ཀྲོའུ་ཉིང་རྫོང་།སྔ་མའི་པར་གཞི་དེ བསོད་ནམས་དབང་འགྲུབ།  ནས 2020-04-27 10:36ལ་འགྲུབ།

ཀྲོའུ་ཉིང་རྫོང་།

ཀྲོའུ་ཉིང་རྫོང་།
ཀྲོའུ་ཉིང་རྫོང་ནི(གནའ་བོའི་ཧྥུའུ་ཉིང་གཞུང་ཉིང་ཏེ་རྫོང་ཁོངས་སུ་གཏོགས)ཧྥུའུ་ཅན་ཞིང་ཆེན་གྱི་ཉིང་ཏེ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་ཧྥུའུ་ཅན་ཞིང་ཆེན་གྱི་བྱང་ཤར་རྒྱུད་དུ་གནས་པ་དང་། བྱང་མའི་འཕྲེད་ཐིག26°53′-27°19′དང་ཤར་གྱི་གཞུང་ཐིག119°06′-119°29′བར་དུ་གནས་ཡོད། ཤར་དུ་ཧྥུའུ་ཨན་དང་། ནུབ་ཏུ་ཀྲེང་ཧོ་དང་འབྲེལ་བ། བྱང་དུ་ཧྲོའུ་ཉིང་དང་འབྲེལ་བ། ཤར་ལྷོར་ཉིང་ཏེ་དང་ས་མཚམས་འབྲེལ་བ། ལྷོ་ནུབ་ཏུ་ཕེང་ནན་དང་ཕན་ཚུན་ཁ་གཏད་དུ་ཆགས། ས་ཞིང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1047.1ཟིན་ཡོད། ས་བབ་མཐོ་ཚད་ལ་སྨི800ཟིན་པ་དང་རྫོང་གྲོང་གི་ས་བབ་མཐོ་ཚད་སྨི880ལ་སླེབས་ཤིང་ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་ཡིན་པས“རི་མཐོའི་མུ་ཏིག”ཅེས་བརྗོད་ཀྱི་ཡོད། ཀྲོའུ་ཉིང་རྫོང་ཁོངས་གཏོགས་སུ་གྲོང་རྡལ6དང་ཡུལ་ཚོ3 སྲིད་འཛིན་གྲོང་ཚོ(སྡེ་ཁུལ)147 རྒྱུན་སྡོད་མི་འབོར་ཁྲི12.15(2016ལོའི་ལོ་མཇུག་ཏུ)ཡོད་པ་རེད། རྫོང་མི་དམངས་སྲིད་གཞུང་སེང་གེ་གཤོང་གྲོང་རྡལ་བྱང་སྒོ་ལམ་ཨང32པ་རུ་བཅའ་སྡོད་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
周宁县
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1047.1
ཕྱི་ཡིག་གི་མིང་།
Zhouning County
མི་གྲངས།
ཁྲི12.15(སྤྱི་ལོ2016ལོ)
སྲིད་འཛིན་ས་ཁོངས་རིགས་དབྱེ།
རྫོང་རིམ་པ།
ནམ་ཟླ།
ཚ་ཁུལ་དཀྱུས་མའི་དུས་རླུང་གི་ནམ་ཟླ།
ཁོངས་གཏོགས་ས་གནས།
ཀྲུང་གོ་ཧྭ་ཤར།
རླངས་འཁོར་ཚབ་ཨང་།
闽J
སྦྲག་ཨང་།
355400
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
350925
1 ​ངོ་སྤྲོད།

