ཨ་ཁེ་སུའུ་གྲོང་ཁྱེར།སྔ་མའི་པར་གཞི་དེ བསོད་ནམས་དབང་འགྲུབ།  ནས 2020-04-27 10:32ལ་འགྲུབ།

ཨ་ཁེ་སུའུ་གྲོང་ཁྱེར།

ཨ་ཁེ་སུའུ་གྲོང་ཁྱེར།
ཨ་ཁེ་སུའུ་གྲོང་ཁྱེར་ནི་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཨ་ཁེ་སུའུ་ས་ཁུལ་ཡིན་པ་དང་ཐ་ཁེ་ལ་མ་ཀན་བྱེ་ཐང་གི་ནུབ་བྱང་མཚམས་སུ་གནས་པ་དང་ཐ་ལི་མུའུ་གཙང་པོའི་སྟོད་རྒྱུད་དུ་གནས་པ་དང་ཆུ་ལ་བརྟེན་ནས་སྐད་གྲགས་ཆོད་ཅིང་། ཡུ་གུར་སྐད་དུ“ཆུ་དཀར་གྲོང་ཁྱེར”ཞེས་བརྗོད་ཀྱི་ཡོད། གནའ་བོའི་དུས་ནི་ཀྲུང་གོའི་ཆིན་རྒྱལ་རབས་དང་ཧན་རྒྱལ་རབས་ཀྱི་ནུབ་ཡུལ་རྒྱལ་ཁབ་སོ་དྲུག་གི་ཀུའུ་མོ་དང་ཝུན་སུའུ་རྒྱལ་ཁབ་གཉིས་ཀྱི་ཁོངས་གཏོགས་ས་ཆ་ཡིན་ལ། གནའ་བོའི་དར་གོས་ལམ་བུའི་ཐོག་གི་ས་ཚུགས་གལ་ཆེན་ཞིག་ཡིན་ལ། རུས་སྦལ་རིག་གནས་དང་ཏའོ་ལང་རིག་གནས་ཀྱི་འབྱུང་ཁུངས་ཀྱང་ཡིན། དེར་“སའེ་ཝའེ་ཅང་ནན་”ཞེས་པའི་མཚན་སྙན་ཡོད་ཅིང་། ཨ་ཁེ་སུའུ་ས་ཁུལ་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་དང་། དམག་སྡེའི་ཧྲི་ཤོག་དང་པོའི་གནས་ཡུལ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阿克苏
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི1.445
ཕྱི་ཡིག་གི་མིང་།
Aksu
མི་གྲངས།
ཁྲི70.79
སྲིད་འཛིན་ས་ཁོངས་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
ནམ་ཟླ།
དྲོད་ཁུལ་སྐམ་ས་རང་བཞིན་གྱི་ནམ་ཟླ།
ཁོངས་གཏོགས་ས་གནས།
ཀྲུང་གོ་ཞིན་ཅང་ཨ་ཁེ་སུའུ་ས་ཁུལ།
རླངས་འཁོར་ཚབ་ཨང་།
新N
སྦྲག་ཨང་།
843000
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
652901
1 ​ངོ་སྤྲོད།

