ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་སྐབས་སུ། ཀུང་ཁྲང་ཅེ་ཏའོ་དེ་ལུང་ནན་ཏའོ་རུ་བསྒྱུར་བ་དང་། ཁོངས་གཏོགས་སུ་ཞི་ཧོ་སོགས་རྫོང་རྣམས་ཚུད་ཡོད། ཅུང་མ་འགོར་བར་ཝེ་ཀྲོའུ་ཏའོ་རུ་བསྒྱུར་ཏེ་སྲིད་སྐྱོང་གནས་ཐེན་ཧྲུའེ་རུ་གནས་པ་དང་།
ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བཅུ་དྲུག་པར(སྤྱི་ལོ1927ལོར)ཏའོ་མེད་པར་བཟོས་པ་དང་། ཞི་ཧོ་ནི་ཐེན་ཧྲུའེ་ས་ཁུལ་གྱི་ཁོངས་སུ་གཏོགས། བཅིངས་འགྲོལ་མ་བཏང་ཞི་ཧོ་དང་ལི་རྫོང་གི་ས་ཁུལ་ཁ་ཤས་སུ་སྔ་རྗེས་སུ་ཕན་ཚུན་བསྣོལ་ནས་བཅོས་སྐྱོང་བྱས་པ་རེད། བཅིངས་འགྲོལ་བཏང་རྗེས། ཞི་ཧོ་སྔོན་ལ་ཝུའུ་ཏུའུ་ཀྲོན་ཆུས་སུ་གཏོགས་པ་དང་། སྤྱི་ལོ1956ལོར་ཐེན་ཧྲུའེ་ཀྲོན་ཆུས་ཀྱི་ཁོངས་གཏོགས་སུ་བསྒྱུར།
སྤྱི་ལོ1958ལོའི་ཟླ9པར། ཞི་ཧོ་དང་ལི་རྫོང་ཟླ་སྒྲིལ་བཏང་ནས་ཞི་ལི་རྫོང་དུ་གྱུར། སྤྱི་ལོ1961ལོར་སྔོན་གྱི་ཞི་ཧོའི་ལམ་ལུགས་སླར་གསོ་བྱས།
སྤྱི་ལོ1985ལོར་ལུང་ནན་ས་ཁུལ་ཏེ་ད་ལྟའི་ལུང་ནན་གྲོང་ཁྱེར་དུ་བསྒྱུར། སྤྱི་ལོ2004ལོར་ཏ་ལིའུ་དང་ཀྲའོ་ཝུའུ། ཧོ་ཁོའུ། ཞི་ཅི་བཅས་ཞང4མེད་པར་བཟོས། ལེགས་སྒྲིག་བྱས་རྗེས་ཞི་ཧོ་རྫོང་ཁོངས་གཏོགས་སུ་གྲོང་རྡལ6དང་ཡུལ་ཚོ14ཡོད། སྤྱི་ལོ2008ལོའི་ལོ་མཇུག་ཏུ། ཞི་ཧོ་རྫོང་གི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1856.3ཡོད། གྲོང་གསེབ་ཀྱི་དུད་ཁྱིམ་ཁྲི7.64དང་མི་འབོར་ཁྲི37.24ཟིན་ཡོད། དེའི་ཁོངས་སུ་གྲོང་རྡལ6དང་ཡུལ་ཚོ14དང་སྲིད་འཛིན་གྲོང་ཚོ384དང་གྲོང་མིའི་ཚོགས་ཆུང1757ཡོད་པ་རེད།
སྤྱི་ལོ2014ལོར་ཧན་ཡོན་གྲོང་རྡལ་དང་། ཁྲང་ཏའོ་གྲོང་རྡལ། ཧོ་པ་གྲོང་རྡལ་བཅས་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་རྡལ་དུ་བཅུག་ཡོད། ལོ་དེར་མ་ཡོན་ཡུལ་ཚོ་དང་། ཏ་ཆའོ་ཡུལ་ཚོ། ཞི་ཡུས་ཡུལ་ཚོ་བཅས་མེད་པར་བཟོས་ཏེ། མ་ཡོན་གྲོང་རྡལ་དང་། ཏ་ཆའོ་གྲོང་རྡལ། ཞི་ཡུས་གྲོང་རྡལ་བཅས་བཙུགས།
སྤྱི་ལོ2016ལོའི་ཟླ9པར། ཧྲི་ལི་ཡུལ་ཚོ་དང་། ཧྲི་པའོ་ཡུལ་ཚོ། ཤིན་ལུང་ཡུལ་ཚོ་བཅས་མེད་པ་བཟོས་ནས་ཧྲི་ལི་གྲོང་རྡལ་དང་། ཧྲི་པའོ་གྲོང་རྡལ། ཤིན་ལུང་གྲོང་རྡལ་བཅས་བཙུགས་པ་རེད།
