ཐེན་ཧྲན་ཆུས།སྔ་མའི་པར་གཞི་དེ བསོད་ནམས་དབང་འགྲུབ།  ནས 2020-04-27 10:27ལ་འགྲུབ།

ཐེན་ཧྲན་ཆུས།

ཐེན་ཧྲན་ཆུས།
ཐེན་ཧྲན་ཆུས་ནི་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ཆུས་ཀྱི་ཁོངས་སུ་གཏོགས་ལ། ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། དངུལ་རྩ་བཅས་ཀྱི་ལྟེ་གནས་ཡིན་པ་དང་། རང་སྐྱོང་ཆུས་དང་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་གྱི་ཏང་དང་། སྲིད། དམག་དཔུང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་ཀྱི་འགོ་གཙོའི་ལས་ཁུངས་སུ་བཅའ་སྡོད་བྱས་ཡོད། ཁོངས་གཏོགས་ཆུས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ216ཡོད་པ་དང་། ཆུས་ནང་ཁུལ་དུ་རྒྱ་རིགས་དང་། ཡུ་གུར་རིགས། ཧུའེ་རིགས། ཧ་སག་རིགས་སོགས་མི་རིགས44ཡོད་པ་དང་། རྒྱུན་སྡོད་མི་འབོར471432(2010ལོ)ཡོད་པ། ཁོངས་གཏོགས་ཆུས་ཀྱི་དོ་དམ་ཨུ་ལྷན7དང་། ཁྲོམ་ལམ11 སྡེ་ཁུལ178 གྲོང་ཚོ1 འབྲོག་ར1བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
天山区
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ215.9
མངའ་ཁོངས།
སྲང་ལམ14དང་ཡུལ་ཚོ1ཡོད།
མི་གྲངས།
471432(སྤྱི་ལོ2010ལོ)
སྲིད་འཛིན་ས་ཁོངས་རིགས་དབྱེ།
གྲོང་ཁྱེར་ཐད་གཏོགས་ཆུས།
ནམ་ཟླ།
དྲོད་ཁུལ་སྐམ་ས་རང་བཞིན་གྱི་ནམ་ཟླ།
ཁོངས་གཏོགས་ས་གནས།
ཞིན་ཡུ་གུ་རིགས་རང་སྐྱོང་ཆུས་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར།
རླངས་འཁོར་ཚབ་ཨང་།
新A
སྦྲག་ཨང་།
830002
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
650102
1 ལོ་རྒྱུས་ཀྱི་འཕེལ་རིམ།

ཐེན་ཧྲན་ཆུས་ནི་ཆིང་རྒྱལ་རབས་ཀྱི་ཏི་ཧྭ་གྲོང་ཁྱེར་དང་ཞིན་མན་ཁྲེང་དང་དེ་བཞིན་གྲོང་ཁྱེར་ཉེ་འདབས་ཀྱི་གནས་ཡུལ་རྙིང་པ་ཡིན་ལ། དེ་ཡང་བཅིངས་འགྲོལ་བཏང་མ་ཐག་པའི་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་གྱི་ས་ཁུལ་དང་པོ་དང་། གཉིས་པ། གསུམ་པ། བཞི་བ། ལྔ་བ་བཅས་ཀྱི་མངའ་ཁོངས་ཡིན། སྤྱི་ལོ1957ལོར་ས་ཁུལ་དང་པོ་དང་། བཞི་བ། ལྔ་བ་བཅས་ཟླ་སྒྲིལ་བཏང་ནས་ཐེན་ཧྲན་ཆུས་བཙུགས་པ་དང་། ཆུས་གཉིས་པ། གསུམ་པ་བཅས་ཟླ་སྒྲིལ་བཏང་ནས་ཏུའོ་སི་ལུའུ་ཁེ(ཡུ་གུར་གྱི་སྐད་དེ། མཛའ་བཤེས)ཆུས་བཙུགས་པ་མ་ཟད། སོ་སོར་ཆུས་མི་དམངས་ཨུ་ཡོན་ལྷན་ཁང་བཙུགས། སྤྱི་ལོ1960ལོར་ཏུའོ་སི་ལུའུ་ཁེ་ཆུས་མེད་པར་བཟོས་ནས་དེའི་ཁོངས་གཏོགས་ས་ཆ་ཐེན་ཧྲན་ཆུས་སུ་ཟླ་སྒྲིལ་བཏང་། 

