ཙི་ཐུང་རྫོང་།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-05-11 17:27ལ་འགྲུབ།

ཙི་ཐུང་རྫོང་།

ཙི་ཐུང་རྫོང་།
ཙི་ཐུང་རྫོང་ནི་སི་ཁྲོན་ཞིང་ཆེན་མེན་དབྱང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་མེན་དབྱང་གྲོང་ཁྱེར་གྱི་བྱང་ཤར་རྒྱུད་དུ་གནས་ལ། རྫོང་ཁོངས་ཀྱི་ཤར་ནུབ་ཞེང་ཚད་སྟོང་སྨི35ཙམ་ཡོད་པ། ལྷོ་བྱང་གི་རིང་ཚད་སྟོང་སྨི52.5ཙམ་ཡོད་པ། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་ངོས་གྲུ་བཞི་མ1443.92ཡོད་པ་བཅས་རེད། སྤྱི་ལོ2018ལོ་བར་ཙེ་ཐུང་རྫོང་གི་ཁོངས་གཏོགས་སུ་གྲོང་རྡལ18དང་ཤང14ཡོད་པ་རེད། སྤྱི་ལོ2016ལོའི་ལོ་མཇུག་བར་ཙེ་ཐུང་རྫོང་གི་མི་འབོར་བསྡོམས་འབོར་ཁྲི38.4ལ་སླེབས་ནས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར91.7823ལ་སླེབས་པའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར27.2723ལ་སླེབས་པ་དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར36.9513ལ་སླེབས། ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར27.5587ལ་སླེབས་པ་བཅས་རེད། ཐོན་ལས་ཐེངས་གསུམ་པསGDPའཕར་བར་སྐྱེས་འབུལ་ཚད་སོ་སོར15.9%དང་། 53.1% 31%བཅས་ལ་སླེབས་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་ནི29.7:40.3:30ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཙི་ཐུང་རྫོང་།
རྒྱ་ཡིག་གི་མིང་།
梓潼县
ཕྱི་ཡིག་གི་མིང་།
Zitong County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེན་མེན་དབྱང་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ་བརྒྱད། ཤང་བཅུ་བཞི།
སྲིད་གཞུང་སྡོད་གནས།
ཝུན་ཁྲང་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0816
སྦྲག་སྲིད་ཚབ་ཨང་།
622150
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ1442.32
མི་གྲངས།
ཁྲི36.27(སྤྱི་ལོ2000ལོར།)
ནམ་ཟླ།
ཚ་ཁུལ་ཕལ་བའི་བརླན་བཤེར་རང་བཞིན་གྱི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
川B
སྲིད་འཛིན་ཚབ་ཨང་།
510725
གནམ་གྲུའི་ཐང་།
མེན་དབྱང་ནན་ཅའོ་གནམ་གྲུའི་ཐང་།
1 ལོ་རྒྱུས་འཕེལ་རིམ།     

