ཁྲུང་ཀྲོའུ་གྲོང་ཁྱེར།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-05-11 17:02ལ་འགྲུབ།

ཁྲུང་ཀྲོའུ་གྲོང་ཁྱེར།

ཁྲུང་ཀྲོའུ་གྲོང་ཁྱེར།
ཁྲུང་ཀྲོའུ་ལ་གནའ་དུས་སུ་ཧྲུའུ་ཀྲོའུ་ཞེས་འབོད་ཅིང་། སི་ཁྲོན་ཞིང་ཆེན་ཁོངས་ཀྱི་རྫོང་རིམ་པའི་གྲོང་ཁྱེར་ཡིན་པ་དང་། ཁྲིན་ཏུའུ་ཡིས་ཚབ་བྱས་ནས་དོ་དམ་བྱེད་ཀྱིན་ཡོད། ཤར་ཕྱོགས་སུ་ཁྲིན་ཏུའུ་གྲོང་ཁྱེར་ཝུན་ཅང་ཆུས་དང་ཧྲོང་ལིའུ་ཆུས་གཉིས་ལ་འབྲེལ་ཡོད་པ་དང་། ལྷོ་ཕྱོགས་སུ་ཞིན་ཅིན་རྫོང་དང་འབྲེལ། ནུབ་ཕྱོགས་ནི་ཏ་དབྱི་རྫོང་དང་འབྲེལ། བྱང་གི་ཕྱོགས་ནི་ཏུའུ་ཅང་ཡན་གྲོང་ཁྱེར་འབྲེལ། ནུབ་བྱང་ཕྱོགས་ནི་ཝུན་ཁྲོན་རྫོང་མཚམས་འབྲེལ་ཡོད་པ་བཅས་ཡིན། ཁྲུང་ཀྲོའུ་གྲོང་ཁྱེར་གྱི་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ1090ཡོད་པ་དེའི་ཁོངས་སུ་ཁྲོམ་གཞུང་དོན་གཅོད་ཁྲུའུ6དང་གྲོང་རྡལ9ཡོད། ཐེམ་ཐོའི་མི་འབོར་ཁྲི66.48(དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི31.6ཡོད་པ)ཡོད། རྒྱུན་སྡོད་མི་འབོར་ཁྲི75ཡོད་པ་དང་། གྲོང་ཁྱེར་འཛུགས་སྐྲུན་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ43(དཔལ་འབྱོར་གསར་སྤེལ་ཁུལ་ཚུད་པ)ཡོད་པ་རེད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཁྲུང་ཀྲོའུ་གྲོང་ཁྱེར།
རྒྱ་ཡིག་གི་མིང་།
崇州市
ཕྱི་ཡིག་གི་མིང་།
Chongzhou City
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ལྷོ་ནུབ་ས་ཁུལ།
མངའ་ཁོངས།
ཁྲོམ་གཞུང་དྲུག གྲོང་རྡལ་དགུ
སྲིད་གཞུང་སྡོད་གནས།
ཁྲུང་དབྱང་ཁྲོམ་གཞུང་རིག་གནས་ནུབ་ལམ་ཨང་རྟགས1པ།
ས་ཁོངས་ཁ་པར་ཨང་རྟགས།
028
སྦྲག་སྲིད་ཚབ་ཨང་།
611230
1 ​ལོ་རྒྱུས་འཕེལ་རིམ།

ཁྲུང་ཀྲོའུ་ནི་གནའ་བོའི་དུས་ཀྱི་རྒྱའི་བསམ་བློ་པ་གྲགས་ཅན་འོ་ཙིའི་བསམ་བློ་ཐོག་མར་དར་སྤེལ་བྱ་ཡུལ་ཡིན། ཁྲུང་ཀྲོའུ་གྲོང་ཁྱེར་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ཧན་རྒྱལ་རབས་ཀྱི་སྐབས་སུ་ཧྲུའུ་ཁྲོན་ཞེས་འབོད་པ་དང་། ཐང་རྒྱལ་རབས་སྐབས་སུ་ཧྲུའུ་ཀྲོའུ་ཞེས་འབོད། དེའི་རྫོང་གི་སྒྲིག་གཞི་བཙུགས་པར་ལོ་རྒྱུས་ལོ་ངོ4300ལྷག་ཙམ་རིང་གི་ལོ་རྒྱུས་ལྡན་པ་དང་། སྤྱི་ལོ316ལོར་རྫོང་ལམ་ལུགས་བཙུགས།