སྤྱི་ལོ2000ལོར་ཐེན་ཧྲན་ཆུས་ཁོངས་སུ་ཁྲོམ་གཞུང12ཡོད་པ་དང་།  སྤྱི་ལོ2001ལོར་ཐེན་ཧྲན་ཆུས་ཁོངས་གཏོགས་སུ་ཁྲོམ་གཞུང14དང་ཡུལ་ཚོ1སྟེ། བཅིངས་འགྲོལ་བྱང་ལམ་ཁྲོམ་གཞུང་དང་། ཤིན་ཧྭ་བྱང་ལམ་ཁྲོམ་གཞུང་། རྒྱལ་ཁའི་ཁྲོམ་གཞུང་། བཅིངས་འགྲོལ་ལྷོ་ལམ་ཁྲོམ་གཞུང་། བདེ་སྐྱིད་ལམ་ཁྲོམ་གཞུང་། ཞི་བདེ་ལམ་ཁྲོམ་གཞུང་། གཞོན་ནུ་ལམ་ཁྲོམ་གཞུང་། ཤིན་ཧྭ་ལྷོ་ལམ་ཁྲོམ་གཞུང་། གཡན་འར་ཝོ་ཁྲོམ་གཞུང་། ཏུང་མོན་ཁྲོམ་གཞུང་། མཐུན་སྒྲིལ་ལམ་ཁྲོམ་གཞུང་། ཡན་ཨན་ལམ་ཁྲོམ་གཞུང་། བ་ཆོན་ཁྲོམ་གཞུང་། ཏ་ཝན་ཡུལ་ཚོ་བཅས་ཡོད། སྤྱིལོ2002ལོའི་ཟླ3པའི་ཚེས9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐེན་ཧྲན་ཆུས་གྱི་ཝུའུ་ལ་པོ་སྲང་ལམ་དེ་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་ནན་ཆོན་ཆུས(མིང་ལ་ཏ་པན་གྲོང་ཆུས་ཞེས་འབོད)ཀྱི་མངའ་འོག་ཏུ་འཇུག་པར་ཆོག་མཆན་བཀོད། སྤྱི་ལོ2016ལོའི་ཟླ1པོའི་ཚེས9ཉིན་ཞིན་ཅང་ཡུ་གུར་རང་སྐྱོང་ཆུས་སྲིད་གཞུང་གིས་ད་ལྟ་ཧྲ་དབྱི་པ་ཁེ་ཆུས་ཀྱི་བདག་སྐྱོང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ44.9(དེ་སྔའི་རང་སྐྱོང་ཆུས་ཕྱུགས་ལས་ཐིང་ཁོངས་གཏོགས་ཀྱི་ཝུའུ་ལུའུ་མུའུ་ཆིའི་ས་གནས་ཀྱི་རྒྱལ་གཉེར་སོན་ཕྱུགས་ར་བ་ཧྲ་དབྱི་པ་ཁེ་ཆུས་ཀྱི་སྲིད་འཛིན་ས་ཁོངས་ནང་སྤྱི་ལེ་གྲུ་བཞི་མ38.4ཙམ་དང་ཧྲ་དབྱི་པ་ཁེ་ཆུས་ལ་སྤྱི་ལེ་གྲུ་བཞི་མ6.5ཙམ་ཚུད)ཐེན་ཧྲན་ཆུས་ཀྱི་བདག་སྐྱོང་བྱེད་ཁོངས་སུ་དབྱེ་རྒྱུར་མཆན་འགོད་བཀའ་ལན་གནང་བ་རེད།

2 སྲིད་འཛིན་བགོས་ཁོངས།

སྤྱི་ལོ2013ལོའི་བར་ཐེན་ཧྲན་ཆུས་ཁོངས་གཏོགས་སུ་ཁྲོམ་གཞུང14དང་གྲོང་ལྷན130  གྲོང་ཚོ་ཨུ་ལྷན1བཅས་ཡོད་པ་རེད།

