ཝུན་རྫོང་།སྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2020-04-28 17:34ལ་འགྲུབ།

ཝུན་རྫོང་།

ཝུན་རྫོང་།
ཝུན་རྫོང་ནི་ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དངགནའ་བོའི་ཝུན་ཀྲོའུ་ཞེས་པའི་ཝུན་གྱི་ཡི་གེ་དེ་སྤྱད་ནས་རྫོང་གི་མིང་ཐོགས་པ་དང་། ཀན་སུའུ་ཞིང་ཆེན་དང་ཧྲན་ཞི་ཞིང་ཆེན་དབར་གྱི་འབྲེལ་མཚམས་སུ་གནས།ས་ཁམས་གནས་ཚད་ནི་གཞུང་ཐིག་ཤར་མའི104°16'16''-105°27'29''བར་དང་འཕྲེད་ཐིག་བྱང་མའི32°35'43''-33°20'36''བར་དུ་གནས་ཡོད། ཆིན་པ་རི་བོའི་ཁུལ་དུ་གནས་ཤིང་། ཀན་སུའུ་ཞིང་ཆེན་གྱི་ལྷོ་སྒོ་ཆེན་པོ་ཞིག་རེད། ཝུན་རྫོང་གི་ཁོངས་གཏོགས་སུ་གྲོང་རྡལ14དང་། ཡུལ་ཚོ5 མི་རིགས་ཡུལ་ཚོ1བཅས་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ4994ཡོད་ཅིང། སྤྱིའི་མི་འབོར་ཁྲི24.4765ཡོད། རྒྱུན་སྡོད་མི་འབོར་ཁྲི22.86(སྤྱི་ལོ2017ལོར)བཅས་ཡོད་པ་རེད། ཝུན་རྫོང་ནི་ནུབ་ཀྱི་ཆིན་ལིང་རི་རྒྱུད་དང་ལྷོ་ཡི་ཆིན་ལིང་རི་རྒྱུད་དུ་གནས་པ་དང་། ས་ཁོངས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི550ནས4187བར་ཡོད་ཅིང་། ཚ་ཁུལ་ཕལ་པའི་བྱང་ངོས་ཀྱི་རི་ཁུལ་གྱི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། དབྱར་དུས་སུ་ཚ་གདུག་མེད་པ། དགུན་དུས་གྲང་ངར་ཆེན་པོ་མེད་པ། “ལུང་ཧྲང་ཅང་ནན”དང་“ཀན་སུའུ་ཡི་ཞི་ཧྲོང་པན་ནཱ”སོགས་ཀྱི་མཚན་སྙན་ཡོད་པ་མ་ཟད། ཝུན་རྫོང་ཐེན་ཁྲི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དང་ཝུན་རྫོང་ཧོང་ལིན་ཀོའུ་རྒྱལ་ཁབ་འདམ་རའི་སྤྱི་གླིང་ཡང་ཡོད། ཝུན་རྫོང་ལ“དོམ་ཁྲའི་ཕ་ཡུལ”ཞེས་འབོད་ཀྱི་ཡོད། མངའ་ཁོངས་ནང་གི་དོམ་ཁྲའི་གྲངས་འབོར་གྱིས་རྒྱལ་ཡོངས་ཀྱི་གྲངས་འབོར་གྱི་བཅུ་ཆ་གཅིག་བཟུང་ཡོད། དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་པའེ་ཧྲུའེ་གཙང་པོའི་གླིང་ཁུལ་དང་། ཀན་སུའུ་པའེ་ཧྲུའེ་གཙང་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་ཝུན་རྫོང་ཅན་ཧྲན་དོམ་ཁྲ་རང་བྱུང་སྲུང་སྐྱོང་ཁུལ་ཡོད་པ་རེད། ཝུན་རྫོང་གི་གྲགས་ཅན་ཁྱད་ལྡན་ཐོན་རྫས་ཀྱི་གྲས་སུ་ཝུན་རྫོང་གི་ཇ་ལྗང་དང་། ཝུན་རྫོང་ཝུན་ཏང་། ཨ་མྲའི་བག་ལེབ་སོགས་ཡོད་པ་དང་། ཡུལ་ལྗོངས་གྲགས་ཅན་གྲས་སུ་ཝུན་རྫོང་གི་ཐེན་ཁྲི་དང་པེ་མ་གཙང་པོའི་སྣོད་བཅུད་དམངས་སྲོལ་མཛེས་ལྗོངས་ཁུལ་སོགས་ཡོད་པ་རེད། ཝུན་རྫོང་ལ་སྔ་རྗེས་སུ“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ”དང་། “ཀྲུང་གོའི་པེ་མ་པའི་དམངས་སྲོལ་རིག་གནས་ཀྱི་ཕ་ཡུལ” “ཀན་སུའུ་ཞིང་ཆེན་གྱི་ཤེས་དཔལ་རྫོང”སོགས་ཀྱི་མཚན་སྙན་ཐོབ་ཡོད། སྤྱི་ལོ2018ལོའི་ཟླ9པའི་ཚེས25ཉིན། ཚོང་དོན་པུའུ་ཡི“སྤྱི་ལོ2018ལོའི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང”གི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། སྤྱི་ལོ2020ལོའི་ཟླ2པར། ཀན་སུའུ་ཞིང་ཆེན་དབུལ་སྒྲོལ་འགག་སྒྲོལ་འགོ་ཁྲིད་ཚོགས་ཆུང་གིས་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། ཝུན་རྫོང་དབུལ་སྒྲོལ་གྱི་ཆ་རྐྱེན་འཛོམས་ནས་དེ་ལས་འབུད་རྒྱུའི་ཆོག་མཆན་སྤྲད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
文县
མིང་གཞན།
ཝུན་ཀྲོའུ། ལུང་ཧྲང་ཅང་ནན།
ཕྱི་ཡིག་གི་མིང་།
Wenxian County
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ4994ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
མི་འབོར།
ཁྲི24.4765(སྤྱི་ལོ2017ལོ)ཡོད།
ཁོངས་གཏོགས་ས་ཁུལ།
ཀན་སུའུ་ལུང་ནན།
ནམ་ཟླའི་ཆ་རྐྱེན།
ཚ་ཁུལ་ཕལ་བའི་བྱང་སྣེའི་རི་ཁུལ་ནམ་ཟླ།
མངའ་ཁོངས།
ཡུལ་ཚོ་དང་གྲོང་རྡལ20ཡོད།
རླངས་འཁོར་ཚབ་ཨང་།
甘K
ས་ཁོངས་ཁ་པར་ཨང་རྟགས།
0939
ཡུལ་ལྗོངས་གྲགས་ཅན།
ཝུན་རྫོང་གི་ཐེན་ཁྲི་སོགས་ཡོད།
སྦྲག་སྲིད་ཨང་རྟགས།
746400
ས་ཁམས་གནས་ཡུལ།
ཀན་སུའུ་ཞིང་ཆེན་གྱི་ལྷོ་སྣེ།
1 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1912ལོར། ཝུན་རྫོང་ལུང་ནན་ཏའོ་ཡི་ཁོངས་གཏོགས་སུ་བསྒྱུར། 

