ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་དུས།
ཐོག་མར་ཝེ་ཁྲོན་ཏའོ་ཡི་ཁོངས་སུ་གཏོགས།
སྤྱི་ལོ1936ལོར། ཀན་སུའུ་ཡི་ཆུས་བཞི་པའི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་བཙུགས་ནས་ལི་རྫོང་ལ་འགོ་ཁྲིད་བྱས་པ་རེད།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས།
སྤྱི་ལོ1949ལོའི་ཟླ8པར། ལི་རྫོང་བཅིངས་འགྲོལ་བཏང་ནས་ལི་རྫོང་མི་དམངས་སྲིད་གཞུང་བཙུགས་པ་དང་། ཝུའུ་ཏུའུ་ས་ཁུལ་གྱི་སྲིད་འཛིན་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།
སྤྱི་ལོ1955ལོར། ཐེན་ཧྲུའེ་ས་ཁུལ་གྱི་སྲིད་འཛིན་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་བགོས།
སྤྱི་ལོ1958ལོའི་ཟླ8པར། ཞི་ཧོ་དང་ལི་རྫོང་གཉིས་ཟླ་སྒྲིལ་བྱས་ཤིང་། མིང་ལ་ཞི་ལི་རྫོང་ཞེས་པར་བསྒྱུར། རྫོང་མི་དམངས་ཨུ་ཡོན་ལྷན་ཁང་དེ་ལི་རྫོང་མཁར་དུ་བཙུགས་ཡོད།
སྤྱི་ལོ1962ལོར། ལི་རྫོང་དང་ཞི་རྫོང་གཉིས་སོ་སོར་བཙུགས་པ་རེད།
སྤྱི་ལོ1985ལོའི་ཟླ7པར། ལི་རྫོང་ཝུའུ་ཏུའུ་ཡི་ཁོངས་སུ་བསྒྲིལ་བ་དང་། དེ་སྔའི་ཝུའུ་ཏུའུ་ཀྲོན་ཆུས་ཀྱི་མིང་ལུང་ནན་སྲིད་འཛིན་ཀུང་ཧྲུའུ་ཞེས་པར་བསྒྱུར།
སྤྱི་ལོ2004ལོར། ལུང་ནན་གྲོང་ཁྱེར་དུ་བསྒྱུར་ཞིང་། ལི་རྫོང་སྔར་བཞིན་དེའི་ཁོངས་གཏོགས་ཡིན།
སྤྱི་ལོ2014ལོར། ཧུང་ཧོ་ཡུལ་ཚོ་དང་། ཁོན་ཁྲོན་ཡུལ་ཚོ་། ཆི་ཧྲན་ཡུལ་ཚོ་། ཡུང་ཤིན་ཡུལ་ཚོ། ཡུང་ཕིང་ཡུལ་ཚོ། ཡུང་ཕིང་ཡུལ་ཚོ། ཀྲུང་པ་ཡུལ་ཚོ་བཅས་མེད་པ་བཟོས་ནས་ཧུང་ཧོ་གྲོང་རྡལ་དང་། ཁོན་ཁྲོན་གྲོང་རྡལ། ཆི་ཧྲན་གྲོང་རྡལ། ཡུང་ཤིན་གྲོང་རྡལ། ཡུང་ཕིང་གྲོང་རྡལ། ཀྲུང་པ་གྲོང་རྡལ་བཅས་བཙུགས་པ་དང་། ལེ་པ་ཡུལ་ཚོ་དང་ལུའོ་པ་ཡུལ་ཚོ་མེད་པར་བཟོས་ཏེ་ལེ་པ་གྲོང་བརྡལ་དང་ལུའོ་པ་གྲོང་བརྡལ་བཙུགས་པ་རེད། ལོ་དེར་ཁྲེང་ཀོན་གྲོང་རྡལ་དང་། ཡན་ཀོན་གྲོང་རྡལ། པའེ་ཧོ་གྲོང་རྡལ་བཅས་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་རྡལ་དུ་བཅུག་ཡོད།
སྤྱི་ལོ2016ལོའི་ཟླ་དང་པོར། ཡ་ཁྲེང་ཡུལ་ཚོ་དང་ཐའོ་ཕིང་ཡུལ་ཚོ་། ལུང་ལིན་ཡུལ་ཚོ་བཅས་མེད་པ་བཟོས་ནས་ཡ་ཁྲེང་གྲོང་རྡལ་དང་ཐའོ་ཕིང་གྲོང་རྡལ། ལུང་ལིན་གྲོང་རྡལ་བཅས་བཙུགས་པ་རེད།