སྤྱི་ལོ1913ལོར་མི་སེར་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་མན་ཇུ་རྒྱལ་རབས་ཀྱིས་བཙུགས་པའི་སྲིད་གཞུང་དང་། ཀྲོའུ། ཐིང་བཅས་མེད་པར་བཟོས་པ་དང་། ཁྲུང་ཆིང་ཀྲོའུ་དེ་ཡང་ཁྲུང་ཆིང་རྫོང་དུ་བསྒྱུར་བ་དང་སྔ་རྗེས་སུ་ཁྲོན་ནུབ་ཏའོ་དང་། ནུབ་ཁྲོན་ཏའོ། སྲིད་འཛིན་ལྟ་ཞིབ་ཁུལ་དང་པོའི་ཀྲོན་ཡོན་ཀུང་ཧྲུའུ་བཅས་ཀྱི་ཁོངས་སུ་བདམས་པ་རེད།

སྤྱི་ལོ1949ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། ཁྲུང་ཆིང་རྫོང་ནི་ཁྲོན་ནུབ་སྲིད་འཛིན་ཀུང་ཧྲུའུ་ཝུན་ཅང་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས་པ་དང་། སྤྱི་ལོ1952ལོའི་རྗེས་སུ་སི་ཁྲོན་ཞིང་ཆེན་ཝུན་ཅང་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས་ཡོད།

སྤྱི་ལོ1983ལོའི་ཟླ7པར། ཝུན་ཅང་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་མེད་པར་བཟོས་ཤིང་། ཁྲུང་ཆིང་རྫོང་ཁྲིན་ཏུའུ་གྲོང་ཁྱེར་གྱི་མངའ་འོག་ཏུ་བཅུག

སྤྱི་ལོ1994ལོའི་ཟླ6པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གྲོང་ཁྱེར་འཛུགས་པར་ཆོག་མཆན་བཀོད་པ་དང་། རྫོང་ཕྱིར་འཐེན་བྱས་ཏེ་ཁྲུང་ཀྲོའུ་གྲོང་ཁྱེར་བཙུགས།

2 སྲིད་འཛིན་ཁོངས་བགོས།

ཁྲུང་ཀྲོའུ་གྲོང་ཁྱེར་གྱི་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ1090ཡོད་པ་དེའི་ཁོངས་སུ་ཁྲོམ་གཞུང་དོན་གཅོད་ཁྲུའུ6དང་གྲོང་རྡལ9ཡོད། ཐེམ་ཐོའི་མི་འབོར་ཁྲི66.48(དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི31.6ཡོད་པ)ཡོད། རྒྱུན་སྡོད་མི་འབོར་ཁྲི75ཡོད་པ་དང་། གྲོང་ཁྱེར་འཛུགས་སྐྲུན་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ43(དཔལ་འབྱོར་གསར་སྤེལ་ཁུལ་ཚུད་པ)ཡོད་པ་རེད།

སྤྱི་ལོ2019ལོའི་ཟླ12པར་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་དབྱང་མ་གྲོང་རྡལ་དང་། གཙང་གསུམ་གྲོང་རྡལ། ཅང་ཡོན་གྲོང་རྡལ། ཏ་ཡན་གྲོང་རྡལ། ཅི་ཀོན་ཧྲན་ཤང་། ཀུང་དབྱི་ཤང་། སན་ལང་གྲོང་རྡལ། ཅི་ཤེས་ཤང་། ཅིན་ཅང་ཤང་། ཝང་ཁྲང་གྲོང་རྡལ། ཧོང་ཡོན་ཤང་། ཐུང་ཆོན་གྲོང་རྡལ། ཅི་ཞན་ཤང་། ཁྲུང་ཕིང་གྲོང་རྡལ། ཙི་ཡུང་གྲོང་རྡལ་བཅས་མེད་པ་བཟོ་རྒྱུ་དང་། དབྱང་མ་ཁྲོམ་གཞུང་དང་། གཙང་གསུམ་ཁྲོམ་གཞུང་། ཅང་ཡོན་ཁྲོམ་གཞུང་། ཏ་ཡན་ཁྲོམ་གཞུང་། ཁྲུང་ཆིང་ཁྲོམ་གཞུང་བཅས་འཛུགས་རྒྱུར་མོས་མཐུན་བྱུང་པ་རེད། 