སྤྱི་ལོ2018ལོའི་ཟླ3པར་སུའུ་ཧོ་ཡུལ་ཚོ་དང་། ཡིའུ་ཡུས་ཡུལ་ཚོ། ལུའུ་ཧོ་ཡུལ་ཚོ། ཞི་ཀའོ་ཧྲན་ཡུལ་ཚོ་བཅས་མེད་པ་བཟོས་ནས་སུའུ་ཧོ་གྲོང་རྡལ་དང་། ཤིན་ཡུས་གྲོང་རྡལ། ལུའུ་ཧོ་གྲོང་རྡལ། ཞི་ཀའོ་ཧྲན་གྲོང་རྡལ་བཅས་བཙུགས་པ་རེད།
སྤྱི་ལོ2018ལོའི་ཟླ3པའི་བར། ཞི་ཧོ་རྫོང་ཁོངས་གཏོགས་སུ་གྲོང་རྡལ16དང་ཡུལ་ཚོ4ཡོད་པ་སྟེ།
གྲོང་རྡལ། ཧན་ཡོན་གྲོང་རྡལ། ཁྲང་ཏའོ་གྲོང་རྡལ། ཧོ་པ་གྲོང་རྡལ། ཅང་ཞི་གྲོང་རྡལ། ཧྲི་ཞ་གྲོང་རྡལ། ལུའོ་ཡུས་གྲོང་རྡལ། མ་ཡོན་གྲོང་རྡལ། ཟམ་ཆེན་གྲོང་རྡལ། ཞི་ཡུས་གྲོང་རྡལ། ཧྲི་ལི་གྲོང་རྡལ། ཧྲི་པའོ་གྲོང་རྡལ། ཞིན་ལུང་གྲོང་རྡལ། སུའུ་ཧོ་གྲོང་རྡལ། ཡིའུ་ཡུས་གྲོང་རྡལ། ལུའུ་ཧོ་གྲོང་རྡལ། ཞི་ཀའོ་ཧྲན་གྲོང་རྡལ་བཅས་ཡིན།
ཡུལ་ཚོ། ཧྲའེ་ཅིན་ཡུལ་ཚོ་དང་། ཀའོ་ལིན་ཡུལ་ཚོ། ཐའེ་ཧྲི་ཧོ་ཡུལ་ཚོ། ལིའུ་ཞང་ཡུལ་ཚོ་བཅས་སོ།།
ཞི་ཧོ་རྫོང་ནི་ཀན་སུའུ་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་། ལུང་ནན་གྲོང་ཁྱེར་གྱི་བྱང་རྒྱུད། ཞི་ཆིན་ལིན་གྱི་ལྷོ་ངོས། འབྲི་ཆུའི་འབབ་རྒྱུད་ཀྱི་ཧན་ནུབ་ཆུའི་སྟོད་རྒྱུད་དུ་ཆགས་ཡོད། ཤར་དུ་ཧུའེ་རྫོང་དང་ཁྲེང་རྫོང་དང་འབྲེལ་བ་དང་། ལྷོ་རུ་ཝུའུ་ཏུའུ་དང་ཁང་རྫོང་ལ་འབྲེལ། ནུབ་བྱང་དུ་ལི་རྫོང་དང་ས་མཚམས་འབྲེལ་ཡོད། བྱང་ཤར་དུ་ལི་རྫོང་དང་། ཐེན་ཧྲུའེ་ཆིན་ཀྲོའུ་ཆུས་དང་ས་མཚམས་འབྲེལ་ཡོད། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1861ཡོད།
ཞི་ཧོ་རྫོང་ནི་ཞི་ཆིན་ལིན་གྱི་ལྷོ་ངོས་ཀྱི་འབྲི་ཆུའི་འབབ་རྒྱུད་ཀྱི་ཅ་ལིན་ཅང་གཙང་པོའི་སྟོད་རྒྱུད་དུ་གནས་པ་དང་། ས་བབ་ནི་ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་གསེག་ཡོད། ནུབ་བྱང་གྲོག་རོང་ཡིན་པ་དང་ས་ངོས་འབར་འབུར་ཞིང་ཁོད་སྙོམས་པ་དང་། ས་རྒྱུ་གཤིན་པོ་ཡིན། ཤར་ལྷོ་ནི་ལིན་ནན་རི་བོའི་ནགས་ཁུལ་དུ་གཏོགས་པ་དང། རི་བོ་མཐོན་པོ་རིམ་པར་ཆགས་ཤིང་རི་བོ་གཡང་གཟར་ཡིན། མངའ་ཁོངས་ནང་གི་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1692ཟིན་ཡོད།
