ཞིན་ཧྲི་ཆུས།སྔ་མའི་པར་གཞི་དེ བསོད་ནམས་དབང་འགྲུབ།  ནས 2020-04-27 10:27ལ་འགྲུབ།

ཞིན་ཧྲི་ཆུས།

ཞིན་ཧྲི་ཆུས།
ཞིན་ཧྲི་ཆུས་ལ་རྒྱལ་ཁབ་རིམ་པའི་ཝུའུ་ལུའུ་མུའུ་ཆིའི་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་དང“ཆུས་སྲིད་གཅིག་སྒྲིལ”གྱི་སྒྲིག་སྲོལ་ལག་བསྟར་བྱས་ཤིང་། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་ཁོངས་སུ་གཏོགས་པ་དང་། ཝུའུ་ལུའུ་མུའུ་ཆིའི་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དུ་གནས་པ་དང་། ཤར་ནུབ་ཀྱི་རིང་ཚད་སྟོང་སྨི14དང་། ལྷོ་བྱང་གི་ཞེང་ཚད་སྟོང་སྨི9ཡོད། གྲོང་ཁུལ་གསར་པའི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ143ཡོད་པ་དང་། སྤྱིའི་མི་འབོར379220(སྤྱི་ལོ2000ལོ)ཡོད། སྤྱི་ལོ2019ལོའི་ལོ་མཇུག་བར་ཞིན་ཧྲི་ཆུས་ཀྱི་མངའ་འོག་ཏུ་གྲོང་རྡལ1དང་ཡུལ་ཚོ3 ཁྲོམ་གཞུང17བཅས་ཡོད་པ་དེ་དག་རྒྱ་རིགས་དང་། ཡུ་གུར་རིགས། ཧུའེ་རིགས་སོགས་མི་རིགས38སྡོད་ཀྱི་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
新市区
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ143
ཕྱི་ཡིག་གི་མིང་།
Xinshi Qu
མི་གྲངས།
379220(སྤྱི་ལོ2000ལོ)
སྲིད་འཛིན་ས་ཁོངས་རིགས་དབྱེ།
གྲོང་ཁྱེར་ཐད་གཏོགས་ཆུས།
ནམ་ཟླ།
དྲོད་ཁུལ་འབྲིང་བའི་སྐམ་སའི་སྐམ་ཐན་རང་བཞིན་གྱི་ནམ་ཟླ།
ཁོངས་གཏོགས་ས་གནས།
ཞིན་ཅང་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར།
རླངས་འཁོར་ཚབ་ཨང་།
新A
སྦྲག་ཨང་།
830011
ས་ཁོངས་ཁ་པར་ཨང་རྟགས།
0991
1 ངོ་སྤྲོད།

ཞིན་ཧྲི་ཆུས་ཁོངས་གཏོགས་ཆུས་སུ་ཀྲུང་དབྱང་དང་། རང་སྐྱོང་ཆུས། ཡུག་རེན་དུ་བཅའ་སྡོད་དཔུང་སྡེ། དྲག་ཆས་ཉེན་རྟོག་དཔུང་སྡེ། ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་སོགས་ཚན་པ500ལྷག་ཙམ་དང་། ཀྲུང་གོ་ཚན་རིག་ཁང་ཞིན་ཅང་ཡན་ལག་ཁང་དང་ཞིན་ཅང་སྤྱི་ཚོགས་ཚན་རིག་ཁང་སོགས་ཚན་ཞིབ་ཁང20ལྷག་ཙམ། ཞིན་ཅང་གསོ་རིག་སློབ་ཆེན་དང་ཤིན་ཅང་ནོར་དོན་སློབ་ཆེན་སོགས་སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གླིང33བཅས་ཡོད་པ་རེད། ཞིན་ཧྲི་ཆུས་ནི་ཞིན་ཅང་བྱང་རྒྱུད་དུ་སྐྱོད་པའི་འགྲིམ་འགྲུལ་གྱི་ལྟེ་བ་དང་འབྲེལ་མཐུད་བྱས་པའི་ཨེ་ཤེ་ཡ་ནུབ་མ་དང་འབྲེལ་བའི་རྒྱལ་སྤྱིའི་བགྲོད་ལམ་གལ་ཆེན་ཞིག་རེད། སྤྱི་ལོ2017ལོའི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་བའི་ཆུས་བརྒྱ་ཡི་གྲས་སུ་བདམས། སྤྱི་ལོ2019ལོའི་ཟླ10བར་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་སྟོབས་ཆེའི་ཆུས་བརྒྱའི་ཨང(རྒྱལ་ཡོངས་ཀྱི་སྟོབས་ཆེའི་ཆུས་བརྒྱའི)34བར་གྱུར་ཡོད།

2 ལོ་རྒྱུས་ཀྱི་འཕེལ་རིམ།
2_1 ཆིང་རྒྱལ་རབས།

ཆིང་རྒྱལ་རབས་ཀྱི་ཆན་ལུང་གི་སྐབས་སུ་ཇུན་གར་གྱི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་བཏང་རྗེས། ཝུའུ་ལུའུ་མུའུ་ཆིའི་རུ་ཐོན་ཞིང་། ཐུན་ཐེན་མཁར་རྫོང་བཙུགས་པ་དང་། ད་ལྟ་མངའ་ཁོངས་ཀྱི་ལས་དཔོན་གཉིས་པ་དང་བཞི་བ་བཅས་ནི་སྐབས་དེར་མིང་དུ་གྲགས་པའི་ཞོན་རེན་པའོ་དང་། ཧོའེ་དབྱི་པའོ། པའོ་ཁྲང་པའོ་བཅས་ཡིན།

2_2 གོང་མ་ཆན་ལུང་གི་རྗེས།

ཆན་ལུང་གི་སྐབས་སུ་ས་ཁུལ་གྱི་མངའ་ཁོངས་ཏེ་ཧྭ་ཀྲི་ལི་ཁུལ་དུ་གཏོགས་པ་དང་། ཀོང་ཞུས་ཁྲི་ལོ་བཅུ་གཉིས་པར(སྤྱི་ལོ1886ལོ)ཏི་ཧྭ་ཧྥུ་རུ་གཏོགས།

2_3 མི་སེར་རྒྱལ་ཁབ་ཀྱི་དུས། 

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ2པར(སྤྱི་ལོ1913ལོ)ཏི་ཧྭ་རྫོང་ཁོངས་ཡིན་པ་དང་མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ34ལ(སྤྱི་ལོ1945ལོ)ཏི་ཧྭ་གྲོང་ཁྱེར་ཁོངས་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཏི་ཧྭ་གྲོང་ཁྱེར་དུ་གཏོགས་ཤིང་། གྲོང་ཁྱེར་གསར་པའི་ཆུས་འཛུགས་གྲབས་བྱེད་འགོ་བརྩམས། 