ཨ་ཁེ་སུའུ་གྲོང་ཁྱེར་གྱི་གནམ་གཤིས་ལེགས་པ་དང་། ས་བབ་ཁོད་སྙོམས་པ། ས་རྒྱུ་གཤིན་པོ་ཡོད་པ། ཆུ་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ། ཉི་འོད་འདང་ངེས་ཡོད་པ། བ་མོ་མི་རྒྱག་པའི་དུས་ཡུན་རིང་བ་བཅས་ཡོད་པས་ཞིང་ལས་སྐྱེ་དངོས་སྣ་ཚོགས་སྐྱེ་རྒྱུར་འཚམ་པ་དང་། གྲོང་ཁྱེར་དེ་ཡོངས་ཀྱི་རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི116.29དང་། ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི70རྩྭ་རའི་རྒྱ་ཁྱོན་མུའུ་ཁྲི403བཅས་ཟིན་ནས་ལོ་ཧྲིལ་པོར་ཕྱུགས་འཚོ་ཆོག་གི་ཡོད་པ་རེད། དེ་ནི་རྒྱལ་ཁབ་ཀྱི་ཚོང་འབྲུ་དང་། ཚོང་ཟོག་སྲིང་བལ་གྱི་རྟེན་གཞི་གལ་ཆེན་ཞིག་ཡིན་ཞིང་། ཁ་སུར་དམར་པོ་དང་། སྟར་ཀ་སྲབ་མོ། དམར་པོ་ཧྥུ་ཧྲི་ཀུ་ཤུ། ཁམ་བུ། ཤིང་ཏོག་ལི་ཞིམ་པོ། རྒུན་འབྲུམ། མངར་ཀྭ་སོགས་ཁྱད་ལྡན་ཐོན་རྫས་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆོད་ཅིང་། དེ་ནི་སྐད་གྲགས་ཆེ་བའི་ཀྭ་རིགས་དང་ཤིང་ཏོག་གི་ཕ་ས་ཡིན།     ཨ་ཁེ་སུའུ་གྲོང་ཁྱེར་ནི་ཀྲུང་གོའི་སྲིང་བལ་སྤུས་ལེགས་ཐོན་སྐྱེད་རྟེན་གཞི་གལ་ཆེན་ཞིག་ཡིན་པ་དང་ཤིན་ཅང་གི་སྲིང་བལ་ཉོ་ཚོང་བསྡུ་འགྲེམས་བྱ་ཡུལ་དང་ཡང་བའི་འཁེལ་འཐག་བཟོ་ལས་གཅིག་སྡུད་བྱ་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཡོད། སྤྱི་ལོ2018ལོར་རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར(ཆུས)བསྐྱར་དུ་གཏན་འཁེལ་བྱ་རྒྱུ་རེད། སྤྱི་ལོ2019ལོའི་ཀྲུང་གོའི་ནུབ་རྒྱུད་ཀྱི་ཕུལ་བྱུང་རྫོང་བརྒྱ་དང་གྲོང་ཁྱེར་དང་རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་སྐྱོང་གི་ཚོད་ལྟའི་ཚན་པ།

2 ལོ་རྒྱུས་ཀྱི་འཕེལ་རིམ།
2_1 མི་སེར་རྒྱལ་ཁབ།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་གཉིས་པའི(སྤྱི་ལོ1913ལོ)ཟླ4བར་ཝུན་སུའུ་གཞུང་གིས་ཨ་ཁེ་སུའུ་རྫོང་དུ་བསྒྱུར་ཅིང་། དེ་ནི་ཨ་ཁེ་སུའུ་ཏའོ་ཡི་ཁོངས་སུ་གཏོགས་པ་རེད།