ནམ་ཟླ་བརླན་གཤེར་ཆེ་བ་དང་དུས་བཞི་གསལ་བ་སྟེ་དྲོད་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་གྱི་ནམ་ཟླའི་ཁོངས་སུ་གཏོགས། ལོ་རེའི་ཆ་སྙོམས་དྲོད་ཚད8.4℃ཡིན་པ་དང་། ཆ་སྙོམས་སད་མེད་དུས་ཉིན183ཡིན། ཆ་སྙོམས་ཉི་འོད་ཕོག་ཡུན་ནི་ཆུ་ཚོད1842ཡིན། ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི533ཡིན།
ཞི་ཧོ་རྫོང་གི་མངའ་ཁོངས་གཙོ་བོ་ནི་འབྲི་ཆུའི་འབབ་རྒྱུད་ཀྱི་ཅ་ལིན་གཙང་པོའི་རྒྱུད་ཀྱི་ཞི་ཧན་ཆུ་བོའི་སྟོད་རྒྱུད་ཀྱི་ས་ཁུལ་ཡིན་པ་དང་། ཆུ་བོ་ཆེ་ཆུང8ཡོད་ལ། ས་འོག་གི་ཆུའི་ཐོན་ཁུངས་ཧ་ལམ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར1ཡོད།
ཞི་ཧོ་རྫོང་ལ་ཞ་ཉེ་དང་ཏི་ཚ། ཐིགས། ཟངས། ལྕགས། དངུལ། རྡོ་ཀ་མ་རུའི་རྡོ། རྡོ་ཐལ་རྡོ། ཆུ་ཤེལ་རྡོ། མུ་ཟི་དང་སྣུམ་ལྡན་རྡོ་གཡམ་སོགས་ལྕགས་རིགས་གཏེར་རྫས་དང་ལྕགས་རིགས་མིན་པའི་གཏེར་རྫས་ཡོད་ཅིང་། སྤྱི་ལོ2008ལོའི་བར་དུ། ཞ་ཉེ་ཏི་ཚའི་གཏེར་ཁུངས་ནས་རྩད་ཆོད་པའི་གསོག་ཚད་ཏུན་ཁྲི3350ཡིན་པ་དང་། ལྕགས་རིགས་ཀྱི་འབོར་ཚད་ཏུན་ཁྲི264ཡིན། རྒྱལ་ཡོངས་ཀྱི་ཞ་ཉེ་ཏི་ཚའི་གཏེར་ཁ་ཆེ་ཤོས་གཉིས་པ་སྟེ་ཞི་ཁྲེང་ཞ་ཉེ་ཏི་ཚའི་གཏེར་ཁ་ནུབ་ཕྱོགས་སུ་སྣུར་སྲིང་བྱེད་པའི་གྲས་སུ་གཏོགས། ཐེ་གཏེར་དུ་གསོག་ཚད་ཏུན་ཁྲི520ཟིན་པ་དང་། ལྕགས་རིགས་ཏུན་ཁྲི15ཟིན་ཡོད། གསེར་གྱི་ཐོན་ཁུངས་རྫོང་ཡོངས་ལ་ཁྱབ་ཡོད།
སྤྱི་ལོ2000ལོར། མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པ་བྱས་པ་དང་། ཞི་ཧོ་རྫོང་གི་རྒྱུན་སྡོད་མི་གྲངས་བསྡོམས་འབོར་ཁྲི36.5662ཟིན། སྤྱི་ལོ2014ལོའི་ལོ་མཇུག་ཏུ། ཞི་ཧོ་རྫོང་ཡོངས་ཀྱི་མི་འབོར་ཁྲི42.84ཡོད་པ་དང་། སྐྱེས་ཚད13.08‰ཡིན་པ་དང་། ཤི་ཚད6.81‰ཡིན། མི་འབོར་རང་ཤུགས་སུ་འཕར་ཚད6.27‰བཅས་ཟིན་ཡོད། རྒྱུན་སྡོད་མི་འབོར་ཁྲི42.13ཡོད་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི9.9ཡོད་པ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད25.26%ཟིན་ཡོད།
