མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་དང་པོའི(སྤྱི་ལོ1912ལོ)ཟླ3པའི་ཚེས15ཉིན། ཁྲེང་རྫོང་བསྐྱར་དུ་ཚུགས་པ་དང་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་ཤིང་། ཐོག་མར་ཀུང་ཆིན་ཅེ་ཏའོ་ཡི་ཁོངས་སུ་གཏོགས་པ་ཡིན།
མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་གཉིས་པའི་(སྤྱི་ལོ1913ལོ)ཟླ་པར། ཆིང་གི་ཧྥུའུ་དང་། ཐིང་། ཀྲོའུ། ཡན་ལག་ཀྲོའུ་བཅས་ཚང་མ་རྫོང་གི་ལམ་ལུགས་སུ་བསྒྱུར་པར་མ་ཟད། རྫོང་གི་རྫོང་དཔོན་ཡང་བསྐོས་ཡོད། ཀུང་ཁྲང་ཧྥུའུ་མེད་པར་རྗེས། ཁྲེང་རྫོང་ནི་ལུང་ནན་ཏའོ་ཡི་ཁོངས་སུ་གཏོགས།
མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉི་ཤུ་རྩ་བཞི་པར(སྤྱི་ལོ1935)གོ་མིན་སྲིད་གཞུང་གིས་ཀན་སུའུ་ཞིང་ཆེན་དེ་སྲིད་འཛིན་ལྟ་ཞིབ་ཁུལ་བདུན་དུ་བགོས་པ་དང་། ཁྲེང་རྫོང་སྲིད་འཛིན་ལྟ་ཞིབ་ཁུལ་བཞི་པར(ཀུང་ཧྲུའུ་བཅའ་སྡོད་བྱ་ཡུལ་ཐེན་ཧྲུའེ་ཡིན)བགོས།
མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ31པར(སྤྱི་ལོ1942ལོར)ཀན་སུའུ་ཞིང་ཆེན་དེ་སྲིད་འཛིན་ལྟ་ཞིབ་ཁུལ་བརྒྱད་དུ་དབྱེ་ཡོད་པ་དང་ཁྲེང་རྫོང་སྲིད་འཛིན་ལྟ་ཞིབ་ཁུལ་བརྒྱད་པའི་ཁོངས་སུ་གཏོགས(སྤྱི་ཁྱབ་ཧྲུའུ་ཝུའུ་ཏུའུ་རུ་བཅའ་སྡོད་བྱས་ཡོད)ཡོད། རྫོང་ཡོངས་སུ་གྲོང་བརྡལ5དང་ཡུལ་ཚོ8བཙུགས་ཡོད།
མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་དྲུག་པའི(སྤྱི་ལོ1947ལོ)ཝང་ཁྲོན་གྲོང་རྡལ་དེ་ཧུའེ་རྫོང་ཁོངས་སུ་གཏོགས། ད་བར་དུ། རྫོང་ཡོངས་སུ་གྲོང་རྡལ4དང་ཡུལ་ཚོ8ཡོད།
སྤྱི་ལོ1949ལོའི་ཟླ12པའི་ཚེས2ཉིན། ཁྲེང་རྫོང་ཡོངས་བཅིངས་འགྲོལ་ཐོབ་ཅིང་། རྫོང་ཁོངས་ཝུའུ་ཏུའུ་ཀྲོན་ཡོན་ཡན་ལག་ཧྲུའུ་ཡི་ཁོངས་སུ་གཏོགས་པ་ཡིན། ཟླ12པའི་ཟླ་སྨད་དུ་རྫོང་ཡོངས་སུ་ཆུ་5དང་ཡུལ་ཚོ48གསར་དུ་བཙུགས་ཡོད།
སྤྱི་ལོ1955ལོའི་ཟླ་5པའི་ཚེས1ཉིན། ཞི་ཧོ་རྫོང་གི་ཀྲི་ཧྥང་ཡུལ་ཚོ་ཁྲེང་རྫོང་གི་ཁོངས་སུ་བགོས།
སྤྱི་ལོ1956ལོར། རྫོང་དེ་ཐེན་ཧྲུའེ་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་གཏོགས་སུ་བསྒྱུར།
