ཝུན་ཅང་ཆུས།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-05-11 17:43ལ་འགྲུབ།

ཝུན་ཅང་ཆུས།

ཝུན་ཅང་ཆུས།
ཝུན་ཅང་ཆུས་ཀྱི་མིང་ལ་གནའ་བོའི་དུས་སུ“ལིའུ་ཁྲེང”ཞེས་འབོད་སྲོལ་ཡོད་པ་དང་། ཁྲིན་ཏུའུ་ལྟེ་བའི་གྲོང་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ཁྲིན་ཏུའུ་བདེ་ཐང་གི་ལྟེ་བར་གནས་པ་དང་། ཤར་ངོས་ཕྱོགས་ནི་ཁྲིན་ཏུའུ་གྲོང་ཁྱེར་ཆིང་དབྱང་ཆུས་དང་འབྲེལ་བ་དང་། ལྷོ་ངོས་ཕྱོགས་ནི་ཧྲོང་ལིའུ་ཆུས་དང་འབྲེལ། ནུབ་ངོས་ཕྱོགས་ནི་ཁྲུང་ཀྲོའུ་གྲོང་ཁྱེར་དང་མཚམས་འབྲེལ་ཡོད། བྱང་ངོས་ཕྱོགས་ནི་ཁྲིན་ཏུའུ་ཆུས་དང་ཏུའུ་ཅང་ཡན་གྲོང་ཁྱེར་གཉིས་ལ་འབྲེལ་ཡོད། ཤར་ནུབ་བར་གྱི་ཞེང་ཚད་སྤྱི་ལེ18.5དང་ལྷོ་བྱང་གི་རིང་ཚད་སྤྱི་ལེ33ཡོད། ཆུས་སྲིད་གཞུང་གནས་ཡུལ་གྱི་ལིའུ་ཁྲེང་ཁྲོམ་གཞུང་ཡིན། ཁྲིན་ཏུའུ་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་དང་བར་ཐག་སྤྱི་ལེ16ཡོད་པ་དང་། ཆུས་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ277ཡོད་པ་དེའི་ཁོངས་སུ་ཁྲོམ་གཞུང6དང་གྲོང་རྡལ3ཡོད་པ་དང་། ཁྱོན་གྲོང་ཚོ(སྡེ་ཁུལ)118ཡོད་པའི་ནང་གྲོང་ཚོ་ཨུ་ཡོན་ལྷན་ཁང35དང་གྲོང་མི་ཨུ་ཡོན་ལྷན་ཁང83ཡོད། ཝུན་ཅང་ཆུས་ནི་གནའ་བོའི་སི་ཁྲོན་གྱི་ཤེས་རིག་འབྱུང་གནས་ཀྱི་གྲས་ཤིག་ཡིན་ཞིང་། ལོ་རྒྱུས་ཡུན་རིང་ལྡན་པ་དང་ཡུལ་ལྗོངས་བཟང་ཞིང་མི་རྣམས་ཤིན་ཏུ་འཇོན་ཐང་ལྡན། ཝེ་ནུབ་མའི་ཀུང་ཏི་ཁྲི་ལོ་གཉིས་པར(སྤྱི་ལོ555ལོ)ཝུན་ཅང་རྫོང་བཙུགས་ནས་ད་བར་ལོ1463ལྷག་ཙམ་སོང་ཡོད། སྤྱི་ལོ2002ལོའི་ཟླ4པར་ཝུན་ཅང་རྫོང་དེ་ཕྱིར་འཐེན་བྱས་ནས་ཁྲིན་ཏུའུ་གྲོང་ཁྱེར་ཝུན་ཅང་ཆུས་བཙུགས། ཁྲིན་ཏུའུ་ལྟེ་བའི་གྲོང་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཝུན་ཅང་ཆུས་ཀོང་ཧྭ་ལམ་ཆེན་དང་། ཕུའུ་རུང་ལམ་ཆེན། ཁྲེང་ཝུན་ཐུང་མྱུར་བགྲོད་གཞུང་ལམ། ཁྲེང་ཝུན་ཐུང་མྱུར་བགྲོད་ལམ་སོགས་མ་ལམ་གཙོ་བོ་མང་པོ་ཁྲིན་ཏུའུ་གྲོང་ཁུལ་དཀྱིལ་སྙིང་དང་སྦྲེལ་མཐུད་བྱས་པ་དང་། ཁྲེང་ཆིང་ཡུལ་སྐོར་མྱུར་བགྲོད་བགྲོད་ལམ་དང་ཁྲེང་ཞིན་ཕུའུ་མྱུར་བགྲོད་ལམ་ཐད་གཏོང་ཐེན་ཧྥུའུ་གྲོང་གསར་འབྲེལ་ཡོད། ཁྲིན་ཏུའུ་ས་འོག་ལྕགས་ལམ་ལམ་ཐིག4པ་ལས་གཉེར་བྱེད་འགོ་ཚུགས་ནས་ད་ལྟ་དངོས་སུ་རྒྱ་ཁྱབ་ཏུ་སྤྱོད་བཞིན་ཡོད། ཝུན་ཅང་ཆུས་ལ“མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལ་ཧྲིལ་པོའི་སྣོད་བཅུད་སླར་གསོ་དང་ཁོར་ཡུག་སྲུང་སྐྱོང་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའ”དང་། “ཀྲུང་གོའི་སྡོད་མལ་ཁོར་ཡུག་དཔེ་སྟོན་བྱ་དགའ”“རྒྱལ་སྤྱིའི་མེ་ཏོག་ལྡུམ་རའི་གྲོང་ཁྱེར” “ཏི་པའེ་རྒྱལ་སྤྱིའི་སྡོད་མལ་ཁོར་ཡུག་ལེགས་པོར་གཏོང་བའི་དཔེ་སྟོན་བྱ་དགའ” “རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཆུས”སོགས་ཀྱི་གཟི་བརྗིད་མཚན་སྙན་མང་པོ་ཐོབ་ཡོད། སྤྱི་ལོ2018ལོར་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས་ཀྱི་ཨང70པར་སླེབས། སྤྱི་ལོ2018ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས། རྒྱལ་ཡོངས་ཀྱི་སྲང་ལམ་ཞབས་ཞུའི་དོ་དམ་གསར་གཏོད་ཚོད་ལྟ་ཆུས། རྒྱལ་ཁབ་རིམ་པའི་གྲོང་གསེབ་ཀྱི་གད་སྙིགས་རིགས་དབྱེ་དང་ཐོན་ཁུངས་ཅན་བེད་སྤྱོད་དཔེ་སྟོན་ཆུས། རྒྱལ་ཡོངས་མང་ཚོགས་ལུས་རྩལ་ལས་དོན་གྱི་སྔོན་ཐོན་ཆུས། སི་ཁྲོན་ཞིང་ཆེན་བཟོ་ལས་སྟོབས་ཤུགས་ཆེ་བའི་ཆུས(རྫོང)གྲས་ཀྱི་དཔེ་སྟོན་ཆུས་སོགས་ཀྱི་མཚན་སྙན་ཐོབ་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཝུན་ཅང་ཆུས།
རྒྱ་ཡིག་གི་མིང་།
温江区
ཕྱི་ཡིག་གི་མིང་།
Wenjiang District
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་གཞུང་དྲུག གྲོང་རྡལ་གསུམ།
སྲིད་གཞུང་སྡོད་གནས།
ལོའུ་ཁྲེང་ཁྲོམ་གཞུང་ཡུང་ཧུའུ་ཁྲོམ་གཞུང་ཨང་རྟགས7པ།
ས་ཁོངས་ཁ་པར་ཨང་རྟགས།
028
སྦྲག་སྲིད་ཚབ་ཨང་།
611130
1 ​ལོ་རྒྱུས་འཕེལ་རིམ།

ཝུན་ཅང་ཆུས་ནི་གནའ་བོའི་སི་ཁྲོན་གྱི་ཤེས་རིག་འབྱུང་གནས་ཀྱི་གྲས་ཤིག་ཡིན་ཞིང་། ལོ་རྒྱུས་ཡུན་རིང་ལྡན་པ་དང་ཡུལ་ལྗོངས་བཟང་ཞིང་མི་རྣམས་ཤིན་ཏུ་འཇོན་ཐང་ལྡན། ཝེ་ནུབ་མའི་ཀུང་ཏི་ཁྲི་ལོ་གཉིས་པར(སྤྱི་ལོ555ལོ)ཝུན་ཅང་རྫོང་བཙུགས་ནས་ད་བར་ལོ1463ལྷག་ཙམ་སོང་ཡོད། སྤྱི་ལོ2002ལོའི་ཟླ4པར་ཝུན་ཅང་རྫོང་དེ་ཕྱིར་འཐེན་བྱས་ནས་ཁྲིན་ཏུའུ་གྲོང་ཁྱེར་ཝུན་ཅང་ཆུས་བཙུགས། ཁྲིན་ཏུའུ་ལྟེ་བའི་གྲོང་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཝུན་ཅང་ཆུས་ཀོང་ཧྭ་ལམ་ཆེན་དང་། ཕུའུ་རུང་ལམ་ཆེན། ཁྲེང་ཝུན་ཐུང་མྱུར་བགྲོད་གཞུང་ལམ། ཁྲེང་ཝུན་ཐུང་མྱུར་བགྲོད་ལམ་སོགས་མ་ལམ་གཙོ་བོ་མང་པོ་ཁྲིན་ཏུའུ་གྲོང་ཁུལ་དཀྱིལ་སྙིང་དང་སྦྲེལ་མཐུད་བྱས་པ་དང་། ཁྲེང་ཆིང་ཡུལ་སྐོར་མྱུར་བགྲོད་བགྲོད་ལམ་དང་ཁྲེང་ཞིན་ཕུའུ་མྱུར་བགྲོད་ལམ་ཐད་གཏོང་ཐེན་ཧྥུའུ་གྲོང་གསར་འབྲེལ་ཡོད། ཁྲིན་ཏུའུ་ས་འོག་ལྕགས་ལམ་ལམ་ཐིག4པ་ལས་གཉེར་བྱེད་འགོ་ཚུགས་ནས་ད་ལྟ་དངོས་སུ་རྒྱ་ཁྱབ་ཏུ་སྤྱོད་བཞིན་ཡོད།

2 ས་ཁམས་ཁོར་ཡུག
2_1 གནས་ས།

ཁྲིན་ཏུའུ་ལྟེ་བའི་གྲོང་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ཁྲིན་ཏུའུ་བདེ་ཐང་གི་ལྟེ་བར་གནས་པ་དང་། ཤར་ངོས་ཕྱོགས་ནི་ཁྲིན་ཏུའུ་གྲོང་ཁྱེར་ཆིང་དབྱང་ཆུས་དང་འབྲེལ་བ་དང་། ལྷོ་ངོས་ཕྱོགས་ནི་ཧྲོང་ལིའུ་ཆུས་དང་འབྲེལ། ནུབ་ངོས་ཕྱོགས་ནི་ཁྲུང་ཀྲོའུ་གྲོང་ཁྱེར་དང་མཚམས་འབྲེལ་ཡོད། བྱང་ངོས་ཕྱོགས་ནི་ཁྲིན་ཏུའུ་ཆུས་དང་ཏུའུ་ཅང་ཡན་གྲོང་ཁྱེར་གཉིས་ལ་འབྲེལ་ཡོད། ཤར་ནུབ་བར་གྱི་ཞེང་ཚད་སྤྱི་ལེ18.5དང་ལྷོ་བྱང་གི་རིང་ཚད་སྤྱི་ལེ33ཡོད། ཆུས་སྲིད་གཞུང་གནས་ཡུལ་གྱི་ལིའུ་ཁྲེང་ཁྲོམ་གཞུང་ཡིན། ཁྲིན་ཏུའུ་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་དང་བར་ཐག་སྤྱི་ལེ16ཡོད་པ་དང་། ཆུས་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ277ཡོད་པ་དེའི་ཁོངས་སུ་ཁྲོམ་གཞུང6དང་གྲོང་རྡལ3ཡོད་པ་དང་། ཁྱོན་གྲོང་ཚོ(སྡེ་ཁུལ)118ཡོད་པའི་ནང་གྲོང་ཚོ་ཨུ་ཡོན་ལྷན་ཁང35དང་གྲོང་མི་ཨུ་ཡོན་ལྷན་ཁང83ཡོད།

