ཁ་ཧྲིན་ས་ཁུལ།སྔ་མའི་པར་གཞི་དེ བསོད་ནམས་དབང་འགྲུབ།  ནས 2020-04-27 10:32ལ་འགྲུབ།

ཁ་ཧྲིན་ས་ཁུལ།

ཁ་ཧྲིན་ས་ཁུལ།
ཁ་ཧྲིན་ས་ཁུལ་ནི་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ས་ཁུལ5ཡི་གྲས་ཤིག་ཡིན་པ་དང་བཅའ་སྡོད་བྱ་ཡུལ་ཁ་ཧྲེ་གྲོང་ཁྱེར་ཡིན། ཕྱོགས་གསུམ་རི་བོས་བསྐོར་ཡོད་པ་དང་། ཕྱོགས་གཅིག་ནས་ཕྱེ་ཡོད་ཅིང་། དྲོད་འཇམ་ཁུལ་གྱི་སྐམ་སའི་རང་བཞིན་གྱི་ཐན་སྐམ་ནམ་ཟླའི་ཁུལ་དུ་གཏོགས་པ་དང་། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ་ཁྲི་ཚོ16.2ཡོད་པ་དེའི་ཁོངས་སུ་གྲོང་ཁྱེར1དང་རྫོང11ཡོད། སྤྱི་ལོ2018ལོར་སྤྱིའི་མི་འབོར་ཁྲི463.38ལ་སླེབས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
喀什地区
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ་ཁྲི16.2
ཕྱི་ཡིག་གི་མིང་།
Kashgar Prefecture
མི་གྲངས།
ཁྲི463.38(སྤྱི་ལོ2018ལོ)
སྲིད་འཛིན་ས་ཁོངས་རིགས་དབྱེ།
ས་ཁུལ་རིམ་པ།
ནམ་ཟླ།
དྲོད་ཁུལ་སྐམ་ས་རང་བཞིན་གྱི་ནམ་ཟླ།
ཁོངས་གཏོགས་ས་གནས།
ཞིན་ཅང་ཡུ་གུར་རང་སྐྱོང་ཆུས།
རླངས་འཁོར་ཚབ་ཨང་།
新Q
སྦྲག་ཨང་།
844000
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
653100
1 ངོ་སྤྲོད།

ཁ་ཧྲིན་ས་ཁུལ་ལ་གནའ་དུས་སུ“ཧྲུའུ་ལེ”དང“རེན་རུའུ”“ཧྲུའུ་ལུའུ”ཟེར་ཞིང་། དེའི་ནང་གནའ་རབས་ཀྱི་ཧྲུའུ་ལེ(དེང་གི་ཁ་ཧྲི་གྲོང་ཁྱེར་དང་། ཧྲུའུ་ཧྥུ་རྫོང་། ཧྲུའུ་ལེ་རྫོང་། ཅ་ཧྲི་རྫོང)དང་། ཕུའུ་ལི(དེང་གི་ཐ་ཧྲི་ཁུའུ་འར་ཀན་ཡིན)། ཧྲ་ཁྲེ། དབྱི་ནའེ(དེང་གི་དབྱིན་ཅི་ཧྲ་དང་ཨ་ཁེ་ཐའོ་ཡི་མངའ་ཁོངས)དང་། ཝུའུ་ཧོ་ཀྲའེ(དེང་གི་ཐ་ཧྲི་ཁུའུ་འར་ཀན་ལྷོ་རྒྱུད)ཞི་དབྱིང(དེང་གི་ཡེ་ཁྲེང)སོགས་ཚུད་ཡོད། ཁ་ཧྲི་ནི་གནའ་བོའི་དར་གོས་ལམ་བུའི་འགྲིམ་འགྲུལ་གྱི་གཙོ་གནད་ཅིག་ཡིན་པའི་ངོས་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཚོང་པ་སྤྲིན་གྱི་ཚོགས་བཞིན་འདུ་སའི་རྒྱལ་སྤྱིའི་ཚོང་འདུས་ཀྱི་གནས་ཤིག་ཡིན་པ་དང་། ད་དུང་ཞིན་ཅང་གི་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་འབའ་ཞིག་དེ་ཡིན་པ་དེས་ཡུ་གུར་རིགས་ཀྱི་དམངས་སྲོལ་ཡུལ་སྲོལ་གོམས་གཤིས་དང་། རིག་གནས་སྒྱུ་རྩལ། བཟོ་བཀོད་ཉམས་འགྱུར། སྲོལ་རྒྱུན་དཔལ་འབྱོར་བཅས་ཀྱི་ཁྱད་ཆོས་དང་སྙིང་བཅུད་གཅིག་སྡུད་ཐོག་མཚོན་ཡོད། སྤྱི་ལོ2010ལོར་ཁ་ཧྲི་དཔལ་འབྱོར་གསར་སྤེལ་ཁུལ་དེ་དཔལ་འབྱོར་དམིགས་བསལ་ཁུལ་དུ་ཆོག་མཆན་བཀོད། སྤྱི་ལོ2018ལོར་ཁ་ཧྲིན་ས་ཁུལ་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར890.12ཟིན་པ་དེ་ལོ་གོང་མ་ལས4.2%ལ་འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར281.35ཟིན་ནས3.7%ལ་འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར220.81ཟིན་ནས1.1%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར387.96ཟིན་ནས་6.5%ལ་འཕར་ཡོད།