2_2 ཀྲུང་གོ་གསར་བ། 

སྤྱི་ལོ1949ལོའི་རྗེས་སུ་ཨ་ཁེ་སུའུ་ཀྲོན་ཆུས་དང་ཨ་ཁེ་སུའུ་ས་ཁུལ། སྤྱི་ལོ1956ལོར་དེ་སྔའི་རྫོང་ཁོངས་པིན་སོགས་གྲོང་ཁྱེར་ཨ་ཁེ་སུའུ་གྲོང་ཁྱེར་དེ་ཨ་ཁེ་སུའུ་གྲོང་རྡལ་དུ་བསྒྱུར། སྤྱི་ལོ1958ལོའི་ཟླ5བར་ཝུན་སུའུ་རྫོང་མེད་པར་བཟོས་པ་དང་། དེའི་སྲིད་འཛིན་ས་ཁོངས་ཨ་ཁེ་སུའུ་རྫོང་དུ་ཟླ་སྒྲིལ་བཏང་། སྤྱི་ལོ1962ལོར་ཝུན་སུའུ་རྫོང་གི་སྒྲིག་གཞི་སླར་གསོ་བྱས་ཏེ། སྤྱི་ལོ1958ལོར་ཨ་ཁེ་སུའུ་རྫོང་དུ་ཟླ་སྒྲིལ་བྱས་པའི་སྔོན་གྱི་ཝུན་སུའུ་རྫོང་གི་སྲིད་འཛིན་ས་ཁོངས་དེ་ཨ་ཁེ་སུའུ་རྫོང་ནས་ལོགས་སུ་ཕྱེ་སྟེ། ཝུན་སུའུ་རྫོང་གི་མངའ་འོག་ཏུ་གཏོགས། སྤྱི་ལོ1983ལོའི་ཟླ8པའི་ཚེས19ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཨ་ཁེ་སུའུ་རྫོང་ཕྱིར་འཐེན་བྱས་ཏེ་རྫོང་རིམ་པའི་ཨ་ཁེ་སུའུ་གྲོང་ཁྱེར་བཙུགས། སྤྱི་ལོ1984ལོའི་ཟླ5བའི་ཚེས7ཉིན་ཨ་ཁེ་སུའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་སྒོ་བྱང་བཀལ་ནས་བཙུགས་པ་རེད། སྤྱི་ལོ1984ལོའི་ཟླ7པའི་ཚེས18ཉིན་ཨ་ཁེ་སུའུ་གྲོང་རྡལ་མེད་པར་བཟོས་ནས་དེ་སྔའི་གྲོང་རྡལ་ཁོངས་གཏོགས་ཀྱི་ཁྲོམ་གཞུང་དོན་གཅོད་ཁྲུའུ4ཡུལ་ཚོ་དུ་རིམ་སྤོར་བྱས་པ་རེད། སྤྱི་ལོ1999ལོར་གྲོང་ཁུལ་དུ་ནན་ཁྲིན་སྲང་ལམ་འཕར་འཛུགས་བྱས། སྤྱི་ལོ2012ལོའི་ཟླ2པའི་ཚེས6ཉིན་ཁེ་ཁོ་ཡ་ཁྲོམ་གཞུང་དོན་གཅོད་ཁྲུའུ་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་རེད། སྤྱི་ལོ2013ལོའི་ཟླ1པོའི་ཚེས23ཉིན་རང་སྐྱོང་ལྗོངས་སྲིད་གཞུང་གི(སྲིད་དོན་གསར་པ[2013]ཡིག་ཨང17པ)མཆན་བཀོད་བཀའ་ལན་གནང་ནས་ཨ་ཁེ་སུའུ་གྲོང་ཁྱེར་གྱི་སྟོང་སྨི་ངོས་གྲུ802.733གྱི་ས་ཁོངས་དེ་ཨ་ལར་གྲོང་ཁྱེར་གྱི་དོ་དམ་བྱེད་ཁོངས་སུ་འཇུག་རྒྱུར་མོས་མཐུན་གནང་བ་རེད། སྤྱི་ལོ2014ལོའི་ཟླ11པའི་ཚེས14ཉིན་རང་སྐྱོང་ཆུས་སྲིད་གཞུང་གིས་ད་ལྟ་དབྱིན་པ་ཀྲ་ཁྲོམ་གཞུང་ཁོངས་གཏོགས་ཀྱི་དབྱིན་པ་ཀེ་སྡེ་ཁུལ་དང་། ལེན་ཀྲོའུ་ཆུས། ཨ་དབྱི་ཁུའུ་ལེ་གྲོང་རྡལ་བཅས་ཀྱི་ས་ཁོངས་ཁག་གཅིག་ཏའོ་ལང་ཁྲོམ་གཞུང་དུ་དབྱེ་རྒྱུར་མོས་མཐུན་བྱས་པ་དང་། ད་ལྟ་དབྱིན་པ་ཀེ་སྡེ་ཁུལ་གྲོང་ལྷན་གྱི་གཞུང་ལས་ཐོག་ཁང་དུ་ཁྲོམ་གཞུང་དོན་གཅོད་ཁྲུའུ་བཅའ་སྡོད་བྱས་ཡོད།