2_2 ནམ་ཟླ།

ཝུན་ཅང་ཆུས་ཀྱི་ས་བབ་ཁོད་སྙོམས་པ་དང་། མངའ་ཁོངས་ཀྱི་རྒྱ་ཁྱོན་མི་ཆེ་བ། རང་བྱུང་གི་ཆ་རྐྱེན་སྣ་ཚོགས་མངའ་ཁོངས་སུ་ཅུང་སྙོམས་པོ་ཡིན། ནམ་ཟླའི་ཁུལ་དབྱེ་ལྟར་ན། ཚ་ཁུལ་ཕལ་བའི་བརླན་གཤེར་གནམ་གཤིས་ཁུལ་དུ་གཏོགས་པ་དང་། དུས་བཞིའི་དབྱེ་བ་གསལ་བ་དང་། གནམ་གཤིས་འཇམ་པ། ཆར་ཆུ་འབེལ་བ། ཉི་འོད་ཕོག་པ་ཉུང་བ། སད་མེད་དུས་ཅུང་རིང་བ་བཅས་ཀྱི་ཁྱད་ཆོས་ལྡན་པ་ཡིན། ལོ་རེའི་ཆ་སྙོམས་དྲོད་ཚད16.0℃ཡིན་པ་དང་ཆ་སྙོམས་ཆར་པ་འབབ་ཚད་ཧའོ་སྨི865.9ལ་སླེབས། ལོ་རེར་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད991.1ལྷག་གི་རིང་ཡིན་པ་དང་། ལོ་རེར་ཆ་སྙོམས་རླུང་གི་མྱུར་ཚད་སྐར་ཆ་རེར་སྨི1.2ལ་སླེབས་གྱིན་ཡོད།

3 མི་འབོར་གནས་ཚུལ།
3_1 མི་གྲངས།

སྤྱི་ལོ2018ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི52.26དང་ཐེམ་ཐོའི་མི་འབོར་ཁྲི48.77ལ་སླེབས་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི3.26འཕར་ཡོད། ལོ་ཧྲིལ་པོར་གསར་སྐྱེས་མི་འབོར6194ཡོད་པ་དང་། འདས་པའི་མི་འབོར2462ཡོད། རང་ཤུགས་སུ་མི་གྲངས3732འཕར་སྣོན་བྱུང་བ། མི་འབོར་རང་ཤུགས་སུ་འཕར་ཚད7.92‰ལ་སླེབས་ཡོད།

3_2 མི་རིགས།

ཆུས་ཁོངས་སུ་ཡོད་པའི་མི་རིགས་གཙོ་བོ་རྒྱ་རིགས་ཡིན་ཞིང་། བོད་རིགས་དང་། ཆའང་རིགས། དབྱིས་རིགས། ཐུའུ་ཅ་རིགས། ཧུའེ་རིགས། ཀྲོང་རིགས། མན་ཇུ་རིགས་སོགས་སྤུན་ཟླའི་མི་རིགས་ཉུང་ཤས་ཤིག་ཀྱང་ཡོད།