2 ལོ་རྒྱུས་ཀྱི་འཕེལ་རིམ།
2_1 མི་སེར་རྒྱལ་ཁབ།

མི་སེར་རྒྱལ་ཁབ་ཀྱི་ཐོག་མའི་དུས་སུ་ཆིང་རྒྱལ་རབས་ཀྱི་དུས་མཇུག་གི་ལམ་ལུགས་རྙིང་པ་རྒྱུན་འཛིན་བྱས་ཡོད། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་གཉིས་པ(སྤྱི་ལོ1913ལོ)ཧྥུ་དང་ཐིང་། ཀྲོའུ་བཅས་ཚང་མ་རྫོང་དུ་བསྒྱུར་རྗེས། ཁ་ཧྲི་ཀ་ཨེར་ཏའོ་ཡི་མངའ་འོག་གི་ཧྲུའུ་ཧུའུ་དང་ཅ་ཧྲི། ཡེ་ཁྲེང་། ཕི་ཧྲན། ཡུས་ཡུས། ལུའོ་ཕུའུ། ཧྲུའུ་ལེ། ཧྲ་ཁྲེ། དབྱིན་ཅི་ཧྲ། ཕུའུ་ལི། པ་ཁྲུའུ། ཧོ་ཡུས་བཅས་རྫོང་དང་། དེ་བཞིན་གཅིག་རྗེས་གཉིས་མཐུད་དུ་བཙུགས་པའི་མའེ་ཀའེ་ཐི་དང་། ཝུའུ་ཆ། ཙེ་ཕུའུ། ཨ་ཐུའུ་ཧྲི། ཡུའེ་ཕུའུ་ཧུའུ། མོ་ཡུས་བཅས་རྫོང་6ཡོད། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་དགུ་བར(སྤྱི་ལོ1920ལོ)ཁ་ཧྲིན་གྱི་ཁོངས་སུ་གཏོགས་པའི་ཡེ་ཁྲེང་དང་། ཕི་ཧྲན། ཡུས་ཡུས། ལུའོ་ཕུའུ། ཧོ་དབྱི། མོ་ཡུས་བཅས་རྫོང་དྲུག་ལོགས་སུ་ཕྱེ་ནས་གསར་དུ་བཙུགས་པའི་ཧོ་ཏའོ་ཡི་མངའ་འོག་ཏུ་བཅུག་པ་རེད། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བཅུ་དགུ་བར(སྤྱི་ལོ1930ལོ)གཞུང་ལམ་དོར་ནས་སྲིད་འཛིན་ཁུལ་དུ་བསྒྱུར་རྒྱུ་དང་། ཁ་ཧྲི་སྲིད་འཛིན་ཁུལ་བཙུགས་ནས་ཞིན་ཅང་སྲིད་འཛིན་ཁུལ་གསུམ་པའི་ཁོངས་སུ་བཞག མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་གཅིག་པར(སྤྱི་ལོ1942ལོ)ཧྲ་ཁྲེ་དང་། ཙེ་ཕུའུ། མའེ་ཀའེ་ཐི་བཅས་རྫོང3དང་། ཧོ་ཧུའེ་ཆུས་ཀྱི་ཡེ་ཁྲེང་རྫོང་ཟླ་སྒྲིལ་བཏང་ནས་ཞིན་ཅང་སྲིད་འཛིན་ཁུལ་བཅུ་བ(ཧྲ་ཁྲེ་ཆུས)བཙུགས་པ་དང་། ཧྲ་ཁྲེ་དང་། ཙེ་ཕུའུ། མའེ་ཀའེ་ཐི། ཡེ་ཁྲེང་བཅས་རྫོང་བཞི་བདག་སྐྱོང་བྱེད་ཁོངས་སུ་བཅུག་པ་རེད། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་གཉིས་པའི་བར(སྤྱི་ལོ1943ལོ)ཆུས་གསུམ་པ(ཁ་ཧྲིན་ས་ཁུལ)དང་བཅུ་བ(ཧྲ་ཁྲེ་ཆུས)སོ་སོར་ཀྲོན་ཆུས་སུ་བསྒྱུར།

