ཨན་ཀྲོའུ་ཆུས།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-05-11 17:38ལ་འགྲུབ།

ཨན་ཀྲོའུ་ཆུས།

ཨན་ཀྲོའུ་ཆུས།
ཨན་ཀྲོའུ་ཆུས་ནི་སི་ཁྲོན་ཞིང་ཆེན་མེན་དབྱང་གྲོང་ཁྱེར་གྱི་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས་ཤིག་ཡིན་ཞིང་། མེན་དབྱང་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད་དང་། སི་ཁྲོན་གཤོང་སའི་ནུབ་བྱང་རྒྱུད། ལུང་མོན་རི་རྒྱུད་ཀྱི་དཀྱིལ་རྒྱུད་དུ་ཆགས་ཡོད་པ་དང་། ཤར་ངོས་ཕྱོགས་སུ་ཅང་ཡིའུ་གྲོང་ཁྱེར་ལ་འབྲེལ་ཡོད། ཤར་ལྷོའི་ཕྱོགས་ནི་མེན་དབྱང་གྲོང་ཁྱེར་གྱི་ཧྥུའུ་ཁྲེང་ཆུས་འབྲེལ་ཡོད། ལྷོ་ངོས་ཕྱོགས་ནི་ཏེ་དབྱང་གྲོང་ཁྱེར་ལུའོ་ཅང་ཆུས་དང་ལྷོ་ནུབ་དང་མེན་ཀྲུའུ་གྲོང་ཁྱེར་ལ་འབྲེལ་ཡོད། བྱང་ངོས་ཕྱོགས་ནི་མེན་དབྱང་གྲོང་ཁྱེར་གྱི་ཁྲོན་ནུབ་ཆའང་རིགས་རང་སྐྱོང་རྫོང་དང་། ནུབ་བྱང་ནི་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་མའོ་རྫོང་དང་ཐག་ཉེ། སྤྱི་ལོ2019ལོར་ཨན་ཀྲོའུ་ཆུས་ཀྱི་རྒྱ་ཁྱོན་སྟོང་སྨི་ངོས་གྲུ་བཞི་མ1189ཡོད་པ་དང་དེའི་ཁོངས་སུ་གྲོང་རྡལ9དང་ཤང1ཡོད་པ། སྤྱི་ལོ2018ལོའི་ཟླ7པར་ཐེམ་ཐོའི་མི་འབོར་ཁྲི44.3ཡོད་པ་རེད། སྤྱི་ལོ2019ལོར་ཆུས་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར185.53ལ་སླེབས་པ་དེ་དུས་མཚུངས་ལས8.5%འཕར་བ་དང་འཕར་ཚད་གྲོང་ཁྱེར་དེ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས0.4%ཡིས་མཐོ་བ་ཡོད་པ་རེད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར28.01ལ་སླེབས་པ་དེ་དུས་མཚུངས་ལས2.7%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར84.87ལ་སླེབས་པ་དེ་དུས་མཚུངས་ལ9.3%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར72.65ལ་སླེབས་པ་དེ་དུས་མཚུངས་ལས9.5%འཕར་ཡོད། ཨན་ཀྲོའུ་ནི་ལོ་ངོ1600ལྷག་ཙམ་སྔོན་གྱི་ཅིན་རྒྱལ་རབས་ཤར་མའི་ཡུང་ཧོ་རུ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་། དེ་ནི་ཆིང་རྒྱལ་རབས་ཀྱི་མཁས་དབང་གྲགས་ཅན་ལི་ཐེང་ཡོན་དང་དེང་རབས་ཀྱི་གྲགས་ཅན་རྩོམ་པ་པོ་ཧྲ་ཏིང་གི་ཕ་ཡུལ་རེད། མངའ་ཁོངས་སུ་གཙོ་བོ་སྟོང་ཧྥོ་རི་བོ་དང་། ལུའོ་ཧྥུ་རི་བོ། ཆུ་དཀར་མཚེའུ། གཅེན་གཅུང་ཟམ་པ་དང་ཝུན་ཤིང་ཀོ་སོགས་མཛེས་ལྗོངས་ཁུལ་མང་པོ་ཡོད། སྤྱི་ལོ2019ལོའི་ཟླ3པར་སྐར་ཁག་དང་པོའི་གསར་བརྗེའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་གློག་བརྙན་དབྱེ་འབྱེད་རྫོང་གི་མིང་ཐོར་ཚུད་ཡོད། སྤྱི་ལོ2019ལོའི་ཟླ12པའི་ཚེས6ཉིན་རྒྱལ་ཡོངས་ཀྱི་ཞིང་པའི་མཉམ་ལས་ཁང་གི་སྤུས་ཚད་ཕྱོགས་ཡོང་ནས་མཐོ་རུ་གཏོང་བའི་རྫོང་གི་གྲས་ཀྱི་ཚོད་ལྟའི་ཚན་པར་བདམས་པ་རེད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཨན་ཀྲོའུ་ཆུས།
རྒྱ་ཡིག་གི་མིང་།
安州区
ཕྱི་ཡིག་གི་མིང་།
Anzhou District
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་མེན་དབྱང་ཆུས།
མངའ་ཁོངས།
གྲོང་རྡལ་དགུ ཤང་གཅིག
སྲིད་གཞུང་སྡོད་གནས།
ཧྭ་ཡོན་གྲོང་རྡལ་དབྱིན་ཧོ་ལམ་ཆེན་ཨང་རྟགས8པ།
ས་ཁོངས་ཁ་པར་ཨང་རྟགས།
0816
སྦྲག་སྲིད་ཚབ་ཨང་།
622650
1 ​ལོ་རྒྱུས་འཕེལ་རིམ།     

