སྤྱི་ལོ1950ལོའི་ཟླ1པར། པེ་ཁྲོན་བཅིངས་འགྲོལ་བཏང་ཞིང་། ལི་ཅན་ཀོ་ས་ཁུལ་གྱི་ཁོངས་སུ་བགོས།
སྤྱི་ལོ1952ལོར་རྫོང་སྲིད་གཞུང་གི་བཞུགས་གནས་ཀྲི་ཁྲེང་ནས་ཆུས་ཧྲན་ལ་སྤོས། སྤྱི་ལོ1953ལོའི་ཟླ3པར། མེན་དབྱང་ཆེད་ཁུལ་ལ་གཏོགས། སྤྱི་ལོ1985ལོའི་ཟླ་5པར། མེན་དབྱང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས། སྤྱི་ལོ1987ལོར་ཞིང་ཆེན་མི་དམངས་སྲིད་གཞུང་གིས“སྤྱི་ལོ1988ལོའི་ཟླ1པོ་ནས་བཟུང་པེ་ཁྲོན་ལ་གྲངས་ཉུང་མི་རིགས་ཀྱི་རྫོང་གི་ཐོབ་ཐང་ལྟར་ཐོབ་རྒྱུ་”ཞེས་པའི་ཆོག་མཆན་བཀོད། སྤྱི་ལོ2003ལོའི་ཚེས6ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས(རྒྱལ་ཡིག[2003]ཡིག་ཨང75པ)པེ་ཁྲོན་རྫོང་ཕྱིར་འཐེན་བྱེད་པར་ཆོག་མཆན་གནང་ ཞིང་། པེ་ཁྲོན་ཆའང་རིགས་རང་སྐྱོང་རྫོང་བཙུགས།
སྤྱི་ལོ2019ལོ་བར་པེ་ཁྲོན་རྫོང་ཁོངས་གཏོགས་ཀྱི་གྲོང་རྡལ9ཡོད་པ་སྟེ། ཆུས་ཧྲན་གྲོང་རྡལ་དང་། ཧྲའོ་ཀུའུ་གྲོང་རྡལ། ཐུང་ཁོའུ་གྲོང་རྡལ། ཡུང་ཁྲང་གྲོང་རྡལ། ཨན་ཁྲང་གྲོང་རྡལ། ཡུང་ཨན་གྲོང་རྡལ། ཡུས་ལི་གྲོང་རྡལ། ཀུའེ་ཤིས་གྲོང་རྡལ། ཁྲེན་ཅ་པ་གྲོང་རྡལ། ཞའོ་པ་གྲོང་རྡལ་བཅས་རེད། ཤང13ནི་ཞང་ཆོན་ཞང་དང་། ཀོན་ལིང་ཤང་། ཧུའེ་ཕིང་ཤང་། པའེ་དབྱི་ཤང་། ཕེན་ཁོའུ་ཤང་། ཁའེ་ཕིང་ཤང་། པ་ཏི་ཤང་། པའེ་ཧྲི་ཤང་། ཆིན་པེ་ཤང་། ཏུའུ་པ་ཤང་། ཐའོ་ལུང་བོད་རིགས་ཤང་། ཏུན་ཧྲང་ཤང་། མ་ཚའོ་ཤང་བཅས་ཡིན།
སྤྱི་ལོ2000ལོར་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པ་བྱས་པ་དང་། པེ་ཁྲོན་རྫོང་གི་རྒྱུན་སྡོད་མི་གྲངས160301ཡོད་པའི་ནང་ཆུས་ཧྲན་གྲོང་རྡལ་གྱི་མི་གྲངས21513དང་། པི་ཀུའུ་གྲོང་རྡལ་གྱི་མི་གྲངས18009 ཐུང་ཁོའུ་གྲོང་རྡལ་གྱི་མི་གྲངས7595དང་། ཞང་ཆོན་ཤང་གི་མི་གྲངས7845དང་། ཁྲེན་ཅ་པ་ཆའང་རིགས་ཤང་གི་མི་གྲངས12879བཅས་ཡོད། ཀུའེ་ཞི་ཤང་ལ་མི་གྲངས11644ཡོད་པ་དང་། ཏུའུ་ཀོན་ཆའང་རིགས་ཤང་ལ་མི་གྲངས6598ཡོད། ཡུས་ལི་ཆའང་རིགས་ཤང་ལ་མི་གྲངས14186ཡོད། ཆི་ཕིན་ཆའང་རིགས་ཤང་ལ་མི་གྲངས9364ཡོད། པའེ་དབྱི་ཆའང་རིགས་ཤང་ལ་མི་གྲངས་4842ཡོད་པ། ཞའོ་པ་ཆའང་རིགས་བོད་རིགས་ཤང་ལ་མི་གྲངས15652ཡོད། ཕེན་ཁོའུ་ཆའང་རིགས་ཤང་ལ་མི་གྲངས6872ཡོད་པ་དང་། ཁའེ་ཕིན་ཆའང་རིགས་བོད་རིགས་ཤང་ལ་མི་གྲངས3875ཡོད་པ་རེད། པ་ཏི་ཆའང་རིགས་བོད་རིགས་ཤང་ལ་མི་གྲངས11603ཡོད་པ་དང་། པའེ་ཧྲི་ཆའང་རིགས་བོད་རིགས་ཤང་ལ་མི་གྲངས3618ཡོད་པ་རེད། ཆིན་ཕེན་ཆའང་རིགས་བོད་རིགས་ཤང་ལ་མི་གྲངས4206ཡོད་པ་རེད། སྤྱི་ལོ2016ལོའི་ལོ་མཇུག་ཏུ་རྫོང་དེ་ཡོངས་ཀྱི་གྲོང་མིའི་དུད་ཚང་བསྡོམས་འབོར87198ལ་སླེབས་པ་དང་མི་འབོར་བསྡོམས་འབོར་ཁྲི23.85ལ་སླེབས་པའི་ནང་བུད་མེད་ཁྲི11.62ཡོད་པ་རེད། ལོ་མཇུག་ཏུ་རྒྱུན་སྡོད་མི་འབོར་ཁྲི22.08ཡོད། ལོ་དེར་སྐྱེས་པའི་མི་འབོར2150ཡོད་པ་དང་། འདས་པའི་མི་འབོར1450ཡོད་པ་རེད། མི་འབོར་རང་ཤུགས་སུ་འཕར་ཚད1.88‰ལ་སླེབས་ཡོད།
སྤྱི་ལོ2012ལོར་པེ་ཁྲོན་གྱི་མི་འབོར་བསྡོམས་འབོར་རྒྱ་རིགས་གཙོ་བོ་ཡིན་པ་དང་མི་གྲངས152455ལ་སླེབས་པ་དེས63.35%བཟུང་བ་དང་། ཆའང་རིགས་དང་། བོད་རིགས། ཧུའེ་རིགས། དབྱིས་རིགས་སོགས་གྲངས་ཉུང་མི་རིགས26ཡོད་ཅིང་། ཁྱོན་བསྡོམས་མི་གྲངས88216ཡོད་པ་དེས་མི་གྲངས་བསྡོམས་འབོར་གྱི36.65%ལ་སླེབས་ཡོད། མི་གྲངས་བརྒྱ་ལས་བརྒལ་བའི་གྲངས་ཉུང་མི་རིགས་གསུམ་ཡོད་པའི་ནང་ཆའང་རིགས83945ཡོད་པ་དེས་གྲངས་ཉུང་མི་རིགས་མི་འབོར་གྱི95.16%བཟུང་བ་དང་། བོད་རིགས3632ཡོད་པ་དེས་གྲངས་ཉུང་མི་རིགས་ཀྱི4.12%བཟུང་། ཧུའེ་རིགས448ཡོད་པ་དེས་གྲངས་ཉུང་མི་རིགས་ཀྱི0.5%ལ་སླེབས་ཡོད།
རྫོང་ཏང་ཨུའི་ཧྲུའུ་ཅི། ལའེ་ཅུན།
རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན། ཝང་ཡུང་ཨན།
སྤྱི་ལོ2016ལོར་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར43.89ལ་སླེབས་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས8.3%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར10.39ལ་སླེབས་ནས3.9%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར15.54ལ་སླེབས་ནས9.1%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར17.95ལ་སླེབས་ནས10.3%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་དེ་ལོ་སྔོན་མའི23.9:40.1:36.0ནས23.7:35.4:40.9བར་ལེགས་སྒྲིག་བྱས་ཡོད། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར20243ལ་སླེབས་པ་དེ་ལོ་གོང་མ་ལས6.5%འཕར་ཡོད། དམངས་གཉེར་དཔལ་འབྱོར་ལོ་ཧྲིལ་པོར་རིན་ཐང་འཕར་མ་སྒོར་དུང་ཕྱུར27.41བྱུང་བ་དེ་ལོ་གོང་མ་ལས8.6%འཕར་བ་དེས་རྫོང་ཡོངས་ཀྱི་དཔལ་འབྱོར་བསྡོམས་འབོར་གྱི62.5%བཟུང་ཡོད། སྤྱི་ལོ2016ལོའི་ལོ་མཇུག་ཏུ་བཟོ་ལས་ཅན་དུ་འགྱུར་