2_2 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།     

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། སྤྱི་ལོ1952ལོའི་ཟླ5བའི་ཚེས25ཉིན་ཁ་ཧྲེ་གྲོང་ཁྱེར་བཙུགས་པ་རེད། སྤྱི་ལོ1954ལོའི་ཟླ8པའི་ཚེས21ཉིན། ཞིན་ཅང་ལྷོ་རྒྱུད་ཀྱི་སྲིད་འཛིན་ཀུང་ཧྲུའུ་བཙུགས་པ་དང་། ཁ་ཧྲི་ཀྲོན་ཧྲུའུ་ཕྱིར་འཐེན་བྱས་ཤིང་། དེའི་ཁོངས་གཏོགས་ཀྱི་ཁ་ཧྲི་གྲོང་ཁྱེར་དང་ཧྲུའུ་ལེ་དང་། ཧྲུའུ་ཞང་། དབྱིན་ཅི་ཧྲ། ཡུའེ་ཕུའུ་ཧུའུ། ཅ་ཧྲི། པ་ཁྲུའུ། ཕུའུ་ལི་བཅས་རྫོང་བདུན་ལ་ཐད་ཀར་འགོ་ཁྲིད་བྱས། ཧྲ་ཁྲེ་དང་། ཧོ་ཐེན། ཨ་ཁེ་སུའུ་བཅས་ཀྲོན་ཆུས3དང་དེ་བཞིན་ཁེ་ཙི་ལེ་སུའུ་ཁོར་ཁེ་ཙེ་རང་སྐྱོང་ཀྲོའུ་ཡང་ཤིན་ཅང་ལྷོ་རྒྱུད་སྲིད་འཛིན་ཀུང་ཧྲུའུ་ཡིས་འགོ་ཁྲིད་བྱེད་ཀྱི་ཡོད། སྤྱི་ལོ1956ལོའི་ཟླ6པའི་ཚེས30ཉིན། ཞིན་ཅང་ལྷོ་ཕྱོགས་སྲིད་འཛིན་ཀུང་ཧྲུའུ་དང་ཧྲ་ཁྲེ་ཀྲོན་ཧྲུའུ་མེད་པར་བཟོས་པ་དང་། ཞིན་ཅང་ལྷོ་ཕྱོགས་སྲིད་འཛིན་ཀུང་ཧྲུའུ་ཡི་ཁོངས་གཏོགས་ཨ་ཁེ་སུའུ་དང་ཧོ་ཐེན་གྱི་ཀྲོན་ཆུས2དང་། ཁེ་ཙི་ལེ་སུའུ་ཁོར་ཁེ་ཙི་རང་སྐྱོང་ཁུལ་གྱིས་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལ་སྤྲད། སྔོན་གྱི་ནན་ཅང་སྲིད་འཛིན་ཀུང་ཧྲུའུ་ཡི་ཐད་གཏོགས་རྫོང(གྲོང་ཁྱེར)དང་དེ་སྔའི་ཧྲ་ཁྲེ་ཀྲོན་ཆུས་ཀྱི་རྫོང་ཁག་ཏུ་གསར་དུ་བཙུགས་པའི་ཁ་ཧྲི་ཀྲོན་ཆུས་ཀྱིས་བདག་སྐྱོང་བྱས། ཁ་ཧྲི་ཀྲོན་ཆུས་ཀྱི་ཁོངས་གཏོགས་ཁ་ཧྲི་གྲོང་ཁྱེར་དང་དེ་བཞིན་ཧྲུའུ་ལེ་དང་། ཧྲུའུ་ཞང་། དབྱིན་ཅི་ཧྲ། ཅ་ཧྲི། གཡོད་ཕུའུ་ཧུའུ། པ་ཁྲུའུ། མའེ་ཀའེ་ཐི། ཧྲ་ཁྲེ། ཙེ་ཕུའུ། ཡེ་ཁྲེང་། ཐ་ཧྲི་ཁུའུ་འར་ཀན་བཅས་རྫོང11ཡོད། སྤྱི་ལོ1971ལོའི་ཟླ1པའི་ཚེས11ཉིན་ཁ་ཧྲིན་ཀྲོན་ཆུས་ལ་ཁ་ཧྲིན་ས་ཁུལ་ཞེས་འབོད་ཀྱི་ཡོད།

