ཏ་པན་ཁྲེང་ཆུས།སྔ་མའི་པར་གཞི་དེ བསོད་ནམས་དབང་འགྲུབ།  ནས 2020-04-27 10:28ལ་འགྲུབ།

ཏ་པན་ཁྲེང་ཆུས།

ཏ་པན་ཁྲེང་ཆུས།
ཏ་པན་ཁྲེང་ཆུས་ནི་ཞིན་ཅང་ཡུ་གུར་རང་སྐྱོང་ཆུས་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་ཁོངས་སུ་གཏོགས་པ་དང་། ཐེན་ཧྲན་གྱི་བྱང་འདབས་སུ་གནས་པའི་ཇུན་གར་གཤོངས་སའི་ལྷོ་མཚམས་དང་ཝུའུ་ལུའུ་མུའུ་ཆིའི་ལྷོ་འདབས་སུ་ཡོད་ཅིང་། ནུབ་ཏུ་ཏ་ཝན་ཡུལ་ཚོ་དང་ཐུའོ་ལི་ཡུལ་ཚོ་དང་འབྲེལ་ཡོད། ཤར་ལྷོར་ཐུའུ་ལུའུ་ཧྥན་གྲོང་ཁྱེར་དང་ཐུའོ་ཁེ་ཤུན་རྫོང་དང་འབྲེལ་ཡོད། བྱང་དུ་ལུའུ་ཚའོ་ཀོའུ་ཡུལ་ཚོ་དང་ཕུའུ་ཁང་གྲོང་ཁྱེར། ཅི་མུའུ་སར་རྫོང་བཅས་དང་འབྲེལ་ཡོད། ལྷོ་ངོས་ནི་ཐེན་ཧྲན་རི་རྒྱུད་ཀྱི་དབུས་རྒྱུད་ཐེན་ཀེའར་རི་བོ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
达坂城区
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ5881.8(སྤྱི་ལོ2007ལོ)
ཕྱི་ཡིག་གི་མིང་།
dabanchengqu
མི་གྲངས།
42158(སྤྱི་ལོ2008ལོ)
སྲིད་འཛིན་ས་ཁོངས་རིགས་དབྱེ།
གྲོང་ཁྱེར་ཐད་གཏོགས་ཆུས།
ནམ་ཟླ།
ཚ་ཁུལ་འབྲིང་བའི་སྐམ་ས་རང་བཞིན་གྱི་སྐམ་ཐན་ནམ་ཟླ།
ཁོངས་གཏོགས་ས་གནས།
ཞིན་ཅང་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར།
རླངས་འཁོར་ཚབ་ཨང་།
新A
སྦྲག་ཨང་།
830039
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
650107
1 ངོ་སྤྲོད།

སྤྱི་ལོ2010ལོའི་བར་ཏ་པན་ཁྲེང་ཆུས་ཀྱི་མི་འབོར་བསྡོམས་འབོར་ཁྲི6.3ཟིན་པ་དེ་རྒྱ་རིགས་དང་། ཧུའེ་རིགས། ཧ་སག་རིགས། ཡུ་གུར་རིགས་བཅས་ཀྱིས་གཙོ་བོ་བྱེད་པ་དང་གྲངས་ཉུང་མི་རིགས་ཀྱིས་མི་འབོར་བསྡོམས་འབོར་གྱི42.8%བཟུང་ཡོད། སྤྱི་ལོ2010ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར16.83ཟིན་པ་དེ་དུས་མཚུངས་ལས12.1%འཕར་བ། ས་གནས་ནོར་སྲིད་ཀྱི་ཡོང་འབབ་སྒོར་དུང་ཕྱུར3.47ཟིན་པ་དེ་དུས་མཚུངས་ལས63%འཕར་བ། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར5.67བཏང་ནས་སྤྱི་ལོ2009ལོ་ལས17.2%ལ་འཕར་ཡོད།