སྤྱི་ལོ1950ལོར་ཨན་རྫོང་ཁོངས་སི་ཁྲོན་ནུབ་རྒྱུད་སྲིད་འཛིན་ལས་ཁུངས་ཀྱི་མེན་དབྱང་ཀྲོན་ཆུས་སུ་གཏོགས། སྤྱི་ལོ1952ལོར་སྲིད་འཛིན་ཀུང་ཧྲུའུ་མེད་པར་བཟོས་ཤིང་། སི་ཁྲོན་ཞིང་ཆེན་ཁོངས་ཀྱི་ཨན་རྫོང་ནི་སི་ཁྲོན་ཞིང་ཆེན་མེན་དབྱང་ཀྲོན་ཆུས་སུ་གཏོགས།      སྤྱི་ལོ1959ལོར་ལུའོ་ཅང་དང་ཏེ་དབྱང་རྫོང་གི་ཁོངས་ཡིན་པའི་ཧོ་ཆིང་དང་པའོ་ལིན་ཤང་གཉིས་ཨན་རྫོང་ལ་སྤྲད།      སྤྱི་ལོ1968ལོར་ས་ཁུལ་དེ་ཆུས་སུ་བསྒྱུར། ཨན་རྫོང་ནི་སི་ཁྲོན་ཞིང་ཆེན་མེན་དབྱང་ས་ཁུལ་དུ་གཏོགས། སྤྱི་ལོ1985ལོའི་ཟླ2པར་མེན་དབྱང་ས་ཁུལ་མེད་པར་བཟོས། ཨན་རྫོང་ནི་སི་ཁྲོན་ཞིང་ཆེན་མེན་དབྱང་གྲོང་ཁྱེར་གྱི་མངའ་ཁོངས་སུ་གཏོགས།     སྤྱི་ལོ2000ལོའི་ཟླ5པའི་ཚེས26ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཨན་རྫོང་མི་དམངས་སྲིད་གཞུང་གི་སྡོད་གནས་ཨན་ཁྲང་གྲོང་རྡལ་ནས་ཧྭ་ཡོན་གྲོང་རྡལ་དུ་སྤོར་བར་འཐད་པ་བྱུང་།    