2_4 ཀྲུང་གོ་གསར་བའི་དུས།

སྤྱི་ལོ1954ལོར་ཏི་ཧྭ་གྲོང་ཁྱེར་ཝུའུ་ལུའུ་མུའུ་ཆི་རུ་བསྒྱུར་ཅིང་། ད་ལྟའི་ཆུས་ཁོངས་ཝུའུ་ལུའུ་མུའུ་ཆིར་གཏོགས། སྤྱི་ལོ1961ལོར་གྲོང་ཁྱེར་གསར་པ་ཝུའུ་ལུའུ་མུའུ་ཆིའི་ཧྲ་དབྱི་པ་ཁེ་ཆུས་ནས་དབྱེ་གསེད་བྱས་ཏེ་བཙུགས་པ་དང་། གྲོང་ཁྱེར་གསར་པའི་མི་དམངས་ཨུ་ཡོན་ལྷན་ཁང་བཙུགས་ཤིང་། ཁོངས་གཏོགས་སུ་ལྔ་གཅིག་དང་། འཕྲུལ་ཆས་གྲོང་ཁྱེར། དམར་དམག་གི་ཟླ་བ་ལྔ་བ་བཅས་གྲོང་ཁྱེར་གསུམ་གྱིས་མི་དམངས་ཀུང་ཧྲེ་བཅས་ཀྱིས་གྲུབ་པ་རེད། སྤྱི་ལོ1969ལོར་གྲོང་ཁྱེར་གསར་བའི་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས། སྤྱི་ལོ2011ལོའི་ལོ་འགོར་ཀྲུང་གུང་ཞིན་ཅང་ཡུ་གུར་རང་སྐྱོང་ཆུས་ཨུ་ཡོན་ལྷན་ཁང་དང་། ཞིན་ཅང་ཡུ་གུར་རང་སྐྱོང་ཆུས་མི་དམངས་སྲིད་གཞུང་། ཀྲུང་གུང་ཝུའུ་ལུའུ་མུའུ་ཆིའི་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་། ཝུའུ་ལུའུ་མུའུ་ཆིའི་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་དེ་སྔའི་ཝུའུ་ལུའུ་མུའུ་ཆིའི་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་དང་དེ་སྔའི་ཝུའུ་ལུའུ་མུའུ་ཆིའི་གྲོང་ཁུལ་གསར་པ(གྲོང་ཁྱེར་གསར་བ་ཞེས་བསྡུ་གྲབས)བར“ཆུས་སྲིད་གཅིག་སྒྲིལ”ལག་བསྟར་བྱས་པ་མ་ཟད། དེ་སྔའི་ཝུའུ་ལུའུ་མུའུ་ཆི་རྫོང་གི་ཡུལ་ཚོ་གཉིས་དང་གྲོང་རྡལ་གཅིག་འཕར་འགོད་ཟླ་སྒྲིལ་བཏང་བ་རེད། ཆུས་གསར་གྱིས“ཆུས་དང་གྲོང་ཁྱེར་མཉམ་གཏོད་དང་། གྲོང་ཁྱེར་གཙོ་བོར་བྱེད་པ། ཚན་རྩལ་ཐིང་གིས་ཁོངས་གཏོགས་དོ་དམ་བྱེད་པ། ཚན་རྩལ་ལས་སྒོ་གལ་ཆེན་ཚན་རྩལ་པུའི་དཔལ་འབར་ལྟེ་གནས་ལ་གཏོགས་པ”བཅས་ཀྱི་དོ་དམ་སྒྲིག་སྲོལ་མུ་མཐུད་ལག་བསྟར་བྱེད་གྲབས་བྱས། ཀྲུང་གུང་ཝུའུ་ལུའུ་མུའུ་ཆི་གྲོང་ཨུད་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་མངགས་གཏོང་ལས་ཁུངས་ཤིག་ཡིན་པའི་ངོས་ནས་ས་ཁུལ་རིམ་པ་གཞོན་པའི་སྒྲིག་གཞི་ལག་བསྟར་བྱས་ཏེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ནང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་ལ་གཅིག་གྱུར་འགོ་ཁྲིད་དང་དོ་དམ་བྱེད་པ་དང་། གྲོང་ཁྱེར་རིམ་པའི་མི་དམངས་སྲིད་གཞུང་གི་དཔལ་འབྱོར་དོ་དམ་དབང་ཚད་སྤྱོད་པ། ཁོངས་གཏོགས་ཀྱི་གསར་སྤེལ་འཛུགས་སྐྲུན་ཁུལ་དང་། ཚན་རྩལ་གླིང་ཁུལ། ལས་གཏོད་གླིང་ཁུལ་བཅས་ལ“བཀག་སྡོམ་རྣམ་པའི་དོ་དམ”ལག་བསྟར་བྱེད་ཀྱི་ཡོད་པ་རེད། ལྗོངས་ནང་ཁུལ་གྱི་བཟོ་ཚོང་ཅུས་དང་། རྒྱལ་ཁྲལ་ཅུས། ས་གནས་ཁྲལ་དོན་ཅུས། སྤུས་ཚད་ལག་རྩལ་ལྟ་སྐུལ་ཅུས་སོགས་ཚང་མ་རང་སྐྱོང་ཆུས་ཐད་གཏོགས་ཡན་ལག་ཅུད་ཡིན་པས་ཞིང་ཆེན་རིམ་པའི་འགན་ནུས་སྡེ་ཚན་གྱི་དོ་དམ་དབང་ཚད་ལག་བསྟར་བྱེད་འགོ་ཚུགས།