སྤྱི་ལོ1958ལོའི་ཟླ3པའི་ཚེས25ཉིན། རྫོང་ཡོངས་སུ་གྲོང་རྡལ1དང་ཡུལ་ཚོ23ཡོད།
སྤྱི་ལོ1958ལོའི་ཟླ7པའི་ཚེས20ཉིན། ཁྲེང་རྫོང་དང་། ཧུའེ་རྫོང་། ལིའང་ཏང་རྫོང་བཅས་རྫོང་གསུམ་ཟླ་སྒྲིལ་བཏང་བ་དེ་ནི་ཧུའེ་ཁྲེང་རྫོང(རྫོང་མི་དམངས་ཨུ་ཡོན་ལྷན་ཁང་ནི་ཧུའེ་རྫོང་ཁྲེང་ཀོན་གྲོང་རྡལ་དུ་བཅའ་སྡོད་བྱས)ཡིན་པ་དང་། ཐེན་ཧྲུའེ་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།
སྤྱི་ལོ1961ལོའི་ཟླ12པའི་ཚེས30ཉིན།ཧུའེ་ཁྲེང་རྫོང་མེད་པར་བཟོས་ནས་ཁྲེང་རྫོང་དང་། ཧུའེ་རྫོང་། ལིའང་ཏང་རྫོང་གི་ལམ་ལུགས་སླར་གསོ་བྱས། ཁྲེང་རྫོང་དེ་ཝུའུ་ཏུའུ་ཀྲོན་ཡོན་ཀུང་ཧྲུའུ་རུ་གཏོགས་པ་དང་། རྫོང་མི་དམངས་ཨུ་ཡོན་ལྷན་ཁང་ནི་སྔར་བཞིན་རྫོང་གི་ཁྲེང་ཀོན་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད།
སྤྱི་ལོ1968ལོའི་ཟླ8པའི་ཚེས20ཉིན། ཁྲེང་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། རྫོང་ཡོངས་སུ་ཀུང་ཧྲེ22ཡོད།
སྤྱི་ལོ1985ལོའི་བར། རྫོང་ཡོངས་སུ་གྲོང་རྡལ2དང་། ཡུལ་ཚོ20 སྲིད་འཛིན་གྲོང་ཚོ243དང་གྲོང་མིའི་ཚོགས་ཆུང1472བཅས་བཙུགས་ཡོད། སྤྱི་ལོ1985ལོའི་ཟླ5པའི་ཚེས14ཉིན། ཝུའུ་ཏུའུ་ཀྲོན་ཆུས་ལ་ལུང་ནན་ས་ཁུལ་ཞེས་པར་བསྒྱུར་ཞིང་། ཁྲེང་རྫོང་ནི་ལུང་ནན་ས་ཁུལ་གྱི་ཁོངས་སུ་གཏོགས་པ་རེད།
སྤྱི་ལོ2004ལོའི་ཟླ12པར། ལུང་ནན་ས་ཁུལ་གྱིས་ས་ཁུལ་མེད་པར་བཟོས་ནས་གྲོང་ཁྱེར་དུ་བསྒྱུར་བ་དང་། ཐོག་མར་ལུང་ནན་གྲོང་ཁྱེར་བཙུགས་པ་དང་། ཁྲེང་རྫོང་ནི་ལུང་ནན་གྲོང་ཁྱེར་གྱི་མངའ་ཁོངས་སུ་གཏོགས།
སྤྱི་ལོ2016ལོའི་ཟླ5པའི་བར། རྫོང་ཁོངས་གཏོགས་སུ་གྲོང་རྡལ14དང་ཡུལ་ཚོ3ཡོད་པ་དང་། སྡོད་དམངས་ཨུ་ཡོན་ལྷན་ཁང15དང་གྲོང་མིའི་ཨུ་ཡོན་ལྷན་ཁང245བཅས་ཡོད། གྲོང་རྡལ14ཡོད་དེ། ཁྲེང་ཀོན་གྲོང་རྡལ། ཧའོ་ཧྲ་གྲོང་རྡལ། ཕའོ་ཧྲ་གྲོང་རྡལ། ཞའོ་ཁྲོན་གྲོང་རྡལ། ཧུང་ཁྲོན་གྲོང་རྡལ། ཧོང་ཀྲུའུ་གྲོང་རྡལ། ཏེན་ཚུན་གྲོང་རྡལ། ཝང་མོ་གྲོང་རྡལ། ཀྲི་ཧྥང་གྲོང་རྡལ། ཧྲ་པ་གྲོང་རྡལ། ཧོང་ཁྲེན་གྲོང་རྡལ། ཁྲེན་ཝན་གྲོང་རྡལ། ཅི་ཧྥུང་གྲོང་རྡལ། སུའོ་ཁྲི་གྲོང་རྡལ། སུའུ་ཡོན་གྲོང་རྡལ་བཅས་ཡིན། ཡུལ་ཚོ3ཡོད་དེ། ཨེར་ལང་ཡུལ་ཚོ་དང་སུང་ཕིང་ཡུལ་ཚོ། ཐན་ཧོ་ཡུལ་ཚོ་བཅས་ཡིན།