སྤྱི་ལོ1913ལོའི་རྗེས་སུ་ཝེ་ཁྲོན་ཏའོ་ཡི་ཁོངས་གཏོགས་སུ་བསྒྱུར། 

སྤྱི་ལོ1931ལོར། ཝུན་རྫོང་ནི་ཀན་སུའུ་སྲིད་འཛིན་ཀྲོན་ཡོན་དང་པོའི་ལྟ་ཞིབ་ཀུང་ཧྲུའུ(རྨིན་རྫོང་དུ་བཅའ་སྡོད་བྱས)རུ་གཏོགས། 

སྤྱི་ལོ1944ལོར། ཝུན་རྫོང་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་བརྒྱད་པའི་ཁོངས་སུ་བཅུག 

སྤྱི་ལོ1949ལོའི་ཟླ7པའི་ཚེས26ཉིན། ཀྲུང་གུང་ཀྲུང་དབྱང་ནུབ་བྱང་ཅུས་ཀྱིས་ཝུའུ་ཏུའུ་ཡན་ལག་ཁུལ་བཙུགས་པ་དང་ཝུན་རྫོང་དེའི་ཁོངས་སུ་གཏོགས། ཟླ12པའི་ཚེས11ཉིན། ཝུན་རྫོང་ཞི་བས་བཅིངས་འགྲོལ་བཏང་། 