3 སྲིད་འཛིན་བགོས་ཁོངས།

སྤྱི་ལོ2010ལོར་ཨ་ཁེ་སུའུ་གྲོང་ཁྱེར་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི1.44ཟིན་པ་དང་གྲོང་ཁུལ་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ123.1ཟིན་ཡོད། གྲོང་ཁྱེར་ཁོངས་གཏོགས་ནི། དབྱི་ཀན་ཆི་ཡུལ་ཚོ་དང་། པའེ་ཧྲི་ཐུའུ་ཀེ་མན་ཡུལ་ཚོ། ཁ་ལ་ཐ་ལེ་གྲོང་རྡལ། ཐོ་ཕུའུ་ལུའུ་ཁེ་ཡུལ་ཚོ། ཁུའུ་མུའུ་པ་ཧྲེན་ཡུལ་ཚོ། ཨ་དབྱི་ཁུའུ་ལེ་གྲོང་རྡལ། སོན་བཟང་ར་བ་བཅས་རེད། སྤྱི་ལོ2018ལོ་བར་ཨ་ཁེ་སུའུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཁྲོམ་གཞུང7དང་། གྲོང་རྡལ2  ཡུལ་ཚོ4བཅས་ཡོད་པ་སྟེ། ལན་ཀན་ཁྲོམ་གཞུང་། དབྱིན་པ་བྲག་ཁྲོམ་གཞུང་། ཧུང་ཆའོ་ཁྲོམ་གཞུང་། ཤིན་ཁྲེང་ཁྲོམ་གཞུང་། ནན་ཁྲེང་ཁྲོམ་གཞུང་། ཁོ་ཁོ་ཡ་ཁྲོམ་གཞུང་། ཏུའོ་ལང་ཁྲོམ་གཞུང་། ཁ་ལེ་ཐ་ལེ་གྲོང་རྡལ། ཨ་དབྱི་ཁུའུ་ལེ་ཡུལ་ཚོ། དབྱི་ཀན་ཆི་ཡུལ་ཚོ། པའེ་ཧྲི་ཐུའུ་ཀེ་མན་ཡུལ་ཚོ། ཐུའོ་ཕུའུ་ལུའུ་ཁེ་ཡུལ་ཚོ། ཁུའུ་མུའུ་ཤིས་ཡུལ་ཚོ། གཞན་ཡང་ཤང་རིམ་པའི་ཚན་པ5ཡོད་པ་སྟེ། ཧོང་ཆི་རི་ལྡེབས་ཞིང་ར་དང་། ཚོད་ལྟའི་ནགས་ར། འཁེལ་འཐག་བཟོ་ལས་གྲོང་། དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ། ཁྱད་ལྡན་ཐོན་ལས་གླིང་ཁུལ་བཅས་ཡིན་པ་རེད།