སྤྱི་ལོ2018ལོའི་ཟླ3པར། ཀུའུ་ཁྲེང་ཡུལ་ཚོ་དང་ཏན་ཧྲན་ཡུལ་ཚོ་། ཅང་ཁོའུ་ཡུལ་ཚོ། པའེ་ཀོན་ཡུལ་ཚོ། ཝང་པ་ཡུལ་ཚོ། ཐན་ཕིང་ཡུལ་ཚོ། ཆའོ་ཐོའུ་ཡུལ་ཚོ་བཅས་མེད་པ་བཟོས་ནས་ཀུའུ་ཁྲེང་གྲོང་རྡལ་དང་། ཏན་ཧྲན་གྲོང་རྡལ། ཅང་ཁོའུ་གྲོང་རྡལ། པའེ་ཀོན་གྲོང་རྡལ། ཝང་པ་གྲོང་རྡལ། ཐན་ཕིང་གྲོང་རྡལ། ཆའོ་ཐོའུ་གྲོང་རྡལ་བཅས་བཙུགས་པ་རེད།
སྤྱི་ལོ2018ལོའི་ཟླ3པའི་བར། ལི་རྫོང་ཁོངས་གཏོགས་སུ་གྲོང་རྡལ22དང་། ཡུལ་ཚོ7 སྲིད་འཛིན་གྲོང་ཚོ568བཅས་ཚུད་ཡོད།
གྲོང་རྡལ།
ཁྲེམ་ཀོན་གྲོང་རྡལ། ཡན་ཀོན་གྲོང་རྡལ། ཧྲི་ཆའོ་གྲོང་རྡལ། པེ་ཧོ་གྲོང་རྡལ། ཁོན་ཁྲོོན་གྲོང་རྡལ། ཆི་ཧྲན་གྲོང་རྡལ། ཡུང་ཞིན་གྲོང་རྡལ། ཡུང་ཕིང་གྲོང་རྡལ། ཀྲུང་པ་གྲོང་རྡལ། ལུའོ་པ་གྲོང་རྡལ། ལུའེ་པ་གྲོང་རྡལ། ཡ་ཁྲེང་གྲོང་རྡལ། ཐའོ་ཕིང་གྲོང་རྡལ། ལུང་ལིན་གྲོང་རྡལ། ཀུའུ་ཁྲེང་གྲོང་རྡལ། ཆིའུ་ཧྲན་གྲོང་རྡལ། ཅང་ཁུག་གྲོང་རྡལ། པའེ་ཀོན་གྲོང་རྡལ། ཝང་པ་གྲོང་རྡལ། ཐན་ཕིང་གྲོང་རྡལ། ཆའོ་ཐོའུ་གྲོང་རྡལ་བཅས་སོ།།
ཡུལ་ཚོ།
མ་ཧོ་ཡུལ་ཚོ། ཧྲང་ཕིང་ཡུལ་ཚོ། ལེ་ཝང་ཡུལ་ཚོ། ཧྲ་ཅིན་ཡུལ་ཚོ། ཞའོ་ལིའང་ཡུལ་ཚོ། སན་ཡུས་ཡུལ་ཚོ་བཅས་སོ།།
ལི་རྫོང་ནི་ཀན་སུའུ་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དུ་གནས་པ་དང་། ལུང་ནན་གྲོང་ཁྱེར་གྱི་བྱང་རྒྱུད་དུ་ཆགས་ཡོད། བྱང་ངོས་ཐེན་ཧྲུའེ་ཆིན་ཀྲོའུ་ཆུས་དང་ཞི་ཧོ་རྫོང་དང་། ནུབ་ངོས་ཀྱི་ཐན་ཁྲང་དང་རྨིན་རྫོང་དང་འབྲེལ། ལྷོ་ངོས་ཀྱི་ལུང་ནན་གྲོང་ཁྱེར་ཝུའུ་ཏུའུ་ཆུས་དང་འབྲེལ། བྱང་ངོས་ཝུའུ་ཧྲན་དང་ཀན་ཀུའུ་རྫོང་དང་ས་མཚམས་འབྲེལ་བ་བཅས་སོ།། རྫོང་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ4299.92དང་། ལྷོ་བྱང་གི་རིང་ཚད་སྟོང་སྨི103 ཤར་ནུབ་ཀྱི་ཞེང་ཚད་སྟོང་སྨི88བཅས་ཡོད། ཞིང་ཆེན་ལྟེ་གནས་ལན་ཀྲོའུ་བར་སྤྱི་ལེ345དང་། ཐེན་ཧྲུའེ་གྲོང་ཁྱེར་དང་སྤྱི་ལེ97 ལུང་ནན་གྲོང་ཁྱེར་བཅའ་སྡོད་བྱ་ཡུལ་ཝུའུ་ཏུའུ་དང་སྤྱི་ལེ250.5ཡིས་ཆོད་པ་བཅས་སོ།།