2 ལོ་རྒྱུས་ཀྱི་འཕེལ་རིམ།
2_1 ཐང་གི་སྐབས།

ཐང་ཀྲེན་ཀོན་ཁྲི་ལོ་བཅུ་བཞི་བར(སྤྱི་ལོ640ལོར)ཞི་ཀྲོའུ་ནི་ཀའོ་ཁྲང་ནས་བཙུགས་པ་དང་། ཏ་པན་གྲོང་ཁྱེར་ནི་ཀའོ་ཁྲང་གི་མངའ་འོག་ཏུ་གཏོགས།     ཝུའུ་ཙེ་ཐེན་གྱི་ཁྲང་ཨན་ཁྲི་ལོ་གཉིས་པ(སྤྱི་ལོ702ལོ)པོ་ཀེ་ཏ་རི་བོའི་བྱང་ངོས་ཀྱི་མོ་ཧོ་གྲོང་དུ་པེ་ཐིང་ཏུའུ་ཧུའུ་སྲིད་གཞུང་བཙུགས།

2_2 ཆིང་གི་སྐབས།     

ཆིང་རྒྱལ་རབས་ཀྱི་ཆན་ལུང་ཁྲི་ལོ་ཉེར་བདུན(སྤྱི་ལོ1762ལོར་)ཆིང་སྲིད་གཞུང་གིས་གྲོང་གསར་བསྐྲུན་པ་དང་དམག་དཔུང་བཅའ་སྡོད་བྱས་ཤིང་། ཅ་ཏེ་ཁྲེང་ཞེས་མིང་བཏགས་པ་དང་། སྔ་རྗེས་སུ་ཏི་ཧྭ་ཀྲི་ལི་ཀྲོའུ་དང་ཏི་ཧྭ་རྫོང་གི་མངའ་འོག་ཏུ་བཞག

2_3 མི་སེར་རྒྱལ་ཁབ་ཀྱི་དུས།     

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་གསུམ་པ(སྤྱི་ལོ1934ལོ)ཏི་ཧྭ་རྫོང་དུ་ཞིང་དཔོན་གྲོང་གསེབ་ཀྱི་ཆིངས་ཡིག་ལམ་ལུགས་མེད་པར་བཟོས་པ་དང་། ཏ་པན་གྲོང་ཁྱེར་དུ་གྲོང་བརྡལ་བཙུགས།