4 ས་ཁམས་ཁོར་ཡུག
4_1 ས་ཁམས། 

ཨ་ཁེ་སུའུ་གྲོང་ཁྱེར་ཁོངས་ཀྱི་ལྷོ་བྱང་གི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ213ཡོད་པ་དང་། ཤར་ནུབ་ཀྱི་ཞེང་ཚད་ཆེ་ཤོས་སྟོང་སྨི199ཡོད་ཅིང་། དེ་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ལྷོ་ནུབ་རྒྱུད་དང་། ཐ་ལི་མུའུ་གཤོངས་སའི་ནུབ་བྱང་མཐའ་མཚམས། ཐེན་ཧྲན་ལྷོ་འདབས་བཅས་སུ་ཆགས་ཡོད། ཨ་ཁེ་སུའུ་ཆུ་བོའི་རླུང་གཡབ་སྟེང་དུ་ཆགས་ཡོད། བྱང་དུ་ཝུན་སུའུ་རྫོང་དང་། ལྷོ་རུ་ཨ་ཝ་ཐི་རྫོང་དང་འབྲེལ་ཞིང་། ནུབ་ཏུ་ཝུའུ་ཧྲི་དང་ཁོ་ཕིང་རྫོང་གཉིས་དང་འབྲེལ་ཞིང་། ཤར་དུ་ཞིན་ཧོ་དང་ཧྲ་ཡ་རྫོང་གཉིས་དང་འབྲེལ་ཡོད། ཤར་ལྷོའི་རྒྱུད་དུ་ཐ་ཁེ་ལ་མ་ཀན་བྱེ་ཐང་དང་ཧོ་ཐེན་ས་ཁུལ་གྱི་ལུའོ་ཕུའུ་དང་ཚེ་ལེ་རྫོང་གཉིས་དང་འབྲེལ་ཡོད། ས་ཁམས་གནས་ཚད་ནི་བྱང་གི་འཕྲེད་ཐིག 39°30′~41°27′དང་ཤར་གྱི་གཞུང་ཐིག 79°39′~82°01′ཡིན། ཨ་ཁེ་སུའུ་གྲོང་ཁྱེར་གྱི་གྲོང་ཁུལ་ནི་ཏའོ་ལང་ཆུ་བོའི་འགྲམ་དུ་ཆགས་ཡོད་པ་དང་། བྱང་གི་འཕྲེད་ཐིག40℃10℃དང་ཤར་གྱི་གཞུང་ཐིག80℃16ལ་ཆགས་ཡོད། བྱང་ཤར་ནས་རང་སྐྱོང་ཆུས་ཀྱི་ལྟེ་བའི་གྲོང་ཁྱེར་ཏེ། ཝུའུ་ལུའུ་མུའུ་ཆིའི་གྲོང་ཁྱེར་དང་དྲང་ཐིག་བར་ཐག་སྟོང་སྨི666ཡོད་པ་དང་། གཞུང་ལམ་གྱི་ལམ་ཚད་སྟོང་སྨི1010ཡོད། ཝུའུ་ལུའུ་མུའུ་ཆི་དང་ཁ་ཧྲེ་དབར་དུ་གནས་པ་དང་། ལྷོ་རྒྱུད་དང་བྱང་རྒྱུད་ཀྱི་འགྲིམ་འགྲུལ་འགག་མདོ་དེ་ཤིན་ཅང་ལྷོ་རྒྱུད་ཀྱི་གྲོང་རྡལ་གལ་ཆེན་ཞིག་ཏུ་གྱུར་ཡོད།

4_2 ནམ་ཟླ།     

ཨ་ཁེ་སུའུ་གྲོང་ཁྱེར་ནི་ཡོ་རོབ་དང་ཨེ་ཤེ་ཡའི་སྐམས་ཆེན་པོའི་གཏིང་དུ་གནས་པ་དང་། རྒྱ་མཚོ་དང་རྒྱང་ཐག་རིང་བ། ཆར་ཆུ་དཀོན་པ་དང་རླངས་པར་འགྱུར་ཚད་ཆེ་བ། གནམ་གཤིས་སྐམ་ཤས་ཆེ་བ། སད་མེད་དུས་ཅུང་རིང་བ། དཔྱིད་དུས་ཐན་པ་ཆེ་ལ་རླུང་ཆེན་པོ་ལྡང་བ་དང་། ཐལ་རྡུལ་དང་མཉམ་དུ་བྱེ་རླུང་ལྡང་བའི་གནམ་གཤིས་བསྟན་པ། དབྱར་དུས་སུ་དྲག་ཆར་དང་སེར་བ་སོགས་ཕྱོགས་ཙམ་གྱི་གཏད་རྒྱུག་ཆེ་བའི་གནམ་གཤིས་བསྟན་པ། སྟོན་དུས་གནམ་གཤིས་ཡག་པོ་ཡོད་པ། ཆར་པ་འབབ་པའི་གནམ་གཤིས་མངོན་གསལ་དོད་པོས་ཉུང་དུ་ཕྱིན་པ། དྲོད་ཚད་འཚམ་པ། དགུན་དུས་ཅུང་དྲོ་པོ་ཡོད་པ། ཁ་བ་འབབ་པའི་གནམ་གཤིས་ཅུང་ཉུང་བ་བཅས་སོ།།