3 སྲིད་འཛིན་ཁོངས་གཏོགས།
3_1 ཁོངས་བགོས་འཕེལ་རིམ། 

སྤྱི་ལོ1980ལོའི་ཟླ6པར་གྲོང་ཁྱེར་གསར་བའི་མི་དམངས་སྲིད་གཞུང་བཙུགས།  སྤྱི་ལོ1996ལོར་གྲོང་ཁུལ་གསར་པའི་ཁོངས་གཏོགས་སུ་ཁྲོམ་གཞུང7ཡོད་པ་དེ་དག་ནི་པེ་ཅིང་ལམ་གྱི་ཁྲོམ་གཞུང་དང་། ཕོ་བྲང་གཉིས་པའི་ཁྲོམ་གཞུང་། ཕོ་བྲང་གསུམ་གྱི་ཁྲོམ་གཞུང་། རྡོ་སྣུམ་གྲོང་གསར་གྱི་ཁྲོམ་གཞུང་། དབྱི་པིན་ལམ་གྱི་ཁྲོམ་གཞུང་། ཁ་ཧྲི་ཤར་ལམ་གྱི་ཁྲོམ་གཞུང་། བྱང་ཚུགས་ཁྲོམ་གཞུང་བཅས་ཡིན་པ་རེད། སྤྱི་ལོ2003ལོའི་ལོ་མཇུག་ཏུ། གྲོང་ཁུལ་གསར་བའི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ142.52ཡོད་པ་དང་མི་གྲངས376600ཡོད། དེའི་ཁོངས་སུ་ཁྲོམ་གཞུང11དང་ཆུས2ཡོད་པ་དང་། གྲོང་ལྷན89དང་སྲིད་འཛིན་གྲོང་ཚོ8ཡོད་པ་དེ་དག་ནི་པེ་ཅིང་ལམ་ཁྲོམ་གཞུང་དང་། ཨར་ཀུང་ཁྲོམ་གཞུང་། སན་ཀུང་ཁྲོམ་གཞུང་། རྡོ་སྣུམ་གྲོང་གསར་ཁྲོམ་གཞུང་། ཡིང་པིན་ལམ་ཁྲོམ་གཞུང་། ཁ་ཧྲི་ཏུང་ལམ་ཁྲོམ་གཞུང་། ཐེན་ཅིན་ལམ་ཁྲོམ་གཞུང་། དབྱིན་ཁྲོན་ལམ་ཁྲོམ་གཞུང་། ཧང་ཀྲོའུ་ལམ་ཁྲོམ་གཞུང་། ནན་ཝེ་ལམ་ཁྲོམ་གཞུང་། པེ་ཀྲན་ཏུང་ལམ་ཁྲོམ་གཞུང་། ཨར་ཀུང་ཡུལ་ཚོ། ཏི་ཝུའུ་པའོ་ཡུལ་ཚོ་བཅས་རེད། སྤྱི་ལོ2004ལོའི་ལོ་མཇུག་ཏུ་གྲོང་ཁུལ་གསར་པའི་ཁོངས་གཏོགས་ཀྱི་ཁྲོམ་གཞུང11དང་། ཡུལ་ཚོ2  གྲོང་ལྷན89དང་སྲིད་འཛིན་གྲོང་ཚོ5བཅས་ཡོད་པ་རེད། སྤྱི་ལོ2011ལོའི་ཟླ3པར། ཝུའུ་ལུའུ་མུའུ་ཆི་རྫོང་ཆིང་ཀེ་ཏ་ཧུའུ་ཡུལ་ཚོ་དང་། ལིའུ་ཧྲི་ཅ་ཡུལ་ཚོ། ཨན་ཨན་ཆུས་གྲོང་རྡལ་བཅས་ཀྱི་སྒྲིག་གཞི་བཙུགས་ནས་གྲོང་ཁུལ་གསར་པར་དོ་དམ་བྱེད་པའི་རྩིས་སྤྲད་པ་རེད། ལེགས་སྒྲིག་བྱས་རྗེས་གྲོང་ཁུལ་གསར་པའི་ཁོངས་གཏོགས་ཀྱི་ཁྲོམ་གཞུང་11དང་། གྲོང་རྡལ1  