3 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2018ལོའི་ཟླ12པར་ཁ་ཧྲིན་ས་ཁུལ་དུ་རྫོང་རིམ་པའི་སྲིད་འཛིན་ཁུལ12ཡོད་པའི་ནང་རྫོང་རིམ་པའི་གྲོང་ཁྱེར1དང་། རྫོང10   རང་སྐྱོང་རྫོང1བཅས་ཚུད་ཡོད་པ་དེ་དག་ནི་ཁ་ཧྲིན་གྲོང་ཁྱེར་དང་། ཧྲུའུ་ཕུའུ་རྫོང་། ཧྲུའུ་ལའེ་རྫོང་། ཧྲུའུ་ལེ་རྫོང་། དབྱིན་ཅི་ཧྲ་རྫོང་། གཡོད་ཕུའུ་ཧུའུ་རྫོང་། ཅ་ཧྲི་རྫོང་། ཧྲ་ཁྲེ་རྫོང་། ཙེ་ཕུའུ་རྫོང་། ཡེ་ཁྲེང་རྫོང་། མའེ་ཀེ་ཐི་རྫོང་། པ་ཧྲི་ཁུའུ་འར་ཀན་ཐ་ཅི་ཁེ་རང་སྐྱོང་རྫོང་བཅས་རེད།  ཁ་ཧྲིན་གྲོང་ཁྱེར་ནི་ཁ་ཧྲིན་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་བཅིངས་འགྲོལ་བྱང་ལམ་ཨང46པ་རུ་བཅའ་སྡོད་བྱས་ཡོད།