སྤྱི་ལོ1950ལོར། ཝུན་རྫོང་ཐད་ཀར་ཝུའུ་ཏུའུ་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས།

སྤྱི་ལོ1950ལོར། མངའ་འོག་ཏུ་ཆུས6དང་ཡུལ་ཚོ47 སྲིད་འཛིན་གྲོང་ཚོ183བཙུགས་ཡོད། 

སྤྱི་ལོ1953ལོར། ཆུས་དགུ་རུ་བསྒྱུར་བ་སྟེ། ཞིན་ཝུན་དང་ཏན་པའོ། ཡུས་ལེ། པི་ཁོའུ། ལིན་ཅང་། ལི་ཕིང་། ཆའོ་ཐོའུ། ཧྲི་ཧྥང་། ཀྲུང་ཀྲའེ་བཅས་དང་ཡུལ་ཚོ70རུ་བསྒྱུར། 

སྤྱི་ལོ1955ལོར། ཞིན་ཝུན་དང་ཏན་པའོ། པི་ཁོའུ། ལིན་ཅང་། ཧྲི་ཧྥང་། ཀྲུང་ཀྲའེ་བཅས་ཡུལ་ཚོ་དང་གྲོང་རྡལ35རུ་ལེགས་སྒྲིག་བྱས། 

སྤྱི་ལོ1963ལོར། འབྲུག་ཆུ་རྫོང་པོ་ཡུས་ཀུང་ཧྲེ་ཝུན་རྫོང་གི་ཁོངས་སུ་བགོས་པ་དང་། རྫོང་ཁོངས་སུ་ཀུང་ཧྲེ31བཙུགས་ཡོད། 

སྤྱི་ལོ1983ལོའི་ལོ་མཇུག་ཏུ། ཡུལ་ཚོ24རུ་བསྒྱུར་ཏེ་ཡུལ་ཚོ་མི་དམངས་སྲིད་གཞུང་བཙུགས། པི་ཁུའུ། ཁྲེང་ཀོན་གྲོང་རྡལ་མི་དམངས་སྲིད་གཞུང་ཡིན་པ་དང་། རྫོང་ཁོངས་སུ་སྲིད་འཛིན་གྲོང་ཚོ309ཡོད་པ་རེད།     

སྤྱི་ལོ1984ལོའི་ཟླ4པར། ཞིང་ཆེན་སྲིད་གཞུང་གིས་ཝུན་རྫོང་པོ་ཡུས་འབྲུག་ཆུའི་ཁོངས་གཏོགས་སུ་བགོ་རྒྱུའི་ཐག་བཅད། རྫོང་ཡོངས་སུ་གྲོང་རྡལ་གཉིས་བཙུགས་ཡོད་པ་སྟེ། ཁྲེང་ཀོན་དང་པི་ཁོའུ་དང་། ཡུལ་ཚོ་ཉེར་གསུམ་ཡོད་པ་སྟེ། ཐའེ་ལུའོ་དང་། ཧྲང་ཏེ། ཧེང་ཏན། ཏན་པའོ། ཧྲང་ཏན། ལིའུ་ཅ་ཕིང་། ཡུས་ལེ། ཧྥན་པ། ཏེན་པ། ཞའོ་ཅ། ཀྲུང་མིའོ། ལིན་ཅང་། ཁུའོ་ཐིའུ་པ། ཅན་ཧྲན། ཆའོ་ཐོའུ། ལི་ཕིང་། ཧྲེ་ཧྲུའུ། ཧྲི་ཧྥང་། ཧྲི་ཅི་པ། མ་ཡིང་། པའོ་ཙི་ཐང་། ཀྲུང་ཀྲའེ་བཅས་ཡིན།     