ཡུལ་ཚོ4  གྲོང་ཚོ24  སྡེ་ཁུལ84བཅས་ཡོད་པ་དང་། ད་ལྟ་ཝུའུ་ལུའུ་མུའུ་ཆི་རྫོང་དང་ཐོའུ་ཐུན་ཧོ་ཆུས(བྱང་ཕྱོགས)ཀྱི་སྲིད་འཛིན་ས་ཁོངས་ཀྱི་དབྱེ་མཚམས་དེ་གྲོང་ཁྱེར་གསར་པ་དང་ཐོའུ་ཐུན་ཧོ་ཆུས་ཀྱི་སྲིད་འཛིན་ས་ཁོངས་ཀྱི་དབྱེ་མཚམས་སུ་གྱུར་ཡོད། ད་ལྟ་ཝུའུ་ལུའུ་མུའུ་ཆི་རྫོང་དང་སྨི་ཏུང་ཆུས་ཀྱི་སྲིད་འཛིན་ས་ཁོངས་ཀྱི་དབྱེ་མཚམས་དེ་གྲོང་ཁྱེར་གསར་པ་དང་སྨི་ཏུང་ཆུས་ཀྱི་སྲིད་འཛིན་ས་ཁོངས་ཀྱི་དབྱེ་མཚམས་སུ་གྱུར་ཡོད། ས་ཁུལ་ཁོངས་བགོས་ཀྱི་གནས་ཚུལ། གྲོང་ཁུལ་གསར་པའི་ཁོངས་གཏོགས་ཀྱི་ཁྲོམ་གཞུང17དང་ཡུལ་ཚོ3  གྲོང་རྡལ1བཅས་ཡོད་པ་སྟེ། པེ་ཅིང་ལམ་ཁྲོམ་གཞུང་དང་། ཨར་ཀུང་ཁྲོམ་གཞུང་། སན་ཀུང་ཁྲོམ་གཞུང་། རྡོ་སྣུམ་གྲོང་གསར་ཁྲོམ་གཞུང་། ཡིང་པིན་ལམ་ཁྲོམ་གཞུང་། ཁ་ཧྲི་ཤར་ལམ་ཁྲོམ་གཞུང་། དུད་ཚང་བརྒྱད་ཀྱི་ཁྲོམ་གཞུང་། དབྱིན་ཁྲོན་ལམ་ཁྲོམ་གཞུང་། ནན་ཝེ་ལམ་ཁྲོམ་གཞུང་། ཧང་ཀྲོའུ་ལམ་ཁྲོམ་གཞུང་། ལི་ཡུས་ཧྲན་ཁྲོམ་གཞུང་། པའེ་ཡོན་ལམ་ཁྲོམ་གཞུང་། ཀྲེང་དབྱང་ལམ་ཁྲོམ་གཞུང་། གནམ་ཐང་ཁྲོམ་གཞུང་། མཛའ་གྲོགས་ལམ་ཁྲོམ་གཞུང་། ཀའོ་ཤིན་ཁྲོམ་གཞུང་། ཁྲང་ཁྲུན་ལམ་ཁྲོམ་གཞུང་བཅས་ཡིན་པ་དང་། ཨེར་ཀུང་ཡུལ་ཚོ་དང་། ཏི་ཝོ་པའོ་ཡུལ་ཚོ། ལིའུ་ཧྲི་ཧུའུ་ཡུལ་ཚོ་དང་ཨན་ཉིང་ཆུས་གྲོང་རྡལ་བཅས་ཡོད།  གཞན་ཡང་ཆུས་ནང་ཁུལ་དུ་ཝུའུ་ལུའུ་མུའུ་ཆིའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ(ཁྲོམ་གཞུང)དང་ཝུའུ་ལུའུ་མུའུ་ཆིའི་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཆུས་སོགས་ཡོད།