4 དཔལ་འབྱོར་རགས་བཤད།

སྤྱི་ལོ2018ལོའི་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར545.00མངོན་འགྱུར་བྱུང་བ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས8.8%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར19.05ལ་སླེབས་ནས3.3%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར271.19ལ་སླེབས་ནས8.2%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར254.76ལ་སླེབས་ནས9.8%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་ནི3.5:49.8:46.7ཡིན། ཐོན་ལས་ཐེངས་གསུམ་པས་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་སོ་སོར1.4%དང་། 47.7% 50.9%བཅས་ལ་སླེབས་ཡོད། རྒྱུན་སྡོད་མི་འབོར་ལྟར་བརྩིས་ན། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར105661ལ་སླེབས་ནས6.2%འཕར་ཡོད།

སྤྱི་ལོ2018ལོར་དམངས་གཉེར་དཔལ་འབྱོར་གྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར267.51ལ་སླེབས་པ་དེ་ལོ་གོང་མ་ལས9.0%འཕར་བ་དེསGDPཡི་བསྡུར་ཚད་ཀྱི49.1%བཟུང་བ་དངGDPའཕར་རྒྱུར་ལེགས་སྐྱེས་འབུལ་ཚད50.3%ལ་སླེབས་ཡོད། དེའི་ནང་ཐོན་ལས་དང་པོའི་ཁྲོད་དམངས་གཉེར་དཔལ་འབྱོར་གྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར0.17ལ་སླེབས་ནས61.8%ཆག་པ་དང་། ཐོན་ལས་གཉིས་པའི་ཁྲོད་དམངས་གཉེར་དཔལ་འབྱོར་གྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར144.35ལ་སླེབས་ནས8.3%འཕར་བ། ཐོན་ལས་གསུམ་པའི་ནང་གི་དམངས་གཉེར་དཔལ་འབྱོར་གྱི་འཕར་ཐང་སྒོར་དུང་ཕྱུར122.99ལ་སླེབས་ནས10.1%འཕར་ཡོད།

སྤྱི་ལོ2018ལོར་ལྗོངས་ཡོངས་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང་གི་སྤྱིའི་ཆུ་ཚད་རིམ་རྩིས་བྱས་ན2.4%འཕར་ཡོད། དེའི་ནང་བཟའ་བཅའ་ཐ་མག་དང་ཨ་རག་རིགས་ཀྱི་རིན་གོང1.0%འཕར་བ་དང་། གྱོན་ཆས་རིགས་ཀྱི་རིན་གོང0.3%མར་ཆག སྡོད་གནས་རིགས་ཀྱི་རིན་གོང11.1%འཕར། འཚོ་བའི་མཁོ་ཆས་དང་ཞབས་ཞུའི་རིགས་ཀྱི་རིན་གོང1.0%མར་ཆག འགྲིམ་འགྲུལ་དང་འཕྲིན་གཏོང་རིགས་ཀྱི་རིན་གོང0.7%མར་ཆག སློབ་གསོ་རིག་གནས་དང་རོལ་རྩེད་རིགས་ཀྱི་རིན་གོང0.4%མར་ཆག སྨན་བཅོས་འཕྲོད་སྦྱོར་རིགས་ཀྱི་རིན་གོང1.6%འཕར། མཁོ་ཆས་གཞན་དག་དང་ཞབས་ཞུའི་རིགས་ཀྱི་རིན་གོང1.2%འཕར་བ་བཅས་རེད། ཚོང་ཟོག་སིལ་འཚོང་རིན་གོང0.1%འཕར་ཡོད། ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་རིན་གོང་བརྒྱ་ཆའི2.5འཕར་ཡོད།