སྤྱི་ལོ2004ལོར། ཧེང་ཏན་ཡུལ་ཚོ་དེ་ཧྲང་ཏེ་གྲོང་རྡལ་དུ་ཟླ་སྒྲིལ་བཏང་བ་དང་། ཧྲང་ཏན་ཡུལ་ཚོ་དེ་ཏན་པའོ་ཡུལ་ཚོ་དང་ཟླ་སྒྲིལ་བཏང་། ཞའོ་ཨ་ཡུལ་ཚོ་དེ་ཀྲུང་མིའོ་ཡུལ་ཚོ་དང་ཟླ་སྒྲིལ་བཏང་། ཏེན་པ་ཡུལ་ཚོ་དེ་ཧྥན་པ་ཡུལ་ཚོར་ཟླ་སྒྲིལ་བཏང་། མ་དབྱིང་ཡུལ་ཚོའི་སྟོད་ཕྱེད་དེ་ཀྲུང་ཀྲའེ་ཡུལ་ཚོ་དང་ཟླ་སྒྲིལ་བཏང་། སྨད་ཕྱེད་ཧྲི་ཅི་པ་ཡུལ་ཚོར་ཟླ་སྒྲིལ་བཏང་། ཐུན་ཀྲའེ་ཡུལ་ཚོའི་མིང་ཐེན་ཁྲི་ཡུལ་ཚོར་བསྒྱུར།  

སྤྱི་ལོ2012ལོར། ཀྲུང་ཀྲའེ་ཡུལ་ཚོ་མེད་པར་བཟོས་ནས་གྲོང་རྡལ་བཙུགས་ཡོད། 

སྤྱི་ལོ2014ལོའི་ཟླ7པར། ཆའོ་ཐོའུ་དང་ལིན་ཅང་ཡུལ་ཚོ་མེད་པར་བཟོས་ནས་གྲོང་རྡལ་བཙུགས་པ་རེད།

སྤྱི་ལོ2016ལོར། ལི་ཕིང་ཡུལ་ཚོ་དང་། ཐེན་ཁྲི་ཡུལ་ཚོ། པའོ་ཙི་པ་ཡུལ་ཚོ། ཧྲི་ཧྥང་ཡུལ་ཚོ། ཧྲི་ཅི་པ་ཡུལ་ཚོ། ཏན་པའོ་ཡུལ་ཚོ། ཀྲུང་མིའོ་ཡུལ་ཚོ། ཧྥན་པ་ཡུལ་ཚོ་བཅས་མེད་པར་བཟོས་ནས་གྲོང་རྡལ་བཙུགས་ཡོད། 

སྤྱི་ལོ2020ལོའི་ཟླ2པར། ཀན་སུའུ་ཞིང་ཆེན་དབུལ་སྒྲོལ་འགག་སྒྲོལ་འགོ་ཁྲིད་ཚོགས་ཆུང་གིས་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། ཝུན་རྫོང་ལ་དབུལ་སྒྲོལ་གྱི་ཆ་རྐྱེན་འཛོམས་ནས་དེ་ལས་འབུད་ཆོག་པའི་ཆོག་མཆན་སྤྲད་པ་རེད།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2016ལོའི་ཟླ་དང་པོའི་བར། ཝུན་རྫོང་ཁོངས་སུ་གྲོང་རྡལ14དང་། ཡུལ་ཚོ5 མི་རིགས་ཡུལ་ཚོ1 སྲིད་འཛིན་གྲོང་ཚོ305བཅས་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ་ས་ཁོངས།

ཀན་སུའུ་ཞིང་ཆེན་དང་ཧྲའན་ཤིས་ཞིང་ཆེན་དབར་གྱི་འབྲེལ་མཚམས་སུ་གནས། ཆིན་པ་རི་བོའི་ཁུལ་དུ་གནས་ཤིང་།   ཤར་ལྷོའི་མཚམས་སུ་སི་ཁྲོན་ཆིང་ཁྲོན་དང་ཕིང་ཝུའུ་རྫོང་དང་ས་མཚམས་འབྲེལ་བ་དང་། ནུབ་ཏུ་སི་ཁྲོན་གཟི་ཚ་སྡེ་དགུ་རྫོང་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་འབྲེལ། བྱང་དུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཝུའུ་ཏུའུ་ཆུས་དང་འབྲེལ་ཡོད། ལྷོ་རུ་ཁྲེང་ཏུའུ་དང་ཁྲུང་ཆིང་ལ་འབྲེལ་ཅིང་། ནུབ་ཏུ་གཟི་ཚ་སྡེ་དགུ་དང་། ཧོང་ལུང་དགོན་པ། བྱང་དུ་ཝུའུ་ཏུའུ་དང་ལན་ཀྲོའུ་བཅས་སུ་འབྲེལ་ཡོད། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ217དང་། ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ156རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ5000བཅས་ཡོད།