3 མི་གྲངས་གནས་ཚུལ།

སྤྱི་ལོ2017ལོའི་ལོ་མཇུག་ཏུ་གྲོང་ཁྱེར་དེ་ཡོངས་ཀྱི་ཐེམ་ཐོའི་དུད་ཚང252624དང་མི་འབོར་བསྡོམས663616ཡོད་པའི་ནང་སྐྱེས་པ332327དང་བུད་མེད332489ཡོད་པ་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར316481དང་། གྲོང་གསེབ་ཀྱི་མི་འབོར347135ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི75ལ་སླེབས་ཡོད།

4 དཔལ་འབྱོར་རགས་བཤད།

གྲོང་ཁྱེར་དེ་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར340.0བྱུང་བ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས10.6%འཕར་བའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར37.8ལ་སླེབས་ནས4.5%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར167.1ལ་སླེབས་ནས10.6%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར135.1ལ་སླེབས་ནས12.6%འཕར་ཡོད། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་ཐོན་ལས་གྲུབ་ཆ་ནི11.1:49.2:39.7ཡིན་པ་དང་། ཐོན་ལས་ཐེངས་གསུམ་པས་དཔལ་འབྱོར་འཕར་རྒྱུར་སྐྱེས་འབུལ་ཚད་སོ་སོར4.0%དང་། 46.4% 49.6%བཅས་ལ་སླེབས་ཡོད། རྒྱུན་སྡོད་མི་འབོར་ལྟར་བརྩིས་ན། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར51126ལ་སླེབས་ནས10.5%འཕར་ཡོད།

གྲོང་ཁྱེར་དེ་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕར་ཐང་སྒོར་དུང་ཕྱུར220.5ལ་སླེབས་ནས10.7%འཕར་བ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱིསGDPནང་བཟུང་བའི་བསྡུར་ཚད64.8%ལ་སླེབས་ནས་དཔལ་འབྱོར་འཕར་རྒྱུར་སྐྱེས་འབུལ་ཚད68.8%ལ་སླེབས་ཡོད་པ་རེད།

ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་ཀྱི་ལས་ཞུགས་མི་སྣ543484ཡོད་པའི་ནང་ཐོན་ལས་དང་པོའི་ལས་ཞུགས་མི་སྣ108900དང་། ཐོན་ལས་གཉིས་པའི་ལས་ཞུགས་མི་སྣ284098ཐོན་ལས་གསུམ་པའི་ལས་ཞུགས་མི་སྣ150486བཅས་ཡོད་པ་རེད། གྲོང་ཁྱེར་དང་གྲོང་རྡལ་དུ་མི8387གསར་དུ་ལས་ཞུགས་ཐུབ་པ་དང་། ལས་ཞུགས་དཀའ་ངལ་ཡོད་པའི་མི575བསྐྱར་དུ་ལས་ཞུགས་ཐུབ་པ། གྲོང་གསེབ་ཀྱི་ངལ་ནུས་ལྷག་མ་མི6348གསར་དུ་ལས་ཞུགས་ཐུབ་པ། གྲོང་ཁྱེར་དུ་ལས་ཞུགས་ཐོ་འགོད་བྱས་པའི་ལས་ཀ་ཤོར་ཚད3.38%ལ་སླེབས་པ་བཅས་རེད།

