ཧྲ་དབྱི་པ་ཁེ་ཆུས།སྔ་མའི་པར་གཞི་དེ བསོད་ནམས་དབང་འགྲུབ།  ནས 2020-04-27 10:29ལ་འགྲུབ།

ཧྲ་དབྱི་པ་ཁེ་ཆུས།

ཧྲ་དབྱི་པ་ཁེ་ཆུས།
ཧྲ་དབྱི་པ་ཁེ་ཆུས་ནི་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་གྱི་གྲས་ཤིག་དང་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་སྐར་ཁུང་དང་སྐམ་ལམ་འགྲིམ་འགྲུལ་གྱི་ལྟེ་གནས་གལ་ཆེན་ཞིག་ཡིན། དེ་ནི་གྲོང་ཁུལ་གྱི་གྲམ་ཐང་ལམ་གྱི་ནུབ་ཕྱོགས་སུ་གནས་པ་དང་། ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་གྱི་དབུས་ཁུལ་དུ་ཆགས་ཡོད། ཤར་གྱི་གྲམ་ཐང་གཞུང་ལམ་དེ་ཐེན་ཧྲན་རི་ཁུལ་དང་ཧྲུའེ་མོ་ཀོའུ་ཆུས་དང་འབྲེལ་ཞིང་། ནུབ་ཀྱི་ཡེ་ཨོ་སི་ཐོན་ཐོའུ་ཐུན་ཧོ་ཆུས་དང་ཁ་གཏད་དུ་ཆགས་ཤིང་། ལྷོ་ཡི་ཝུའུ་ལ་པོ་དང་ཏ་ཤིས་ཀོའུ་ནས་ཝུའུ་ལུའུ་མུའུ་ཆི་རྫོང་དང་འབྲེལ་ཡོད། བྱང་གི་སྨན་བཅོས་ལམ་བུ་གསར་པ་དེ་གྲོང་ཁུལ་གསར་བ་དང་འབྲེལ་ཡོད། ཧྲ་དབྱི་པ་ཁེ་ཆུས་ཁོངས་སུ་ཁྲོམ་གཞུང་དོན་གཅོད་ཁྲུའུ10དང་སྡེ་ཁུལ་གྲོང་ལྷན114 གྲོང་ཚོ1བཅས་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ378ཡོད་པ་དང་མི་འབོར་ཁྲི52.8(2010ལོ)ཡོད། སྤྱི་ལོ2009ལོར་ཧྲ་དབྱི་པ་ཁེ་ཆུས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར157.97ཟིན་པ་དེ་ལོ་སྔོན་མ་ལས7%ལ་འཕར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
沙依巴克区
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ377.57
ཕྱི་ཡིག་གི་མིང་།
Saybag District
མི་གྲངས།
ཁྲི52.8(སྤྱི་ལོ2010ལོ)
སྲིད་འཛིན་ས་ཁོངས་རིགས་དབྱེ།
གྲོང་ཁྱེར་ཐད་གཏོགས་ཆུས།
ནམ་ཟླ།
དྲོད་ཁུལ་སྐམ་ས་རང་བཞིན་གྱི་ནམ་ཟླ།
ཁོངས་གཏོགས་ས་གནས།
ཞིན་ཅང་ཝུའུ་ལུའུ་མུའུ་ཆི།
རླངས་འཁོར་ཚབ་ཨང་།
新A
སྦྲག་ཨང་།
830002
ས་ཁོངས་ཁ་པར་ཨང་རྟགས།
0991
1 ལོ་རྒྱུས་ཀྱི་འཕེལ་རིམ།
1_1 གནའ་བོའི་དུས།

“ཧྲ་དབྱི་པ་ཁེ”ནི་ཡུ་གུར་སྐད་ཡིན་པ་དང་། “བྱེ་ཐང་སྟེང་གི་མེ་ཏོག་ལྡུམ་ར”ཞེས་པའི་དོན་ཡིན། 《ཞིན་ཅང་གི་པར་རིས》སོགས་ཀྱི་དེབ་ཏུ་བཀོད་པ་ལྟར་ན། ཆིང་ཀོང་ཞུས་ཀྱི་ཁྲི་ལོ་བཅུ་གཉིས་པ་ལ་ཏི་ཧྭ་ཆུས་སྲིད་གཞུང་དུ་བསྒྱུར་ཏེ་ཏི་ཧྭ་རྫོང་བཙུགས།