སྤྱི་ལོ2008ལོའི་ཟླ5པའི་ཚེས22ཉིན་ཁྲོན་ནུབ་ཆའང་རིགས་རང་སྐྱོང་རྫོང་གི་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཨན་རྫོང་ཨན་ཁྲང་གྲོང་རྡལ་གྱི་ཐེན་ལུང་མགྲོན་ཁང་དུ་གནས་སྐབས་དོན་གཅོད་ཁྲུའུ་ཡི་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས་པ་རེད།     

སྤྱི་ལོ2016ལོའི་ཟླ4པའི་ཚེས23ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཨན་རྫོང་མེད་པ་བཟོས་ནས་མེན་དབྱང་གྲོང་ཁྱེར་ཨན་ཀྲོའུ་ཆུས་བཙུགས་པ་དང་། ལོ་དེའི་ཟླ5པའི་ཚེས20ཉིན་མེན་དབྱང་གྲོང་ཁྱེར་ཨན་ཀྲོའུ་ཆུས་ལ་དངོས་སུ་སྒོ་བྱང་བཀལ།  

2 སྲིད་འཛིན་ཁོངས་བགོས།    

སྤྱི་ལོ2019ལོའི་ཟླ12པར་གྲོང་ཁྱེར་སྲིད་གཞུང་གིས་ཨན་ཀྲོའུ་ཆུས་ཀྱི་ཤང་གྲོང་སྲིད་འཛིན་ཁུལ་ལེགས་སྒྲིག་བྱ་རྒྱུའི་མོས་མཐུན་བྱས་པ་རེད། ཨན་ཀྲོའུ་ཆུས་ཁོངས་ཀྱི་གྲོང་རྡལ9དང་ཤང1ཡོད་པ་དེ་དག་ནི་ཧྭ་ཤིན་གྲོང་རྡལ་དང་། སང་ཁ་སུར་གྲོང་རྡལ། ཧོང་ཐུའུ་གྲོང་རྡལ། ཐ་ཧྲུའེ་གྲོང་རྡལ། ཤིའུ་ཧྲུའེ་གྲོང་རྡལ། ཧོ་ཆིང་གྲོང་རྡལ། ཅེ་ཕེ་གྲོང་རྡལ། ཆན་ཕུའུ་གྲོང་རྡལ། ཀའོ་ཁྲོན་ཤང་བཅས་གྲོང་ཚོ230སྡེ་ཁུལ27བཅས་ཡོད་པ་རེད།