ཚད21.0%ལ་སླེབས་པ་དེ་སྤྱི་ལོ2015ལོ་ལས0.4%ཆག་པ་རེད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད37.97%ལ་སླེབས་པ་དེ་སྤྱི་ལོ2015ལོ་ལས1.2%འཕར་ཡོད། ལོ་མཇུག་ཏུ་རྫོང་ཡོངས་སུ་གཞི་རྩའི་སྡེ་ཚན3994ཡོད་པ་དེ་ལོ་གོང་མ་ལས860ཡིས་ཇེ་མང་དུ་ཕྱིན་ནས27.4%འཕར་ཡོད། དེའི་ནང་ཁྲིམས་མིའི་ཚན་པ1926ཡོད།
སྤྱི་ལོ2016ལོར་ཞིང་ལས། ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར10.59ལ་སླེབས་ནས3.9%འཕར་ཡོད། དེའི་ནང་ཞིང་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར4.93ལ་སླེབས་ནས4.2%འཕར་བ་དང་། ནགས་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར1.49ལ་སླེབས་ནས3.6%འཕར། འབྲོག་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར3.86ལ་སླེབས་ནས3.6%འཕར་བ་དང་། ཉ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར0.12ལ་སླེབས་ནས3.6%འཕར། ཞིང་ལས། ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར0.20ལ་སླེབས་ནས9.8%འཕར་ཡོད། ལོ་ཧྲིལ་པོར་ཞིང་ལས་སྐྱེ་དངོས་ཀྱི་སྤྱིའི་འདེབས་ཁྱོན་སྤྱི་ཆིང་ཁྲི2.98ལ་སླེབས་ཡོད། དེའི་ནང་འབྲུ་རིགས་འདེབས་ཁྱོན་སྤྱི་ཆིང་ཁྲི1.74ལ་སླེབས་པ་དེ་དུས་མཚུངས་ལས0.4%འཕར་བ་དང་། སྣུམ་རྒྱུའི་ལོ་ཏོག་འདེབས་ཁྱོན་སྤྱི་ཆིང་ཁྲི0.44ལ་སླེབས་པ་དེ་དུས་མཚུངས་ལས0.1%འཕར། སྨན་རྒྱུ་འདེབས་ཁྱོན་སྤྱི་ཆིང་ཁྲི0.21ལ་སླེབས་པ་དེ་དུས་མཚུངས་ལས1.7%འཕར། སྔོ་ཚལ་སྤྱི་ཆིང་ཁྲི0.53བཏབ་པ་དེ་དུས་མཚུངས་ལས0.9%འཕར་ཡོད། ལོ་ཧྲིལ་པོར་འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི4.69ལ་སླེབས་ནས1.6%འཕར་ཡོད། དེའི་ནང་དཔྱིད་གསར་དུས་ཆེན་གྱི་འབྲུ་རིགས་ཐོན་ཚད་ཏུན་ཁྲི3.82ལ་སླེབས་པ་དེ་དུས་མཚུངས་ལས2.0%འཕར་བ་དང་། ཞའོ་ཁྲུན་གྱི་འབྲུ་རིགས་ཐོན་ཚད་ཏུན་ཁྲི0.88ལ་སླེབས་པ་དེ་དུས་མཚུངས་ལས0.1%ཆག་ཡོད། ཞིང་ལས་ཐོན་རྫས་གཙོ་བོའི་ཁྲོད་འབྲས་ཐོན་ཚད་ཏུན་ཁྲི0.65ལ་སླེབས་པ་དེ་དུས་མཚུངས་ལས0.5%འཕར། གྲོའི་ཐོན་ཚད་ཏུན་ཁྲི0.05ལ་སླེབས་པ་དེ་དུས་མཚུངས་ལས4.6%ཆག