ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་མ་ཐག་པའི་དུས་སུ་སི་ཁྲོན་གྱིས་སི་ཁྲོན་ཤར་རྒྱུད་དང་། སི་ཁྲོན་ལྷོ་རྒྱུད། སི་ཁྲོན་ནུབ་རྒྱུད། སི་ཁྲོན་བྱང་རྒྱུད་བཅས་སྲིད་འཛིན་ས་ཁུལ་བཞི་བཙུགས་ཡོད། ཡན་ཐིང་རྫོང་ནི་སི་ཁྲོན་བྱང་རྒྱུད་ཀྱི་སྲིད་འཛིན་ས་ཁུལ་སུའེ་ཉིན་ཀྲོན་ཆུས་སུ་གཏོགས། སྤྱི་ལོ1952ལོར་སི་ཁྲོན་ཧོ་ཆུས་བཙུགས་རྗེས་ཡན་ཐིང་རྫོང་ནི་སི་ཁྲོན་ཞིང་ཆེན་སུའེ་ཉིང་ཀྲོན་ཆུས་སུ་གཏོགས། སྤྱི་ལོ1958ལོའི་ཟླ9པར། སུའེ་ཉིང་ཆེད་ཁུལ་མེན་དབྱང་ཆེད་ཁུལ་དུ་ཟླ་སྒྲིལ་བཏང་རྗེས། ཡན་ཐིང་རྫོང་ནི་མེན་དབྱང་ཆེད་ཁུལ་དུ་གཏོགས། སྤྱི་ལོ1968ལོར་མེན་དབྱང་ཆེད་ཁུལ་དེ་མེན་དབྱང་ས་ཁུལ་དུ་བསྒྱུར། ཡན་ཐིང་རྫོང་ནི་མེན་དབྱང་ས་ཁུལ་དུ་གཏོགས། སྤྱི་ལོ1985ལོའི་ཟླ5པར་མེན་དབྱང་ས་ཁུལ་མེད་པར་བཟོས་ནས་མེན་དབྱང་གྲོང་ཁྱེར་བཙུགས་རྗེས་ཡན་ཐིང་རྫོང་མེན་དབྱང་གྲོང་ཁྱེར་ཁོངས་སུ་གཏོགས།
སྤྱི་ལོ2019ལོ་བར་ཡན་ཐིང་རྫོང་ཁོངས་གཏོགས་ཤང་1དང་། ཡུན་ཞི་གྲོང་རྡལ་དང་། ཧྥུའུ་དབྱི་གྲོང་རྡལ། ཡུས་ལུང་གྲོང་རྡལ། ཧོང་ཏན་གྲོང་རྡལ། ཅུས་ལུང་གྲོང་རྡལ། ཅིན་ཁུང་གྲོང་རྡལ། ཨོ་ཤིས་གྲོང་རྡལ། ཆི་པོ་གྲོང་རྡལ། ཡུང་ཐའེ་གྲོང་རྡལ། ཅིའུ་ལུང་གྲོང་རྡལ། ཤིས་ལིང་གྲོང་རྡལ། དབྱི་ཙུའུ་གྲོང་རྡལ། ཝུན་ཐུང་གྲོང་རྡལ། ཀའོ་ཆུས་གྲོང་རྡལ་བཅས་གྲོང་རྡལ14 ཁྲོམ་གཞུང1བཅས་ཡོད་པ་རེད། རྫོང་མི་དམངས་སྲིད་གཞུང་གི་ཧྥེང་ལེང་ཁྲོམ་གཞུང་དུ་བཅའ་སྡོད་བྱས་ཡོད།
སྤྱི་ལོ2017ལོའི་ལོ་མཇུག་བར་ཡན་ཐིང་རྫོང་གི་དུད་ཚང་བསྡོམས་འབོར་ཁྲི24.34ལ་སླེབས་པ་དང་ཐེམ་ཐོའི་མི་འབོར་ཁྲི55.33ལ་སླེབས་ཡོད། རྒྱུན་སྡོད་མི་འབོར་ཁྲི45.55ལ་སླེབས་ཡོད་པ་རེད། ལོ་དེར་སྐྱེས་པའི་མི་འབོར4868དང་། ཤི་བའི་མི་འབོར3844ཡོད། མི་འབོར་རང་ཤུགས་སུ་འཕར་ཚད1.76‰ལ་སླེབས་ཡོད།
ཡན་ཐིང་རྫོང་དུ་རྒྱ་རིགས་ཕུད་ད་དུང་དབྱིས་རིགས་དང་། བོད་རིགས། ཆའང་རིགས། མིའོ་རིགས་སོགས་གྲངས་ཉུང་མི་རིགས16ཡོད་པ་དང་། ཁྱོན་བསྡོམས་མི་གྲངས5469ཡོད་ཅིང་། གཙོ་བོ་རྫོང་མཁར་གྱི་པེ་ཅེ་སྡེ་ཁུལ་དང་། ཏ་ཞིན། ཧྥེང་ཧོ། ལིན་ཧྲན། ཧྥུ་དབྱི་སོགས་ཞང་དང་གྲོང་རྡལ10ལ་ཁྱབ་ཡོད། ཡན་ཐིང་རྫོང་དུ་ཧུའེ་རིགས་མི་གྲངས5000ཙམ་ཡོད་ཅིང་། དེ་ནི་ཞིང་ཆེན་ཡོངས་ཀྱི་ཧུའེ་རིགས་མང་པའི་རྫོང་གཙོ་བོ10ཡི་གྲས་ཤིག་ཡིན་པ་དང་། སྤྱི་ལོ1984ལོའི་ཟླ3པར་ཏ་ཞིན་ཧུའེ་རིགས་ཤང་བཙུགས་པ་དང་། མེན་དབྱང་གྲོང་ཁྱེར་གྱི་ཧུའེ་རིགས་ཤང་གཅིག་པུ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་མི་རིགས་ཀྱི་མི་འབོར་འདུས་ཚད་ཆེས་ཆེ་བའི་ཧུའེ་རིགས་ཤང་ཡང་ཡིན།