སྤྱི་ལོ1949ལོའི་ཟླ12པའི་ཚེས20ཉིན། ཙི་ཐུང་རྫོང་བཅིངས་འགྲོལ་བཏང་། མི་དམངས་མང་ཚོགས་སྒྲིག་འཛུགས་དང་སྐུལ་སློང་བྱས་ནས་སྤྱི་ཚོགས་བསྒྱུར་བཅོས་སྣ་ཚོགས་བྱས་པ་དང་། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་སྲ་བརྟན་དུ་གཏོང་བ། དཔལ་འབྱོར་འཕེལ་རྒྱས་གཏོང་བ་བཅས་ཀྱི་ཆེད་དུ་ཁག་བགོས་ནས་སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས་བསྒྱུར་བཅོས་བྱེད་འགོ་བརྩམས་པ་རེད། བཅིངས་འགྲོལ་བཏང་བའི་དུས་འགོར། ཙི་ཐུང་རྫོང་དེ་སི་ཁྲོན་ནུབ་བྱང་གནས་སྐབས་དམག་སྲིད་ཨུ་ཡོན་ལྷན་ཁང་གི་མན་དབྱང་ཀྲོན་ཆུས་སུ་གཏོགས་པར་བྱས།      སྤྱི་ལོ1950ལོའི་ཟླ3པར། ཀྲུང་དབྱང་གི་ཆོད་དོན་ལྟར། སི་ཁྲོན་ཟི་ཁྲོན་ནུབ་ཁུལ་དང་། སི་ཁྲོན་ཤར་རྒྱུད། སི་ཁྲོན་བྱང་རྒྱུད། སི་ཁྲོན་ལྷོ་ཁུལ་བཅས་སྲིད་འཛིན་ཀུང་ཧྲུའུ་ཁུལ་བཞི་རུ་བགོས་ཤིང་། དེ་དག་ལྷོ་ནུབ་དམག་སྲིད་ཨུ་ཡོན་ལྷན་ཁང་གིས་ཐད་ཀར་འགོ་ཁྲིད་བྱས་པ་དང་། ཙི་ཐུང་རྫོང་ནི་ཁྲོན་ནུབ་སྲིད་འཛིན་ཀུང་ཧྲུའུ་མེན་དབྱང་ཀྲོན་ཆུས་ཀྱི་ཁོངས་གཏོགས་ཡིན། སྤྱི་ལོ1952ལོར་ཀྲུང་དབྱང་གིས་སྲིད་འཛིན་ཀུང་ཧྲུའུ་བཞིའི་ཆུས་ཀྱི་སྒྲིག་གཞི་མེད་པར་བཟོ་རྒྱུ་དང་། སི་ཁྲོན་ཞིང་ཆེན་གྱི་སྒྲིག་གཞི་བསྐྱར་གསོ་བྱེད་རྒྱུའི་ཐག་བཅད། ཙི་ཐུང་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་མེན་དབྱང་ཀྲོན་ཆུས་སུ་གཏོགས་པར་བྱས།      སྤྱི་ལོ1968ལོའི་ཟླ་5པར། “རིག་གནས་གསར་བརྗེ་ཆེན་པོའི”ནང་མེན་དབྱང་ཆེད་ཁུལ་དེ་མེན་དབྱང་ས་ཁུལ་དུ་བསྒྱུར།      སྤྱི་ལོ1985ལོའི་ཟླ་2པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མེན་དབྱང་ས་ཁུལ་ཞིང་ཆེན་གྱི་ཐད་གཏོགས་གྲོང་ཁྱེར་དུ་བསྒྱུར་བར་ཆོག་མཆན་བཀོད། མེན་དབྱང་གི་སྒྲིག་གཞིར་འགྱུར་ལྡོག་ཐེངས་འགའ་བྱུང་བ་དང་། ཙི་ཐུང་རྫོང་ཚང་མ་ཁོངས་གཏོགས་ཡིན།  

2 སྲིད་འཛིན་ཁོངས་གཏོགས།    

སྤྱི་ལོ2018ལོ་བར་ཙེ་ཐུང་རྫོང་གི་ཁོངས་གཏོགས་སུ་ཝུན་ཁྲང་གྲོང་རྡལ། ཁྲང་ཆིན་གྲོང་རྡལ། ཞུས་ཀྲོའུ་གྲོང་རྡལ། ལི་ཡ་གྲོང་རྡལ། པའེ་ཡུན་གྲོང་རྡལ། ཝོ་ལུང་གྲོང་རྡལ། ཀོན་དབྱི་གྲོང་རྡལ། མ་ནའོ་གྲོང་རྡལ། ཧྲི་ཉིའུ་གྲོང་རྡལ། རང་འབད་གྲོང་རྡལ། རེན་ཧོ་གྲོང་རྡལ། ཧྲོང་པན་གྲོང་རྡལ། ཅིན་ལུང་གྲོང་རྡལ། ཝུན་ཞིན་གྲོང་རྡལ། ཡན་ཝུའུ་གྲོང་རྡལ། ཞན་ཧྥེང་གྲོང་རྡལ་བཅས་གྲོང་རྡལ18དང་སན་ཆོན་ཤང་དང་། ཏུང་ཧྲི་ཤང་། ཅའོ་ཐའེ་ཤང་། མ་དབྱིང་ཤང་། ཨེར་ཏུང་ཤང་། ཏ་ཤིན་ཤང་། ཏིང་ཡོན་ཤང་། ཕུའུ་ལུང་ཤང་། ཧྲི་ཐའེ་ཤང་། ཞའོ་ཡ་ཤང་། ཞན་ཧྥུང་ཤང་། ཧུང་རེན་ཤང་། པའེ་ཡུན་ཤང་། ཞན་དབྱི་ཤང་། ཧྲོང་ཧྥུང་ཤང་། ཤང14ཡོད་པ་རེད། ཙི་ཐུང་རྫོང་མི་དམངས་སྲིད་གཞུང་གིས་ཅིན་ཉིའུ་ལམ་ཆེན་དུ་བཅའ་སྡོད་བྱས་ཡོད།      