5 མི་གྲངས་དང་མི་རིགས།
5_1 མི་གྲངས། 

སྤྱི་ལོ2017ལོའི་ལོ་མཇུག་བར་ཨ་ཁེ་སུའུ་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར་ཁྲི52.89(གནས་སྐབས་སྡོད་མི་ཚུད་མེད། པིང་ཐོན་ཚུད་མེད)དེའི་ནང་ཞིང་ལས་མིན་པའི་མི་འབོར་ཁྲི33.17དང་ཞིང་ལས་མི་འབོར་ཁྲི19.72ཡོད་པ་རེད། སྐྱེས་པའི་མི་འབོར་ཁྲི26.48དང་བུད་མེད་མི་འབོར་ཁྲི26.41ཡོད་པ་དང་ཕོ་མོའི་བསྡུར་ཚད100.23:100ཡིན། རྒྱུན་སྡོད་མི་འབོར་ཁྲོད་མི་རིགས37ཡོད། ལོ་ཧྲིལ་བོར་མི་འབོར་སྐྱེ་ཚད་བརྒྱ་ཆ18.98དང་། ཤི་ཚད་བརྒྱ་ཆ14.02ཟིན། མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆ4.96ཡིན་པས་སྟོང་ཆ8.85ཆག་ཡོད།

5_2 མི་རིགས། 

ཨ་ཁེ་སུའུ་གྲོང་ཁྱེར་ནི་ཤིན་ཅང་ཡུ་གུར་རིགས་ཀྱི་འདུས་སྡོད་ཁུལ་གཙོ་བོའི་གྲས་ཤིག་ཡིན་པ་དང་མི་རིགས་མང་པོ་འདུས་སྡོད་ཁུལ་ཞིག་རེད། ཡུ་གུར་དང་། རྒྱ་རིགས། ཧུའེ་རིགས། ཧ་སག་རིགས་སོགས་མི་རིགས་30ལྷག་གིས་གྲུབ་ཡོད། རྒྱ་རིགས་ཀྱིས་སྤྱིའི་མི་འབོར་གྱི་ཕྱེད་ཀ་ཟིན་པ་དང་། ཡུ་གུར་རིགས་དང་ཧུའེ་རིགས་ཡིན་པས། གྲངས་ཉུང་མི་རིགས་གཞན་དག་གི་གྲངས་འབོར་ཧ་ཅང་ཉུང་།

6 སྤྱི་ཚོགས་ལས་དོན།
6_1 ཚན་རིག་ལག་རྩལ། 

སྤྱི་ལོ2017ལོར་ཚན་རྩལ་འཆར་གཞིའི་རྣམ་གྲངས18བཀོད་སྒྲིག་བྱས་པ་རེད། ལག་བསྟར་རྣམ་གྲངས་དེ་རིམ་པ་གཞིར་བཟུང་དབྱེ་རྒྱུ་སྟེ། རང་སྐྱོང་ལྗོངས་རིམ་པའི་རྣམ་གྲངས4དང་། ས་ཁུལ་རིམ་པའི་རྣམ་གྲངས4  གྲོང་ཁྱེར་རིམ་པའི་རྣམ་གྲངས10བཅས་རེད། ལོ་ཧྲིལ་བོར་ཚན་རྩལ་གྲོན་དངུལ་སྒོར་ཁྲི4154དོན་འཁྱོལ་བྱས་པ། དེའི་ནང་རང་སྐྱོང་ལྗོངས་རིམ་པའི་འགྲོ་གྲོན་སྒོར་ཁྲི88དང་། ས་ཁུལ་རིམ་པའི་འགྲོ་གྲོན་སྒོར་ཁྲི66.68གྲོང་ཁྱེར་རིམ་པས་མ་དངུལ་སྒོར་ཁྲི4000བཅས་བརྩོན་ལེན་བྱེད་གྲབས་བྱས། ལོ་མཇུག་ཏུ་ཚན་རྩལ་ཆེད་མངགས་པ97ཡོད་པ་རེད། ལོ་ཧྲིལ་པོར་ཁེ་བེད་བདག་ཐོབ་རེ་ཞུ་ཁག181བདག་སྤྲོད་བྱས་པའི་ནང་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་རེ་ཞུ་ཁག28བདག་སྤྲོད་བྱས་པ་དེས15.47%བཟུང་ཡོད།