4_1 ཐོན་ལས་དང་པོ།

སྤྱི་ལོ2018ལོ་ཧྲིལ་པོར་ཞིང་ལས་སྐྱེ་དངོས་འདེབས་ཁྱོན་སྤྱི་ཆིང་ཁྲི2.09ལ་སླེབས་པའི་ནང་འབྲུ་རིགས་འདེབས་ཁྱོན་སྤྱི་ཆིང1022ལ་སླེབས་ཡོད། འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི0.78དང་། སྣུམ་རྒྱུ་སྤྱིའི་ཐོན་ཚད་ཏུན་ཁྲི0.05 ཤ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི0.11བཅས་མངོན་འགྱུར་བྱུང་ཡོད། ལོ་ཧྲིལ་པོར་གྲོང་གསེབ་ཀྱི་ཐོན་སྐྱེད་གློག་སྤྱོད་ཚད་སྟོང་ཝ་ཁྲི5543ལ་སླེབས་པ་དང་རྫས་ལུད་སྤྱོད་ཚད་ཏུན2885ལ་སླེབས་ཡོད། ལོའི་བྲིན་ཚོང་ཡོང་འབབ་སྒོར་ཁྲི་ཉིས་སྟོང་ཡན་ལ་སླེབས་པའི་སྣེ་འདྲེན་ཁེ་ལས21འཕེལ་རྒྱས་བཏང་བ་དང་། རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས2བཏོད་པ་དང་། ཞིང་ལས་ཐོན་རྫས་ཀྱི་སྐྱེ་ལྡན་བདེན་དཔང་ར་སྤྲོད4ཐོབ་ཡོད།

4_2 ཐོན་ལས་གཉིས་པ།

སྤྱི་ལོ2018ལོའི་ལོ་ཧྲིལ་པོར་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར260.37ལ་སླེབས་པ་དེ་ལོ་གོང་མ་ལས8.6%འཕར་ནས་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད47.7%ལ་སླེབས་ཡོད། ལོ་མཇུག་ཏུ་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས209ཡོད་པ་དང་། ལོ་ཧྲིལ་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང10.5%འཕར་ཡོད། བཟོ་ལས་ཁེ་ལས་ཀྱི་ཐོན་རྫས་ཕྱིར་འཚོང་བྱེད་ཚད97.9%ལ་སླེབས་ཡོད། ཐོན་ལས་དབྱེ་ནས་བལྟས་ཚེ་ལེགས་ལྡན་ཐོན་ལས་ཆེན་པོ་གསུམ་འཕེལ་རྒྱས་འགྲོ་ཚུལ་ཡག་པོ་ཡོད་པ་དང་ཐོན་རྫས་རིན་ཐང་བསྡོམས་འབོར15.6%འཕར་ནས་གཞི་ཁྱོན་ཡན་གྱི་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད48.8%ལ་སླེབས་ཡོད་པ་རེད། དེའི་ནང་བདེ་ཐང་ཟས་རིགས་ཐོན་ལས་དང་། སྐྱེ་དངོས་སྨན་རྫས་ཐོན་ལས། གློག་རྡུལ་ཆ་འཕྲིན་ཐོན་ལས་བཅས་སོ་སོར8.6%དང་། 31.4% 18.9%བཅས་འཕར་ཡོད།   

སྤྱི་ལོ2018ལོ་ཧྲིལ་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར28.59ལ་སླེབས་པ་དང་། ཁེ་སྤོགས་དང་དཔྱ་ཁྲལ་བསྡོམས་འབོར་སྒོར་དུང་ཕྱུར43.61ལ་སླེབས་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཚང་མའི་ནང་ལོར་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི5000ལས་བརྒལ་བའི་ཁེ་ལས134ཡོད་པའི་ནང་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར་ལས་བརྒལ་བའི་ཁེ་ལས98ཡོད་པ་རེད།