2_4 ཀྲུང་གོ་གསར་བ།     

ཀྲུང་གོ་གསར་བ་དབུ་བརྙེས་རྗེས། སྤྱི་ལོ1950ལོའི་ཟླ3པར། ཏ་པན་གྲོང་ཁྱེར་ཏེ་ཧྭ་རྫོང་གི་ཆུས་བདུན་པར་བསྒྱུར། སྤྱི་ལོ1995ལོར་གྲོང་རྡལ་གྱི་སྒྲིག་གཞི་སླར་གསོ་བྱས།     སྤྱི་ལོ1999ལོའི་ཟླ8པའི་ཚེས10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་གྱི་ནན་ཧྲན་གཏེར་ཁུལ་དེ་ནན་ཆོན་ཁུལ་དུ་བསྒྱུར་བར་ཆོག་མཆན་བཀོད། སྤྱི་ལོ2002ལོའི་ཟླ3པའི་ཚེས9ཉིན། ནན་ཆོན་ཆུས་དེ་ཝུའུ་ལུའུ་མུའུ་ཆིའི་གྲོང་ཁྱེར་ཏ་པན་གྲོང་ཁུལ་དུ་མིང་བསྒྱུར། ཆུས་མི་དམངས་སྲིད་གཞུང་བཅའ་སྡོད་བྱ་ཡུལ་དེ་ཡུས་ཨེར་ཀོའུ་ནས་ཏ་པན་ཁྲེང་གྲོང་རྡལ་དུ་སྤོས། སྤྱི་ལོ2002ལོའི་ཟླ4ཚེས18ཉིན་ཏ་པན་གྲོང་ཁུལ་དངོས་སུ་བཙུགས། སྤྱི་ལོ2008ལོའི་ཟླ10བར《ཝུའུ་ལུའུ་མུའུ་ཆིའི་གྲོང་ཁྱེར་ཏ་པན་གྲོང་ཁུལ་དང་ཐུའུ་ལུའུ་ཧྥན་ས་ཁུལ་གྱི་ཐུའོ་ཁེ་ཤུན་རྫོང་གི་སྲིད་འཛིན་ས་ཁོངས་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་ཞིན་ཅང་ཡུ་གུར་རང་སྐྱོང་ཆུས་སྲིད་གཞུང་གི་བརྡ་ཐོ》(ཞིན་ཀྲེང[2008]ཡིག་ཨང72པ)གིས་ཝུའུ་ལུའུ་མུའུ་ཆིའི་ཏ་པན་གྲོང་ཁུལ་གྱི་ཡུས་འར་ཀོའུ་ཁྲོམ་གཞུང་དང་ཞིང་ཧོ་ཁྲོམ་གཞུང་ལ་སྤྱི་ལེ་གྲུ་བཞི་མ428.4ཐུའུ་ལུའུ་ཧྥན་ས་ཁུལ་གྱི་ཐུའོ་ཁེ་ཤུན་རྫོང་གིས་དོ་དམ་བྱ་རྒྱུའི་མོས་མཐུན་བྱས་པ་དང་ཨའེ་ཝེར་ལུང་ཤུར་ཁྲོམ་གཞུང་ལ་སྤྱི་ལེ་གྲུ་བཞི་མ260.6སྔར་བཞིན་ཏ་པན་གྲོང་ཁུལ་གྱིས་དོ་དམ་བྱ་གྲབས་བྱས། (མཆན། ཐུའོ་ཁེ་ཤུན་རྫོང་གིས་རྩིས་ལེན་བདག་སྤྲོད་བྱས་རྗེས་སྤྱི་ལོ2009ལོའི་ལོ་འགོར་ཧྲི་ཧྥང་གྲོང་རྡལ(གྲ་སྒྲིག)བཙུགས། སྤྱི་ལོ2010ལོའི་ཟླ5བར་ཧྲི་ཧྥང་གྲོང་རྡལ(གྲ་སྒྲིག)དུ་མིང་བསྒྱུར་ཏེ་ཨ་ལེ་ཧུའེ་གྲོང་རྡལ་བཙུགས་པ་དང་འབྲེལ་སྒོ་བྱང་བཀལ་ནས་བཙུགས་པ་དང་གཤམ་དུ་ཡུས་འར་ཀོའུ་དང་། ནན་ཆོན། ཨ་ལ་ཀོའུ་བཅས་སྡེ་ཁུལ3བཙུགས་ཡོད། སྤྱི་ལོ2009ལོའི་ཟླ6ཚེས30ཉིན་ཝུའུ་ལུའུ་མུའུ་ཆིའི་གྲོང་ཁྱེར་ཏ་པན་གྲོང་ཁུལ་དང་ཐུའོ་ཁེ་ཤུན་རྫོང་གི་སྲིད་འཛིན་ས་ཁོངས་ཀྱི་དབྱེ་མཚམས་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་གྲོས་མཐུན་དེ་ཝུའུ་ལུའུ་མུའུ་ཆིའི་གྲོང་ཁྱེར་དུ་བཞག་པ་རེད། གྲོས་མཐུན་གཞིར་བཟུང་། ཝུའུ་ལུའུ་མུའུ་ཆིའི་གྲོང་ཁྱེར་ཏ་པན་གྲོང་ཁུལ་གྱི་དེ་སྔའི་ནན་ཧྲན་གཏེར་ཁུལ་ཨའེ་ཝུའར་ལུང་ཤུར་གྱི་སྤྱི་ལེ་ངོས་གྲུ689ཡི་ས་ཁོངས་ནང་གི་སྤྱི་ལེ་གྲུ་བཞི་མ428.4ཐུའུ་ལུའུ་ཧྥན་ས་ཁུལ་ཐོ་ཁེ་ཤུན་རྫོང་གིས་དོ་དམ་བྱ་རྒྱུ་དང་། ཤིན་ཅང་རྡོ་སོལ་སྲེག་སྒྱུར་ཚོགས་པའི་རྡོ་སོལ་གཏེར་ཁུལ་4དང་དེ་བཞིན་དེའི་ནུབ་རྒྱུད་དང་ལྷོ་རྒྱུད་ཀྱི་ས་ཁུལ་ཁག་གཅིག་གི་སྤྱི་ལེ་གྲུ་བཞི་མ260.6ཏ་པན་གྲོང་ཁུལ་གྱིས་དོ་དམ་བྱ་གྲབས་བྱས། སྤྱི་ལོ2009ལོའི་ཟླ7པར་དེ་སྔའི་ཡུས་ཨར་ལུང་ཤུར་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡི་རེན་མ་ཝུའུ་ལ་པོ་ཁྲོམ་གཞུང་ཁོངས་གཏོགས་ཡན་ཧུའུ་ཆུས་ལ་གནས་སྤོ་བྱས་པ་དང་འབྲེལ་ཡན་ཧུའུ་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཞེས་མིང་བསྒྱུར་ནས་ཟླ12པར་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་རེད།