3 ས་ཁམས་ཁོར་ཡུག

ཐེན་ཧྲན་རི་ཁུལ་ནི་ཝུའུ་ལུའུ་མུའུ་ཆིའི་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད་དུ་གནས་པ་དང་། “རྨོ་ཞིང་གི་ཕ་ཡུལ་དང་གླུ་གར་གྱི་ཞིང་ཁམས”ཞེས་པའི་མཚན་སྙན་ཡོད་པ་དང་། ཤར་ངོས་ཏུང་ཧྲན་གྱི་སྤྱི་པའི་བང་སོ་དེ་ཧྲུའེ་མོ་ཀོའུ་ཆུས་དང་། ཏ་པན་གྲོང་ཁུལ་བཅས་དང་འབྲེལ་བ་ཡོད་པ། ནུབ་མཚམས་ཧོ་ཐན་ལམ་གྱི་ཞི་བདེའི་ཆུ་ཡུར་དེ་ཧྲ་དབྱི་པ་ཁེ་ཁུལ་དང་ཁ་སྤྲོད་དུ་གནས་པ། ལྷོ་མཚམས་ཐུའོ་ལི་ཡུལ་ཚོ་དང་ཝུའུ་ལུའུ་མུའུ་ཆི་རྫོང་གི་མཐའ་ལ་འབྲེལ་ཞིང་། བྱང་ངོས་ཧུང་ཧྲན་ལམ་དང་ཧོ་ཐན་བྱང་ལམ་གྱི་འབྲེལ་མཚམས་དང་ཧྲུའེ་མོ་ཀོའུ་ཆུས་དང་སྦྲེལ་ཡོད་ལ། ཐེན་ཧྲན་ཆུས་ནི་དྲོ་ཁུལ་འབྲིང་བའི་སྐམ་སའི་རང་བཞིན་གྱི་གནམ་གཤིས་ལ་གཏོགས།

4 མི་རིགས་དང་མི་གྲངས།

ཐེན་ཧྲན་ཆུས་ཁོངས་སུ་རྒྱ་རིགས་དང་། ཡུ་གུར་རིགས། ཧུའེ་རིགས། ཧ་སག་རིགས། སོག་རིགས། ཁོར་ཁེ་ཙི་སོགས་མི་རིགས44ཡོད་ཅིང་། གྲངས་ཉུང་མི་རིགས་ཀྱི་མི་འབོར་ཁྲི27.2ཡོད་པ་དེས་སྤྱིའི་མི་འབོར་གྱི39.11%ཟིན་པ་དང་། དེ་ནི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་ས་ཁུལ་ཆེན་པོ་ཞིག་ཡིན།

5 ཆབ་སྲིད་ཀྱི་སྒྲིག་སྲོལ།

གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། ཐེན་ཧྲན་ཆུས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཝང་གོ་ཧོ། 

ཆུས་ཨུའི་ཧྲུའུ་ཅི་གཞོན་པ། ཆུས་ཀྲང་།  ཆུས་ཨུའི་ཧྲུའུ་ཅི་གཞོན་པ། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲོའུ་ཆིན། 

ཆུས་ཨུའི་རྒྱུན་ལས་ཨུ་ཡོན། ཆུས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། རྒྱུན་ལས་ཆུས་ཀྲང་གཞོན་པ། སུན་པའོ་རུའེ། 

ཆུས་ཨུའི་རྒྱུན་ལས་ཨུ་ཡོན་དང་མི་དམངས་དྲག་ཆས་པུའུ་ཡི་ཆབ་སྲིད་ཨུ་ཡོན།  ལིའུ་ཧའེ་ལིན། 

ཆུས་ཨུའི་རྒྱུན་ལས་ཨུ་ཡོན་དང་ཆུས་ཀྲང་གཞོན་པ། ལིའུ་ཅིན་ཀྲུང་།     

ཐེན་ཧྲན་ཆུས་ཨུད་ཀྱི་རྒྱུན་ཨུ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་བརྟག་ཞིབ་པ་ཐེན་ཧྲན་ཆུས་སྤྱི་བདེ་ཡན་ལག་ཅུས་ཀྱི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཅུས་ཀྲང་།  ཆུས་ཨུའི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཅུས་ལའེ་ཐི་ཨའེ་མའེ་ཐི།     

ཆུས་ཨུའི་རྒྱུན་ལས་ཨུ་ཡོན། ལིའོ་ཝུན་ཡུས།     

ཆུས་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་ཆེ་མོའི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། མ་ཡན་ཀྲའོ།     