3_2 ནམ་ཟླ།

ཝུན་རྫོང་ནི་ཚ་ཁུལ་ཕལ་བ་ནས་དྲོད་ཁུལ་གྱི་བར་བརྒལ་ས་ཁུལ་དུ་གཏོགས་པ་དང་། ཚ་ཁུལ་ཕལ་པའི་བྱང་མཐའི་རི་ཁུལ་གྱི་ནམ་ཟླ་ཡིན་པ་དང་།དྲང་འཕྱང་གནམ་གཤིས་ཀྱི་ཁྱད་པར་མངོན་གསལ་ཡིན་པས། ཚ་ཁུལ་ཕལ་བ་དང་། དྲོད་ཁུལ། གྲང་རྒྱུད་བཅས་རིམ་བརྩེགས་ཀྱིས་བརྒྱན་པའི་གནམ་གཤིས་མི་འདྲ་བའི་རིགས་སུ་ཆགས་ཡོད། ལོ་རེའི་ཆ་སྙོམས་དྲོད་ཚད5-15℃ཡིན་པ་དང་། སད་མེད་དུས་ཡུན་ཉིན260ཡས་མས་ཡིན། ཆར་ཆུ་འབབ་ཚད་ཧའོ་སྨི400-1000ཡིན། ལོ་རེའི་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད1200-1800ཡིན། སད་མེད་དུས་ཡུན་ཉིན250-310ཡིན། དབྱར་ཁར་ཚ་གདུག་མེད་པ་དང་དགུན་ཁར་གྲང་ངར་མེད་པའི་གནམ་གཤིས་ཀྱི་ཁྱད་ཆོས་ལྡན།

4 རང་བྱུང་ཐོན་ཁུངས།
4_1 ཆུའི་ཐོན་ཁུངས།

ཝུན་རྫོང་ནི་ཀན་སུའུ་ཞིང་ཆེན་གྱི་ཆུ་ཤུགས་ཐོན་ཁུངས་ཀྱི་རྫོང་ཆེན་ཞིག་ཡིན། གློག་ནུས་རིགས་པའི་གཞུང་ལུགས་ཀྱི་གསོག་ཚད་སྟོང་ཝ་ཁྲི303ཟིན་པ་དང་གསར་སྤེལ་ཐུབ་ཚད་སྟོང་ཝ་ཁྲི212ཟིན་པ་དེས་ཞིང་ཆེན་ཡོངས་ཀྱི་ལྔ་ཆ་གཅིག་ཙམ་བཟུང་ཡོད། རྒྱལ་ནང་དུ་ཆུ་ཤུགས་གློག་ཁང132བསྐྲུན་རྒྱུའི་འཆར་འགོད་བྱས་པ་དང་། ད་ཆ་ཆུ་ཤུགས་གློག་ཁང75བསྐྲུན་ཟིན་པ་དང་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ་ཁྲི111.5ཟིན་ཡོད་པ་རེད། ལོ་རེའི་གློག་གཏོང་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར55.2ཟིན་པའི་ནང་། པི་ཁོའུ་ཆུ་ཤུགས་གློག་ཁང་གི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ་ཁྲི30ཟིན་པ་དང་མེའོ་ཅ་པ་ཆུ་ཤུགས་གློག་ཁང་ནས་གློག་འདོན་ཚད་སྟོང་ཝ་ཁྲི24ཟིན་གྱི་ཡོད།