3 མི་འབོར་གནས་ཚུལ།      
3_1 མི་འབོར།      

སྤྱི་ལོ2014ལོའི་ལོ་མཇུག་ཏུ་ཨན་ཀྲོའུ་ཆུས་ཀྱི་དུད་ཚང་བསྡོམས་འབོར190221ལ་སླེབས་པ་དང་ཐེམ་ཐོའི་མི་གྲངས་བསྡོམས་འབོར་ཁྲི44.7744ལ་སླེབས་པའི་ནང་ཞིང་བའི་མི་འབོར371007དང་ཞིང་བ་མིན་པའི་མི་འབོར76737ཡོད་པ་རེད། མི་འབོར་བསྡོམས་འབོར་ནང་སྐྱེས་པའི་མི་འབོར227441དང་བུད་མེད220303ཡོད་པ་དེས་མི་འབོར་བསྡོམས་འབོར་གྱི་སོ་སོར50.80%དང་49.20%བཟུང་ཡོད། རྫོང་ཡོངས་ཀྱི་མི་འབོར་སྐྱེ་ཚད9.3‰ལ་སླེབས་པ་དང་། མི་འབོར་འདས་ཚད6.65‰ཡིན། ལོ་ཧྲིལ་པོར་མི་འབོར་རང་བྱུང་འཕར་ཚད2.66‰ལ་སླེབས་ཡོད། རྫོང་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི38.7ལ་སླེབས་པ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད43.17%ལ་སླེབས་ཡོད།      སྤྱི་ལོ2015ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་ཀྱི་དུད་ཚང་བསྡོམས་འབོར191827དང་ཐེམ་ཐོའི་མི་གྲངས་བསྡོམས་འབོར447500ལ་སླེབས་པའི་ནང་ཞིང་ལས་མི་འབོར366426དང་ཞིང་ལས་མིན་པའི་མི་འབོར81074ཡོད་པ་རེད། མི་འབོར་བསྡོམས་འབོར་ནང་སྐྱེས་པའི་མི་འབོར227111དང་བུད་མེད220389ཡོད་པ་དེས་མི་འབོར་བསྡོམས་འབོར་གྱི་སོ་སོར50.75%དང49.25%བཟུང་ཡོད། རྫོང་ཡོངས་ཀྱི་མི་འབོར9.83%ལ་སླེབས་པ་དང་། མི་འབོར་འདས་ཚད7.02%ལ་སླེབས། ལོ་ཧྲིལ་པོར་མི་འབོར་རང་བྱུང་འཕར་ཚད་བརྒྱ་ཆའི2.81ལ་སླེབས་ཡོད། རྫོང་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི38.7ལ་སླེབས་པ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད44.98%ལ་སླེབས་ཡོད།      སྤྱི་ལོ2018ལོའི་ཟླ7པའི་ཚེས3ཉིན་བར་མེན་དབྱང་གྲོང་ཁྱེར་ཨན་ཀྲོའུ་ཆུས་ཀྱི་མི་འབོར་ཁྲི44.3ལ་སླེབས་ཡོད་པ་རེད།      

3_2 མི་རིགས།     

ཨན་ཀྲོའུ་ཆུས་ཀྱི་ཁོངས་སུ་རྒྱ་རིགས་དང་། ཧུའེ་རིགས། བོད་རིགས། མིའོ་རིགས། དབྱིས་རིགས། ལི་རིགས། ཆའང་རིགས། མན་ཇུ་རིགས། ཡའོ་རིགས། ཀྲོང་རིགས། སོག་རིགས། ཐུའུ་ཅ་རིགས། ཁྲའོ་ཞན་རིགས་སོགས་མི་རིགས14ཡོད།      

4 དཔལ་འབྱོར་རགས་བཤད།

སྤྱི་ལོ2014ལོར་ཨན་ཀྲོའུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར102.47ལ་སླེབས་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་2013ལོ་ལས་9.20%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར25.75ལ་སླེབས་པ་དེ་དུས་མཚུངས་ལས་སྤྱི་ལོ2013ལོར4.10%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར53.22ལ་སླེབས་ནས11.30%འཕར་བ་དང་བཟོ་ལས་ཅན་དུ་འགྱུར་ཚད43.9%ལ་སླེབས་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར23.49ལ་སླེབས་ནས9.70%འཕར་ཡོད། ཐོན་ལས་གྲུབ་ཆ་ཐེངས་གསུམ་དེ25.1:52.0:22.9བར་སྔར་བས་ལེགས་སུ་བཏང་ཡོད། མི་རེར་ཆ་སྙོམས་སྒོར26502.0ལ་སླེབས་པ་དེ་སྤྱི་ལོ2013ལོ་ལས་9.00%འཕར་ཡོད། སྤྱི་ལོ2015ལོར་ཨན་ཀྲོའུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར109.74ལ་སླེབས་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས8.9%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར26.59ལ་སླེབས་པ་དེ་དུས་མཚུངས་ལས3.8%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར56.76ལ་སླེབས་ནས10.9%འཕར་བ་དང་བཟོ་ལས་ཅན་དུ་འགྱུར་ཚད43.8%ལ་སླེབས། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར26.39ལ་སླེབས་ནས9.4%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་དེ24.2:51.7:24.1བར་སྔར་བས་ལེགས་སུ་བཏང་ཡོད། རྫོང་ཡོངས་ཀྱི་མི་རེའི་ཆ་སྙོམསGDPསྒོར28357.0ལ་སླེབས་པ་དེ་ལོ་གོང་མ་ལས8.8%འཕར་ཡོད།      