ཁྲེང་རྫོང་ནི་ཀན་སུའུ་ཞིང་ཆེན་ལྷོ་རྒྱུད་ཀྱི་ལུང་ནན་རི་ཁུལ་དུ་གནས་པ་དང་། བྱང་ཤར་ཧུའེ་རྫོང་དང་ས་མཚམས་འབྲེལ་ནས་ཡོད། ནུབ་ཏུ་ཞི་ཧོ་དང་ཁྱིམ་མཚེས་ཡིན། ལྷོ་རུ་ཞི་ཧན་ཆུ་བོས་བར་ཆོད་དེ་ཁང་རྫོང་དང་ཁ་སྤྲོད་དུ་གནས་ཡོད་པ་དང་། ཤར་ལྷོར་ཧྲའན་ཤིས་ཞིང་ཆེན་གྱི་ལུའེ་དབྱང་རྫོང་དང་ས་མཚམས་འབྲེལ་ཡོད། དེ་ནི་ཆིན་ལིང་རི་རྒྱུད་ཀྱི་ལྷོ་ངོས་རི་མ་ཐང་གི་ལུང་གཞུང་དུ་གནས་པ་དང་། ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ55ཙམ་ཡོད་པ་དང་། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ52ཙམ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1676.54ཡོད་པ་བཅས་རེད།
ཁྲེང་རྫོང་ནི་ཤིས་ཆིན་ལིང་དུ་གནས་པ་དང་། ས་བབ་ནུབ་བྱང་མཐོ་ཞིང་ཤར་ལྷོ་དམའ་བ། ས་བབ་མཐོ་ཚད་སྨི750ནས2377བར་ཡིན་ཞིང་། དྲོད་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་གྱི་གནམ་གཤིས་སུ་གཏོགས་པ་དང་། དུས་བཞི་གསལ་བ་དང་དྲོ་གྲང་འོས་འཚམ་ཡིན་ནོ།།
ཁྲེང་རྫོང་ནི་དྲོ་འཇམ་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་གྱི་གནམ་གཤིས་སུ་གཏོགས་ཤིང་། དུས་བཞི་གསལ་བ་དང་དྲོ་གྲང་འོས་འཚམ་ཡིན། ལོ་རེའི་ཆ་སྙོམས་དྲོད་ཚད་ནི12.1℃ཡིན་པ་དང་། སད་མེད་དུས་ཉིན186ཡིན། ལོ་རེའི་ཉི་འོད་ཕོག་ཚད་ཆུ་ཚོད1468.5ཟིན་པ་དང། ལོ་རེར་ཆ་སྙོམས་ཆར་པ་འབབ་ཚད་ཧའོ་སྨི581.6ཟིན། བལྟོས་བཅས་ཀྱི་དྲོད་ཚད75%ཡིན་པ་བཅས་རེད།
ཁྲེང་རྫོང་གི་ས་འོག་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་ཁྲི13724ཟིན་པའི་ནང་། ཏུང་ཧོ་རྒྱུག་ཁུལ་དུ་སྨི་རྒྱ་དཔངས་གྲུ་བཞི་ཁྲི6277དང་། ནན་ཧོ་རྒྱུག་ཁུལ་དུ་སྨི་རྒྱ་དཔངས་གྲུ་བཞི་ཁྲི3135 ཞི་ཧན་ཆུ་བོ་རྒྱུག་ཁུལ་དུ་སྨི་རྒྱ་དཔངས་གྲུ་བཞི་ཁྲི3291བཅས་ཡོད་པ་རེད། ས་འོག་གི་ཆུ་འདོན་ཚད་སྨི་གྲུ་བཞི་ལྷམ་པ་ཁྲི3567ཡིན་པ་དང་། དེའི་ནང་ཏུང་ཧོ་འབབ་རྒྱུད་དུ་སྨི་གྲུ་བཞི་ལྷམ་པ་ཁྲི1728དང་། ནན་ཧོའི་འབབ་རྒྱུད་དུ་སྨི་གྲུ་བཞི་ལྷམ་པ་ཁྲི815 ཞི་ཧན་ཆུ་བོའི་འབབ་རྒྱུད་དུ་སྨི་གྲུ་བཞི་ལྷམ་པ་ཁྲི489བཅས་ཡོད།