1_2 མི་སེར་རྒྱལ་ཁབ་ཀྱི་དུས། 

སྤྱི་ལོ1944ལོར་ཏི་ཧྭ་གྲོང་ཁྱེར་སླར་གསོ་བྱས་པ་དང་། ཁོངས་གཏོགས་ཁུལ5ཡོད་པ་དང་། ཧྲ་དབྱི་པ་ཁེ་ཆུས་ནི་ཆུས་བཞི་བར་གཏོགས།

1_3 ཀྲུང་གོ་གསར་བ། 

སྤྱི་ལོ1949ལོར་ཞིན་ཅང་ཞི་བས་བཅིངས་འགྲོལ་བཏང་རྗེས། གྲོང་ཁྱེར་མི་དམངས་སྲིད་གཞུང་བཙུགས་པ་དང་། ཁོངས་གཏོགས་ཁུལ7དང་། ཧྲ་དབྱི་པ་ཁེ་ཆུས་ནི་ཆུས་དྲུག་པ་ཡིན། སྤྱི་ལོ1956ལོར་ཆུས་བདུན་དང་གྲོང་ཁྱེར་ཆུས་གསུམ(དང་པོ། གཉིས་པ། གསུམ་པ)དུ་ཟླ་སྒྲིལ་བཏང་བ་དང་། ཧྲ་དབྱི་པ་ཁེ་ཆུས་ནི་ཆུས་གསུམ་པ་ཡིན། སྤྱི་ལོ1957ལོར་ཁུལ་གསུམ་པའི་མིང་ལ་ཧྲ་དབྱི་པ་ཁེ་ཆུས་སུ་བསྒྱུར། སྤྱི་ལོ1969ལོར་ཧྲ་དབྱི་པ་ཁེ་ཆུས་གསར་བརྗེ་ཨུ་ཡོན་ལྷན་ཁང་དུ་བསྒྱུར། སྤྱི་ལོ1980ལོར་ཧྲ་དབྱི་པ་ཁེ་ཆུས་ཀྱི་སྐབས་བརྒྱད་པའི་མི་དམངས་འཐུས་ཚོགས་ཐེངས་དང་པོའི་ཐོག་ཧྲ་དབྱི་པ་ཁེ་ཆུས་མི་དམངས་སྲིད་གཞུང་ཞེས་པར་མིང་བསྒྱུར། སྤྱི་ལོ2000ལོར་ཧྲ་དབྱི་པ་ཁེ་ཆུས་སུ་ཁྲོམ་གཞུང10ཡོད་པ་རེད། སྤྱི་ལོ2003ལོའི་ལོ་མཇུག་ཏུ་ཧྲ་དབྱི་པ་ཁེ་ཆུས་དུ་ཁྲོམ་གཞུང10ཡོད་པ་དང་གྲོང་མི་ཨུ་ལྷན114དང་གྲོང་ཚོ་ཨུ་ལྷན2ཡོད་པ་སྟེ། བརྒྱད་གཅིག་ཁྲོམ་གཞུང་དང་། མཛའ་གྲོགས་ལྷོ་ལམ། མཛའ་གྲོགས་བྱང་ལམ། དབྱང་ཙི་ཅང་ལམ་གྱི་ཁྲོམ་གཞུང་། འབྲི་ཆུའི་ལམ་གྱི་ཁྲོམ་གཞུང་། ཤིས་ཧྲན་ཁྲོམ་གཞུང་། ཐབ་རའི་ཁྲོམ་གཞུང་ཁྲོམ་གཞུང་། ཧོ་ཐན་ཁྲོམ་གཞུང་ཁྲོམ་གཞུང་ཁྲོམ་གཞུང་། ཡར་མ་ལི་ཁེ་ཁྲོམ་གཞུང་། ཧུང་སི་ཁྲོམ་གཞུང་བཅས་རེད། སྤྱི་ལོ2004ལོའི་ལོ་མཇུག་ཏུ་ཧྲ་དབྱི་པ་ཁེ་ཆུས་སུ་ཁྲོམ་གཞུང10དང་སྡེ་ཁུལ114 