4_3 ཐོན་ལས་གསུམ་པ།

སྤྱི་ལོ2018ལོའི་ལོ་ཧྲིལ་པོར་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར121.42ལ་སླེབས་པ་དེ་ལོ་གོང་མ་ལས10.5%འཕར་ཡོད། འཛད་སྤྱོད་རྣམ་པའི་ཐོག་ནས་དབྱེ་ན་ཚོང་ཟོག་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར92.37ལ་སླེབས་ནས9.9%འཕར་བ་དང་། བཟའ་བཏུང་ཡོང་འབབ་སྒོར་དུང་ཕྱུར29.05ལ་སླེབས་ནས12.4%འཕར་ཡོད། གཉེར་སྐྱོང་ཁུལ་ལ་གཞིགས་ནས་དབྱེ་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར99.68ལ་སླེབས་ནས10.6%འཕར་བ་དང་། གྲོང་གསེབ་ཏུ་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར21.74ལ་སླེབས་ནས9.8%འཕར་ཡོད།

སྤྱི་ལོ2018ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་སུ་བཅད་གྲངས་ཡན་གྱི་སྡེབ་ཚོང་སིལ་ཚོང་དང་། ཞག་སྡོད་བཟའ་བཏུང་ཁེ་ལས། བཅད་གྲངས་ཡན་གྱི་ཁེར་གཉེར་དུད་ཚང་དང་ཐོན་ལས་བྱེད་སྒོའི་ཚན་པ་བཅས་ཁྱོན55ཡོད་པ་རེད། ལོ་མཇུག་ཏུ་ཁྱོནAརིམ་པའི་མཛེས་ལྗོངས་ཁུལ5ཡོད་པའི་ནངA4རིམ་པའི་མཛེས་ལྗོངས་ཁུལ2དང་། A3རིམ་པའི་མཛེས་ལྗོངས་ཁུལ2 A2རིམ་པའི་མཛེས་ལྗོངས་ཁུལ1བཅས་ཡོད་པ་དང་། ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི1601.57ལ་སྣེ་ལེན་ཞུས་པ་དང་། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར88.49ལ་སླེབས་ཡོད།

5 གཟི་བརྗིད་མཚན་སྙན།

ཝུན་ཅང་ཆུས་ལ“མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལ་ཧྲིལ་པོའི་སྣོད་བཅུད་སླར་གསོ་དང་ཁོར་ཡུག་སྲུང་སྐྱོང་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའ”དང་། “ཀྲུང་གོའི་སྡོད་མལ་ཁོར་ཡུག་དཔེ་སྟོན་བྱ་དགའ”“རྒྱལ་སྤྱིའི་མེ་ཏོག་ལྡུམ་རའི་གྲོང་ཁྱེར” “ཏི་པའེ་རྒྱལ་སྤྱིའི་སྡོད་མལ་ཁོར་ཡུག་ལེགས་པོར་གཏོང་བའི་དཔེ་སྟོན་བྱ་དགའ”  “རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཆུས”སོགས་ཀྱི་གཟི་བརྗིད་མཚན་སྙན་མང་པོ་ཐོབ་ཡོད། སྤྱི་ལོ2018ལོར་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས་ཀྱི་ཨང70པར་སླེབས། སྤྱི་ལོ2018ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས། རྒྱལ་ཡོངས་ཀྱི་སྲང་ལམ་ཞབས་ཞུའི་དོ་དམ་གསར་གཏོད་ཚོད་ལྟ་ཆུས།རྒྱལ་ཁབ་རིམ་པའི་གྲོང་གསེབ་ཀྱི་གད་སྙིགས་རིགས་དབྱེ་དང་ཐོན་ཁུངས་ཅན་བེད་སྤྱོད་དཔེ་སྟོན་ཆུས། རྒྱལ་ཡོངས་མང་ཚོགས་ལུས་རྩལ་ལས་དོན་གྱི་སྔོན་ཐོན་ཆུས། སི་ཁྲོན་ཞིང་ཆེན་བཟོ་ལས་སྟོབས་ཤུགས་ཆེ་བའི་ཆུས(རྫོང)གྲས་ཀྱི་དཔེ་སྟོན་ཆུས་སོགས་ཀྱི་མཚན་སྙན་ཐོབ་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁམས། མི་རིགས། རིག་གནས།