ཆུས་ཨུའི་རྒྱུན་ཨུ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཝང་ཀོང་ཏི།     

ཆུས་ཨུའི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་། མ་ཞིན་མིང་།     

ཆུས་ཨུའི་རྒྱུན་ལས་ཨུ་ཡོན། ལི་ཀྲེ།     

ཆུས་ཨུའི་རྒྱུན་ལས་ཨུ་ཡོན། ཕན་ཡིན།

6 དཔལ་འབྱོར།
6_1 རགས་བཤད།

སྤྱི་ལོ2005ལོར་ཐེན་ཧྲན་ཆུས་སུ་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར120.4བྱུང་ནས་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྤྱི་ལོ2004ལོའི་དུས་མཚུངས་ལས13.5%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར0.16ཟིན་ནས8.3%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར16.63ཟིན་ནས12.4%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར103.61ཟིན་ནས13.6%འཕར་ཡོད། “ལོ་ལྔ་ཚན་བཅུ་བའི”རིང་ཐེན་ཧྲན་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་རེར་ཆ་སྙོམས11.9%འཕར་བ་དེ་ལོ་རེར་ཆ་སྙོམས10%འཕར་བའི་དམིགས་ཚད་ལས་བརྒྱ་ཆའི་གྲངས1.9ཡིས་མཐོ་བ་ཡོད། སྤྱི་ལོ2005ལོའི་ལོ་མཇུག་གི་ཐེངས་གསུམ་པའི་ཐོན་ལས་གྲུབ་ཚུལ་ནི0.14:13.81:86.05ཡིན། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་དང་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ་དང་། གཉེར་སྐྱོང་གཞི་ཁྱོན་སྔར་བས་ཆེ་རུ་ཕྱིན་པ། འཕེལ་རྒྱས་ཀྱི་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་ཡོད། སྤྱི་ལོ2005ལོར་ལྗོངས་ཡོངས་ཀྱི་སྒེར་གཉེར་ཁེ་ལས2277དང་ལས་ཞུགས་མི་སྣ9312ཡོད། ཁེར་རྐྱང་བཟོ་ཚོང་དུད་ཚང13336བཅས་ཡོད་པ་རེད། ཐེན་ཧྲན་ཆུས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱིས་རང་ཆུས་ཀྱི་དཔལ་འབྱོར་སྤྱི་འབོར་ནང་བཟུང་བའི་བསྡུར་ཚད55%ཟིན་པ་དེས་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད80%ཟིན་ཡོད།

6_2 ཐོན་ལས་དང་པོ། 

སྤྱི་ལོ2005ལོར་ཐེན་ཧྲན་ཆུས་ཀྱིས་ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི4222.33ཟིན་པའི་ནང་ཞིང་ལས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི1533.36ཟིན་པ་དང་། འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི2000.61ཟིན་པ། ནགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི29.7ཟིན་པ། ཉ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི658.66ཟིན་ཡོད། འབྲུ་རིགས་འདེབས་ཁྱོན་སྤྱི་ཆིང703.31ཟིན་པ། སྔོ་ཚལ་འདེབས་ཁྱོན་སྤྱི་ཆིང66.3ཟིན་པ། ལོ་ཏོག་གཞན་དག་གི་འདེབས་ཁྱོན་ཏུན་ཁྲི502.41ཟིན་པ། ལོ་མཇུག་ཏུ་ལག་ཡོད་ཕྱུགས་རིགས་མགོ་གྲངས34798ཡོད་པ་དེ་ལོ་གོང་མ་ལས10.8%འཕར་ཡོད། 