གྲོང་ཚོ་ཨུ་ལྷན1ཡོད། སྤྱི་ལོ2006ལོར་ཧྲ་དབྱི་པ་ཁེ་ཆུས་གྱི་ཁོངས་གཏོགས་སུ་ཁྲོམ་གཞུང10ཡོད་པ་སྟེ། འབྲི་ཆུའི་ལམ་གྱི་ཁྲོམ་གཞུང་དང་། ཧོ་ཐན་ཁྲོམ་གཞུང་། དབྱང་ཙི་ཅང་ལམ་གྱི་ཁྲོམ་གཞུང་། མཛའ་གྲོགས་ལྷོ་ལམ་གྱི་ཁྲོམ་གཞུང་། མཛའ་གྲོགས་བྱང་ལམ་གྱི་ཁྲོམ་གཞུང་། བརྒྱད་གཅིག་ཁྲོམ་གཞུང་། ཐབ་རའི་ཁྲོམ་གཞུང་ཁྲོམ་གཞུང་། ཞིས་ཧྲན་ཁྲོམ་གཞུང་། ཡར་མ་ལི་ཁེ་རི་བོའི་ཁྲོམ་གཞུང་། ཧུང་སི་ཁྲོམ་གཞུང་བཅས་རེད། ཆུས་ཀྱི་ཁོངས་སུ་ཧྲ་དབྱི་པ་ཁེ་ཆུས་ཀྱི་ཡུལ་ཚོ་དང་། ཧོའུ་ཞ་ས་ཁུལ། ཐོན104  ཞི་ཧྲན་ཞིང་ར་བཅས་ཡོད། སྤྱི་ལོ2009ལོར་ཧྲ་དབྱི་པ་ཁེ་ཆུས་ཁོངས་སུ་ཁྲོམ་གཞུང10དང་ཐད་གཏོགས་གྲོང་ཚོ1ཡོད་པ་རེད། སྤྱི་ལོ2010ལོར་ཧྲ་དབྱི་པ་ཁེའི་ཁོངས་གཏོགས་སུ་ཁྲོམ་གཞུང་དོན་གཅོད་ཁྲུའུ9དང་། དོ་དམ་ཨུ་ལྷན1  གྲོང་ཚོ1  སྡེ་ཁུལ117བཅས་ཡོད་པ་རེད། སྤྱི་ལོ2016ལོའི་ཟླ1པོའི་ཚེས9ཉིན་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སྲིད་གཞུང་གིས་ད་ལྟ་ཧྲ་དབྱི་པ་ཁེ་ཆུས་ཀྱི་བདག་སྐྱོང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ44.9(དེ་སྔའི་རང་སྐྱོང་ལྗོངས་ཕྱུགས་ལས་ཐིང་ཁོངས་གཏོགས་ཀྱི་ཝུའུ་ལུའུ་མུའུ་ཆིའི་ས་གནས་ཀྱི་རྒྱལ་གཉེར་སོན་ཕྱུགས་ར་བ་ཧྲ་དབྱི་པ་ཁེ་ཆུས་གྱི་སྲིད་འཛིན་ས་ཁོངས་ནང་སྤྱི་ལེ་གྲུ་བཞི་མ38.4ཙམ་དང་ཧྲ་དབྱི་པ་ཁེ་ཆུས་སུ་སྤྱི་ལེ་གྲུ་བཞི་མ6.5ཙམ་ཚུད་པ)ཐེན་ཧྲན་ཆུས་ཀྱི་བདག་སྐྱོང་བྱེད་ཁོངས་སུ་དབྱེ་རྒྱུར་མཆན་འགོད་བཀའ་ལན་གནང་བ་རེད།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ1957ལོར་ཁུལ་གསུམ་པའི་མིང་ལ་ཧྲ་དབྱི་པ་ཁེ་ཆུས་སུ་བསྒྱུར། སྤྱི་ལོ1969ལོར་ཧྲ་དབྱི་པ་ཁེ་ཆུས་གསར་བརྗེ་ཨུ་ཡོན་ལྷན་ཁང་དུ་བསྒྱུར། སྤྱི་ལོ1980ལོར་ཧྲ་དབྱི་པ་ཁེ་ཆུས་ཀྱི་སྐབས་བརྒྱད་པའི་མི་དམངས་འཐུས་ཚོགས་ཐེངས་དང་པོའི་ཐོག་ཧྲ་དབྱི་པ་ཁེ་ཆུས་མི་དམངས་སྲིད་གཞུང་ཞེས་པར་མིང་བསྒྱུར། སྤྱི་ལོ2000ལོར་ཧྲ་དབྱི་པ་ཁེ་ཆུས་སུ་ཁྲོམ་གཞུང10ཡོད་པ་རེད། སྤྱི་ལོ2003ལོའི་ལོ་མཇུག་ཏུ་ཧྲ་དབྱི་པ་ཁེ་ཆུས་དུ་ཁྲོམ་གཞུང10ཡོད་པ་དང་གྲོང་མི་ཨུ་ལྷན114དང་གྲོང་ཚོ་ཨུ་ལྷན2ཡོད་པ་སྟེ། བརྒྱད་གཅིག་ཁྲོམ་གཞུང་དང་། མཛའ་གྲོགས་ལྷོ་ལམ། མཛའ་གྲོགས་བྱང་ལམ། དབྱང་ཙི་ཅང་ལམ་གྱི་ཁྲོམ་གཞུང་། འབྲི་ཆུའི་ལམ་གྱི་ཁྲོམ་གཞུང་། ཤིས་ཧྲན་ཁྲོམ་གཞུང་། ཐབ་རའི་ཁྲོམ་གཞུང་ཁྲོམ་གཞུང་། ཧོ་ཐན་ཁྲོམ་གཞུང་ཁྲོམ་གཞུང་ཁྲོམ་གཞུང་། ཡར་མ་ལི་ཁེ་ཁྲོམ་གཞུང་། ཧུང་སི་ཁྲོམ་གཞུང་བཅས་རེད། སྤྱི་ལོ2004ལོའི་ལོ་མཇུག་ཏུ་ཧྲ་དབྱི་པ་ཁེ་ཆུས་སུ་ཁྲོམ་གཞུང10དང་སྡེ་ཁུལ114 གྲོང་ཚོ་ཨུ་ལྷན1ཡོད། སྤྱི་ལོ2006ལོར་ཧྲ་དབྱི་པ་ཁེ་ཆུས་གྱི་ཁོངས་གཏོགས་སུ་ཁྲོམ་གཞུང10ཡོད་པ་སྟེ། འབྲི་ཆུའི་ལམ་གྱི་ཁྲོམ་གཞུང་དང་། ཧོ་ཐན་ཁྲོམ་གཞུང་། དབྱང་ཙི་ཅང་ལམ་གྱི་ཁྲོམ་གཞུང་། མཛའ་གྲོགས་ལྷོ་ལམ་གྱི་ཁྲོམ་གཞུང་། མཛའ་གྲོགས་བྱང་ལམ་གྱི་ཁྲོམ་གཞུང་། བརྒྱད་གཅིག་ཁྲོམ་གཞུང་། ཐབ་རའི་ཁྲོམ་གཞུང་ཁྲོམ་གཞུང་། ཞིས་ཧྲན་ཁྲོམ་གཞུང་། ཡར་མ་ལི་ཁེ་རི་བོའི་ཁྲོམ་གཞུང་། ཧུང་སི་ཁྲོམ་གཞུང་བཅས་རེད། ཆུས་ཀྱི་ཁོངས་སུ་ཧྲ་དབྱི་པ་ཁེ་ཆུས་ཀྱི་ཡུལ་ཚོ་དང་། ཧོའུ་ཞ་ས་ཁུལ། ཐོན104  ཞི་ཧྲན་ཞིང་ར་བཅས་ཡོད། སྤྱི་ལོ2009ལོར་ཧྲ་དབྱི་པ་ཁེ་ཆུས་ཁོངས་སུ་ཁྲོམ་གཞུང10དང་ཐད་གཏོགས་གྲོང་ཚོ1ཡོད་པ་རེད། སྤྱི་ལོ2010ལོར་ཧྲ་དབྱི་པ་ཁེའི་ཁོངས་གཏོགས་སུ་ཁྲོམ་གཞུང་དོན་གཅོད་ཁྲུའུ9དང་། དོ་དམ་ཨུ་ལྷན1  གྲོང་ཚོ1  སྡེ་ཁུལ117བཅས་ཡོད་པ་རེད།