3 སྲིད་འཛིན་བགོས་ཁོངས།

སྤྱི་ལོ2011ལོར་ཏ་པན་ཁྲེང་ཆུས་ཀྱི་ཁོངས་གཏོགས་སུ་དོ་དམ་ཨུ་ལྷན1དང་། ཁྲོམ་གཞུང3  གྲོང་རྡལ1  ཡུལ་ཚོ3བཅས་ཡོད་པ་སྟེ། ཁྲའེ་ཝོ་པའོ་དོ་དམ་ཨུ་ལྷན་དང་། ཨའེ་ཝུའར་ལུང་ཤུར་ཁྲོམ་གཞུང་། ཚྭ་མཚེའུ་ཁྲོམ་གཞུང་། ཝུའུ་ལ་པའོ་ཁྲོམ་གཞུང་། ཏ་པན་ཁྲེང་གྲོང་རྡལ། ཏུང་ཀོའུ་ཡུལ་ཚོ། ཤིས་ཀོའུ་ཡུལ་ཚོ། ཨ་ཁེ་སུའུ་ཡུལ་ཚོ་བཅས་རེད། ཆུས་ཨུད་དང་ཆུས་མི་དམངས་སྲིད་གཞུང་གྲོང་རྡལ་དུབ་བཅའ་སྡོད་བྱས། ཨའེ་ཝུའེ་འར་ལུང་ཤུར་ཁྲོམ་གཞུང་གི་ཚབ་རྟགས650107001ཁོངས་སུ་སྡེ་ཁུལ2ཡོད་པ་སྟེ། ཆི་ཡུའེ་ཡེ་ཧོ་སྡེ་ཁུལ་དང་བཟོ་བའི་གྲོང་གསར་སྡེ་ཁུལ་གཉིས་ཡིན། ཝུའུ་ལ་པའོ་ཁྲོམ་གཞུང་གི་ཚབ་རྟགས་ནི་སྡེ་ཁུལ650107004ཡོད་པ་སྟེ། སེམས་མཐུན་ལམ་ཤར་སྡེ་ཁུལ་དང་། སེམས་མཐུན་ལམ་ནུབ་སྡེ་ཁུལ། ཕན་བདེ་ལམ་སྡེ་ཁུལ་བཅས་ཡིན། ཏ་པན་ཁྲེང་གྲོང་རྡལ་གྱི་ཚབ་ཨང་ནི་སྲིད་འཛིན་གྲོང་ཚོ3ཡོད་པ་སྟེ། ཧུང་ཧྲན་ཙུའེ་ཙི་གྲོང་ཚོ་དང་། ཏ་པན་གྲོང་ཚོ། བརྒྱད་ཚང་གྲོང་ཚོ་བཅས་ཡིན། ཚྭ་མཚེའུ་ཁྲོམ་གཞུང་ཁོངས་གཏོགས་ཀྱི་སྡེ་ཁུལ2ཡོད་པ་སྟེ། ཚྭ་མཚོའི་སྡེ་ཁུལ་དང་ཁྲའེ་ཝོ་པའོ་སྡེ་ཁུལ་ཡིན། ཏུང་ཀོའུ་ཤང་གི་ཚབ་རྟགས་ནི650107200ཡིན་ལ་དེའི་ཁོངས་སུ་སྲིད་འཛིན་གྲོང་ཚོ7ཡོད་པ་སྟེ། འདམ་རྩྭ་གྲོང་ཚོ་དང་། ལན་ཀྲོའུ་དབན་གྲོང་ཚོ། ཝང་ཅ་ཀྲོང་ཙི་གྲོང་ཚོ། ཧྥང་ཅ་ཀོའུ་གྲོང་ཚོ། ཡུའེ་ཡ་དབན་གྲོང་ཚོ། ཏུང་ཧུའུ་གྲོང་ཚོ། ཀའོ་ཡ་ཙི་གྲོང་ཚོ་བཅས་རེད། ཞིས་ཀོའུ་ཡུལ་ཚོའི་ཚབ་ཨང་ནི་སྲིད་འཛིན་གྲོང་ཚོ5ཡོད་པ་སྟེ། ཧྲུའེ་མོ་གྲོང་ཚོ་དང་། ལེ་ཅ་ཀོའུ་གྲོང་ཚོ། ཆོན་ཆོན་ཧུའུ་གྲོང་ཚོ། ཁྲེན་མ་ཙི་གྲོང་ཚོ། ཧྲ་ལེང་ཙི་གྲོང་ཚོ་བཅས་རེད། ཨ་ཁེ་སུའུ་ཡུལ་ཚོའི་ཚབ་རྟགས་ནི650107202དང་དེའི་ཁོངས་སུ་སྲིད་འཛིན་གྲོང་ཚོ4དང་འབྲོག་ལས་རུ་ཁག2ཡོད་པ་སྟེ། ཨ་ཁེ་སུའུ་གྲོང་ཚོ་དང་། ཧོང་ཆུས་ཆོན་གྲོང་ཚོ། ཧེ་ཀོའུ་གྲོང་ཚོ། ཏ་ཧོ་ཡན་གྲོང་ཚོ་བཅས་དང་། འབྲོག་ལས་རུ་ཁག་དང་པོ། འབྲོག་ལས་རུ་ཁག་གཉིས་པ་བཅས་ཡོད་པ་རེད།