ཞི་ཧོ་རྫོང་དུ་རྒྱ་རིགས་དང་། ཧུའེ་རིགས། ལི་རིགས། ཧོར་རིགས། པའེ་རིགས། མིའོ་རིགས། ཆའང་རིགས། མན་ཇུ་རིགས། ཁྲའོ་ཞན་རིགས། བོད་རིགས། ཡུ་གུར་རིགས། སོག་རིགས། ཨོ་ལུན་ཁྲུན་རིགས། ཨུ་རུ་སུ་རིགས། ཞི་པོ་རིགས། ཧ་ཉི་རིགས། ཏུང་རིགས། པུའུ་དབྱི་རིགས་སོགས་མི་རིགས་མང་པོ་ཡོད།
སྤྱི་ལོ2013ལོར། ཞི་ཧོ་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར27.27ཟིན་པ་དེ་སྤྱི་ལོ2012ལོ་ལས14.6%འཕར་བའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར6ལེགས་གྲུབ་ཟིན་པ་དེ་སྤྱི་ལོ2012ལོ་ལས6.5%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར6.19ལེགས་གྲུབ་ཟིན་ནས་སྤྱི་ལོ2012ལོ་ལས་22.4%འཕར་བ་དང་། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར12.47ལེགས་གྲུབ་ཟིན་པ་དེ་སྤྱི་ལོ2012ལོ་ལས15.2%འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར69.21ཟིན་པ་དེ་སྤྱི་ལོ2012ལོ་ལས40.4%འཕར་ཡོད། ཁྱབ་ཆེའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར3.25ཟིན་པ་དེ་སྤྱི་ལོ2012ལོ་ལས25.49%འཕར་བ་དང་། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར5.67ཟིན་པ་དེ་སྤྱི་ལོ2012ལོ་ལས19.4%འཕར། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ལག་ཐོག་ཡོང་འབབ་སྒོར15600ཡིན་པ་དང་། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེར་གཙང་སྒོར3998ཡིན་པས་སྤྱི་ལོ2012ལོ་ལས39.9%འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་བར་ཧེ་བག་ཆེ་ཙམ་ཡོད།
སྤྱི་ལོ2014ལོར། ཞི་ཧོ་རྫོང་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར27.54ཟིན་པ་དང་། ལོ་ཧྲིལ་པོར་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར66.28བཏང་བ་དང་། ལོ་ཧྲིལ་པོར་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར4.63བྱུང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དང་ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སོ་སོར་སྒོར16042.9དང་སྒོར3667.8 ཟིན་ཡོད།