4 ས་ཁམས་ཁོར་ཡུག
4_1 གནས་ཁོངས། 

ཞིན་ཧྲི་ཆུས་ནི་ཝུའུ་ལུའུ་མུའུ་ཆིའི་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དུ་གནས་པ་དང་། ཤར་ནུབ་ཀྱི་རིང་ཚད་ལ་སྟོང་སྨི14དང་། ལྷོ་བྱང་གི་ཞེང་ཚད་ལ་སྟོང་སྨི9ཡོད།  མངའ་ཁོངས་ཀྱི་ཁྱབ་ཁོངས་ནི་ནུབ་གཞིས་ཐོའུ་ཐུན་ཧོ་ཁུལ་དང་། ལྷོ་ངོས་ཧྲ་དབྱི་པ་ཁེ་ཆུས། ཤར་ངོས་སྨི་ཏུང་ཆུས་བཅས་ཀྱི་ས་མཚམས་སུ་འབྲེལ་ཞིང་། བྱང་ངོས་ཝུའུ་ཅ་ཆུས་གྲོང་ཁྱེར་བར་ཡིན་པ་དང་། ས་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ263ཡོད།

4_2 ནམ་ཟླ།

ཞིན་ཧྲི་ཆུས་ནི་དྲོད་ཁུལ་འབྲིང་བའི་སྐམ་སའི་ཐན་སྐམ་གྱི་གནམ་གཤིས་ཁུལ་ཡིན་པ་དང་། དྲོད་ཚད་ཧེ་བག་ཆེ་བ་དང་། ཚ་གྲང་གི་འགྱུར་ལྡོག་ཆེ་བ། ཆར་ཆུ་འབབ་ཚད་ཉུང་བ། དགུན་ཁའི་དུས་ཚོད་རིང་བ། ཁྲུན་ཆིའུ་དུས་སུ་ལྷགས་པ་ཆེན་པོ་ཡོད་པ་བཅས་སོ།།

5 ཆབ་སྲིད།

ཝུའུ་ལུའུ་མུའུ་ཆིའི་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ(གྲོང་ཁྱེར་དང་ཞིན་ཧྲི་ཆུས)ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ(ཞིན་ཧྲི་ཆུས)ཡན་ལག་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ། ཁྲེན་ཁའེ། 

ཆུས་ཨུའི་ཧྲུའུ་ཅི་གཞོན་པ། དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ལིའུ་ཅུན། 

ཆུས་ཨུའི་རྒྱུན་ཨུ་དང་། དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། རྒྱུན་ལས་ཆུས་ཀྲང་གཞོན་པ། ཧུའུ་ཆི་ཀྲི། 

དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཆུས་ཀྲང་གཞོན་པ། ཝང་ཀྲི་མིང་། 

དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཆུས་ཀྲང་གཞོན་པ། རེ་ན་ཧྲ་ཡི་ཁེ། 

དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཆུས་ཀྲང་གཞོན་པ། ལི་ཀྲན་ཞིན། 

དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཆུས་ཀྲང་གཞོན་པ། ཀྲོའུ་ཡུང་ཅུན། 

དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཆུས་ཀྲང་གཞོན་པ། ལི་དབྱིན། 

དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཆུས་ཀྲང་གཞོན་པ། ཧོང་ཅན།

6 དཔལ་འབྱོར།
6_1 རགས་བཤད།

ཞིན་ཧྲི་ཆུས་ཀྱི་ཐོན་སྐྱེད་པུའུ་ཡིས་དུས་རབས་གསར་བར་ཕྱོགས་པའི་འཕེལ་རིམ་ཁྲོད་གྲོང་ཁུལ་གསར་པའི་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་རྒྱལ་ཁབ་ཀྱིས་ནུབ་རྒྱུད་ཐོན་འབྱེད་ཆེན་མོའི་འཐབ་ཇུས་ལག་བསྟར་བྱེད་པའི་ཐོབ་དཀའ་བའི་ལོ་རྒྱུས་ཀྱི་གོ་སྐབས་དམ་པོར་བཟུང་ནས་གྲོང་ཁུལ་གསར་པ་ཤིན་ཅང་ཡོངས་ཀྱི་མཐོ་གསར་ལག་རྩལ་ཐོན་ལས་རྟེན་གཞིར་བསྐྲུན་རྒྱུ་དང་། ཤར་ཕྱོགས་མཉམ་འབྲེལ་དང་ནུབ་ཕྱོགས་ཚོང་དོན་རྟེན་གཞི་དང་དེང་རབས་ཤེས་དཔལ་ཁུལ་གསར་གྱི་འབད་འཐབ་དམིགས་ཚད་དང་། སྒྲིག་སྲོལ་གསར་གཏོད་དང་། ཕྱི་ཕྱོགས་སྒོ་དབྱེ་མཉམ་འདྲེས་འཕེལ་རྒྱས། ཚན་སློབ་དར་སྤེལ། རྒྱུན་མཐུད་འཕེལ་རྒྱས། ཁྲིམས་ལྟར་ཁུལ་སྐྱོང་དང་ཀུན་སྤྱོད་ལ་བརྟེན་ནས་ཁུལ་སྐྱོང་བ་མཉམ་སྤྱོད། དཔལ་ཡོན་ལ་བརྟེན་ནས་ཆུས་གཏོད་པ་སོགས་འཐབ་ཇུས་ཆེན་པོ་བདུན་ལག་བསྟར་ཤུགས་ཆེན་བྱེད་དགོས་པ་ཁ་གསལ་དུ་བཏོན་ཡོད།