4 ས་ཁམས་ཁོར་ཡུག
4_1 གནས་ཁོངས། 

ཏ་པན་ཁྲེང་ཆུས་ནི་ཐེན་ཧྲན་བྱང་ངོས་སུ་གནས་པ་དང་ཇུན་གར་གཤོངས་སའི་ལྷོ་མཚམས་སུ་གནས་པ་དང་། ཝུའུ་ལུའུ་མུའུ་ཆིའི་ལྷོ་འདབས་སུ་ཡོད་ཅིང་། ནུབ་ཏུ་ཏ་ཝན་ཤང་དང་ཐུའོ་ལི་ཤང་དང་འབྲེལ་ཡོད། ཤར་ལྷོར་ཐུའུ་ལུའུ་ཧྥན་གྲོང་ཁྱེར་དང་ཐུའོ་ཁེ་ཤུན་རྫོང་དང་འབྲེལ་ཡོད། བྱང་དུ་ལུའུ་ཚའོ་ཀོའུ་ཤང་དང་ཕུའུ་ཁང་གྲོང་ཁྱེར། ཅི་མུའུ་སར་རྫོང་བཅས་དང་འབྲེལ་ཡོད། ལྷོ་ངོས་ནི་ཐེན་ཧྲན་རི་རྒྱུད་ཀྱི་དབུས་རྒྱུད་ཐེན་ཀེའར་རི་བོ་ཡིན། ཏ་པན་གྲོང་ཁུལ་གྱི་མངའ་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ5881.8ཟིན་པ་དེ་ཝུའུ་ལུའུ་མུའུ་ཆིའི་གྲོང་ཁྱེར་གྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་རྫོང་རིམ་པའི་ཁུལ་ཞིག་རེད།

ཏ་པན་ཁྲེང་ཆུས་ཀྱི་ས་བབ་བྱང་མཐོ་ལ་ལྷོ་ངོས་དམའ་བ་དང་། ཕྱོགས་གསུམ་རི་བོས་བསྐོར་བ། ནུབ་ངོས་རྒྱ་ཆེ་ལ་བཀག་སྡོམ་ཕྱེད་ཙམ་གྱི་རྣམ་པ་མངོན་གྱི་ཡོད། དེ་ནི་ཤིན་ཅང་ལྷོ་རྒྱུད་དང་བྱང་རྒྱུད་ཀྱི་ས་ཁམས་དང་གནམ་གཤིས་ཀྱི་དབྱེ་མཚམས་རེད། ཨ་ཁེ་སུའུ་ལུང་གཞུང་དང་། བྲག་རིའི་ལུང་གཞུང་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་རྣམ་པ་ཡོད། ས་བབ་རྙོག་འཛིང་ཆེ་བ་དང་། འཁྱགས་རི་དང་། གྲོག་རོང་། རི་མ་ཐང་། ཆུ་ལོག་རླུང་གཡབ་བཅས་ཚང་མ་འཛོམས་ཡོད། 

