཆའི་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་ཧའོ་ཧྭ་ལྷོ་ནུབ་ཡན་ལག་ཀུང་སི་སོགས་ཁེ་ལས་ཆེ་འབྲིང་དང་ཅིའུ་ཏིང་དང་། ཞུང་ཧྥེ། དབྱིན་ཞང་སོགས་གྲགས་ཅན་ས་གནས་ཀྱི་དམངས་གཉེར་ཁེ་ལས་ཚོགས་པ་ཡོད་པ་རེད།      སྤྱི་ལེ2010ལོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས82ཡོད་པ་དང་། གཙོ་གནད་ཁེ་ལས16གི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ལས་བརྒལ་ཡོད། བཟོ་ལས་གཅིག་སྡུད་ཁུལ་འཛུགས་སྐྲུན་བྱེད་པར་འཆར་འགོད་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ4.29ལ་སླེབས་པ་དང་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར2.6བཏང་ནས་སྤྱི་ལེ་ངོས་གྲུ་བཞི་མ1ལ་སླེབས་ཡོད།      སྤྱི་ལོ2012ལོར་ཆུས་ཁོངས་གཏོགས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར19ལེགས་གྲུབ་བྱུང་ནས25%འཕར་བ་དང་། ཨར་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར13ལ་སླེབས་ནས16%འཕར་ཡོད།      

4_3 ཐོན་ལས་གསུམ་པ།      

སྤྱི་ལོ2010ལོའི་ལོ་མཇུག་ཏུ་ཁོངས་གཏོགས་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར63.1ལ་སླེབས་པ་དང་། ཞབས་ཞུའི་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར76.58ལ་སླེབས། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར86.7ལ་སླེབས་པ། ཆུས་ཡོངས་ཀྱི་ཚོང་ལས་དྲ་ཚིགས་ཁྲི1.2ཙམ་ལ་སླེབས་པ། ཞབས་ཞུའི་ལས་རིགས་ཀྱི་ལས་ཞུགས་མི་སྣས་སྤྱི་ཚོགས་ཡོངས་ཀྱི་ལས་ཞུགས་མི་སྣའི75%བཟུང་ཡོད། སྤྱི་ལོ2010ལོའི་ལོ་མཇུག་ཏུ་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར76.58ལ་སླེབས་ཡོད།      སྤྱི་ལོ2012ལོར་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར120ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2011ལོ་ལས17%འཕར་བ་དང་། ཞབས་ཞུའི་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར100.2ལ་སླེབས་ནས12.5%འཕར་ཡོད། 

5 སྤྱི་ཚོགས་ལས་དོན།

ཙི་ལིའུ་ཅིན་ཆུས་ཀྱི་ནོར་སྲིད་ནས་དམངས་འཚོའི་ལས་གྲྭར་སྤྱོད་པའི་གཏོང་སྒོ་སྒོར་དུང་ཕྱུར11ཡིན་པས། ལོ་རེར་ཆ་སྙོམས 37.75%འཕར་བ་དང་། སྤྱི་ལོ2010ལོར་གཏོང་སྒོ་སྒོར་དུང་ཕྱུར4.4ལ་སླེབས་པས། ལོ་གོང་མ་ལས65%འཕར་བ་དེས་སྤྱིར་བཏང་གི་སྔོན་རྩིས་གཏོང་སྒོའི80%ལ་སླེབས་ཡོད། སློབ་གསོ་སྔོན་ལ་འཕེལ་རྒྱས་བཏང་སྟེ་སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭའི་ཉལ་ཁང་སྨི་ངོས་གྲུ་བཞི་མ་ཁྲི2.3གསར་སྐྲུན་བསྐྱར་སྐྲུན་བྱས་པ་དང་། ཙི་ལིའུ་ཅིན་ཆུས་དེ་རྒྱལ་ཡོངས་ཀྱི་དབུས་ནུབ་རྒྱུད་ཀྱི་གྲོང་གསེབ་ཀྱི་སློབ་ཞུགས་གོང་གི་སློབ་གསོར་སྐུལ་འདེད་གཏོང་བའི་འདུ་འགོད་ཀྱི་ཞིང་ཆེན་ཡོངས་ཀྱི་ཚོད་ལྟའི་ཆུས་དང་རྫོང5ཡི་གྲས་སུ་བཅུག་ནས་སི་ཁྲོན་ཞིང་ཆེན་གྱི་སློབ་གསོ་ལས་དོན་གྱི་སྔོན་ཐོན་ཆུས་དང་རྫོང་ཁག་དང་པོར་བདམས་པ་རེད།      སྤྱི་ལོ2010ལོར་སྲིད་གཞུང་གིས་གཉེར་བའི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་གཞི་རྩའི་སྨན་རྫས“ཧེ་བག་གང་ཡང་མེད་པའི”ཕྱིར་འཚོང་ལག་བསྟར་ནན་པོ་བྱས་ཡོད། ཤང་གྲོང་གི་ཕྱོགས་བསྡུས་རིག་གནས་ས་ཚིགས་དང་ཞིང་པའི་དཔེ་དེབ་ཁང་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད། སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་དམངས་སྲིད་པུའུ་ཡིས་རྒྱལ་ཡོངས་ཀྱི་སྐོར་ཁག་གསུམ་པའི་རྒན་གསོའི་ཞབས་ཞུ་སྤྱི་ཚོགས་ཅན་གྱི་དཔེ་སྟོན་ཆུས་ཀྱི་གྲས་སུ་ཚུད་ཡོད།     


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁམས། མི་རིགས། རིག་གནས། ཡུལ་གྲུ།