ཕི་ཏུའུ་ཆུས།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-05-11 17:58ལ་འགྲུབ།

ཕི་ཏུའུ་ཆུས།

ཕི་ཏུའུ་ཆུས།
ཕི་ཏུའུ་ཆུས་ནི་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཁྲིན་ཏུའུ་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དུ་གནས་པ་དང་། བྱང་ཤར་དུ་ཕེང་ཀྲོའུ་གྲོང་ཁྱེར་དང་ཤིན་ཏུའུ་ཆུས་གཉིས་ལ་འབྲེལ། ཤར་ལྷོར་ཅིན་ཉིའུ་ཆུས་དང་འབྲེལ་ཡོད། ལྷོ་ཕྱོགས་སུ་ཆིང་དབྱང་ཆུས་དང་འབྲེལ་ཡོད། ལྷོ་ནུབ་ཏུ་དབུན་ཅང་ཆུས་དང་ནུབ་བྱང་དུ་ཏུའུ་ཅང་ཡན་གྲོང་ཁྱེར་དང་ས་མཚམས་འབྲེལ་ནས་ཡོད། སི་ཁྲོན་གྱི་ཞིང་བའི་སྤྲོ་སྐྱིད་ཁང་གི་ཡུལ་སྐོར་འབྱུང་གནས་ཡིན་ཞིང་། དེ་ནི་ཏོའུ་པན་གྱི་ཕ་ཡུལ་དང་། སི་ཁྲོན་འཚེམ་དྲུབ་ཀྱི་ཕ་ཡུལ། གཞོང་ལྗོངས་ཀྱི་ཕ་ཡུལ་བཅས་ཡིན་པ་དང་། སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་ལྟེ་བའི་གྲོང་ཁྱེར་གཙོ་གནད་ཐོག་བཏོད་པའི“གློག་རྡུལ་ཆ་འཕྲིན་དང་གཉིས་གཏོད་ཐོན་ལས་རྟེན་གཞི། རྒྱལ་སྤྱི་ཅན་གྱི་གྲོང་ཁྱེར་ཆུས་གསར”བཅས་རེད། ཕི་ཏུའུ་ཆུས་ཁོངས་སུ་སྲང་ལམ9དང་གྲོང་རྡལ3ཡོད་པ་དང་། མངའ་ཁོངས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ438ཡོད། ཁྲིན་ཏུའུ་མཐོ་གསར་ཆུས་ཀྱི་དོ་དམ་ཁྲོམ་གཞུང2དང་སྤྱི་ལེ་ངོས་གྲུ་བཞི་མ43ཡོད་པ་དང་། མངའ་ཁོངས་དེ་ཏུའུ་ཅང་ཡན་གྱི་ཙི་ལིའུ་ཀོན་ཆུས་ཆུ་འདྲེན་ཁུལ་གྱི་ཨང་དང་པོར་གནས་པ་དང་། ཁྲིན་ཏུའུ་གྲོང་ཁུལ་གྱི90%ཡན་གྱི་འཐུང་ཆུ་མཁོ་འདོན་བྱེད་ཀྱིན་ཡོད། ས་བབ་ཁོད་སྙོམས་པ་དང་། ས་རྒྱུ་གཤིན་པོ་ཡིན་པ། མངའ་ཁོངས་ཀྱི་པོ་ཐིའོ་གཙང་པོ་སོགས་ཆུ་བོ8མཉམ་བཞུར་བྱས་ཡོད། ཚ་ཁུལ་ཕལ་བའི་དུས་རླུང་རང་བཞིན་གྱི་བརླན་གཤེར་ཅན་གྱི་ནམ་ཟླའི་ཁོངས་སུ་གཏོགས། དབྱར་ཁར་ཚ་གདུག་མེད་པ་དང་། དགུན་ཁར་གྲང་ངར་མེད་པ། ཆར་ཆུ་འབེལ་བའི་ཁྱད་ཆོས་ལྡན། སྤྱི་ལོ2017ལོའི་ལོ་མཇུག་ཏུ་རྒྱུན་སྡོད་མི་འབོར་ཁྲི84.78ལ་སླེབས་ཡོད། 2017ལོར་ས་ཁུལ་དེའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར525ལ་སླེབས། ཕི་ཏུའུ་ཆུས་ཁོངས་སུ་ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན་དང་གློག་རྡུལ་སློབ་ཆེན་སོགས་སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གླིང19དང་རྒྱལ་ཁབ་རིམ་པའི་ཚོད་ལྟ་ཁང31ཡོད་པ་དང་། ཁྲིན་ཏུའུ་ས་འོག་ལྕགས་ལམ་ལམ་ཐིག2པ་དང་ཁྲིན་ཏུའུ་ས་འོག་ལྕགས་ལམ་ལམ་ཐིག6པ། ཁྲིན་ཏུའུ་གློག་འཁོར་མྱུར་བགྲོད་ལྕགས་ལམ2པ། ཁྲིན་ཀོན་མྱུར་བགྲོད་ལྕགས་ལམ་དང་། ཁྲིན་ཀོན་མྱུར་ལམ། རྒྱལ་ལམ317 ཧྲ་ཞི་ལྕགས་ལམ། ITགཞུང་ལམ། ཝུན་ཕེང་མྱུར་བགྲོད་ལྕགས་ལམ་སོགས་འགྲིམ་འགྲུལ་ལམ་ཐིག་ཡོད་པ་དང་། སྤྱི་ལོ2018ལོར་རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཀྱི་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས་སུ་བདམས།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཕི་ཏུའུ་ཆུས།
རྒྱ་ཡིག་གི་མིང་།
郫都区
ཕྱི་ཡིག་གི་མིང་།
Pidu District
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་གཞུང་དགུ གྲོང་རྡལ་གསུམ།
སྲིད་གཞུང་སྡོད་གནས།
ཕི་ཐུང་ཁྲོམ་གཞུང་ཝང་ཚུང་དབུས་ལམ་ཨང་རྟགས998པ།
ས་ཁོངས་ཁ་པར་ཨང་རྟགས།
028
སྦྲག་སྲིད་ཚབ་ཨང་།
611730
1 ​ལོ་རྒྱུས་འཕེལ་རིམ།