3 ས་ཁམས་ཁོར་ཡུག
3_1 གནས་ཁོངས།

ཧྲ་དབྱི་པ་ཁེ་ཆུས་ཀྱི་ནུབ་འགྲམ་ཡ་མ་ལི་ཁེ་རི་བོ་ནི་ཝུའུ་ལུའུ་མུའུ་ཆིའི་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་གྱི་གྲས་ཤིག་ཡིན་པ་དང་། དེ་ལྟེ་བའི་གྲོང་ཁྱེར་གྱི་ནུབ་རྒྱུད་དུ་གནས་པ་དང་། ཤར་མཚམས་གྲམ་ཐང་གི་གཞུང་ལམ་དེ་ཐེན་ཧྲན་རི་ཁུལ་དང་ཧྲུའེ་མོ་ཀོའུ་ཁུལ་དང་འབྲེལ་ཡོད། ནུབ་ངོས་སུ་ཐོན104དང་ཐོའུ་ཐུན་ཧོ་ཆུས་ཕན་ཚུན་ཁ་གཏད་དུ་ཡོད་ལ། ལྷོ་ངོས་ཝུའུ་ལ་པོ་ནས་ཝུའུ་ལུའུ་མུའུ་ཆི་རྫོང་དང་ས་མཚམས་འབྲེལ། བྱང་ངོས་སུ་སྨན་ལམ་གསར་པ་དེ་གྲོང་ཁུལ་གསར་བ་དང་སྦྲེལ་བ་དང་།   སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ378ཡོད་པ་རེད།     

3_2 ས་བབ།     

ཧྲ་དབྱི་པ་ཁེ་ཆུས་ཀྱི་ས་བབ་ལྷོ་ནུབ་ཏུ་མཐོ་བ་དང་། བྱང་ཤར་དུ་དམའ་བ། ནུབ་རྒྱུད་ནི་རི་མ་ཐང་ཡིན་པ་དང་རི་ལྡེབས་བབ་ཆགས་པོར་གནས་པ། མང་ཆེ་བ་ནི་ཆུ་ལོག་གིས་དིམ་བསགས་བྱས་ཤུལ་གྱི་ས་ཁུལ་ཡིན་པ་དང་། ནུབ་བྱང་ནི་པར་པ་ཧྲི་རི་བོ་ཡིན།     

3_3 ཆུ་དཔྱད།     

ཝུའུ་ལུའུ་མུའུ་ཆིའི་ཆུ་བོ་ནི་ཧྲ་དབྱི་པ་ཁེ་ཆུས་ཀྱི་ཤར་ངོས་གཙང་པོ་དེ། ལྷོ་ནས་བྱང་དུ་ཁུལ་དུ་བརྒྱུད་ནས་འབབ་ཀི་ཡོད།     