ཁྲེང་རྫོང་གི་མངའ་ཁོངས་སུ་གཏེར་རྫས་རིགས23ཡོད་པ་དང་། ལྕགས་རིགས་གཏེར་ཁ་གཙོ་བོར་ཞ་ཉེ་དང་། ཏི་ཚ། གསེར། དངུལ། ཟངས། ལྕགས་སོགས་ཡོད་པ་དང་། ལྕགས་རིགས་མིན་པའི་གཏེར་ཁ་གཙོ་བོར་རྡོ་ཀ་མ་རུ་དང་། འཛེང་རྡོ། ཧྲི་ཡིན་རྡོ། འཁྱགས་རོམ་རྡོ་སོགས་ཡོད། དེའི་ནང་ཞ་ཉེ་དང་ཏི་ཚ་ས་གཤིས་གསོག་ཚད་ལྕགས་རིགས་ཏུན་ཁྲི1100ཙམ་ཟིན་པ་དེ་ནི་རྒྱལ་ནང་གི་ཞ་ཉེ་དང་ཏི་ཚ་གཏེར་ཁ་ཆེ་གྲས་གཉིས་པ་དེ་ཡིན་པ་དང་། སྤུས་ཚད་མཐོ་བ་དང་། ཉར་ཚགས་ཟབ་པ། སྔོག་འདོན་བྱེད་བདེ་བ་བཅས་ཡིན་པས་དངུལ་ནི་ཅིན་ཁྲོན་རྗེས་ཀྱི་ཀན་སུའུ་ཡི་མདོག་ལྡན་ལྕགས་རིགས་བཟོ་ལས་ཐོན་སྐྱེད་རྟེན་གཞི་གསུམ་པ་དེར་གྱུར་ནས་ལོ་རེར་ཞ་ཉེ་དང་ཏི་ཚ་མ་བཅོས་གཏེར་ཁ་ཏུན་ཁྲི200ཐོན་སྐྱེད་དང་། ཏུན་ཁྲི10བཙོ་སྦྱང་། ཨ་རག་ཏུན་6000 ཨར་འདམ་ཏུན་ཁྲི320ཐོན་སྐྱེད་ཀྱི་གཞི་ཁྱོན་ཆགས་ཡོད། རྫོང་ཡོངས་ཀྱི་རྡོ་ཀ་མ་རུའི་གསོག་ཚད་ཏུན་དུང་ཕྱུར92ཟིན་ནས་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
སྤྱི་ལོ2018ལོའི་ལོ་མཇུག་ཏུ། རྫོང་ཡོངས་ཀྱི་མི་འབོར་བསྡོམས་འབོར་ཁྲི26.98ཟིན་པ་དང་། སྐྱེས་ཚད12.04‰དང་། ཤི་ཚད7.89‰ མི་འབོར་རང་ཤུགས་སུ་འཕར་ཚད4.15‰བཅས་ཟིན་ཡོད། རྒྱུན་སྡོད་མི་འབོར་ཁྲི24.68ཡོད་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི12.02ཟིན་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད48.7%ཟིན་ཡོད།
སྤྱི་ལོ2017ལོའི་ལོ་མཇུག་ཏུ། རྫོང་ཡོངས་ཀྱི་མི་འབོར་ཁྲི27.09ཟིན་པ་དང་། སྐྱེས་ཚད14.55‰ཟིན་པ་དང། ཤི་ཚད7.58%ཟིན། མི་འབོར་རང་ཤུགས་སུ་འཕར་ཚད6.97‰ཟིན་པ་བཅས་རེད། རྒྱུན་སྡོད་མི་འབོར་ཁྲི24.59ཡོད་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི11.81ཟིན་པ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད་48.03%ཡིན་པ་རེད།
