སྤྱི་ལོ1949ལོའི་ཟླ10པའི་ཚེས1ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས། ཟླ12པའི་ཚེས27ཉིན། ཕིང་ཝུའུ་རྫོང་བཅིངས་འགྲོལ་བྱས། སྤྱི་ལོ1950ལོའི་ཟླ1པོར་ཕིང་ཝུའུ་རྫོང་མི་དམངས་སྲིད་གཞུང་བཙུགས་པ་དང་། ལི་ཅན་ཀོ་ཀྲོན་ཆུས(དེང་གི་ཀོང་ཡོན་གྲོང་ཁྱེར་བཅོས་པ)བཙུགས། སྤྱི་ལོ1952ལོའི་ཟླ12པར་ཅན་ཀོ་ཀྲོན་ཆུས་ལ་ཀོང་ཡོན་ཀྲོན་ཆུས་ཞེས་མིང་བསྒྱུར། སྤྱི་ལོ1953ལོའི་ཟླ3པར་ཀོང་ཡོན་ཀྲོན་ཆུས་མེད་པར་བཟོས་པ་དང་ཕིང་ཝུའུ་རྫོང་ཁོངས་མེན་དབྱང་ཀྲོན་ཆུས་སུ་བསྒྱུར། སྤྱི་ལོ1968ལོའི་ཟླ7པར་མེན་དབྱང་ཀྲོན་ཆུས་དེ་མེན་དབྱང་ས་ཁུལ་དུ་བསྒྱུར། ཕིང་ཝུའུ་རྫོང་མན་དབྱང་ས་ཁུལ་དུ་བསྒྱུར། སྤྱི་ལོ1985ལོའི་ཟླ2པར་མེན་དབྱང་ས་ཁུལ་ནས་ཕྱིར་འཐེན་བྱས་ཏེ་མེན་དབྱང་གྲོང་ཁྱེར་བཙུགས་པ་དང་ཕིང་ཝུའུ་རྫོང་ནས་མེན་དབྱང་གྲོང་ཁྱེར་གྱི་ཁོངས་སུ་བསྒྱུར།
སྤྱི་ལོ2019ལོའི་ལོ་མཇུག་བར་ཕིང་ཝུའུ་རྫོང་ཁོངས་གཏོགས་སུ་གྲོང་རྡལ6དང་། ཤང2 མི་རིགས་ཤང12 སྲིད་འཛིན་གྲོང་ཚོ248 གྲོང་མིའི་ཚོགས་ཆུང1486 སྡེ་ཁུལ་གྲོང་མི་ཨུ་ཡོན་ལྷན་ཁང16བཅས་ཡོད་པ་རེད།
སྤྱི་ལོ2018ལོའི་ལོ་མཇུག་བར་ཕིང་ཝུའུ་རྫོང་གི་དུད་ཚང་བསྡོམས་འབོར་ཁྲི6.29ལ་སླེབས་པ་དང་། ཐེམ་ཐོའི་མི་འབོར་ཁྲི17.74ལ་སླེབས། གྲོང་གསེབ་ཀྱི་མི་འབོར་ཁྲི14.59ལ་སླེབས། མི་འབོར་བསྡོམས་འབོར་ཁྲོད་སྐྱེས་པའི་མི་འབོར་ཁྲི9.22དང་བུད་མེད་མི་འབོར་ཁྲི8.52ཡོད་པ་དེས་མི་འབོར་བསྡོམས་འབོར་གྱི་སོ་སོར52.0%དང48.0%བཟུང་ཡོད། རྒྱུན་སྡོད་མི་འབོར་ཁྲི15.90ལ་སླེབས་པ་དང་རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད33.24%ལ་སླེབས་ནས་ལོ་གོང་མ་ལས 1.44%འཕར་ཡོད། ལོ་དེར་གསར་སྐྱེས་མི་འབོར1435དང་། ཤི་རྨས་མི་འབོར1799ཡོད་པ། མི་འབོར་རང་ཤུགས་སུ་འཕར་ཚད0.07‰ཡིན།
རྫོང་ཏང་ཨུའི་ཧྲུའུ་ཅི། ལི་ཀྲི་ཕིང་།
རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན། ཧོང་ཅུན།
རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ལུའོ་ཧྲེང་ཅུན།
རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཐང་པིན།
རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྫོང་དཔོན་གཞོན་པ། ལི་ཞུའེ་དབྱི།
རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན། མི་དམངས་དྲག་ཆས་པུའུ་ཡི་ཆབ་སྲིད་ཨུ་ཡོན། དབྱང་ཡུང་།
རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྒྲིག་ལམ་ཏང་ཨུའི་ཧྲུའུ་ཅི། མ་ཅན་ཀོང་།
རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་། ཀྲང་ཝེ།
རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཁྲེན་ཞུས།
རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི། མ་ལི།
རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཀྲའོ་ཧྲུའུ་པིང་།
སྤྱི་ལོ2018ལོར་ཕིང་ཝུའུ་རྫོང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར45.05བྱུང་བ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས6.4%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར8.79ལ་སླེབས་ནས3.6%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར20.1ལ་སླེབས་ནས8.4%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར16.16ལ་སླེབས་ནས5.3%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་ནི19.5:44.63:35.87ཡིན། རྫོང་དེ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར27808ལ་སླེབས་ནས10.3%འཕར་ཡོད། སྤྱི་ལོ2018ལོར་ཕིང་ཝུའུ་རྫོང་གི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར42.90བཏང་ནས17.9%འཕར་བའི་ནང་ཅན་ཨན་ལས་གྲྭར་མ་དངུལ་སྒོར་དུང་ཕྱུར39.26བཏང་ནས17.5%འཕར་བ་དང་། སྒྲིག་ཆས་བཟོ་པའི་ཡོ་བྱད་ཉོ་སྒྲུབ་བྱེད་ཚད་སྒོར་དུང་ཕྱུར2.82ལ་སླེབས་ནས22.5%འཕར། འགྲོ་གྲོན་གཞན་དག་སྒོར་དུང་ཕྱུར0.83ལ་སླེབས་ནས18.1%འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོར་མ་དངུལ་སྒོར་དུང་ཕྱུར1.69བཏང་ནས2.6%འཕར། ཐོན་ལས་གཉིས་པར་མ་དངུལ་སྒོར་དུང་ཕྱུར4.24བཏང་ནས3.7%མར་ཆག་ཡོད། ཐོན་ལས་གསུམ་པར་མ་དངུལ་སྒོར་དུང་ཕྱུར36.98བཏང་ནས21.8%འཕར་ཡོད། སྤྱི་ལོ2018ལོར་ཕིང་ཝུའུ་རྫོང་གི་ས་གནས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར2.74ལ་སླེབས་པའི་ནང་ཁྲལ་འབབ་སྒོར་དུང་ཕྱུར1.80ལ་སླེབས་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར18.95ལ་སླེབས་ཡོད། དེའི་ནང་སློབ་གསོའི་གཏོང་སྒོ་སྒོར་དུང་ཕྱུར1.75ལ་སླེབས་པ་དང་། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར2.90ལ་སླེབས་པ། སྨན་བཅོས་འཕྲོད་བསྟེན་གྱི་གཏོང་སྒོ་སྒོར་དུང་ཕྱུར1.36ལ་སླེབས་ཡོད། ཞིང་ལས། ནགས་ལས། ཆུ་ལས་གསུམ་གྱི་གཏོང་སྒོ་སྒོར་དུང་ཕྱུར5.77ལ་སླེབས་ཡོད།