སྤྱི་ལོ2017ལོར་ཡན་ཐིང་རྫོང་དུ་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར103.83ལ་སླེབས་པ་དེ་དུས་མཚུངས་ལས7.7%འཕར་བའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར37.08ལ་སླེབས་ནས4.1%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར29.33ལ་སླེབས་ནས10.1%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར37.42ལ་སླེབས་ནས9.5%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་དེ་ལོ་གོང་མའི་37.8:27.8:34.4ནས35.7:28.3:36.0བར་ལེགས་སྒྲིག་བྱས་ཡོད། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལོ་ཧྲིལ་པོར་རིན་ཐང་འཕར་མ་སྒོར་དུང་ཕྱུར62.14ལ་སླེབས་ནས8.1%འཕར་ཡོད།
སྤྱི་ལོ2017ལོར་ཡན་ཐིང་རྫོང་དུ་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར10.86ལ་སླེབས་ནས22.3%མར་ཆག་ཡོད། ས་གནས་ཀྱི་སྤྱི་པའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར3.40ལ་སླེབས་ནས4.1%འཕར་ཡོད། ནོར་སྲིད་ཀྱི་སྤྱིའི་གཏོང་སྒོ་སྒོར་དུང་ཕྱུར45.70ལ་སླེབས་ནས12.8%ཆག་ཡོད། སྤྱི་ལོ2017ལོར་ཡན་ཐིང་རྫོང་གིས་ལོ་ཧྲིལ་པོར་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར77.11བཏང་ནས14.6%འཕར་ཡོད། མ་དངུལ་ཡོང་ཁུངས་ནས་བལྟས་ན། སྲིད་གཞུང་གིས་མ་དངུལ་སྒོར་དུང་ཕྱུར41.67བཏང་ནས6.4%འཕར་བ་དང་། དམངས་ཁྲོད་ནས་མ་དངུལ་སྒོར་དུང་ཕྱུར35.44བཏང་ནས26.0%འཕར་ཡོད། ཐོན་ལས་ནས་བལྟས་ན། ཐོན་ལས་དང་པོར་མ་དངུལ་སྒོར་དུང་ཕྱུར3.98བཏང་ནས9.3%ཆག་པ་དང་། ཐོན་ལས་གཉིས་པར་མ་དངུལ་སྒོར་དུང་ཕྱུར17.77བཏང་ནས16.3%འཕར་བ། ཐོན་ལས་གསུམ་པར་མ་དངུལ་སྒོར་དུང་ཕྱུར55.36བཏང་ནས16.2%འཕར་ཡོད། མ་འཇོག་རིགས་ལ་བལྟས་ན། གཞི་རྩའི་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར48.35བཏང་ནས9.1%འཕར་བ་དང་། ལག་རྩལ་གསར་བཅོས་དང་བསྒྱུར་བཀོད་ཐད་ལ་མ་དངུལ་སྒོར་དུང་ཕྱུར18.43བཏང་བས44.7%འཕར་ཡོད། ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར8.33བཏང་བ་དེ45.6%འཕར་བ། ཞིང་དུད་ཀྱིས་མ་དངུལ་སྒོར་དུང་ཕྱུར2.0བཏང་ནས55.6%མར་ཆག་ཡོད།