5 སྤྱི་ཚོགས་ལས་དོན།
5_1 སློབ་གསོ།

སྤྱི་ལོ2017ལོའི་ལོ་མཇུག་ཏུ་ཁྲུང་ཀྲོའུ་གྲོང་ཁྱེར་དུ་གཞུང་བཙུགས་བུ་བཅོལ་ཁང30བསྐྲུན་པའི་ནང9བེད་སྤྱོད་གཏོང་འགོ་ཚུགས་པ་དང་སློབ་གནས2300མང་དུ་ཕྱིན་ཡོད་པ་རེད། གྲོང་ཁྱེར་ཡོངས་ཀྱི་སློབ་ཆུང31དང་། ལོ་དགུའི་ལམ་ལུགས་ཀྱི་སློབ་གྲྭ6 དམིགས་བསལ་སློབ་གསོའི་སློབ་གྲྭ1 སློབ་འབྲིང12 འབྲིང་རིམ་ལས་རིགས་སློབ་གསོའི་སློབ་གྲྭ2 མཐོ་རིམ་སློབ་གྲྭ3 སློབ་ཆུང་གི་སློབ་གྲྭར་ཡོད་པའི་སློབ་མ30227དང་། སློབ་འབྲིང་གི་སློབ་གྲྭར་ཡོད་པའི་སློབ་མ20362 འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་གྲྭར་ཡོད་པའི་སློབ་མ1088 མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་མ23299བཅས་ཡོད། སློབ་གྲྭ་འབྲིང་ཆུང་དུ་ཆེད་བསྐོས་དགེ་རྒན4075ཡོད་པ་དང་། མཐོ་རིམ་སློབ་གྲྭ་དཀྱུས་མའི་ཆེད་བསྐོས་དགེ་རྒན959ཡོད།

5_2 ཚན་རིག

སྤྱི་ལོ2017ལོའི་ལོ་མཇུག་ཏུ་ཁྲུང་ཀྲོའུ་གྲོང་ཁྱེར་དུ་གསར་གཏོད་ལས་གཏོད་ཀྱི་གཞི་རྟེན6ཡོད་པ་དང་རིགས་ཁག་གི་མཐུན་སྦྱོར་གསར་གཏོད་རྣམ་གྲངས32སྤེལ་ཡོད། ཡོན་ཧྲི་གསར་དུ་འཕར་སྣོན་བྱུང་བའི་གསར་གཏོད་ལས་ཀའི་ས་ཚིགས2ཡོད་ཅིང་། བསྡོམས་གྲངས6ལ་སླེབས། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ཞབས་ཞུའི་ལས་ཁུངས6དང་གྲུབ་འབྲས་གཞན་སྒྱུར་ཁག16 ནང་འདྲེན་བྱས་ནས་ལག་རྩལ་གན་རྒྱའི་ཉོ་ཚོང་བསྡོམས་འབོར12%འཕར་ཡོད། སྤྱི་ཚོགས་ཡོངས་ཀྱིRYDགྲོན་དངུལ་སྒོར་དུང་ཕྱུར1.4བཏང་བ་དེ་དུས་མཚུངས་ལས13.6%འཕར། ཁྲིན་ཏུའུ་གྲོང་ཁྱེར་རིམ་པའི་ཁེ་ལས་ལག་རྩལ་ལྟེ་གནས2མང་དུ་ཕྱིན་པ་དང་། རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཁེ་ལས6མང་དུ་ཕྱིན། མཐོ་གསར་ལག་རྩལ་ཐོན་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་དུས་མཚུངས་ལས63.2%འཕར་ཡོད། རྒྱལ་ཁབ་ཀྱི་ཤེས་བྱའི་བདག་དབང་སྟོབས་ཆེའི་རྫོང་གི་ལས་གྲྭའི་དཔེ་སྟོན་རྫོང་གི་མཚན་སྙན་ཐོབ།

5_3 རིག་གནས།

སྤྱི་ལོ2017ལོའི་ལོ་མཇུག་ཏུ་ཁྲུང་ཀྲོའུ་གྲོང་ཁྱེར་གྱིས་རིག་གནས་དམངས་ཕན་གྱི་འཁྲབ་སྟོན་ཐེངས75བྱས་ནས་ཏའོ་མིང་གྲོང་རྡལ་ཐེན་ཧྲུའེ་གྲོང་ཚོ་དང་ལེའོ་ཅ་གྲོང་རྡལ་ཤིན་ཐའོ་གྲོང་ཚོ་སོགས་གཞི་རིམ་གྱི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུའི་ལྟེ་གནས་ཀྱི་དཔེ་སྟོན་ས་ཚིགས10བསྐྲུན་པ་དང་ཏའོ་མིང་གྲོང་རྡལ་གྱིས་ཁྲིན་ཏུའུ་གྲོང་ཁྱེར་གྱི་སྐོར་ཁག་དང་པོའི་དངོས་པོ་མ་ཡིན་པའི་་རིག་གནས་ཤུལ་བཞག་གི་ཁྱད་ལྡན་གྲོང་རྡལ་ཆུང་ངུར་འདུན་ཞུ་བྱས་པར་ཆོག་མཆན་བཀོད།