3_4 ནམ་ཟླ།     

ཧྲ་དབྱི་པ་ཁེ་ཆུས་ཀྱི་ནམ་ཟླའི་ཁོངས་ཀྱི་སྐམ་སའི་རང་བཞིན་གྱི་གནམ་གཤིས་ལ་ཟེར། དབྱར་དུས་ཚ་བ་ཆེ་བ་དང་ཆར་བ་ཉུང་བ། དགུན་དུས་གྲང་ངར་ཆེ་བ། ལོ་རེའི་ཆ་སྙོམས་དྲོད་ཚད6.4℃Cཡིན་པ། ལོ་རེར་ཆ་སྙོམས་ཉི་འོད་ཆུ་ཚོད2775ཕོག་པ། ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི236ཟིན་པ། ཆ་སྙོམས་སུ་སད་མེད་དུས་ཡུན་ཉིན176ཡིན།

4 མི་རིགས་དང་མི་གྲངས།

སྤྱི་ལོ2010ལོར་ཧྲ་དབྱི་པ་ཁེ་ཆུས་ཀྱི་མི་འབོར་བསྡོམས་འབོར་ཁྲི52.8ཟིན་པ་དང་རྒྱ་རིགས་དང་། ཡུ་གུར་རིགས། ཧུའེ་རིགས། ཧ་སག་རིགས། མན་ཇུ་རིགས། སོག་རིགས། ཤིས་པོ་རིགས། ཨུ་རུ་སུ་རིགས་སོགས་མི་རིགས38སྡོད་ཀྱི་ཡོད།

5 ཆབ་སྲིད།

ཆུས་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཆུས་ཀྲང་། སི་ཏི་ཁེ་ཡ་ཧྲེང་།     

ཆུས་ཨུའི་རྒྱུན་ཨུ་རྒྱུན་ལས་ཆུས་ཀྲང་གཞོན་པ། ཞུས་ཞའོ་ཅེ།     

ཆུས་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་དང་ཆུས་ཀྲང་གཞོན་པ། དབྱང་ཧྥེང་ལིན།     

ཆུས་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་དང་ཆུས་ཀྲང་གཞོན་པ།  ཧན་ཡུང་།     

ཆུས་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་དང་ཆུས་ཀྲང་གཞོན་པ། ཡུའེ་ལུང་།     

ཆུས་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་དང་ཆུས་ཀྲང་གཞོན་པ། ཀྲང་ཅུས་རྨིན།     

ཆུས་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་དང་ཆུས་ཀྲང་གཞོན་པ། ཝང་ཅུན་ཝུའུ།

6 དཔལ་འབྱོར།
6_1 རགས་བཤད།

ཧྲ་དབྱི་པ་ཁེ་ཆུས་ཁོངས་སུ་ཚོང་ལས་དར་ཞིང་རྒྱས་ཤིང་། མཛའ་གྲོགས་པའེ་ཧྲེང(དེ་སྔའི་ཧུང་ཧྲན་ཚོང་ཁང)དང་། མཛའ་གྲོགས་ཚོང་ར། ཡུལ་ཐོན་དངོས་རྫས་ཀུང་སིའི་ཚོང་ར། ཤིན་ཅང་ཚོང་གྲོང་། བརྒྱ་ཟོག་དང་། ཀ་ར། ཐ་མགཆང་བཅས་སྡེབ་ཚོང་ས་ཚིགས། ཚོང་ཟོག་ཆུང་གྲས་སྡེབ་ཚོང་ཁྲོམ་ར། མཚོ་ཟས་དང་། སྔོ་ཚལ། ཤིང་ཏོག་བཅས་ཞིང་ཟོག་ཉོ་ཚོང་ཁྲོམ་ར་བཅས་ཡོད། ཝུའུ་ཁི་ལན་གྲོང་ཁྱེར་དང་དེ་བཞིན་ཤིན་ཅང་ཡོངས་ཀྱི་འབྲུ་སྣུམ་དང་ཤ་རིགས་མཁོ་སྤྲོད་རྟེན་གཞི་ཡིན།     ཧྲ་དབྱི་པ་ཁེ་ལྗོངས་ནང་ཁུལ་དུ་མཛའ་གྲོགས་ལམ་བུ་སྟེ་དབྱང་ཙེ་ཅང་ལམ་གྱི་ཚོང་ལས་ཁྲོམ་གཞུང་དང་། མེ་འཁོར་ལྷོ་ཚུགས་དང་། ཧུང་ཧྲན། མཛའ་གྲོགས། པེ་ཡོན་ཁྲུན། ཤིས་ཧྲན་བཅས་ལྟེ་བར་བྱས་པའི་ཚོང་ལས་ཁུལ་ཆེ་གྲས་ལྔ་སོ་སོར་ཆགས་ཡོད། ཤིན་ཅང་ཚོང་གྲོང་དང་། ཏེ་ཧུའེ་ལས་རིགས། མེ་འཁོར་གྱི་མགོཔེ་ཡོན་དཔྱིད་ཀྱི་ཁྲོམ་ར་གསར་པ་སོགས་གཙོ་གནད་དུ་བྱས་པའི་ཆེད་ལས་ཅན་གྱི་ཁྲོམ་ར་ཆེ་གྲས་དང་། མཛའ་གྲོགས་ལམ་གྱི་ཚོང་ལས་ཁྲོམ་གཞུང་རིང་མོའི“ཚོང་ཁུལ་ཆེ་གྲས་ལྔ”དང་། ཚོང་ཟོག་ཆུང་གྲས་དང་། པེ་ཡོན་དཔྱིད་ཀྱི་ཞིང་ལས་ཐོན་རྫས་ཀྱི“བསྡུ་འགྲེམས་ལྟེ་གནས་གཉིས”གཙོ་བོར་བྱས་པའི་ཚོང་དོན་ཆེན་པོའི་རྣམ་པར་གཞི་ཁྱོན་ཆེན་པོ་ཡོད།