3 མི་གྲངས་གནས་ཚུལ།

སྤྱི་ལོ2016ལོའི་ལོ་མཇུག་བར་ཙེ་ཐུང་རྫོང་གི་མི་འབོར་བསྡོམས་འབོར་ཁྲི38.4ལ་སླེབས་པ་དེ་ལོ་གོང་མ་ལས0.08%འཕར་ཡོད། དེའི་ནང་བུད་མེད་མི་འབོར་ཁྲི18.63ཡོད་པ་དང་། གྲོང་གསེབ་ཀྱི་མི་འབོར་ཁྲི31.54ཡོད།      

4 དཔལ་འབྱོར་རགས་བཤད།

སྤྱི་ལོ2016ལོར་ཙེ་ཐུང་རྫོང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར91.7823ལ་སླེབས་ནས་ལོ་གོང་མ་ལས7.6%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར27.2723ལ་སླེབས་ནས4.1%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར36.9513ལ་སླེབས་ནས9.1%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར27.5587ལ་སླེབས་ནས9%འཕར་ཡོད། ཐོན་ལས་ཐེངས་གསུམ་པསGDPའཕར་བར་སྐྱེས་འབུལ་ཚད་སོ་སོར15.9%དང་། 53.1% 31%བཅས་ལ་སླེབས་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་དེ་ལོ་སྔོན་མའི29.6:41.9:28.5ནས29.7:40.3:30བར་ལེགས་སྒྲིག་བྱས་ཡོད། ཙི་ཐུང་རྫོང་གི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕར་ཐང་སྒོར་ཁྲི554967ལ་སླེབས་པ་དེ་ལོ་གོང་མ་ལས8.2%འཕར་བ་དངGDPལ་ལེགས་སྐྱེས་འབུལ་ཚད66.5%ལ་སླེབས་ཡོད།  སྤྱི་ལོ2016ལོར་ཙེ་ཐུང་རྫོང་གི་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་ཁྲི797646བཏང་བ་དེ་ལོ་གོང་མ་ལས12.8%འཕར་ཡོད། དེའི་ནང་ལག་རྩལ་སྒྱུར་བཀོད་ཐད་མ་དངུལ་སྒོར་ཁྲི134317བཏང་ནས5.7%འཕར་བ་དང་། ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་སྒོར་ཁྲི15200བཏང་ནས65.1%ཉུང་དུ་ཕྱིན། ཞིང་དུད་ཀྱིས་མ་དངུལ་སྒོར་ཁྲི30000བཏང་ནས20%འཕར་ཡོད།    སྤྱི་ལོ2016ལོར་ཙེ་ཐུང་རྫོང་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་ཁྲི56109ལ་སླེབས་པ་དེ་ལོ་གོང་མ་ལས13.1%འཕར་བའི་ནང་ས་གནས་ཀྱི་སྤྱི་པའི་ནོར་སྲིད་ཡོང་འབབ་སྒོར་ཁྲི27179ལ་སླེབས་ནས8.8%འཕར་ཡོད། ས་གནས་ཀྱི་སྤྱི་པའི་ནོར་སྲིད་གཏོང་སྒོ་སྒོར་ཁྲི193750ལ་སླེབས་ནས4.6%འཕར་ཡོད།     སྤྱི་ལོ2016ལོར་ཙི་ཐུང་རྫོང་གི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར13029ལ་སླེབས་པ་དེ་ལོ་གོང་མ་ལས9.4%འཕར་བ་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་འཚོ་བའི་འགྲོ་གྲོན་སྒོར10167ལ་སླེབས་ནས་ལོ་གོང་མ་ལས9.5%འཕར་བ་དང་། ཙི་ཐུང་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར26675ལ་སླེབས་པ་དེ་ལོ་གོང་མ་ལས8.6%འཕར་བ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་འཛད་སྤྱོད་གཏོང་སྒོ་སྒོར17705ལ་སླེབས་ནས་ལོ་གོང་མ་ལས8%འཕར་ཡོད།      