4 ས་ཁམས་ཁོར་ཡུག
4_1 ས་བབ།

ཁ་ཧྲིན་ས་ཁུལ་གྱི་ཕྱོགས་གསུམ་རི་བོས་བསྐོར་བ་དང་། ཕྱོགས་གཅིག་ནས་སྒོ་མོ་ཕྱེ་བ། བྱང་དུ་ལྷོ་ཁའི་རི་རྒྱུད་འཕྲེད་དུ་ཉལ་བ། ནུབ་ཏུ་ཕ་སྨིར་ས་མཐོ་འགྱིང་ངེར་གནས་པ། ལྷོ་རྒྱུད་ནི་ཁ་ལ་ཁུ་ནུ་རི་བོ་ཡིན་པ། ཤར་རྒྱུད་ནི་ཐ་ཁེ་ལ་མ་ཀན་བྱེ་ཐང་ཆེན་པོ་ཡིན་པ་བཅས་རེད། རི་བོ་དང་བྱེ་ཐང་གིས་བསྐོར་བའི་ཡེར་ཆའང་ཆུ་དང་། ཁ་ཧྲི་གར་གཙང་གཤོངས་བདེ་ཐང་ནི་ལྗང་མདོག་གི་ཕ་ལམ་གྱི་ཕྲ་བཏབ་པ་དང་མཚུངས། ས་བབ་ཧྲིལ་པོ་ལྷོ་ནུབ་ནས་བྱང་ཤར་ལ་ཕྱོགས་པ། ས་དབྱིབས་རགས་དབྱིབས་ནི་བརྟན་འཇགས་ཀྱི་ཐ་ལི་མུའུ་གཞོང་ས་དང་ཐེན་ཧྲན་རི་བོ། ཁུ་ནུ་རི་བོ་བཅས་ཀྱི་ས་ཤུར་གཉེར་མས་གཙོ་བོར་བྱས་པའི་གྲུབ་ཚུལ་གྱི་ཚན་པ་ཞིག་ཡིན། ཧིན་རྡུ་རྒྱ་མཚོ་ཆེན་པོའི་བཞའ་ཚན་ཆེ་བའི་རླུང་རྒྱུན་སླེབས་དཀའ་བ་དང་། བྱང་འཁྱགས་རོམ་རྒྱ་མཚོ་ཆེན་པོའི་གྲང་ངར་ཆེ་བའི་རླུང་རྒྱུན་ཡང་བརྟོལ་དཀའ་བས། ཁ་ཧྲི་ས་ཁུལ་གྱི་ཐན་པ་དང་ཚ་བ་ཆེ་བའི་དྲོད་ཁུལ་གྱི་མྱ་ངམ་ཐང་གི་མཛེས་ལྗོངས་སུ་གྱུར་ཡོད། འོན་ཀྱང་རི་ཁུལ་གྱི་གངས་འཁྱགས་བཞུར་བའི་ཆུས་སྤང་ལྗོངས་གསར་སྤེལ་ལ་མཐུན་རྐྱེན་བསྐྲུན་ནས་གཅིག་སྡུད་ཅུང་ཆེ་བའི་ཁ་ཧྲི་སྒར་དང་ཡེར་ཆང་གཙང་པོའི་སྐད་གྲགས་ཆེ་བའི་སྤང་ལྗོངས་ཆེན་པོ་གཉིས་ཆགས་ཡོད། ས་ཁོངས་ནང་གི་རི་བོ་ཆའོ་ཀེ་ལི་མཐོ་ཤོས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི8611ཟིན་པ་དང་། ས་ཆ་དམའ་ཤོས་ཐ་ཁེ་ལ་མ་ཀན་བྱེ་ཐང་ཆེན་པོའི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1100ཟིན་པ། ཁ་ཧྲིན་གྲོང་ཁྱེར་གྲོང་ཁུལ་གྱི་ཆ་སྙོམས་ས་བབ་མཐོ་ཚད་ཀྱིས་སྨི1289ཟིན་ཡོད་པ་རེད།

4_2 ནམ་ཟླ།

ཁ་ཧྲིན་ས་ཁུལ་ནི་ཡ་གླིང་དབུས་མའི་གསུས་གནས་སུ་གནས་ཤིང་། ས་ཁམས་ཁོར་ཡུག་གི་ཚོད་འཛིན་ཐེབས་པ་དང་། དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་ཐན་སྐམ་ནམ་ཟླའི་རྒྱུད་དུ་གཏོགས། རྒྱལ་ནང་དུ་དུས་བཞིའི་དབྱེ་བ་གསལ་པོ་ཡོད་པ་དང་། ཉི་འོད་རིང་བ། དྲོད་ཚད་ལོ་དང་ཉི་མ་ལ་འགྱུར་ལྡོག་ཆེ་བ། ཆར་ཆུ་ཧ་ཅང་ཉུང་བ། རླངས་པ་རྒྱས་པ་བཅས་རེད། དབྱར་དུས་ཚ་བ་ཆེ་མོད། འོན་ཀྱང་ཚ་གདུག་ཆེ་བའི་དུས་ཡུན་ཐུང་བ་དང་། དགུན་ཁར་གྲང་ངར་མེད་ཀྱང་དྲོད་ཚད་དམའ་བའི་དུས་ཡུན་རིང་བ་དང་། དཔྱིད་དབྱར་དུས་སུ་ལྷགས་པ་ཆེན་པོ་དང་། བྱེ་རླངས། ཐལ་རྡུལ་གྱི་གནམ་གཤིས་བཅས་མང་། ས་བབ་རྙོག་འཛིང་ཆེ་བ་དང་གནམ་གཤིས་ཧེ་བག་ཆེ་བས་སྤྱིར་ན་ཆུས་5ཡོད་པ་སྟེ། ཁ་ཧྲི་བདེ་ཐང་གི་གནམ་གཤིས་ཁུལ་དང་། བྱེ་ཐང་གི་མྱ་ངམ་ཐང་གི་གནམ་གཤིས་ཁུལ། རི་ཁུལ་གྱི་རི་མ་ཐང་གི་གནམ་གཤིས་ཁུལ། ཕ་སྨིར་ས་མཐོའི་གནམ་གཤིས་ཁུལ། ཁུ་ནུ་རི་བོའི་གནམ་གཤིས་ཁུལ་བཅས་རེད།