4_2 གཏེར་རྫས་ཀྱི་ཐོན་ཁུངས།

ཝུན་རྫོང་གིས་ལྕགས་རིགས་ཀྱི་ལྕགས་རིགས་མིན་པའི་གཏེར་ཁུངས30ལྷག་ཙམ་རྩད་ཆོད་པའི་ནང་ཀུའེ་རྡོའི་གཏེར་རྒྱུད་སྤྱི་ལེ100ཟིན་པ་དང་། ལྕི་བའི་ཤེལ་རྡོ་གསོག་ཚད་ཏུན་ཁྲི4000ཟིན་པ་དང་། པི་ཁའུ་ས་ཁུལ་གྱི་ཟངས་གཏེར་ནས་ལྕགས་རིགས་གསོག་ཚད་ཏུན་ཁྲི15ཙམ་ཟིན་ཡོད་པ་རེད། རྫོང་ཡོངས་སུ་ཡུལ་ཚོ(གྲོང་རྡལ)25ཚང་མར་གསེར་གྱི་ཁྱབ་ཡོད་པ་དང་སྐད་གྲགས་ཡོད་པའི་དབྱང་ཧྲན་གསེར་གཏེར་གྱིས་གསོག་ཚད་ཏུན308རྩད་ཆོད་པ་དང་གསོག་ཚད་སྔར་བས་མང་དུ་འགྲོ་བཞིན་ཡོད་པ་དང་། རིགས་ཁ་གླིང་ཅན་གྱི་གསེར་གཏེར་ཁྲོད་ཨེ་ཤེ་ཡའི་ཨང་དང་པོ་དང་འཛམ་གླིང་གི་གཏེར་ཁ་ཆེ་གྲས་དྲུག་པ་ཡིན་པ་རེད། ས་ཁོངས་སུ་ཡུ་དང་། མཱན། ལྕགས། ཁོབ་སོགས་ཡོད།

5 མི་འབོར་དང་མི་རིགས།
5_1 མི་འབོར།

སྤྱི་ལོ2017ལོར། ཝུན་རྫོང་གི་དུད་ཚང་བསྡོམས་འབོར་ཁྲི9.0360ཟིན་པ་དང་། སྤྱིའི་མི་འབོར་ཁྲི24.4765ཟིན། རྒྱུན་སྡོད་མི་འབོར་ཁྲི22.86ཟིན་པ་བཅས་རེད། སྐྱེ་ཚད་13.99‰དང་། ཤི་ཚད6.69‰ མི་འབོར་རང་ཤུགས་སུ་འཕར་ཚད7.30‰བཅས་ཟིན་ཡོད། སྤྱི་ལོ2016ལོར། ཝུན་རྫོང་གི་དུད་ཚང་བསྡོམས་འབོར་ཁྲི9.05ཟིན་པ་དང་མི་འབོར་བསྡོམས་འབོར་ཁྲི24.73ཟིན་པའི་ནང་གྲོང་གསེབ་ཀྱི་མི་འབོར་ཁྲི19.15ཡོད་པ་རེད། སྤྱི་ལོ2014ལོར། ཝུན་རྫོང་གི་སྤྱིའི་མི་འབོར་ཁྲི23.5084ཡོད་པ་དང་། སྐྱེས་ཚད་9.06‰ ཤི་ཚད3.366‰ མི་འབོར་རང་ཤུགས་སུ་འཕར་ཚད5.7‰བཅས་ཟིན་ཡོད། རྒྱུན་སྡོད་མི་འབོར་ཁྲི23.3306དང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི2.4547ཟིན་ཡོད།

5_2 མི་རིགས།

ཝུན་རྫོང་དུ་རྒྱ་རིགས་དང་། བོད་རིགས། ཧུའེ་རིགས་བཅས་གཙོ་བོ་ཡིན་པ་དང་། དུས་མཚུངས་སུ་ས་ལར་དང་། དབྱིས་རིགས། སོག་རིགས། མིའོ་རིགས། མན་ཇུ་རིགས། ཐུའུ་ཅ་རིགས། ཏུང་ཞང་། ཁྲའོ་ཞན། ཀེ་ལའོ་རིགས་སོགས་མི་རིགས9ཁ་ཐོར་དུ་གནས་ཡོད། གྲངས་ཉུང་མི་རིགས11ཡོད་པ་དང་། གྲངས་ཉུང་མི་རིགས་ལ་གྲོང་ཚོ33གྱི་མཉམ་ལས་ཁང60ཡོད་ཅིང་། ཐའེ་ལུའོ་དང་པི་ཁོའུ། ཧྲི་ཅི་པ། པའོ་ཙི་པ། ལི་ཕིན། ཐེན་ཁྲི། ཏན་པའོ། ལིའུ་ཅ་ཕིན། ཁྲེང་ཀོན། ཀྲུང་ཀྲའེ་སོགས་ཡུལ་ཚོ་དང་གྲོང་རྡལ་བཅུ་རུ་ཁ་གྲམ་ནས་བསྡད་ཡོད་པ་དེས་ཁྱོན་བསྡོམས་དུད་ཚང2201དང་མི8642ཡོད་པ་དེས་རྫོང་ཡོངས་ཀྱི་སྤྱིའི་མི་འབོར་གྱི3.4%བཟུང་ཡོད།