4_1 ཐོན་ལས་དང་པོ།     

སྤྱི་ལོ2015ལོར་ཙེ་ཐུང་རྫོང་དུ་ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི467736ལ་སླེབས་པ་དེ་ལོ་གོང་མ་ལས4.2%འཕར་ཡོད།    

སྤྱི་ལོ2016ལོར་ཙེ་ཐུང་རྫོང་གི་ཞིང་ལས་སྐྱེ་དངོས་སྤྱིའི་འདེབས་ཁྱོན་སྤྱི་ཆིང69387ལ་སླེབས་པ་དེ་ལོ་གོང་མ་ལས1.3%འཕར་ཡོད། དེའི་ནང་འབྲུ་རིགས་འདེབས་ཁྱོན་སྤྱི་ཆིང39989ལ་སླེབས་པ་དེ་ལོ་གོང་མ་ལས1.5%འཕར་ཡོད། ལོ་ཧྲིལ་པོར་འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན215663ལ་སླེབས་པ་དེ་སྔ་ལོ་ལས2.5%འཕར་ཡོད། དེའི་ནང་ཞའོ་ཁྲུན་གྱི་འབྲུ་རིགས་ཐོན་ཚད་ཏུན57949ལ་སླེབས་པ་དེ་ལོ་གོང་མ་དང་མཉམ་པ་དང་ཏ་ཁྲུན་གྱི་འབྲུ་རིགས་ཐོན་ཚད་ཏུན157714ལ་སླེབས་ནས་ཐོན་འཕར3.5%ལ་སླེབས་ཡོད་པ་རེད། ཞིང་ལས་ཐོན་རྫས་གཙོ་བོའི་ནང་འབྲས་ཐོན་ཚད་ཏུན104823ལ་སླེབས་ནས3.1%འཕར་བ་དང་། གྲོའི་ཐོན་ཚད་ཏུན49406ལ་སླེབས་ནས་ཐོན་ཚད0.5%མར་ཆག སྣུམ་རྒྱུའི་ལོ་ཏོག་ཐོན་ཚད་ཏུན54923ལ་སླེབས་ནས2.2%འཕར་བ་དང་། སྔོ་ཚལ་ཐོན་ཚད་ཏུན191160ལ་སླེབས་པ་དང་། ཐོན་འཕར3.5%ཡིན།     

སྤྱི་ལོ2016ལོའི་ལོ་མཇུག་བར་ཙི་ཐུང་རྫོང་གི་དངོས་ཡོད་ཆུ་བེད་ལས་གྲྭ12708ཡོད་པ་དང་། ཆུ་བེད་ལས་གྲྭའི་སྤྱིའི་ཆུ་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི23005.2ལ་སླེབས་པ། དངོས་སུ་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་936.7ལ་སླེབས་པ་བཅས་རེད། རྨོ་ཞིང་དུ་ཕན་ནུས་ལྡན་པའི་ཞིང་ཆུ་འདྲེན་ཁྱོན་སྤྱི་ཆིང22660ལ་སླེབས། ཞིང་ལས་འཕྲུལ་ཆས་ཀྱི་སྤྱིའི་སྒུལ་ཤུགས་ཁྲི35.02ལ་སླེབས།      

4_2 ཐོན་ལས་གཉིས་པ། 

སྤྱི་ལོ2016ལོར་ཙི་ཐུང་རྫོང་གི་བཟོ་ལས་ཡོངས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི352885ལ་སླེབས་ནས9%འཕར་ཡོད། བཟོ་ལས་ཀྱི་རིན་ཐང་འཕར་མ་ཡོངས་ཀྱིསGDPནང་བཟུང་བའི་བསྡུར་ཚད38.4%ལ་སླེབས་པ་དང་། བཟོ་ལས་ཀྱིསGDPལ་སྐྱེས་འབུལ་ཚད47%ལ་སླེབས་པ། བཟོ་ལསGDPསྐུལ་ཁྲིད་བྱེད་ཚད3.6%འཕར་ཡོད། དེའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི1090115ལ་སླེབས་ནས11.5%འཕར་བ་དང་། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང9.5%འཕར། གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་ཁྲི1063105ལ་སླེབས་ནས18.4%འཕར།  སྤྱི་ལོ2016ལོར་ཙེ་ཐུང་རྫོང་ཙེ་ཐུང་རྫོང་གི་འོས་ཐོབ་རིམ་པའི་ཨར་སྐྲུན་ཁེ་ལས9ཡོད་པ་དང་ཨར་སྐྲུན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར14.35ལ་སླེབས་ནས31.9%འཕར་ཡོད།      