མིན་གོའི་དུས་སྐབས་སུ་རྫོང་ཁོངས་སུ་གཞི་རྩའི་ཆ་ནས་འགྱུར་ལྡོག་ཆེན་པོ་མེད།

སྤྱི་ལོ1950ལོ་ནས་བཟུང་ཕི་རྫོང་ནི་ཝུན་ཅང་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས།

སྤྱི་ལོ1958ལོར་ཁྲུང་ཉིང་རྫོང་མེད་པར་བཟོས་པ་དང་། མངའ་ཁོངས་གཙོ་བོ་ཕི་རྫོང་གི་ཁོངས་སུ་གཏོགས་པར་བྱས་པ་དང་། གཞན་པ་རྣམས་ཕེང་རྫོང་དང་ཀོན་རྫོང་དུ་ཟླ་སྒྲིལ་བཏང་།

སྤྱི་ལོ1968ལོར་ཕི་རྫོང་ནི་ཝུན་ཅང་ས་ཁུལ་དུ་གཏོགས།

སྤྱི་ལོ1983ལོར་ཝུན་ཅང་ས་ཁུལ་མེད་པར་བཟོས་པ་དང་། ཕི་རྫོང་དེ་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པར་བྱས།

སྤྱི་ལོ2016ལོའི་ཟླ11པའི་ཚེས24ཉིན་དང་ཟླ12པའི་ཚེས5ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧུའེ་རྫོང་མེད་པ་བཟོ་རྒྱུའི་ཆོག་མཆན་སྤྲད་ནས་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཕི་ཏུའུ་ཆུས་འཛུགས་རྒྱུ་དང་སྲིད་འཛིན་ས་ཁོངས་དང་སྲིད་གཞུང་གི་བཅའ་སྡོད་བྱ་ཡུལ་ལ་འགྱུར་ལྡོག་མི་གཏོང་རྒྱུའི་མོས་མཐུན་བྱས་པ་རེད།     