སྤྱི་ལོ2016ལོའི་ལོ་མཇུག་ཏུ། རྫོང་ཡོངས་ཀྱི་མི་འབོར་ཁྲི27.11ཟིན་པ་དང་། སྐྱེས་ཚད12.76‰ཟིན། ཤི་ཚད6.13‰ཟིན། མི་འབོར་རང་ཤུགས་སུ་འཕར་ཚད6.65‰ཟིན་པ་བཅས་རེད། རྒྱུན་སྡོད་མི་འབོར་ཁྲི24.41ཡོད་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི11.58ཡོད་པ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད47.44%ཟིན་ཡོད།
སྤྱི་ལོ2015ལོའི་ལོ་མཇུག་ཏུ། ཁྲེང་རྫོང་ཡོངས་ཀྱི་མི་འབོར་ཁྲི27.03ཟིན་པ་དང་། སྐྱེས་ཚད12.55‰ཟིན་པ་དང། ཤི་ཚད6.47‰ཟིན། མི་འབོར་རང་ཤུགས་སུ་འཕར་ཚད6.08‰ཟིན་པ་བཅས་རེད། རྒྱུན་སྡོད་མི་འབོར་ཁྲི24.35ཡོད་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི10.16ཡོད་པ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད41.72%ཟིན་ཡོད།
ཁྲེང་རྫོང་ཁོངས་སུ་རྒྱ་རིགས་དང་། ཧུའེ་རིགས། མན་ཇུ་རིགས། སོག་རིགས། བོད་རིགས་སོགས་མི་རིགས13ཡོད།
སྤྱི་ལོ2018ལོར། ཁྲེང་རྫོང་གི་རྫོང་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི563501ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན3.2%འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི62823ཟིན་པ་དེ་ལོ་སྔོན་མ་ལས3.1%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི192994ཟིན་པ་དེ་ལོ་སྔོན་མ་ལས4.3%འཕར་བ་རེད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི307684ཟིན་པ་དེ་ལོ་སྔོན་མ་ལས2.5%འཕར་ཡོད། ལོ་ཧྲིལ་པོར་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་ཁྲི211151བཏང་ནས་ལོ་སྔོན་མ་ལས47.45%ཆག་ཡོད། ལོ་ཧྲིལ་པོར་ནོར་སྲིད་ཡོང་འབབ་སྒོར་ཁྲི121748ཟིན་པ་དེ་ལོ་སྔོན་མ་ལས8%ཆག་ཡོད། སྤྱིར་བཏང་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་ཁྲི48269ཟིན་པ་དེ་ལོ་སྔོན་མ་ལས1.8%འཕར་ཡོད། ནོར་སྲིད་འགྲོ་སྒོ་སྒོར་ཁྲི221852ཟིན་ནས་སྔ་ལོ་ལས་3.2%འཕར་ཡོད།