སྤྱི་ལོ2018ལོའི་ལོ་མཇུག་བར་ཕིང་ཝུའུ་རྫོང་དུ་བུ་བཅོལ་ཁང21ཡོད་པ་དང་བུ་བཅོལ་ཁང་དུ་ཡོད་པའི་བྱིས་པ2894ཡོད་པ་རེད། སློབ་ཆུང་39ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ6671ཡོད་པ། སློབ་ཆུང་དུ་སློབ་མ1040བསྡུས་པ་དང་། སློབ་ཐོན་སློབ་མ1093ཡོད། དགེ་རྒན728ཡོད། སློབ་འབྲིང་དཀྱུས་མ8དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ4681ཡོད་པ་དང་། སློབ་ཐོན་སློབ་མ1724ཡོད་པ་དང་། དགེ་རྒན512ཡོད། འབྲིང་རིམ་ལས་རིགས་སློབ་གསོའི་སློབ་གྲྭ1དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ538ཡོད་པ་དང་། འབྲིང་རིམ་ལས་རིགས་སློབ་གསོའི་སློབ་གྲྭས་སློབ་མ202དང་། སློབ་ཐོན་སློབ་མ177 ཆེད་འགན་དགེ་རྒན41བཅས་བསྡུས་ཡོད། རྫོང་ཡོངས་ཀྱི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%ལ་སླེབས་པ་དང་། སློབ་ཆུང་གི་སློབ་ཐོན་སློབ་མ་སློབ་རིམ་འཕར་ཚད88.38%ལ་སླེབས་ཡོད། དམའ་རིམ་སློབ་འབྲིང་གི་སློབ་རིམ་འཕར་ཚད84.59%ལ་སླེབས་ཡོད། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ན་འདྲེས་སློབ་མ་སློབ་གྲྭར་ཞུགས་ཚད131.47%ལ་སླེབས་ཡོད།
སྤྱི་ལོ2018ལོའི་ལོ་མཇུག་བར་ཕིང་ཝུའུ་རྫོང་གིས་རྒྱལ་ཁབ་རིམ་པའི་ཚན་རྩལ་རྣམ་གྲངས1རེ་འདུན་ཞུ་བྱས་པ་དང་། རིན་མེད་མ་དངུལ་སྒོར་ཁྲི50ཐོབ་ཡོད། ཞིང་ཆེན་རིམ་པའི་ཚན་རྩལ་རྣམ་གྲངས20རེ་ཞུ་བྱས་པར། རིན་མེད་མ་དངུལ་སྒོར་ཁྲི210རག་པ་རེད། ལོ་ཧྲིལ་པོར་ཁེ་དབང་བེད་སྤྱོད་བདག་ཐོབ120རེ་ཞུ་བྱས་པ་དང་ཁེ་དབང་བེད་སྤྱོད་བདག་ཐོབ་འདུན་ཞུ་བྱེད་དབང94ཡོད་པའི་ནང་གསར་གཏོད་ཁེ་དབང་བེད་སྤྱོད་བདག་ཐོབ་རེ་ཞུ་བྱེད་ཚད15དང་གསར་གཏོད་ཁེ་དབང་བེད་སྤྱོད་བདག་ཐོབ་སྤྲོད་ཚད4ཡོད་པ་རེད། ལོ་ཧྲིལ་པོར་ཆེད་ཁེའི་རྣམ་གྲངས51ལག་བསྟར་བྱས་པ་དང་། ཆེད་ཁེའི་རྣམ་གྲངས་ལ་ཁེ་སྤོགས་དཔྱ་ཁྲལ་སྒོར་ཁྲི2106གསར་སྣོན་བྱས། ཐོན་སྐྱེད་རིན་ཐང་སྒོར་ཁྲི10959གསར་སྣོན་བྱས་ཡོད། ལོ་མཇུག་ཏུ་ལག་རྩལ་མཐོ་གསར་གྱི་ཐོན་ལས་ཁེ་ལས11དང་། ཚན་རྩལ་ཁེ་ལས་སྐྱེད་སྲིང་འཕྲུལ་ཆས2 ཚན་རྩལ་ཅན་གྱི་ཁེ་ལས་འབྲིང་ཆུང143དང་ལོ་དེར་ཚན་རྩལ་ཅན་གྱི་ཁེ་ལས་འབྲིང་ཆུང15གསར་དུ་འཕར་ཡོད།