ལི་རྫོང་གི་གནམ་གཤིས་ནི་དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས། དགུན་དུས་གྲང་ངར་ཆེ་བ་དང་སྐམ་ཤས་ཆེ། དབྱར་དུས་ཚ་བ་ཆེ་བ་དང་ཆར་ཆུ་མང་། གནམ་གཤིས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་དང་། དགུན་དུས་རིང་བ་དང་དབྱར་ཁ་ཐུང་བ། དཔྱིད་དུས་དེ་གཉིས་ཀྱི་བར་ཙམ་རེད། ལོ་རེའི་ཆ་སྙོམས་དྲོད་ཚད9.9℃དང་ཆར་ཆུ་འབབ་ཚད་ཧའོ་སྨི488.2ཟིན་པ་དང་། ལོ་རེར་ཆ་སྙོམས་ཉི་འོད་ཆུ་ཚོད1968.1ཟིན། སད་མེད་དུས་ཉིན183ཡིན།
སྤྱི་ལོ2017ལོའི་ལོ་མཇུག་ཏུ། ལི་རྫོང་གི་དུད་ཚང་བསྡོམས་འབོར་ཁྲི13.4158ཟིན་པ་དང་། མི་འབོར་བསྡོམས་འབོར་ཁྲི53.6817ཟིན། རྒྱུན་སྡོད་མི་འབོར་ཁྲི47.23ཟིན། སྐྱེ་ཚད13.73‰ཡིན། རང་བྱུང་འཕར་ཚད5.57‰ཡིན།
སྤྱི་ལོ2016ལོའི་ལོ་མཇུག་ཏུ། ལི་རྫོང་གི་མི་འབོར་བསྡོམས་འབོར་ཁྲི53.79ཟིན་པ་དང་། གྲོང་གསེབ་ཀྱི་མི་འབོར་ཁྲི46.64ཡོད་པ་དེས་མི་འབོར་བསྡོམས་འབོར་གྱི86.71%བཟུང་ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད24.29%ཟིན་ཡོད།
སྤྱི་ལོ2014ལོའི་ལོ་མཇུག་ཏུ། ལི་རྫོང་གི་མི་འབོར་བསྡོམས་འབོར་ཁྲི53.48ཟིན་པ་དང་རྒྱུན་སྡོད་མི་འབོར་ཁྲི45.98ཟིན་པའི་ནང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི9.29ཟིན་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད20.20%ཟིན་ཡོད་པ་རེད།
སྤྱི་ལོ2016ལོའི་བར། ལི་རྫོང་མི་རིགས་ཀྱིས་རྒྱ་རིགས་མི་འབོར་གཙོ་བོར་བཟུང་བ་དེས་རྫོང་ཡོངས་ཀྱི་སྤྱིའི་མི་འབོར་གྱི98.2%བཟུང་བ་དང་གཞན་ཡང་ཧུའེ་རིགས་དང་། བོད་རིགས། མན་ཇུ་རིགས། སོག་རིགས། མིའོ་རིགས། དབྱིས་རིགས་སོགས་གྲངས་ཉུང་མི་རིགས6ཡོད་པ་རེད།
སྤྱི་ལོ2016ལོར། ལི་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར33.1ཟིན་པ་དེ་ལོ་གོང་མ་ལས8.0%འཕར་ཡོད།
ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར9.4ཟིན་ནས5.3%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར6.6ཟིན་ནས5.9%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར17.1ཟིན་ནས10.6%འཕར་ཡོད།