6_3 ཐོན་ལས་གཉིས་པ། 

སྤྱི་ལོ2005ལོར་ཐེན་ཧྲན་ཆུས་ཀྱི་བཟོ་ལས་ཁེ་ལས་ལ་ལོ་ཧྲིལ་བོར་རིན་ཐང་འཕར་མ་སྒོར་དུང་ཕྱུར10.89བྱུང་ནས་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས12.4%འཕར་ཡོད། དེའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར10.49ཟིན་ནས12.4%འཕར་ཡོད། ཆུས་ཡོངས་སུ་ད་ཡོད་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས25ཡོད་པ་དང་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཐོན་རྫས་བྲིན་ཚོང་བྱེད་ཚད99.57%ཟིན་ཡོད། དེའི་ནང་ཡང་བའི་བཟོ་ལས་ཀྱི་ཐོན་རྫས་ཕྱིར་ཚོང་བྱེད་ཚད94.9%དང་ལྕི་བའི་བཟོ་ལས་ཀྱི་ཐོན་རྫས་ཕྱིར་ཚོང་བྱེད་ཚད99.76%ཟིན་ཡོད་པ་རེད། ཁེ་ལས་ཀྱིས་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་ཁྲི239966བྱུང་ནས་ཁེ་སྤོགས་སྒོར་ཁྲི6426.6ཟིན་པ་དང་ཁེ་སྤོགས་དང་དཔྱ་ཁྲལ་བསྡོམས་འབོར་སྒོར་ཁྲི28125.8ཟིན་ཡོད་པ་རེད། ཆུས་ཡོངས་ཀྱི་ལོ་མཇུག་ཏུ་ཨར་སྐྲུན་ལས་རིགས་ཀྱི་ཁེ་ལས107(ལས་འབོར་ཡོད་པའི་ཁེ་ལས99)ཡོད་པ་དང་ལོ་ཧྲིལ་བོར་ཨར་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར5.74བྱུང་བ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས12.4%འཕར་ཡོད། ཨར་སྐྲུན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར25.84མངོན་འགྱུར་བྱུང་བ་དེ་ལོ་གོང་མ་ལས16.42%འཕར་བ། ཁེ་ལས་ཀྱིས་ལས་གྲྭའི་བསྡོམས་རྩིས་ཡོང་འབབ་སྒོར་དུང་ཕྱུར28.57ལེགས་གྲུབ་ཟིན་ནས་ཁེ་སྤོགས་བསྡོམས་འབོར་སྒོར་ཁྲི944ཟིན་ཡོད་པ་རེད།

7 སྤྱི་ཚོགས་ལས་དོན།
7_1 སློབ་གསོ།

སྤྱི་ལོ2011ལོ་བར་ཐེན་ཧྲན་ཆུས་སུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ133ཡོད་པའི་ནང་ཆུས་གཏོགས་སློབ་འབྲིང6དང་། སློབ་ཆུང24སློབ་གྲྭར་ཡོད་པའི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཁྲི3.92དགེ་རྒན་དང་ལས་བཟོ3681བཅས་ཡོད་པ་རེད། སྤྱི་ལོ2005ལོར་སྒོར་ཁྲི15452བཏང་ནས་སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཐད་སྤྱད་པས་སློབ་གཉེར་ཆ་རྐྱེན་ཇེ་ལེགས་སུ་ཤུགས་ཆེ་རུ་ཕྱིན་པ་དང་སློབ་ཆུང་གི་སློབ་གསོ་སློབ་ཁྲིད་སྤུས་ཚད་དེ་ཞིན་ཅང་ཡོངས་ཀྱི་ཆུ་ཚད་མཐོ་ཤོས་སུ་རྒྱུན་འཁྱོངས་ཐུབ་ཡོད།