སྤྱི་ལོ2017ལོའི་ཟླ1པའི་ཚེས22ཉིན་ཕི་ཏུའུ་ཆུས་ལ་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་རེད།  

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2019ལོ་བར་ཕི་ཏུའུ་ཆུས་ཁོངས་སུ་ཁྲོམ་གཞུང་དོན་གཅོད་ཁྲུའུ9(ཕི་ཏུང་ཁྲོམ་གཞུང་། ཧི་ཙུའོ་ཁྲོམ་གཞུང་། ཞི་ཡོན་ཁྲོམ་གཞུང་། ཞི་ཕུ་ཁྲོམ་གཞུང་། ཧུང་ཀོང་ཁྲོམ་གཞུང་། ཨན་ཅིང་ཁྲོམ་གཞུང་། ཐོན་ཅི་ཁྲོམ་གཞུང་། ཨན་ཏེ་ཁྲོམ་གཞུང་། ཏེ་ཡོན་ཁྲོམ་གཞུང)དང་། གྲོང་རྡལ3(ཐང་ཁྲང་གྲོང་རྡལ་དང་། སན་ཏའོ་ཡན་གྲོང་རྡལ། ཡིའུ་ཨའེ་གྲོང་རྡལ)ཡོད། ཁྲིན་ཏུའུ་གྲོང་ཁྱེར་གྱི་ཕི་ཏུའུ་ཆུས་མི་དམངས་སྲིད་གཞུང་ནི་ཕི་ཐུང་ཁྲོམ་གཞུང་ཝང་ཚུང་དབུས་ལམ་ཨང་རྟགས998པར་བཅའ་སྡོད་བྱས་ཡོད།

ཕི་ཏུའུ་ཆུས་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ438ཡོད་པ་དང་ཐེམ་ཐོའི་མི་འབོར་ཁྲི55.86ཡོད། རྒྱུན་སྡོད་མི་འབོར་ཁྲི108ཡོད་པ་རེད།

3 ས་ཁམས་ཁོར་ཡུག
3_1 གནས་ས།

ཕི་ཏུའུ་ཆུས་ནི་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཁྲིན་ཏུའུ་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དུ་གནས་པ་དང་། བྱང་ཤར་དུ་ཕེང་ཀྲོའུ་གྲོང་ཁྱེར་དང་ཤིན་ཏུའུ་ཆུས་གཉིས་ལ་འབྲེལ། ཤར་ལྷོར་ཅིན་ཉིའུ་ཆུས་དང་འབྲེལ་ཡོད། ལྷོ་ཕྱོགས་སུ་ཆིང་དབྱང་ཆུས་དང་འབྲེལ་ཡོད། ལྷོ་ནུབ་ཏུ་དབུན་ཅང་ཆུས་དང་ནུབ་བྱང་དུ་ཏུའུ་ཅང་ཡན་གྲོང་ཁྱེར་དང་ས་མཚམས་འབྲེལ་ནས་ཡོད།