7 འགྲིམ་འགྲུལ།

དམངས་སྤྱོད་མཁའ་འགྲུལ་ཝུའུ་ལུའུ་མུའུ་ཆིའི་རྒྱལ་སྤྱིའི་གནམ་ཐང་གྲོང་ཁུལ་གསར་བར་གནས་པ་དང་དབུས་ཤར་ས་ཁུལ་དང་རྒྱལ་ནང་གི་གྲོང་ཁྱེར་ཆེ་གྲས་ཁག་དང་དེ་བཞིན་ཤིན་ཅང་ཡོངས་ཀྱི་གྲོང་ཁྱེར་གཙོ་བོ་ཁག་ཏུ་སྐྱོད་ཐུབ། ཤིན་ཅང་ཡོངས་ཀྱི་དངོས་ཟོག་བསྡུ་འགྲེམས་བྱ་ཡུལ་ཆེ་ཤོས་ཝུའུ་ལུའུ་མུའུ་ཆིའི་མེ་འཁོར་བབས་ཚུགས་བྱང་མའི་ཟོག་འདྲེན་བྱ་ཡུལ་དེ་གྲོང་ཁུལ་གསར་པར་གནས་པ་དང་དེ་ནི་རང་སྐྱོང་ལྗོངས་ཀྱི་འགྲིམ་འགྲུལ་ལྟེ་གནས་དང་ཨེ་ཤེ་ཡ་དང་ཡོ་རོབ་དང་དེ་བཞིན་དབུས་ཤར་ས་ཁུལ་དང་འབྲེལ་གཏུག་བྱེད་པའི་རྒྱལ་སྤྱིའི་བགྲོད་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།

8 སྤྱི་ཚོགས་ལས་དོན།
8_1 ཚན་རིག་ལག་རྩལ། 

ཞིན་ཧྲི་ཆུས་ཀྱི་བྱང་ཚད་སློབ་གསོ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་མ་སློབ་གྲྭར་ཞུགས་ཚད་དང་། སློབ་གྲྭར་ཡོད་པའི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་སྲ་བརྟན་གཏོང་ཚད། ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་གཏོང་ཚད་བཅས་ཚང་མས100%ཟིན་ཡོད་པ་རེད། ཚན་རྩལ་བྱ་གཞག་རྒྱུན་ཆད་མེད་པར་ཡར་ཐོན་བྱུང་ནས“རྒྱལ་ཡོངས་ཀྱི་ཚན་རྩལ་ལས་དོན་གྱི་སྔོན་ཐོན་གྲོང་ཁྱེར”གྱི་གྲས་སུ་ཚུད་པ་མ་ཟད། གྲོང་ཁྱེར་དེའི“དམངས་གཉེར་ཚན་རྩལ་ཚོད་ལྟའི་ཁུལ”དུ་གཏན་འཁེལ་བྱས་པ་རེད།

9 གཟི་བརྗིད་མཚན་སྙན།

སྤྱི་ལོ2019ལོའི་ཟླ10བར་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་སྟོབས་ཆེའི་ཆུས་བརྒྱའི་ཨང(རྒྱལ་ཡོངས་ཀྱི་སྟོབས་ཆེའི་ཆུས་བརྒྱའི)34བར་གྱུར་ཡོད།


དཔྱད་གཞིའི་ཡིག་ཆ།