7_2 སྨན་བཅོས། 

སྤྱི་ལོ2011ལོ་བར་ཐེན་ཧྲན་ཆུས་སུ་སྨན་བཅོས་དང་། རིམས་འགོག་བདེ་སྲུང་བཅས་ཀྱི་སྒྲིག་གཞི་སྣ་ཚོགས20ཙམ་དང་། སྨན་གསོ་ཁང440ལྷག་ཙམ། སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན་ཆེད་ལས་ལག་རྩལ་མི་སྣ་ཁྲི1ལྷག་ཙམ་བཅས་ཡོད་པ་རེད། རིགས་ཁག་གི་རིག་གནས་རོལ་རྩེད་བྱ་ཡུལ280ལྷག་ཙམ་དང་རིགས་ཁག་གི་ལུས་རྩལ་ལུས་སྦྱོང་བྱེད་སྒོ་སྤེལ་ཡུལ800ལྷག་ཙམ་ཡོད་པ་རེད། སྤྱི་ཚོགས་འགན་སྲུང་། སྤྱི་ལོ2011ལོའི་བར་ཐེན་ཧྲན་ཆུས་སུ་དམངས་ཕན་ཕན་འབྲས་ཞབས་ཞུ་རྣམ་པའི་སྡེ་ཁུལ་ཞབས་ཞུའི་དྲ་ཚིགས་སྣ་ཚོགས5709བཙུགས་ཡོད། ཆུས་ཡོངས་སུ་ཁྱོན་མ་དངུལ་སྒོར་ཁྲི652བཏང་ནས་སྡེ་ཁུལ་གྲོང་ལྷན་གྱི་གཞུང་ལས་ཁང23ཉོས་པར་ཁྱོན་སྨི་གྲུ་བཞི་མ2703ཟིན་ཡོད།  སྤྱི་ལེ་གྲུ་བཞི་མ2005ལོའི་ལོ་མཇུག་བར་ཆུས་ཡོངས་ཀྱི་སྡེ་ཁུལ་གྱི་གཞུང་ལས་ཁང་ཚང་མ་སྨི་གྲུ་བཞི་མ80ཡན་ཟིན་པ་དང་། ཆ་སྙོམས་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ163ཡིན། ཆེད་ཚན་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པའི་སྡེ་ཁུལ་གྱི་ལས་དོན་པས་སྤྱིའི་མི་འབོར་གྱི55.4%བཟུང་ཡོད། སྡེ་ཁུལ་གྱི་དང་བླངས་པའི་ཞབས་ཞུའི་རྩ་འཛུགས381ཡོད་པ་དང་མི་གྲངས་ཁྲི3.5ལྷག་ཙམ་ཟིན་ཡོད། ཀྲུང་ཧྲན་ལམ་སྡེ་ཁུལ་གྲོང་ལྷན་དེ“རྒྱལ་ཡོངས་ཀྱི་སློབ་སྦྱོང་རྣམ་པའི་སྡེ་ཁུལ་བཅུར”བདམས་པ་དང་སྡེ་ཁུལ115བཙུགས་པ་རེད།

7_3 རིག་གནས་ལས་དོན།

སྤྱི་ལོ2011ལོའི་བར་ཐེན་ཧྲན་ཆུས་སུ་རིགས་ཁག་གི་རིག་གནས་རོལ་རྩེད་བྱ་ཡུལ280ལྷག་ཙམ་དང་ལུས་རྩལ་ཐང800ལྷག་ཙམ་ཡོད་པ་རེད། ཞིན་ཅང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དང་། བརྙན་འཕྲིན་ཁང་། ཞིན་ཅང་གླུ་གར་ཁང་། དམག་སྡེའི་རྩལ་རྩེད་ཚོགས་པ། ཞིན་ཅང་མི་དམངས་དཔེ་སྐྲུན་ཁང་སོགས་རིམ་པ་ཁག་གི་གསར་འགྱུར་དཔེ་སྐྲུན་ལས་ཁུངས་དང་། སྒྱུ་རྩལ་ཚོགས་པ། གློག་བརྙན་ཟློས་གར་ཁང་། དཔེ་མཛོད་ཁང་བཅས་ཆུས་ཡོངས་སུ་ཁྱབ་ཡོད།

8 གཟི་བརྗིད་མཚན་སྙན།

ཐེན་ཧྲན་ཆུས་ལ་སྔ་རྗེས་སུ“རྒྱལ་ཡོངས་ཀྱི་ཚན་རིག་སློབ་གསོ་དར་བའི་ཆུས་ཀྱི་སྔོན་ཐོན་ཆུས”དང“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ”སོགས་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན22དང“རང་སྐྱོང་ལྗོངས་ཀྱི་དཔལ་ཡོན་གྲོང་ཁྱེར”“རང་སྐྱོང་ལྗོངས་ཀྱི་འཕྲོད་བསྟེན་གྲོང་ཁྱེར”སོགས་རང་སྐྱོང་ཆུས་རིམ་པའི་གཟི་བརྗིད་མཚན་སྙན105དང་དེ་བཞིན་གྲོང་ཁྱེར“མཛེས་པ་བཞི་དང་གཙང་མ་གཅིག”གི་སྔོན་ཐོན་མཉམ་སྡེབ་སོགས་གྲོང་ཁྱེར་རིམ་པའི་གཟི་བརྗིད་མཚན་སྙན་མཚོན་རྟགས414ཐོབ་ཡོད་པ་རེད།


དཔྱད་གཞིའི་ཡིག་ཆ།