3_2 ནམ་ཟླ།

ཕི་ཏུའུ་ཁུལ་ནི་ཚ་ཁུལ་ཕལ་བའི་དུས་རླུང་རང་བཞིན་གྱི་བརླན་གཤེར་ཅན་གྱི་ནམ་ཟླའི་ཁོངས་ཡིན་པ་དང་། དབྱར་ཁར་ཚ་གདུག་མེད་པ་དང་། དགུན་དུས་གྲང་ངར་མེད་པ། ཆར་ཆུ་འབེལ་བ། ལོ་རེའི་ཆ་སྙོམས་དྲོད་ཚད16℃དང་། ཟླ་དང་པོའི་ཆ་སྙོམས་དྲོད་ཚད5℃ ཟླ་བརྒྱད་པའི་ཆ་སྙོམས་དྲོད་ཚད26℃ཡས་མས་ཡིན། ལོ་འཁོར་མོར་དྲོད་ཚད་མཐོ་ཤོས35.3℃དང་དྲོད་ཚད་དམའ་ཤོས-4.0℃ཡིན། ཆར་པ་འབབ་ཚད་ཧའོ་སྨི979.4ལ་སླེབས་ནས་ཉི་འོད་ཆུ་ཚོད1014.0ལྷག་གི་རིང་ལ་སླེབས་ཡོད། དཔྱིད་སྔ་དང་། དབྱར་རིང་། སྟོན་རིང་། དགུན་དུས་དྲོ་བ། སད་མེད་དུས་རིང་བ། ཆར་ཆུ་འབེལ་བ། དགུན་དུས་སྨུག་པ་མང་བ། ཉི་འོད་ཕོག་ཚད་ཉུང་བ། དུས་བཞི་གསལ་བའི་ཁྱད་ཆོས་ལྡན་ཡོད།

4 མི་འབོར་གནས་ཚུལ།

སྤྱི་ལོ2016ལོའི་ལོ་མཇུག་ཏུ་ཕི་ཏུའུ་ཆུས་ཀྱི་རྒྱུན་སྡོད་མི་འབོར་ཁྲི84.02ལ་སླེབས་པ་དེ་སྤྱི་ལོ2015ལོའི་ལོ་མཇུག་ལས་མི་ཁྲི1.5འཕར་བ་དང་ཆུས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད68.12%ལ་སླེབས་ཡོད། ལོ་མཇུག་ཏུ་ཐེམ་ཐོའི་མི་འབོར575160ཡོད་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར286576དང་གྲོང་གསེབ་ཀྱི་མི་འབོར288584ཡོད་པ་དང་། ལོ་ཧྲིལ་པོར་གསར་སྐྱེས་མི་འབོར8595དང་། འདས་བཀྲོང་མི་འབོར3202 མི་འབོར་རང་ཤུགས་སུ་འཕར་ཚད9.5‰བཅས་ལ་སླེབས་པ་དེ་སྤྱི་ལོ2015ལོ་དང་བསྡུར་ན། ལོ་ཧྲིལ་པོར་མི་གྲངས16560གཙང་འཕར་བྱུང་ཡོད།    

5 དཔལ་འབྱོར་རགས་བཤད།

སྤྱི་ལོ2018ལོར་ཕི་ཏུའུ་ཆུས་ཀྱིGDPསྒོར་དུང་ཕྱུར582.09ལ་སླེབས་པ་དེ་ཐོག་མའི་ཞིབ་རྩིས་གྲངས་འབོར་ལས་སྒོར་དུང་ཕྱུར1.87འཕར་ནས་འཕར་ཚད0.3%ལ་སླེབས་ཡོད། བཟོ་བཅོས་བརྒྱབ་རྗེས་ཀྱི་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར27.10ལ་སླེབས་ནས་བསྡུར་ཚད4.7%ལ་སླེབས། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར196.26ལ་སླེབས་ནས་བསྡུར་ཚད33.7%ལ་སླེབས། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར358.73ལ་སླེབས་པ་དང་བསྡུར་ཚད61.6%ལ་སླེབས།

སྤྱི་ལོ2016ལོར་ཕི་ཏུའུ་ཆུས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར310.9ལ་སླེབས་ནས8.2%འཕར་བ་དེས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་གྲངས་བཟུང་ཚད67.2%ལ་སླེབས་པ་དང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལ་ལེགས་སྐྱེས་འབུལ་ཚད67.6%ལ་སླེབས་ཡོད། དེའི་ནང་དམངས་གཉེར་དཔལ་འབྱོར་གྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར265.3ལ་སླེབས་པ་དེ8.2%འཕར་བ་དེས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད57.3%བཟུང་བ་དང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར%ལ་སླེབས།