སྤྱི་ལོ2017ལོ་བར་ཡན་ཐིང་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར29212ལ་སླེབས་ནས8.3%འཕར་བའི་ནང་གླ་ཕོགས་རང་བཞིན་གྱི་ཡོང་འབབ་སྒོར18945ལ་སླེབས་ནས8.3%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་འཛད་སྤྱོད་གཏོང་སྒོ་སྒོར19561ལ་སླེབས་པ་དེ9.0%འཕར་ཡོད། དེའི་ནང་བཟའ་བཅའ་དང་། དུ་བ། ཨ་རག་བཅས་ཀྱི་གཏོང་སྒོ་སྒོར7519ལ་སླེབས་ནས9.6%འཕར་ཡོད། ལོ་ཧྲིལ་པོར་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར14086ལ་སླེབས་ནས9.1%འཕར་ཡོད། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་འཚོ་བའི་འཛད་སྤྱོད་གཏོང་སྒོ་སྒོར11300ལ་སླེབས་ནས9.9%འཕར་བའི་ནང་བཟའ་བཅར་ཐ་མག་དང་ཆང་རག་གི་གཏོང་སྒོ་སྒོར4376ལ་སླེབས་ནས6.5%འཕར་ཡོད།
སྤྱི་ལོ2017ལོར་ཡན་ཐིང་རྫོང་གིས་ལོ་ཧྲིལ་པོར་ཞིང་ལས། ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར37.94བྱུང་ནས4.2%འཕར་ཡོད། དེའི་ནང་ཞིང་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར22.05ལ་སླེབས་ནས5.4%འཕར་བ་དང་། ནགས་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར1.35ལ་སླེབས་ནས7.3%འཕར་། འབྲོག་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར11.86ལ་སླེབས་ནས1.0%འཕར་ཡོད། ཉ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར1.81ལ་སླེབས་ནས8.2%འཕར་ཡོད། ཞིང་ལས། ནགས་ལས། འབྲོག་ལས། ཉ་ལས་གསུམ་གྱི་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར0.87ལ་སླེབས་ནས9.5%འཕར་ཡོད། ལོ་ཧྲིལ་པོར་ཞིང་ལས་སྐྱེ་དངོས་ཀྱི་སྤྱིའི་འདེབས་ཁྱོན་མུའུ་ཁྲི124.38ལ་སླེབས་ནས0.3%འཕར་ཡོད། དེའི་ནང་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི87.03ལ་སླེབས་ནས0.3%འཕར་བ་དང་། སྣུམ་རྒྱུའི་ལོ་ཏོག་འདེབས་ཁྱོན་མུའུ་ཁྲི23.04ལ་སླེབས་ནས0.1%འཕར་ཡོད། ལོ་ཧྲིལ་པོར་འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི31.25ལ་སླེབས་ནས3.2%འཕར་ཡོད། དེའི་ནང་དཔྱིད་ཀྱི་འབྲུ་རིགས་ཐོན་འབོར་ཏུན་ཁྲི22.48ལ་སླེབས་ནས3.1%འཕར་བ་དང་། ཞའོ་ཁྲུན་གྱི་འབྲུ་རིགས་ཐོན་ཚད་ཏུན་ཁྲི8.77ལ་སླེབས་ནས3.4%འཕར་ཡོད། ཞིང་ལས་ཐོན་རྫས་གཙོ་བོའི་གྲས་སུ། འབྲས་ཐོན་ཚད་ཏུན་ཁྲི10.66ཡིན་ཞིང་། 2.7%འཕར་སྣོན་བྱུང་། གྲོའི་ཐོན་ཚད་ཏུན་ཁྲི8.42ལ་སླེབས་ནས་3.5%འཕར་ཡོད། སྣུམ་རྒྱུའི་ལོ་ཏོག་ཐོན་ཚད་ཏུན་ཁྲི3.77ལ་སླེབས་ནས0.9%འཕར། སྔོ་ཚལ་ཐོན་ཚད་ཏུན་ཁྲི15.97ལ་སླེབས་ནས1.1%འཕར་ཡོད།