5 མི་གྲངས་དང་མི་རིགས།
5_1 མི་གྲངས།

སྤྱི་ལོ2018ལོའི་ལོ་མཇུག་བར་ཁ་ཧྲིན་ས་ཁུལ་གྱི་ཐེམ་ཐོའི་མི་འབོར་དུད་ཚང་ཁྲི120.14ཟིན་པ་དང་། མི་འབོར་བསྡོམས་འབོར་ཁྲི463.38ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི106.53ཟིན་པ་དེས་མི་འབོར་བསྡོམས་འབོར་གྱི་བསྡུར་ཚད(ཐེམ་ཐོའི་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད)22.99%ཟིན་ཡོད། རྒྱ་རིགས་མི་འབོར་ཁྲི27.85ཟིན་པ་དེས་མི་འབོར་བསྡོམས་འབོར་གྱི་བསྡུར་གྲངས་ཀྱི6.01%བཟུང་བ། ཡུ་གུར་རིགས་ཀྱི་མི་འབོར་ཁྲི428.92ཟིན་པ་དེས་མི་འབོར་བསྡོམས་འབོར་གྱི་བསྡུར་ཚད་ཀྱི92.56%བཟུང་བ། ཐ་ཅི་ཁེ་རིགས་ཀྱི་མི་འབོར་ཁྲི4.36ཟིན་པ་དེས་མི་འབོར་བསྡོམས་འབོར་གྱི་བསྡུར་ཚད་ཀྱི0.94%བཟུང་བ། མི་རིགས་གཞན་དག་གི་མི་འབོར་ཁྲི2.24ཟིན་པ་དེས་མི་འབོར་བསྡོམས་འབོར་གྱི་བསྡུར་ཚད་ཀྱི0.48%བཟུང་ཡོད།

5_2 མི་རིགས།

ཁ་ཧྲིན་ས་ཁུལ་གྱི་མི་རིགས་གཙོ་བོ་ནི་ཡུ་གུར་རིགས་ཡིན་པ་དང་། གཞན་ཡང་རྒྱ་རིགས་དང་། ཐ་ཅི་ཁེ། ཧུའེ་རིགས། ཁོར་ཁེ་ཙི། ཝུའུ་ཙི་པེ་ཁེ། ཧ་སག་རིགས། མན་ཇུ། ཞི་པོ། སོག་རིགས། བོད་རིགས། ཨུ་རུ་སུ་སོགས་མི་རིགས་དུ་མ་ཡོད།

5_3 རགས་བཤད། 

སྤྱི་ལོ2018ལོར་ཁ་ཧྲིན་ས་ཁུལ་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར890.12ཟིན་པ་དེ་ལོ་གོང་མ་ལས4.2%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར281.35ཟིན་ནས3.7%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར220.81ཟིན་ནས་1.1%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར387.96ཟིན་ནས6.5%འཕར་ཡོད། ཐོན་ལས་དང་པོའི་འཕར་ཐང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད31.6%བཟུང་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད24.8%བཟུང་བ། ཐོན་ལས་གསུམ་པའི་འཕར་ཐང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད43.6%བཟུང་བ་བཅས་རེད། མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར19176ཟིན་པ་དེ3.7%ལ་འཕར་ཡོད།

6 གཟི་བརྗིད་མཚན་སྙན།

རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲོང་ཁྱེར་གྲགས་ཅན། ཀྲུང་གོའི་ཕུལ་བྱུང་ཡུལ་སྐོར་གྲོང་ཁྱེར། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཡིད་དབང་འཕྲོག་པའི་གྲོང་ཁྱེར།


དཔྱད་གཞིའི་ཡིག་ཆ།