7 སྤྱི་ཚོགས་ལས་དོན།
7_1 སློབ་གསོ།

ཧྲ་དབྱི་པ་ཁེ་ཆུས་སུ་ཅུང་ཆ་ཚང་བའི་བྱིས་པའི་སློབ་གསོ་དང་། རྨང་གཞིའི་སློབ་གསོ། མཐོ་རིམ་སློབ་གསོ། ལས་རིགས་སློབ་གསོ། དར་མའི་སློབ་གསོའི་མ་ལག་བཅས་ཡོད་པ་རེད། སྤྱི་ལོ2010ལོའི་བར་ཧྲ་དབྱི་པ་ཁེ་ཆུས་སུ་ཤིན་ཅང་དགེ་འོས་སློབ་ཆེན་དང་། ཞིན་ཅང་སློབ་ཆེན(པེ་ཅིང་སློབ་ཁུལ)ཞིན་ཅང་རྡོ་སྣུམ་སློབ་གླིང་། ཞིན་ཅང་ཞིང་ལས་སློབ་ཆེན་སོགས་མཐོ་རིམ་སློབ་གླིང5དང་། འབྲིང་རིམ་ཆེད་ལས་སློབ་གྲྭ4  སློབ་འབྲིང23   སློབ་ཆུང27བཅས་ཡོད་པ་རེད།

7_2 འཕྲོད་བསྟེན། 

སྤྱི་ལོ2010ལོའི་བར་ཧྲ་དབྱི་པ་ཁེའི་ཁོངས་གཏོགས་སུ་རང་སྐྱོང་ལྗོངས་ཀྲུང་ལུགས་སྨན་ཁང་དང་། རང་སྐྱོང་ལྗོངས་སྦྲག་ལས་སྨན་ཁང་། གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་། དམག་ཁུལ་སྤྱི་ཁྱབ་སྨན་ཁང་སོགས་སྨན་ཁང་ཆེ་གྲས16ཡོད།

8 གཟི་བརྗིད་མཚན་སྙན།

སྤྱི་ལོ2017ལོའི་ཟླ12ཚེས12ཉིན་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གཞུང་དོན་ཐིང་གིས“གྲངས་ཉུང་མི་རིགས་ཀྱི་ཕྱོགས་མིར་ཞབས་ཞུ་དང་དོ་དམ་བྱེད་པའི་དཔེ་སྟོན་གྲོང་ཁྱེར”ཁག་གསུམ་པར་གཏན་འཁེལ་བྱས་པ་རེད།


དཔྱད་གཞིའི་ཡིག་ཆ།