སྤྱི་ལོ2017ལོར་ཡན་ཐིང་རྫོང་གིས་ལོ་ཧྲིལ་པོར་བཟོ་ལས་ཡོངས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར15.66ལ་སླེབས་ནས9.1%འཕར་ཡོད། དེའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་འཕར་ཐང11.0%འཕར་ཡོད། ལོ་མཇུག་ཏུ་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས21ཡོད་པ་དང་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར11.78ལ་སླེབས་ནས27.4%འཕར་བ་དང་། བཟོ་ལས་བྲིན་ཚོང་གི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར10.61ལ་སླེབས་ནས23.97%འཕར་ཡོད། བཟོ་ལས་ཀྱི་ཐོན་སྐྱེད་དང་བྲིན་ཚོང་བྱེད་ཚད90.0%ལ་སླེབས་ནས2.8%མར་ཆག བཟོ་ལས་ཐོན་སྐྱེད་ཀྱི་ཕྱོགས་བསྡུས་ནུས་ཁུངས་ཟད་ཚད་ལྡན་རྡོ་སོལ་ཏུན9845ལ་སླེབས་ནས15.0%འཕར་ཡོད། སྤྱི་ལོ2017ལོར་ཡན་ཐིང་རྫོང་གི་འོས་ཐོབ་ཡན་གྱི་ཨར་སྐྲུན་ཁེ་ལས12ལ་ཨར་སྐྲུན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར19.0ལ་སླེབས་ནས8.4%འཕར་ཡོད། ཁང་པའི་ཨར་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི75.13ལ་སླེབས་ནས64.2%འཕར་ཡོད། སྡོད་ཁང་འཛུགས་སྐྲུན་ལེགས་གྲུབ་བྱུང་བའི་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི45.93ལ་སླེབས་ནས34.2%འཕར་ཡོད།
སྤྱི་ལོ2017ལོར་ཡན་ཐིང་རྫོང་གི་ལོ་ཧྲིལ་པོའི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར61.68ལ་སླེབས་ནས12.3%འཕར་ཡོད། ལས་རིགས་ལ་གཞིགས་ནས་དབྱེ་ན་སྡེབ་ཚོང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར11.89ལ་སླེབས་ནས11.5%འཕར་བ་དང་། སིལ་ཚོང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར31.96ལ་སླེབས་ནས12.5%འཕར་ཡོད། ཞག་སྡོད་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར3.60ལ་སླེབས་ནས11.3%འཕར་ཡོད། བཟའ་བཏུང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར14.23ལ་སླེབས་ནས12.6%འཕར་ཡོད། གཉེར་སྐྱོང་ཁུལ་ལ་གཞིགས་ནས་དབྱེ་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁྲོམ་རར་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར34.44ལ་སླེབས་ནས13.0%འཕར་བ་དང་། གྲོང་གསེབ་ཀྱི་ཁྲོམ་རར་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར27.24ལ་སླེབས་ནས11.4%འཕར་ཡོད། བཅད་གྲངས་ལྟར་དབྱེ་ན། བཅད་གྲངས་ཡན་གྱི་ཁེ་ལས་དང་ཁེར་གཉེར་ཁྱིམ་དུད་ཀྱི་སིལ་ཚོང་གྲངས་འབོར་སྒོར་དུང་ཕྱུར10.98ལ་སླེབས་ནས17.0%འཕར་བ་དང་། བཅད་གྲངས་མན་གྱི་ཁེ་ལས་དང་ཁེར་གཉེར་ཁྱིམ་དུད་ལ་སིལ་འཚོང་བྱས་གྲངས་སྒོར་དུང་ཕྱུར50.70ལ་སླེབས་པས11.3%འཕར་ཡོད།