6 དཔལ་འབྱོར་གནས་ཚུལ།

སྤྱི་ལོ2017ལོར། ཝུན་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར24.97ཟིན་ཡོད། དེའི་ནང་ཐོན་ལས་དང་པོར་སྒོར་དུང་ཕྱུར5.026དང་། ཐོན་ལས་གཉིས་པར་སྒོར་དུང་ཕྱུར6.0336 ཐོན་ལས་གསུམ་པར་སྒོར་དུང་ཕྱུར13.9114ཟིན་ཡོད།     

སྤྱི་ལོ2016ལོར། ཝུན་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར25.8ཟིན་པ་དེ་ལོ་གོང་མ་ལས9.6%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར5.8ཟིན་ནས5.7%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར6.6ཟིན་ནས12.8%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར13.4ཟིན་ནས9.6%འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར2.3ཡིན་པས8.5%འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར20.2ཡིན་པས17.7%འཕར་ཡོད། ལས་བཟོའི་ཆ་སྙོམས་གླ་ཕོགས་སྒོར50212ཟིན་ནས9.7%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར19650ཟིན་ནས8%འཕར་ཡོད། ཞིང་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར5389ཟིན་ནས8.6%འཕར་ཡོད།     

སྤྱི་ལོ2015ལོར། ཝུན་རྫོང་གིས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་23.35ཟིན་པ་དེ་ལོ་སྔོན་མ་ལས8.6%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར75.21བཏང་བ་རེད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར6.45ཟིན་པ་དེ་ལོ་སྔོན་མ་ལས་སོ་སོར14.2%དང12.2%འཕར་ཡོད། ཁྱབ་ཆེའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར4.01དང་སྤྱི་པའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར2.12ཟིན་པ་དེ་སོ་སོར་ལོ་སྔོན་མ་ལས8.5%དང5.6%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར17920ཟིན་པ་དང་ཞིང་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར5023ཟིན་པ་དེ་སོ་སོར་ལོ་སྔོན་མ་ལས10.7%དང14.1%འཕར་ཡོད་པ་རེད།

7 ཁྱད་ལྡན་ཐོན་རྫས།

ཝུན་རྫོང་གི་གྲགས་ཅན་ཁྱད་ལྡན་ཐོན་རྫས་གྲས་སུ་ཝུན་རྫོང་གི་ཇ་ལྗང་དང་། ཝུན་རྫོང་ཝུན་ཏང་། ཨ་མྲའི་བག་ལེབ་སོགས་ཡོད་པ་རེད།

8 གནས་སྐོར་ལྗོངས་རྒྱུ། 

ཡུལ་ལྗོངས་གྲགས་ཅན་གྲས་སུ་ཝུན་རྫོང་གི་ཐེན་ཁྲི་དང་པེ་མ་གཙང་པོའི་སྣོད་བཅུད་དམངས་སྲོལ་མཛེས་ལྗོངས་ཁུལ་སོགས་ཡོད་པ་རེད། 

9 གཟི་བརྗིད་མཚན་སྙན།

ཝུན་རྫོང་ལ་སྔ་རྗེས་སུ“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ”དང་། “ཀྲུང་གོའི་པེ་མ་པའི་དམངས་སྲོལ་རིག་གནས་ཀྱི་ཕ་ཡུལ” “ཀན་སུའུ་ཞིང་ཆེན་གྱི་ཤེས་དཔལ་རྫོང”སོགས་ཀྱི་མཚན་སྙན་ཐོབ་ཡོད།

སྤྱི་ལོ2020ལོའི་ཟླ1པོའི་ཚེས8ཉིན། ཝུན་རྫོང་ཀན་སུའུ་ཞིང་ཆེན་གྱི་ཚན་རིག་སློབ་གསོའི་འགྲན་རྩོད་ནུས་པ་ཆེ་ཤོས་ལྡན་པའི་རྫོང་དུ་གཏན་འཁེལ་བྱས་པ་རེད།

དཔྱད་གཞིའི་ཡིག་ཆ།