ཐེངས་གསུམ་གྱི་ཐོན་ལས་གྲུབ་ཚུལ་གྱི་བསྡུར་ཚད་ནི28.35:19.88:51.77ཡིན། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར72.7བཏང་ནས13.0%འཕར་ཡོད།
སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར14.3ཟིན་ནས9.1%འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར2.16ཟིན་ནས3.31%འཕར་ཡོད།
སྤྱིར་བཏང་གི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར29.44ཡིན་པས4.46%འཕར་ཡོད། དངུལ་རྩའི་སྒྲིག་གཞིའི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར54.06ཟིན་ནས36.98%འཕར་ཡོད། བཅོལ་དངུལ་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར103.99ཟིན་ནས9.15%འཕར་ཡོད། ཚོང་ཟོག་སིལ་འཚོང་ཟོག་གོང་གི་སྤྱིའི་སྟོན་གྲངས101.9དང་། གྲོང་མིའི་འཛད་སྤྱོད་རིན་གོང་གི་སྤྱིའི་སྟོན་གྲངས101.3ཡིན་ཞིང་། ཞིང་ཆེན་དང་གྲོང་ཁྱེར་གྱིས་གཤམ་སྤྲོད་བྱས་པའི་དམིགས་ཚད་ཁྱབ་ཁོངས་ནང་ཚོད་འཛིན་བྱས་ཡོད།
སྤྱི་ལོ2014ལོའི་ལོ་མཇུག་ཏུ། ལི་རྫོང་ཡོངས་ལ་ཡུལ་ཚོ་དང་གྲོང་རྡལ་གྱི་རིག་གནས་ས་ཚིགས29དང་ཞིང་དུད་དཔེ་ཁང568ཡོད་པ་དང་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་དཔེ་དེབ་སྣ་ཚོགས་ཁྲི13ཡོད་པ་རེད། བརྙན་འཕྲིན་མི་འབོར་ཁེབས་ཚད98 % ཟིན་།
སྤྱི་ལོ2011ལོའི་ལོ་མཇུག་ཏུ། ལི་རྫོང་དུ་རིག་གནས་ཁང་དང་། དངོས་མང་བཤམས་སྟོན་ཁང་། རིག་གནས་རོལ་རྩེད་ལྟེ་གནས། དཔེ་མཛོད་ཁང་། ཁྲི་ཐུའུ་རི་བོའི་སྐྱེད་ཚལ་དོ་དམ་ཁང་། ཆི་ཧྲན་ཝུའུ་མཚུན་ཁང་། རིག་དངོས་སྲུང་སྐྱོབ་རུ་ཁག རིག་གནས་ཁྲོམ་རའི་ཞིབ་བཤེར་རུ་ཁག ལི་རྫོང་ཆིན་གྱི་ཟློས་གར་ཚོགས་པ་བཅས་ཡོད། ལི་རྫོང་དུ་ཆིན་གྱི་ཡར་སྔོན་དང་རྒྱལ་ཁབ་གསུམ་གྱི་ཞིབ་འཇུག་ཚོགས་པ་དང་། ལི་རྫོང་སྒེར་ཁང། གཞུང་བཙུགས་ཡིག་རིས་ཁང1རེ་ཡོད་པ་དང་། གཞི་རིམ་རིག་གནས་ས་ཚིགས11 རིག་གནས་ཁྲོམ་རའི་གྲམ་ཐང་ཁག40བཅས་ཡོད། ཆེད་ལས་དང་ལས་འགན་གཅིག་ལྕོགས་སྣ་ཚོགས་ཀྱི་རིག་གནས་ལས་དོན་པ100ལྷག་ཙམ་ཡོད།