6_2 འཕྲོད་བསྟེན།

སྤྱི་ལོ2017ལོའི་ལོ་མཇུག་བར་ཨ་ཁེ་སུའུ་གྲོང་ཁྱེར་དུ་སྨན་བཅོས་སྒྲིག་གཞི་སྣ་ཚོགས339(སྒེར་གཉེར་དང་ཁེར་ཚུགས་ཚུད་ཡོད)ཡོད་པའི་ནང་གྲོང་ཁྱེར་རིམ་པའི་སྨན་ཁང4དང་། ཡུལ་ཚོ་རིམ་པའི་འཕྲོད་བསྟེན་ཁང6  རིམས་ནད་ཚོད་འཛིན་ལྟེ་གནས(རིམས་འགོག་ས་ཚིགས)1  འཕྲོད་བསྟེན་ལྟ་སྐུལ་ཞིབ་བཤེར་སྒྲིག་གཞི(སུའོ)1  བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་སྨན་ཁང1  དུག་གཅོད་དྲག་སྐྱེད་སྨན་ཁང1  གྲོང་ཚོའི་འཕྲོད་བསྟེན་ཁང120  སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས6བཅས་ཡོད་པ་རེད། སྨན་པ518ཡོད་པའི་ནང་ལས་གཉེར་སྨན་པ363ཡོད་པ་དང་། གྲོང་གསེབ་ཀྱི་སྨན་པ་དང་འཕྲོད་བསྟེན་པ96ཡོད། ཐོ་འགོད་ནད་གཡོག489ཡོད། གྲོང་ཁྱེར་ཡོངས་སུ་ནད་ཁྲི1839ཡོད་པ་དེའི་ནང་གྲོང་ཁྱེར་རིམ་པའི་སྨན་ཁང་དུ་ཉལ་ཁྲི924ཡོད་པ་དང་ཤང་གྲོང་འཕྲོད་བསྟེན་ཁང་དུ་ཉལ་ཁྲི223ཡོད་པ་རེད། ཁྲིམས་གཏན་འཁེལ་བའི་སྙན་ཞུའི་ནང་འགོས་ནད་ཕོག་ཚད1294/ཁྲི10ཟིན་པ། ཤི་ཚད་ཁྲི3.21/10ཡིན་པ་དེའི་ནང་ཨེ་ཙིའི་ནད་ཀྱིས་ཤི་ཚད་ཁྲི3.21/ཁྲི10ཡིན།

7 དཔལ་འབྱོར།
7_1 ཐོན་ལས་དང་བོ།

སྤྱི་ལོ2017ལོར་ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི519127ཟིན་པ་དེ་ལོ་གོང་མ་ལས8.5%འཕར་བའི་ནང་འདེབས་འཛུགས་ལས་རིགས་ཀྱི་ཐོན་སྐྱེད་རིན་ཐང་སྒོར་ཁྲི378641ཟིན་ནས9.1%འཕར་བ་དང་། ནགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི4470ཟིན་ནས0.16%འཕར་བ། འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི118237ཟིན་ནས7.1%འཕར་བ། ཉ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི4645ཟིན་ནས3.8%འཕར་བ། ཞིང་ལས་ཞབས་ཞུའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི13133ཟིན་ནས5.92%ལ་འཕར་ཡོད།


དཔྱད་གཞིའི་ཡིག་ཆ།