4_3 ཐོན་ལས་གསུམ་པ། 

སྤྱི་ལོ2016ལོར་ཙེ་ཐུང་རྫོང་དུ་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་ཁྲི384132ལ་སླེབས་པ་དེ་ལོ་གོང་མ་ལས12.2%འཕར་ཡོད། དེའི་ནང་སྡེབ་ཚོང་སིལ་ཚོང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་ཁྲི219937ལ་སླེབས་ནས1.2%འཕར་བ་དང་། ཞག་སྡོད་བཟའ་བཏུང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་ཁྲི164195ལ་སླེབས་ནས31.5%འཕར།  སྤྱི་ལོ2016ལོར་ཙེ་ཐུང་རྫོང་གི་སྦྲག་ཏར་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་ཁྲི18137ལ་སླེབས་པ་དེ་ལོ་གོང་མ་ལས10.4%འཕར་ཡོད། སྤྱི་ལོ2016ལོའི་ལོ་མཇུག་བར་ཙེ་ཐུང་རྫོང་ཙེ་ཐུང་རྫོང་གི་གཏན་འཇགས་ཁ་པར་སྤྱོད་མཁན་དུད་ཚང34617ལ་སླེབས་ནས17.9%འཕར་ཡོད་པ་རེད། སྤྱི་ལོ2016ལོའི་ལོ་མཇུག་བར་ཙེ་ཐུང་རྫོང་གི་སྒུལ་བདེའི་ཁ་པར་སྤྱོད་མཁན་དུད་ཚང249154ལ་སླེབས་ནས20.6%འཕར་བ་དང་། དྲ་སྦྲེལ་གཤོང་ཆེའི་མཐུད་འཇུག་དུད་ཚང57088ལ་སླེབས་ནས37.7%འཕར་ཡོད།  སྤྱི་ལོ2016ལོར་ཙི་ཐུང་རྫོང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི492.07ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མ་ལས24.2%འཕར་བ་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར48.77ལ་སླེབས་ནས་28%འཕར་ཡོད།  སྤྱི་ལོ2016ལོའི་ལོ་མཇུག་བར་ཙེ་ཐུང་རྫོང་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་གྱི་བཅོལ་དངུལ་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར98.9937ལ་སླེབས་པ་དེ་ལོ་འགོ་ལས12.7%འཕར་བ་དང་། དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར58.8350ལ་སླེབས་པ་དེ་ལོ་འགོ་ལས8.8%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར81.6430ལ་སླེབས་ནས་ལོ་འགོ་ལས12.7%འཕར་ཡོད།    སྤྱི་ལོ2016ལོར་ཙེ་ཐུང་རྫོང་དུ་འགན་བཅོལ་ཡན་ལག་ཀུང་སིའམ་ཡང་ན་ཚོང་གཉེར་པུའུ17ཡོད་པའི་ནང་རྒྱུ་ནོར་འགན་བཅོལ་ཀུང་སི7དང་ཚེ་སྲོག་འགན་བཅོལ་ཀུང་སི10ཡོད་པ་རེད། ལོ་ཧྲིལ་པོར་རིགས་ཁག་གི་འགན་བཅོལ་གྲོན་དངུལ་གྱི་ཡོང་འབབ་སྒོར་ཁྲི25924.7ལ་སླེབས་པ་དེ་ལོ་གོང་མ་ལས17.4%འཕར་བའི་ནང་མི་ལུས་འགན་བཅོལ་སྒོར་ཁྲི18100.7ལ་སླེབས་ནས20.6%འཕར་བ་དང་། རྒྱུ་ནོར་འགན་བཅོལ་སྒོར་ཁྲི7824ལ་སླེབས་ནས10.7%འཕར་ཡོད། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁམས། ཁོར་ཡུག རིག་གནས། མི་རིགས།