སྤྱི་ལོ2016ལོའི་བར། ལི་རྫོང་གི་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་མི་གྲངས103299ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་ལེན་མི་གྲངས8609ཟིན། གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་ལས་བཟོ་བ6965ཟིན། གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ལས་བཟོ་བ34042ཟིན། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས443370ཟིན་ཡོད་པ་རེད། ལས་གཏོད་དང་ལས་ཞུགས་བསྐྱར་མའི་གྲངས་ཉུང་ཁག་ཐེག་དངུལ་བུན་སྒོར་ཁྲི1570སྤྲད་དེ་ལས་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།
སྤྱི་ལོ2016ལོར། རྫོང་ཡོངས་ཀྱི་ལས་བཟོའི་ལོའི་ཆ་སྙོམས་གླ་ཕོགས་སྒོར་ཁྲི712555ཟིན་པ་དེ་ལོ་གོང་མ་ལས34.9%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར19402.6ཟིན་པ་དེ་ལོ་གོང་མ་ལས8.4%འཕར་ཡོད།
སྤྱི་ལོ2014ལོའི་ལོ་མཇུག་ཏུ། ལི་རྫོང་དུ་ཁྱོན་སྨན་བཅོས་ལས་ཁུངས38དང་། ཀྲུང་ལུགས་སྨན་ཁང1 ནད་ཡམས་ཚོད་འཛིན་ལྟེ་གནས1 བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་ས་ཚིགས1 འཕྲོད་བསྟེན་ལྟ་སྐུལ་སུའོ1 འཕྲོད་བསྟེན་སློབ་གྲྭ1 སྡེ་ཁུལ་འཕྲོད་བསྟེན་ཁང2 ཞིང་ལས་མཉམ་ལས་གཞུང་ལས་ཁང1 ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང29བཅས་ཡོད་པ་རེད། ནད་ཁྲི1150ཡོད་པ་དང་། འཕྲོད་བསྟེན་ལག་རྩལ་མི་སྣ960ཡོད། དེའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ་དང་ལས་གཉེར་ལས་རོགས་སྨན་པ312ཡོད་པ་དང་། ཐོ་འགོད་བྱས་པའི་ནད་གཡོག་པ169 སྨན་པ39ཡོད། ལག་རྩལ་པ30ཡོད། དེ་ལས་གཞན་པའི་མི་སྣ410ཡོད།
སྤྱི་ལོ2016ལོའི་ལོ་མཇུག་ཏུ། ལི་རྫོང་དུ་ཁྱོན་སྨན་བཅོས་ལས་ཁུངས45དང་། ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང29དང་། ནད་ཁྲི1388 འཕྲོད་བསྟེན་ལག་རྩལ་མི་སྣ999བཅས་ཡོད་པའི་ནང་ལས་གཉེར(ལས་རོགས)སྨན་པ་དཀའ་བཅུ་པ352ཡོད་པ་དང་། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པར་ཞུགས་ཚད98.49%ཟིན། འཆར་གཞི་ལྟར་ཕྲུ་གུ་སྐྱེ་ཚད97.13%ཟིན་པ་བཅས་རེད།