4_2 ནམ་ཟླ།     

ཏ་པན་ཁྲེང་ཆུས་ནི་དྲོད་ཁུལ་དབུས་མའི་སྐམ་སའི་རང་བཞིན་གྱི་གནམ་གཤིས་ཁུལ་དུ་གནས་པ་དང་གནམ་གཤིས་ཅུང་བསིལ་བས་ལོ་ཧྲིལ་པོའི་ཆ་སྙོམས་དྲོད་ཚད་ཏུའུ7ཡིན་པ་རེད། དབྱར་དགུན་གྱི་ཚ་གྲང་གི་ཁྱད་པར་ཆེ་ལ། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བས། སྐམ་ཞིང་ཆར་ཆུ་ཉུང་བ་ནི་གནམ་གཤིས་ཀྱི་ཁྱད་ཆོས་གཙོ་བོ་ཡིན། ཏ་པན་ཁྲེང་ཆུས་ཀྱི་ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ6ཡིན་པ་དང་ཚ་བ་ཆེ་ཤོས་ཀྱི་ཟླ་བ་བདུན་པའི་ཆ་སྙོམས་དྲོད་ཚད་མཐོ་ཤོས27.8℃ཡིན་པ་དང་ཐལ་དྲགས་པའི་དྲོད་ཚད་མཐོ་ཤོས37.5℃ཟིན་གྱི་ཡོད། གྲང་ཤོས་ཀྱི་ཟླ་བ་དང་པོའི་ཆ་སྙོམས་དྲོད་ཚད་དམའ་ཤོས-14.6℃ཡིན་པ་དང་ཐལ་དྲགས་པའི་དྲོད་ཚད་དམའ་ཤོས-30.9℃ཡིན། དྲོད་ཚད་དམའ་ཤོས་ཧྲེ་ཧྲི་ཏུའུ0ལས་དམའ་བའི་ཉིན་མོ་ནི་ལོ་གཅིག་ནང་ཉིན175ཙམ་ཡིན་པ་དང་། -10℃ལས་དམའ་བའི་ཉིན་ནི་ལོ་གཅིག་ལ་ཉིན85ཙམ་ཡིན། -20℃ལས་དམའ་བའི་ཉིན་ནི་ལོ་གཅིག་གི་ནང་ཉིན10ཙམ་ཡིན།

5 མི་གྲངས་དང་མི་རིགས།
5_1 མི་གྲངས།

སྤྱི་ལོ2008ལོའི་ཟླ3ཚེས31ཉིན་བར་ཏ་པན་ཁྲེང་ཆུས་ཀྱི་མི་འབོར་བསྡོམས42158ཡོད་པའི་ནང་གྲོང་གསེབ་ཀྱི་མི་འབོར23748ཡོད་པ་དེས་ཏ་པན་གྲོང་ཁུལ་གྱི་མི་འབོར་བསྡོམས་འབོར་གྱི56.33%བཟུང་བ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར18410ཡོད་པ་དེས་ཏ་པན་གྲོང་ཁུལ་གྱི་མི་འབོར་བསྡོམས་འབོར་གྱི43.7%བཟུང་བ་དང་། ཏ་པན་གྲོང་ཁུལ་གྱི་ཕྱོགས་མི4008དང་རྒྱུན་སྡོད་མི་འབོར་38150ཡོད་པ་རེད། བཙའ་ལོ་རན་པའི་བུད་མེད11553ཡོད་པ་དང་། གཉེན་སྒྲིག་བྱས་ཟིན་པའི་བུད་མེད9163ཡོད་པ། མི་འབོར་རང་བཞིན་གྱིས་འཕར་ཚད3.25%ཡིན། 