5_1 ཐོན་ལས་དང་པོ།

ཕི་ཏུའུ་ཆུས་ཀྱིས་རྒྱལ་ཡོངས་ཀྱི་སི་ཁྲོན་གྱི་ཚལ་རིགས་ཐོན་ལས་ཅན་གྱི་གླིང་ཁུལ་འབའ་ཞིག་གཏོད་རྒྱུར་ཤུགས་སྣོན་བརྒྱབ་པས་ཕི་རྫོང་གི་ཏོའུ་པན་སྤུས་རྟགས་ཀྱི་རིན་ཐང་སྒོར་དུང་ཕྱུར649.84ལ་སླེབས་ནས“བཟའ་བཅའི་རིགས་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས”རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད། ཕི་ཏུའུ་ཆུས་ཀྱི་གསོ་སྤེལ་རིགས་ཀྱི་སྲོག་ཆགས་ཀྱི་གྲངས་འབོར་ཅུང་ཆེ་བ་དང་། སྒོ་ཕྱུགས་དང་། ཁྱིམ་བྱ། ཆུ་ཐོན་བཅས་རིགས་གསུམ་དུ་དབྱེ་ཡོད་ཅིང་། གཙོ་བོ་ནི་ཕག་དང་། བ་གླང་། རི་བོང་། ཁྱི། བྱ་དེ། ངང་པ། ཉ། སྦལ་བ་སོགས་ཡིན།   

སྤྱི་ལོ2016ལོར་ཕི་ཏུའུ་ཆུས་སུ་ཞིང་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར39.8ལ་སླེབས་པ་དེ་དུས་མཚུངས་ལས3.4%འཕར་བའི་ནང་འདེབས་འཛུགས་ལས་རིགས་ལ་སྒོར་དུང་ཕྱུར35.2དང་འབྲོག་ལས་ལ་སྒོར་དུང་ཕྱུར3.0ལ་སླེབས་ཡོད་པ་རེད། ལོ་ཧྲིལ་པོར་འབྲུ་རིགས་ལོ་ཏོག་འདེབས་ཁྱོན་སྤྱི་ཆིང7809ལ་སླེབས་པ་དེ་ལོ་གོང་མ་ལས་སྤྱི་ཆིང662ཉུང་དུ་ཕྱིན་ནས7.8%མར་ཆག་པ་དང་། སྣུམ་རྒྱུའི་ལོ་ཏོག་སྤྱི་ཆིང3999ལ་སླེབས་ནས་སྤྱི་ཆིང76ཉུང་དུ་ཕྱིན་ནས1.9%མར་ཆག སྔོ་ཚལ་སྤྱི་ཆིང17142ནས་སྤྱི་ཆིང919ཡིས་ཇེ་མང་དུ་སོང་ནས5.7%འཕར་ཡོད། ལོ་ཧྲིལ་པོར་འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན57519ལ་སླེབས་ནས་ཏུན4564ཡིས་ཇེ་ཉུང་དུ་ཕྱིན་པ་དང7.4%མར་ཆག   

སྤྱི་ལོ2020ལོའི་ཟླ1པའི་ཚེས2ཉིན་ཕི་ཏུའུ་ཆུས་རྒྱལ་ཡོངས་ཀྱི་སྐོར་ཁག་བཞི་པའི་སྔོན་ལ་ཞིང་ལས་ལོ་ཏོག་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་གྱི་དཔེ་སྟོན་རྫོང(གྲོང་ཁྱེར་དང་ཆུས)གི་མིང་ཐོའི་ནང་བདམས་པ་རེད།