སྣུམ་རྒྱུའི་ལོ་ཏོག་ཐོན་ཚད་ཏུན་ཁྲི0.71ལ་སླེབས་པ་དེ་དུས་མཚུངས་ལས5.2%འཕར། སྔོ་ཚལ་ཐོན་ཚད་ཏུན་ཁྲི7.70ལ་སླེབས་པ་དེ་དུས་མཚུངས་ལས0.7%འཕར། ཇ་ལོ་ཐོན་ཚད་ཏུན་ཁྲི0.08ལ་སླེབས་པ་དེ་དུས་མཚུངས་ལས4.6%འཕར་ཡོད། རྫོང་དེ་ཡོངས་ཀྱི་ནགས་ཚལ་ཐོན་ཁུངས་ཁྱབ་ཚད63.22%ལ་སླེབས་ཡོད། རྫོང་དེ་ཡོངས་ལ་རང་བྱུང་སྲུང་སྐྱོང་ཁུལ3དང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་སྤྱི་ཆིང65835ལ་སླེབས་ཡོད། དེའི་ནང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ2དང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་སྤྱི་ཆིང46105ལ་སླེབས་ཡོད། ལོ་ཧྲིལ་པོར་གསར་དུ་ཤིང་འཛུགས་ནགས་བཟོ་སྤྱི་ཆིང1000བྱས་པ་དང་། ཤིང་འཛུགས་ནགས་བཟོ་ཁྲི189.6བྱས་ཡོད། ལོ་མཇུག་ཏུ་དངོས་སུ་རི་རྒྱ(བྱེ་མ)སྤྱི་ཆིང733ཡོད་པ་དང་། ནགས་ཚལ་དོ་དམ་སྲུང་སྐྱོང་ནུས་ལྡན་བྱེད་ཁྱོན་སྤྱི་ཆིང99813ལ་སླེབས་ཡོད། རྒྱལ་ཁབ་ཀྱི་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར1.2བེད་སྤྱོད་བྱས། ནགས་ཚལ་ཐོན་ཟོག་ཏུན26157ཐོན་པའི་ནང་ཤིང་འབྲས་ཏུན5564དང་ཤིང་འབྲས་སྐམ་པོ་ཏུན184ཡོད་པ་རེད། སྤྱི་ལོ2016ལོའི་ལོ་མཇུག་ཏུ་རྨོ་ཞིང་རྒྱ་ཁྱོན་སྤྱི་ཆིང11595ཡོད་པ་རེད། དངོས་ཡོད་ཞིང་ནང་ཆུ་བེད་ལས་གྲྭ3246ཡོད་པ་དང་། ཕན་ནུས་ལྡན་པའི་ཞིང་ཆུ་འདྲེན་ཁྱོན་སྤྱི་ཆིང2080ལ་སླེབས་ཡོད། ཆུ་གྲོན་ཆུང་གི་ཞིང་ཆུ་འདྲེན་ཁྱོན་སྤྱི་ཆིང1310ལ་སླེབས་ཡོད། ལོ་མཇུག་ཏུ་དངོས་ཡོད་ཆུ་མཁོ་འདོན་ལས་གྲྭ1452ཡོད་པ། ས་ཆུ་ཤོར་བའི་ཕྱོགས་བསྡུས་བཅོས་སྐྱོང་རྒྱ་ཁྱོན་སྤྱི་ཆིང69400ལ་སླེབས་པ་དང་། ཆུ་རགས་སྤྱི་ལེ69.14བསྐྲུན་པ་བཅས་རེད།
སྤྱི་ལོ2016ལོར་ལོ་ཧྲིལ་པོར་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར9.23ལ་སླེབས་ནས9.1%འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར25.11ལ་སླེབས་ནས12.8%འཕར་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་འཕར་ཚད9.5%ལ་སླེབས། ཡང་བའི་བཟོ་ལས་དང་ལྕི་བའི་བཟོ་ལས་ལ་དབྱེ་ནས་བལྟས་ན། ཡང་བའི་བཟོ་ལས21.0%འཕར་བ་དང་ལྕི་བའི་བཟོ་ལས9.5%འཕར་ཡོད། སྤྱི་ལོ2016ལོར་འཛུགས་སྐྲུན་ཐད་རང་བྱུང་རྡོ་རྒྱུ་སྤྱོད་ཚད33.8%འཕར་བ་དང་། ངར་ལྕགས་རྒྱུ་ཆས31.2%འཕར། ངར་ལྕགས་ཅན་ཤེལ་སྒོ12.4%འཕར། མིས་བཟོས་པང་ལེབ10.8%འཕར་བ་བཅས་རེད། ལོ་ཧྲིལ་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱིས་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར22.94བྱུང་ནས་སྔ་ལོ་ལས12.8%འཕར་ཡོད། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར1.21ལ་སླེབས་པ་དེ་དུས་མཚུངས་ལས14.7%འཕར། ཁྲལ་དངུལ་སྒོར་དུང་ཕྱུར0.68ལ་སླེབས་པ་དེ་དུས་མཚུངས་ལས1.2%མར་ཆག་ཡོད། ལོ་ཧྲིལ་པོར་སྤྱི་ཚོགས་ཡོངས་ཀྱི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར6.32ལ་སླེབས་ནས་སྔ་ལོ་ལས9.0%འཕར་ཡོད། རྫོང་ཡོངས་ཀྱི་འོས་ཐོབ་ཡན་གྱི་སྤྱིའི་འགན་གཙང་དང་ཆེད་ལས་འགན་གཙང་གི་ཨར་སྐྲུན་ཁེ་ལས6ཡོད་པ་དང་། སྐྲུན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར4.74མངོན་འགྱུར་བྱུང་ནས29.7%འཕར་ཡོད།
སྤྱི་ལོ2016ལོར་ལོ་ཧྲིལ་པོར་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར17.86ལ་སླེབས་ནས12.3%འཕར་ཡོད། དེའི་ནང་སྡེབ་ཚོང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར3.65ལ་སླེབས་ནས14.8%འཕར་བ་དང་། སིལ་ཚོང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར7.68ལ་སླེབས་ནས14.4%འཕར་ཡོད། ཞག་སྡོད་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར3.38ལ་སླེབས་ནས8.8%འཕར་ཡོད། བཟའ་བཏུང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར3.15ལ་སླེབས་ནས8.3%འཕར་ཡོད། ཚད་བཀག་ཡན་གྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར4.70ལ་སླེབས་པ་དེ་དུས་མཚུངས་ལས18.0%འཕར་བ་དེས་རྫོང་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་བསྡོམས་འབོར་གྱི26.3%བཟུང་ཡོད། གཉེར་སྐྱོང་བྱ་ཡུལ་ལ་གཞིགས་ནས་དབྱེ་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁྲོམ་རར་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར10.05ལ་སླེབས་ནས12.2%འཕར་བ་དང་། གྲོང་གསེབ་ཀྱི་ཁྲོམ་རར་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར7.81ལ་སླེབས་ནས12.3%འཕར་ཡོད། ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི500.57ལ་སྣེ་ལེན་ཞུས་ནས24.7%འཕར་བ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར40.71ལ་སླེབས་ནས25.0%འཕར་ཡོད། སྐར་མ་རིམ་པའི་ཞིང་པའི་སྤྲོ་སྐྱིད་ཁང30གྲུབ་འབྲས་ཐོབ་པའི་ངང་བཏོད་པའི་ནང་སྐར་མ་བཞི་རིམ་པའི་ཞིང་པའི་སྤྲོ་སྐྱིད་ཁང1དང་། སྐར་མ་གསུམ་པའི་ཞིང་པའི་སྤྲོ་སྐྱིད་ཁང6སྐར་མ་གཉིས་པའི་ཞིང་པའི་སྤྲོ་སྐྱིད་ཁང14སྐར་མ་དང་པོའི་ཞིང་པའི་སྤྲོ་སྐྱིད་ཁང9བཅས་ཡོད་པ་རེད།