སྤྱི་ལོ2014ལོའི་ལོ་མཇུག་ཏུ། སློབ་གྲྭའི་བསྡོམས་འབོར327དང་དགེ་རྒན་དང་ལས་བཟོ་བ4293ཡོད་པ་རེད། དེའི་ནང་ཆེད་བསྐོས་དགེ་རྒན4033ཡོད། སློབ་གྲྭར་ཡོད་པའི་སློབ་མ72207ཡོད་པའི་ནང་སློབ་ཆུང་དུ་སློབ་གྲྭར་ཡོད་པའི་སློབ་མ32257དང་། དམའ་རིམ་སློབ་འབྲིང་གི་སློབ་མ20227མཐོ་རིམ་སློབ་འབྲིང་གི་སློབ་མ7494འབྲིང་རིམ་ལས་རིགས་སློབ་གྲྭ2518བུ་བཅོལ་ཁང་གི་སློབ་མ5674བཅས་ཡོད་པ་རེད།
སྤྱི་ལོ2010ལོར། ཞི་ཧོ་རྫོང་གིས་ཚན་རྩལ་མ་དངུལ་སྒོར་ཁྲི68བཏང་ཡོད། དེའི་ནང་ཚན་རྩལ་རྣམ་གྲངས་གསུམ་ལ་འགྲོ་གྲོན་སྒོར་ཁྲི20བཏང་ནས་ཚན་རྩལ་རྣམ་གྲངས10གསར་དུ་གཉེར་བ་དང་། རྣམ་གྲངས10ལག་བསྟར་བྱས་པར་གྲུབ་འབྲས10ཐོབ་པ་དང་། ཚན་རྩལ་གསོ་སྦྱོང་འཛིན་གྲྭ་ཐེངས60གཉེར་བ་དང་མི་ཐེངས76000ལ་གསོ་སྦྱོང་བྱས་པ་རེད། ཁེ་བེད་བདག་ཐོབ་འདུན་ཞུ་བྱེད་ཚད6ཡོད་པ་དང་། ཁེ་དབང1སྤྲད་པ། ལག་རྩལ་གན་རྒྱའི་ཉོ་ཚོང་དངུལ་འབོར་སྒོར་ཁྲི250ཟིན་པ་བཅས་རེད།
སྤྱི་ལོ2010ལོའི་ལོ་མཇུག་ཏུ། ཞི་ཧོ་རྫོང་ལ་སྨན་ཁང2དང་། འཕྲོད་བསྟེན་ཁང23 མ་བུ་བདེ་སྲུང་ས་ཚིགས1 ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས1 འཕྲོད་བསྟེན་ལྟ་སྐུལ་ཁང1བཅས་ཡོད། སྨན་ཁང་དང་འཕྲོད་བསྟེན་ཁང་ལ་ནད་ཁྲི860ཡོད་པ་དང་། འཕྲོད་བསྟེན་ལག་རྩལ་མི་སྣ691དང་། ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ལ་ནད་ཁྲི449འཕྲོད་བསྟེན་ལག་རྩལ་མི་སྣ289བཅས་ཡོད། སྤྱི་ལོ2014ལོའི་ལོ་མཇུག་ཏུ། རྫོང་ཡོངས་སུ་གཞུང་བཙུགས་སྨན་བཅོས་འཕྲོད་བསྟེན་ལས་ཁུངས1ཡོད་པའི་ནང་རྫོང་རིམ་པ་ཡན་གྱི་ཕྱོགས་བསྡུས་སྨན་ཁང1དང་། ཀྲུང་ལུགས་སྨན་ཁང1ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས1 བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་སྨན་ཁང(ས་ཚིགས)1 འཕྲོད་བསྟེན་ལྟ་སྐུལ་ཁང1ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང20བཅས་ཡོད་པ་རེད། ནད་ཁྲི673ཡོད་པ་དང་འཕྲོད་བསྟེན་ལག་རྩལ་མི་སྣ886ཡོད་པའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ་དང་ལས་གཉེར་ལས་རོགས་སྨན་པ355ཡོད།