5_2 ཐོན་ལས་གཉིས་པ།

ཕི་ཏུའུ་ཆུས་སུ་གློག་རྡུལ་ཆ་འཕྲིན་དང་། སྐྱེ་དངོས། སྨན་རྫས་ལག་རྩལ་གསར་པ་བཅས་གཙོ་བོར་བྱེད་པའི་ཐོན་ལས་མ་ལག་ཆགས་ཡོད། ཕི་ཏུའུ་ཆུས་ཀྱིས་ཡུས་རུང་གྲོང་རྡལ་ལྟེ་བར་བྱས་པའི་ལས་གཏོད་ཐེན་ཧྥུའུ་བྱ་སྤྱོད་འཆར་གཞི་ལག་བསྟར་བྱས་པ་དང་། གྲངས་གཞི་ཆེན་མོ་དང་། མི་མེད་གནམ་གྲུ། རྒྱུ་ཆ་གསར་པ། རིག་གནས་གསར་གཏོད་སོགས་གསར་དར་ཐོན་ལས་རྣམ་གྲངས་མགྱོགས་མྱུར་ངང་གཅིག་སྡུད་བྱུང་ནས་རྒྱལ་ཡོངས་ཀྱི་གཉིས་གཏོད་དཔེ་སྟོན་རྟེན་གཞི་སྐོར་ཁག་དང་པོར་གཏན་འཁེལ་བྱས་པ་དང་། སྤྱི་ལོ2016ལོའི་ལོ་འཁོར་གྱི་ཀྲུང་གོའི་གྲོང་ཁྱེར་འབྲིང་ཆུང་གི་གསར་གཏོད་ལས་གཏོད(གཉིས་གཏོད)ཀྱི་ཕུལ་བྱུང་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་སུ་བདམས་ཡོད་པ་རེད། ཁྲིན་ཏུའུ་ཕི་ཏུའུ་ཆུས་ཀྱིས་ཐུང་རུང་གྲོང་རྡལ་དེ་རྒྱལ་སྤྱིའི་གྲགས་ཅན་གྱི་གསར་གཏོད་པའི་གྲོང་རྡལ་ཆུང་ངུ་དང་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་གསར་གཏོད་ལས་གཏོད་ལྟེ་གནས་ཤིག་ཏུ་གཏོད་རྒྱུར་བརྩོན་ལེན་བྱེད་ཀྱི་ཡོད།

ཕི་ཏུའུ་ཆུས་ཁོངས་ཀྱི་རྒྱལ་ཁབ་གཉིས་གཏོད་དཔེ་སྟོན་རྟེན་གཞིའི་ལྟེ་བའི་ཁུལ་ཆི་རུང་གྲོང་རྡལ་ཀུན་གཏོད་བར་མཐོངས་སྨི་ངོས་གྲུ་བཞི་མ་ཁྲི55ལ་སླེབས་པ་དང་། གསར་གཏོད་རྣམ་པའི་གསོ་སྐྱོང་ཡོ་ཆས35ནང་འདྲེན་བྱས་ཡོད། སྤྱི་པའི་ལག་རྩལ་ཞབས་ཞུའི་ལས་སྟེགས38དང་རིགས་ཁག་གི་ཐེབས་རྩ22མཉམ་འདུས་བྱས་ཡོད། གསར་གཏོད་ལས་གཏོད་རྣམ་གྲངས1263ལ་བཅའ་སྡོད་བྱས་པ་དང་། ལས་གཏོད་པ11000ལྷག་ཙམ་གཅིག་སྡུད་བྱས་ཡོད། “མི་སྟོང་གི་འཆར་གཞིའི”རིགས་གཅིག་མཁས་ཅན་སོགས་རིམ་པ་མཐོ་བའི་ཤེས་ལྡན་པ21ནང་འདྲེན་བྱས་ཡོད་པ་རེད།     