སྤྱི་ལོ2017ལོར་ཡན་ཐིང་རྫོང་དུ་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར9.66བྱུང་བ་དེ་དུས་མཚུངས་ལས34.7%འཕར་ཡོད། ཡུལ་སྐོར་བ་མི་ཐེངས་ཁྲི190.12ལ་སྣེ་ལེན་ཞུས་པ་དེ21.2%འཕར་ཡོད་པ་རེད། སྤྱི་ལོ2017ལོར་ཡན་ཐིང་རྫོང་གིས་ནང་ཁུལ་གྱི་མ་འཇོག་རྣམ་གྲངས47ནང་འདྲེན་བྱས་པར་མ་དངུལ་སྒོར་དུང་ཕྱུར31.95དོན་འཁྱོལ་བྱུང་ནས8.5%འཕར་ཡོད། ཕྱིར་གཏོང་ནང་འདྲེན་བྱས་གྲངས་བསྡོམས་འབོར་སྒོར་དུང་ཕྱུར0.34ལ་སླེབས་པས209.8%འཕར་ཡོད།
སྤྱི་ལོ2017ལོའི་ལོ་མཇུག་བར་ཡན་ཐིང་རྫོང་དངུལ་རྩའི་སྒྲིག་གཞིས་མི་དམངས་ཤོག་སྒོར་གྱི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར165.25ལ་སླེབས་པ་དེ་དུས་མཚུངས་ལས9.2%འཕར་བའི་ནང་དུད་ཚང་གི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར135.57ལ་སླེབས་ནས8.6%འཕར་ཡོད། མི་དམངས་ཤོག་སྒོར་གྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར67.47ལ་སླེབས་པ་དེ་དུས་མཚུངས་ལས14.1%འཕར་ཡོད། སྤྱི་ལོ2017ལོའི་ལོ་མཇུག་བར་ཡན་ཐིང་རྫོང་དུ་འགན་བཅོལ་ཀུང་སི12ཡོད་པ་དང་ལོ་ཧྲིལ་པོར་འགན་བཅོལ་འགན་བཅོལ་གྱི་ཡོང་འབབ་སྣ་ཚོགས་སྒོར་དུང་ཕྱུར5.16ལ་སླེབས་པའི་ནང་རྒྱུ་ནོར་འགན་བཅོལ་གྱི་གྲོན་དངུལ་འགན་ལེན་གྱི་ཡོང་འབབ་སྒོར་དུང་ཕྱུར1.08དང་མི་ལུས་འགན་བཅོལ་གྱི་འགན་བཅོལ་ཡོང་འབབ་སྒོར་དུང་ཕྱུར4.08ལ་སླེབས་ཡོད་པ་རེད།
སྤྱི་ལོ2017ལོའི་ལོ་མཇུག་བར་ཡན་ཐིང་རྫོང་གི་འོས་ཐོབ་ཡན་གྱི་ས་ཁང་བདག་ཁོངས་ཁེ་ལས24ཡོད་པ་དང་ཚོང་སྒྱུར་སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི161.11ལ་སླེབས་ནས8.8%འཕར་བ་དང་། ཚོང་སྒྱུར་སྡོད་ཁང་བསྐྲུན་ལ་སླེབས་པའི་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི20.21ལ་སླེབས་ནས71.9%འཕར། ཚོང་སྒྱུར་སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི33.52ལ་སླེབས་ནས12.4%འཕར་ཡོད།
སྤྱི་ལོ2017ལོ་བར་ཡན་ཐིང་རྫོང་གིས་ལོ་ཧྲིལ་པོར་སྦྲག་ཏར་ལས་སྒོའི་བསྡོམས་འབོར་སྒོར་ཁྲི13356ལ་སླེབས་ཡོད། དེའི་ནང་སྦྲག་སྲིད་ལས་སྒོའི་བསྡོམས་འབོར་སྒོར་ཁྲི5849དང་གློག་འཕྲིན་ལས་སྒོའི་བསྡོམས་འབོར་སྒོར་ཁྲི7507ལ་སླེབས་ཡོད་པ་རེད། ལོ་མཇུག་ཏུ་རྫོང་ཡོངས་སུ་སྦྲག་སྲིད་ཅུས(སོ)66ཡོད་པ་དང་། གཏན་འཇགས་ཁ་པར་སྤྱོད་མཁན་དུད་ཚང་ཁྲི4.21ལ་སླེབས་ནས29.4%འཕར་ཡོད།