5_2 མི་རིགས།   

ཏ་པན་ཁྲེང་ཆུས་སུ་རྒྱ་རིགས་དང་། ཧུའེ་རིགས། ཧ་སག་རིགས། ཡུ་གུར་རིགས་བཅས་གཙོ་བོ་ཡིན་པ་དང་། གྲངས་ཉུང་མི་རིགས་ཀྱིས་སྤྱིའི་མི་འབོར་གྱི42.8%བཟུང་ཡོད། སྤྱི་ལོ2008ལོའི་ལོ་སྟོད་དུ་ཏ་པན་ཁྲེང་ཆུས་སུ་ཁྱོན་མི201སྐྱེས་པ་དང་དེའི་ནང་རྒྱ་རིགས་ཀྱི་མི42སྐྱེས་པ་དེས་སྐྱེས་པའི་མི་འབོར་གྱི20.9%བཟུང་བ་དང་གྲངས་ཉུང་མི་རིགས་ཀྱི་མི159སྐྱེས་པ་དེས་སྐྱེས་པའི་མི་འབོར་གྱི79.1%བཟུང་ཡོད།

6 ཆབ་སྲིད་ཀྱི་སྒྲིག་གཞི།
6_1 ཆུས་ཨུ།     

ཆུས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ལྗོངས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི། ཏིང་ཀྲི་ཅུན།     

ཆུས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལས་ཚབ་ཆུས་ཀྲང་། ཆུས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན། ལིའུ་ཧའེ་ཅང་།     

ཆུས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་།  ལི་ཧྥན་ཆི།     

རྒྱུན་ཨུ་དང་རྒྱུན་ལས་ཆུས་ཀྲང་གཞོན་པ། སང་ཅན་ཀང་།     

རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་། ཧུའེ་ཧུའེ།     

རྒྱུན་ཨུ་དང་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི། ཧན་ཤིན་ལིན།     

རྒྱུན་ལས་ཨུ་ཡོན། ཆུས་ཅན་རྨིན།     

རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་། རེན་ཐེན་ཆི།

6_2 དམངས་ཆེན།      

ཆུས་མི་དམངས་འཐུས་ཚོགས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན། ལི་ཡོན།     

ཀྲུའུ་རེན་གཞོན་པ། ཧའོ་ཧའེ་ཧ་ལི་ཡ་སི་ཧ་དང་། ཝང་ཞའོ་ཀང་།     

ཀྲུའུ་རེན་གཞོན་པ། ཏ་པན་ཁྲེང་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི། ཞ་ཧུང་པིན།   

6_3 སྲིད་གཞུང་།   

ཆུས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལས་ཚབ་ཆུས་ཀྲང་། ཆུས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན། ལིའུ་ཧའེ་ཅང་།     

རྒྱུན་ཨུ་དང་རྒྱུན་ལས་ཆུས་ཀྲང་གཞོན་པ། སང་ཅན་ཀང་།     

ཆུས་ཀྲང་གཞོན་པ། ཝང་ཡུང་ཆང་། མུའུ་ལ་ཐི་མུའུ་ཧ་ཧྲི། མ་ཡུས། ཀྲོའུ་ཧྲོང་།     

6_4 སྲིད་གྲོས།

ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཀྲུའུ་ཞི། ཀྲོའུ་ཅིན་རུང་།     

ཀྲུའུ་ཞི་གཞོན་པ། ཝུའུ་ལ་ཙེ་ནུའུ་ཁེ་པའེ་ཁེ།     

ཀྲུའུ་ཞི་གཞོན་པ། ལི་ཧྲེང་ཧྥུ།     

ཀྲུའུ་ཞི་གཞོན་པ། 

གྲོང་ཁྱེར་དོ་དམ་ལས་དོན་དོ་དམ་ཅུས(སྲིད་འཛིན་ཁྲིམས་འཛིན་ཅུས)ཀྱི་ཅུས་ཀྲང་། ཆིའུ་ཡུང་ཁྲེང་།     

ཀྲུའུ་ཞི་གཞོན་པ། (ཚོགས་སྡོད)མ་ཅིན་ཧྥུའུ།


དཔྱད་གཞིའི་ཡིག་ཆ།