སྤྱི་ལོ2018ལོའི་ལོ་མཇུག་བར་ཕིང་ཝུའུ་རྫོང་དུ་སྤྱི་པའི་དཔེ་མཛོད་ཁང1ཡོད་པ་དང་། དཔེ་དེབ་ཁྲི20.5ཉར་ཡོད། ལྟ་ཀློག་ཁང་གི་བཞུགས་གྲལ365ཡོད་པ་དང་། རིག་གནས་ཁང26དང་ཤང་དང་གྲོང་རྡལ་གྱི་རིག་གནསས་ཚིགས25དང་། ལོ་ཧྲིལ་པོར་རིག་རྩལ་བྱེད་སྒོ་ཐེངས132གཉེར་བ་དང་། རྟེན་རྫས་བཤམས་མཛོད་ཁང2དང་གསོག་ཉར་དངོས་རྫས1800ཡོད། རྫོང་ནང་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ1དང་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ5བཅས་ཡོད། རྫོང་དེ་ཡོངས་ཀྱི་རླུང་འཕྲིན་ཁྱབ་ཚད100%དང་། བརྙན་འཕྲིན་ཁྱབ་ཚད99.98%ལ་སླེབས་ཡོད། སྐུད་ཡོད་བརྙན་འཕྲིན་དུད་ཚང་དུ་ཁྱབ་ཚད21.69%ལ་སླེབས་ཡོད། གྲོང་ཁུལ་གྱི་གྲངས་འཛིན་བརྙན་འཕྲིན་བརྗེ་སྒྱུར་བྱེད་ཚད99.7%ལ་སླེབས་པ་བཅས་རེད།
སྤྱི་ལོ2018ལོའི་ལོ་མཇུག་བར་ཕིང་ཝུའུ་རྫོང་དུ་ལུས་རྩལ་ཐང1ཡོད་པ་དང་ལོ་ཧྲིལ་པོར་ལུས་རྩལ་འགྲན་ཚོགས་ཐེངས52གཉེར་བ་དང་ཞུགས་མཁན་མི་ཐེངས་ཁྲི3.5ལ་སླེབས་ཡོད་པ་རེད། གྲོང་ཁྱེར་ཡན་གྱི་འགྲན་བསྡུར་ནང་བྱ་དགའ་ཐོབ་པའི་རྟགས་མ(གསེར)2བཅས་ཡོད། སློབ་གྲྭའི་ལུས་རྩལ་ཚད་ལོན་ལག་བསྟར་རྒྱ་ཁྱོན100%དང་སློབ་གྲྭའི་ལུས་རྩལ་ཚད་ལོན་ཚད100%ལ་སླེབས་ཡོད་པ་རེད།
སྤྱི་ལོ2018ལོའི་ལོ་མཇུག་བར་ཕིང་ཝུའུ་རྫོང་དུ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི279ཡོད་པའི་ནང་ཕྱོགས་བསྡུས་སྨན་ཁང1དང་། ཀྲུང་ལུགས་སྨན་ཁང1 བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་ས་ཚིགས1 ནད་ཡམས་ཚོད་འཛིན་ལྟེ་གནས1 ཤང་གྲོང་འཕྲོད་བསྟེན་ཁང25བཅས་ཡོད་པ་དང་། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་ནད་ཁྲི750སྒོ་ཕྱེ་བ་དེའི་ནང་ཕྱོགས་བསྡུས་སྨན་ཁང་གི་ནད་ཁྲི200དང་། ཀྲུང་ལུགས་སྨན་ཁང་གི་ནད་ཁྲི85 མ་བུ་བདེ་སྲུང་ས་ཚིགས་ཀྱི་ནད་ཁྲི42 ཤང་གྲོང་འཕྲོད་བསྟེན་ཁང་གི་ནད་ཁྲི388བཅས་ཡོད། རྫོང་ཡོངས་ཀྱི་སྨན་ཁང་དང་འཕྲོད་བསྟེན་ཁང་གི་ལག་རྩལ་མི་སྣ829དང་། ལས་གཉེར་སྨན་པ་དཀའ་བཅུ་པ353 ནད་གཡོག་295ཐོ་འགོད་བྱས་པ། ལོ5མན་གྱི་བྱིས་པའི་ཤི་ཚད2.67%ལ་སླེབས་པ་དང་། སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་ཚད100%ལ་སླེབས་པ། འགོས་ནད་ཕོག་ཚད་446.58/ཁྲི10ལ་སླེབས། གྲོང་གསེབ་ཀྱི་འཕྲོད་བསྟེན་གསང་སྤྱོད་ཁྱབ་ཚད84.2%ལ་སླེབས་ཡོད། སྤྱི་ལོ2019ལོའི་ཟླ8པར་དམ་ཟབ་རྣམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་མཉམ་གཟུགས་འཛུགས་སྐྱོང་གི་ཚོད་ལྟའི་རྫོང་དུ་བདམས་པ་རེད།