5_4 ལུས་རྩལ།

སྤྱི་ལོ2017ལོའི་ལོ་མཇུག་ཏུ་ཁྲུང་ཀྲོའུ་གྲོང་ཁྱེར་གྱིས་ཀྲུང་གོ•ཁྲིན་ཏུའུ་ཡི་རྐང་འཁོར་ལ་དབྱིངས་ཞུགས་མཁན་གྱི་ལུས་སྦྱོང་དུས་ཆེན(ཁྲུང་ཀྲོའུ་ས་ཚིགས)དང་སྐབས་དྲུག་པའི་གཞུང་ལམ་རྐང་འཁོར་གྱི་ཕུལ་བྱུང་འགྲན་བསྡུར་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་རེད། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་ཁྱོན་ཐེངས112སྤེལ་ནས་གྲོང་ཁྱེར་ཡོངས་ཀྱི་ཤང་གྲོང(ཁྲོམ་གཞུང)ལ་ལུས་སྦྱོང་སྒྲིག་ཆས་ཆ་ཚང60སྒྲིག་སྦྱོར་བྱས་པ་དང་རྐང་རྩེད་སྤོ་ལོའི་ཐང9བསྐྲུན་ལ་སླེབས་པ་རེད། སྤྱི་པའི་ལུས་རྩལ་ཐང་རིན་མེད་སྒོ་ཕྱེ་ཁྱོན་མི་ཐེངས་ཁྲི14.5ལ་སླེབས།

5_5 འཕྲོད་བསྟེན།

སྤྱི་ལོ2017ལོའི་ལོ་མཇུག་ཏུ་ཁྲུང་ཀྲོའུ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར་གཏོད་པའི་ལས་དོན་སྤེལ་འགོ་ཚུགས་པ་དང་ཞིང་ཆེན་རིམ་པའི་འཕྲོད་བསྟེན་གྲོང་ཁྱེར་ལ་བསྐྱར་འདེམས་བདེ་བླག་ངང་བྱས་པ་རེད། མི་དམངས་སྨན་ཁང་གི་ཕྱོགས་བསྡུས་གསོ་སྦྱོང་ལྟེ་གནས་སྤྱོད་འགོ་ཚུགས་པ་དང་ཀྲུང་ལུགས་སྨན་ཁང་གི་གནས་སྤོས་འཛུགས་སྐྲུན་རྣམ་གྲངས་ལས་མཇུག་འགྲིལ་ཡོད། གྲོང་ཁྱེར་ཡོངས་སུ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི67དང་། ཉལ་ཁྲི5633 འཕྲོད་བསྟེན་ལག་རྩལ་མི་སྣ4498བཅས་ཡོད་པ་དེའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ1491ཡོད་པ་རེད།

5_6 འགན་སྲུང་།

སྤྱི་ལོ2017ལོའི་ལོ་མཇུག་ཏུ་ཁྲུང་ཀྲོའུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི287910ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་རྒན་གསོའི་འགན་བཅོལ་ལ་ཞུགས་པའི་མི་གྲངས193192ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས461014ལ་སླེབས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་སྨན་བཅོས་འགན་བཅོལ་ལ་ཞུགས་པའི་མི་གྲངས212376ཡོད།

སྤྱི་ལོ2017ལོའི་ལོ་མཇུག་ཏུ་ཁྲུང་ཀྲོའུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་མི་གྲངས8085ཡོད་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་ལེན་མི་གྲངས673དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་མི་གྲངས7412ཡོད་པ་རེད། ཐེམ་ཐོའི་མི་འབོར་ཁྲོད་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་འབོར2901ལ་སླེབས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཉིན་མོའི་ལྟ་རྟོག་ལྟེ་གནས53གསར་སྐྲུན་བྱས་པ་དང་། སྡེ་ཁུལ་རྒན་གསོ་ཁང1བཙུགས་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁམས། མི་རིགས། རིག་གནས། ཡུལ་གྲུ།