5_3 ཐོན་ལས་གསུམ་པ།

སྤྱི་ལོ2016ལོར་ཕི་ཏུའུ་ཆུས་སུ་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར102.0ལ་སླེབས་ནས10%འཕར་ཡོད། འཛད་སྤྱོད་ཀྱི་རྣམ་པར་གཞིགས་ནས་དབྱེ་ན། ཚོང་ཟོག་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར83.0ལ་སླེབས་ནས9.6%འཕར། བཟའ་བཏུང་ཡོང་འབབ་སྒོར་དུང་ཕྱུར19.0ལ་སླེབས་ནས11.5%འཕར་ཡོད། ས་ཁང་བདག་ཁོངས་ལ་མ་དངུལ་སྒོར་དུང་ཕྱུར145.4བཏང་ནས8.7%འཕར་ཡོད། ལོ་ཧྲིལ་པོར་ཚོང་སྒྱུར་སྡོད་ཁང་ཕྱིར་ཚོང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི298.5ལ་སླེབས་ནས8.4%འཕར་བའི་ནང་སྡོད་ཁང་ཕྱིར་ཚོང་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི250ལ་སླེབས་ནས8.6%འཕར་ཡོད་པ་རེད། ཚོང་སྒྱུར་སྡོད་ཁང་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར167.9ལ་སླེབས་ནས6.3%འཕར་བའི་ནང་སྡོད་ཁང་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར139.6ལ་སླེབས་ནས15.9%འཕར་ཡོད།

སྤྱི་ལོ2016ལོར་ཕི་ཏུའུ་ཆུས་ཀྱི་གློག་སྤྱོད་ཚད་ཆན་ཝ་ཁྲི་211141.7ལ་སླེབས་པ་དེ་དུས་མཚུངས་ལས་10.0%འཕར་བ་དང་། དེའི་ནང་བཟོ་ལས་ཀྱིས་གློག་སྤྱོད་ཚད་སྟོང་ཝ་ཁྲི68804.4ལ་སླེབས་པ་དེ་དུས་མཚུངས་ལས3.5%འཕར་བ་དང་། གྲོང་མིའི་འཚོ་བའི་གློག་སྤྱོད་ཚད་ཆན་ཝ་ཁྲི85752.9ལ་སླེབས་པ་དེ་དུས་མཚུངས་ལས12.7%འཕར་ཡོད།

སྤྱི་ལོ2016ལོར་ཕི་ཏུའུ་ཆུས་ཀྱི་རང་བྱུང་སོལ་རླངས་ཀྱི་སོལ་རླངས་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི17020.4ལ་སླེབས་པ་དེ་དུས་མཚུངས་ལས7.9%འཕར་བའི་ནང་བཟོ་ལས་ཀྱི་སོལ་རླངས་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི་4083.6ལ་སླེབས་པ་དེ་དུས་མཚུངས་ལས1.5%མར་ཆག་པ་དང་། གྲོང་མིའི་འཚོ་བར་སྤྱོད་པའི་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་ཁྲི9563.9ལ་སླེབས་པ་དེ་དུས་མཚུངས་ལས11.8%འཕར་ཡོད།

སྤྱི་ལོ2016ལོར་ཕི་ཏུའུ་ཆུས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི1169ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས14.6%འཕར་བ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར25.6ལ་སླེབས་པ་དེ་དུས་མཚུངས་ལས15.5%འཕར་ཡོད།

སྤྱི་ལོ2016ལོའི་ལོ་མཇུག་ཏུ་ཕི་ཏུའུ་ཆུས་དངུལ་རྩའི་སྒྲིག་གཞིར་མི་དམངས་ཤོག་སྒོར་གྱི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར691.1ལ་སླེབས་པ་དེ་དུས་མཚུངས་ལས8.0%འཕར་བ་དང་། མི་དམངས་ཤོག་སྒོར་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར433.6ལ་སླེབས་པ་དེ་དུས་མཚུངས་ལས23.8%འཕར། ཁྱིམ་དུད་ཀྱི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར415.2ལ་སླེབས་པ་དེ་དུས་མཚུངས་ལས9.0%འཕར་བ། མི་སྒེར་གྱི་འཛད་སྤྱོད་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར121.6ལ་སླེབས་པ་དེ་དུས་མཚུངས་ལས18.3%འཕར་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁམས། ཁོར་ཡུག རིག་གནས། མི་རིགས།