སྤྱི་ལོ2015ལོར་ལྗོངས་ཡོངས་སུ་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར101.03བཏང་བ་དེ་དུས་མཚུངས་ལས8.5%འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོར་མ་དངུལ་སྒོར་དུང་ཕྱུར10.2བཏང་བ་དེ་དུས་མཚུངས་ལས22.2%འཕར་བ་དང་། ཐོན་ལས་གཉིས་པར་མ་དངུལ་སྒོར་དུང་ཕྱུར40.96བཏང་བ་དེ་དུས་མཚུངས་ལས8.7%འཕར། ཐོན་ལས་གསུམ་པར་མ་དངུལ་སྒོར་དུང་ཕྱུར49.87བཏང་ནས་དུས་མཚུངས་ལས5.9%འཕར་ཡོད། ངོ་བོའི་ཐོག་ནས་བལྟས་ན། གཞི་རྩའི་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར54.86བཏང་བ་དེ་དུས་མཚུངས་ལས23.87%འཕར་བ་དང་། གསར་སྒྱུར་སྒྱུར་བཀོད་ཐད་མ་དངུལ་སྒོར་དུང་ཕྱུར32.63བཏང་བ་དེ་དུས་མཚུངས་ལས0.5%འཕར། ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར11.44བཏང་བ་དེ་དུས་མཚུངས་ལས13.6%མར་ཆག་པ་དང་ཚོང་སྒྱུར་ཁང་པ་སྨི་ངོས་གྲུ་བཞི་མ་ཁྲི17.70བཙོངས་པ་དེ་དུས་མཚུངས་ལས18.2%མར་ཆག་ཡོད་པ་རེད།     

སྤྱི་ལོ2017ལོར་ལྗོངས་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར132.05ལ་སླེབས་པ་དེ་དུས་མཚུངས་ལས9.2%འཕར་བ་དང་། གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར262.05ལ་སླེབས་ནས་གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་རིན་ཐང་འཕར་མའི་འཕར་ཚད11.3%ལ་སླེབས། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར132.03བཏང་བ་དེ་དུས་མཚུངས་ལས15.5%འཕར། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར73.17ལ་སླེབས་པ་དེ་དུས་མཚུངས་ལས12.4%འཕར། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར5.69ལ་སླེབས་པ་དེའི་ནང་ཁྲལ་བསྡུའི་ཡོང་འབབ་ཀྱིས་བཟུང་བའི་བསྡུར་ཚད76.79%ལ་སླེབས། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར30005དང་སྒོར15430ལ་སླེབས་པ་དང་ཐོན་ལས་གྲུབ་ཆ་ལེགས་སྒྲིག་ཐེངས་གསུམ་བྱས་པ་དེ22.5:38.2:39.3ཡིན་པ་རེད།      

སྤྱི་ལོ2019ལོར་ལྗོངས་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར185.53ལ་སླེབས་པ་དེ་དུས་མཚུངས་ལས8.5%འཕར་བ་དང་འཕར་ཚད་གྲོང་ཁྱེར་དེ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས0.4%ཡིས་མཐོ་བ་ཡོད་པ་རེད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར28.01ལ་སླེབས་པ་དེ་དུས་མཚུངས་ལས2.7%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར84.87ལ་སླེབས་པ་དེ་དུས་མཚུངས་ལས9.3%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར72.65ལ་སླེབས་པ་དེ་དུས་མཚུངས་ལས9.5%འཕར་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁམས། མི་རིགས། རིག་གནས།