ཀྲོའུ་ཉིང་རྫོང(གནའ་བོའི་ཧྥུའུ་ཉིང་གཞུང་ཉིང་ཏེ་རྫོང་ཁོངས་སུ་གཏོགས)ཧྥུའུ་ཅན་ཞིང་ཆེན་གྱི་ཉིང་ཏེ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་ཧྥུའུ་ཅན་ཞིང་ཆེན་གྱི་བྱང་ཤར་རྒྱུད་དུ་གནས་པ་དང་། བྱང་མའི་འཕྲེད་ཐིག26°53′-27°19′དང་ཤར་གྱི་གཞུང་ཐིག119°06′-119°29′བར་དུ་གནས་ཡོད། ཤར་དུ་ཧྥུའུ་ཨན་དང་། ནུབ་ཏུ་ཀྲེང་ཧོ་དང་འབྲེལ་བ། བྱང་དུ་ཧྲོའུ་ཉིང་དང་འབྲེལ་བ། ཤར་ལྷོར་ཉིང་ཏེ་དང་ས་མཚམས་འབྲེལ་བ། ལྷོ་ནུབ་ཏུ་ཕེང་ནན་དང་ཕན་ཚུན་ཁ་གཏད་དུ་ཆགས། ས་ཞིང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1047.1ཟིན་ཡོད། ས་བབ་མཐོ་ཚད་ལ་སྨི800ཟིན་པ་དང་རྫོང་གྲོང་གི་ས་བབ་མཐོ་ཚད་སྨི880ལ་སླེབས་ཤིང་ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་ཡིན་པས“རི་མཐོའི་མུ་ཏིག”ཅེས་བརྗོད་ཀྱི་ཡོད།     ཀྲོའུ་ཉིང་རྫོང་ཁོངས་གཏོགས་སུ་གྲོང་རྡལ6དང་ཡུལ་ཚོ3 སྲིད་འཛིན་གྲོང་ཚོ(སྡེ་ཁུལ)147  རྒྱུན་སྡོད་མི་འབོར་ཁྲི12.15(2016ལོའི་ལོ་མཇུག་ཏུ)ཡོད་པ་རེད། རྫོང་མི་དམངས་སྲིད་གཞུང་སེང་གེ་གཤོང་གྲོང་རྡལ་བྱང་སྒོ་ལམ་ཨང32པ་རུ་བཅའ་སྡོད་བྱས་ཡོད།    

ཀྲོའུ་ཉིང་རྫོང་ཁོངས་ཀྱི་ཆུ་ཕྲན་གཙོ་བོ18དང་ཆེས་ཆེ་བའི་ལུང་ཐིང་ཤིས་ས་ཁོངས་ཀྱི་རྒྱུག་ཚད་སྤྱི་ལེ56ཟིན་ཡོད། མཛེས་ལྗོངས་ཁུལ་གཙོ་བོའི་གྲས་སུ་རྒྱལ་ཁབ་ཀྱིAAAAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། རྒྱལ་ཁབ་རིམ་པའི་མཛེས་ལྗོངས་གྲགས་ཅན་ཁུལ། ཉིང་ཏེ་འཛམ་གླིང་ས་གཤིས་སྤྱི་གླིང་གི་ལྟེ་བའི་གླིང་ཁུལ་བཞི་བ་སྟེ། ལི་ཡུས་ཤིའུ་ཅིའུ་ལུང་ཐུང་། རྒྱལ་ཁབ་ཀྱིAAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁྲེན་ཧྥེང་། དེ་བཞིན་ཏི་ཧྲུའེ་ཡན་དང་། ཆིན་ཧྲན་མཚེའུ། ཀོན་ཧྲན། ཧོའུ་ཀུའུ་ལང་། ཕ་ཝང་ཏུང་། ཧྲི་མོན་ཧྲན། ཞན་ཧྥུང་ཧྲན། ལིན་ཧྥུང་དགོན། ཧྥང་ཀོང་དགོན་བཅས་ཡོད་པ་རེད། 302ཞིང་ཆེན་ལམ་དང་ཉིང་ཝུའུ་མྱུར་བགྲོད་གཞུང་ལམ་རྫོང་ཁོངས་ནས་འཕྲེད་དུ་བརྒལ་ཞིང་། འཛུགས་སྐྲུན་བྱེད་བཞིན་པའི་ཆུས་ཉིང་ལྕགས་ལམ་གྱི་ས་མཚམས་བརྒལ་བའི་ཀྲོའུ་ཉིང་བརྒྱུད་ཚྭ་ཆུ་གྲོང་རྡལ་དུ་ས་ཚིགས་བསྐྲུན་ཡོད།

སྤྱི་ལོ2018ལོར་ཀྲོའུ་ཉིང་རྫོང་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར50.90ཟིན་པ་དེ་ལོ་གོང་མ་ལས5.2%ལ་འཕར་ཡོད། ཀྲོའུ་ཉིང་རྫོང་ནི་ཚ་ཁུལ་བར་མའི་དུས་རླུང་རི་ཁུལ་གྱི་ནམ་ཟླའི་ཁོངས་ཡིན་པ་དང་། དགུན་དུས་རིང་བ་དང་དབྱར་ཁ་ཐུང་བ། ཆར་ཆུ་འབེལ་བ། ལོ་རེར་ཆ་སྙོམས་དྲོད་ཚད14.6℃ཡིན་ལ། ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི2069ཟིན་པས“རང་བྱུང་དྲོད་སྙོམས་གྲོང་ཁྱེར”ཞེས་ཀྱང་འབོད་ཀྱི་ཡོད་དོ།།

2 ལོ་རྒྱུས་ཀྱི་འཕེལ་རིམ།
2_1 ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་དུས།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་དང་པོར(སྤྱི་ལོ1912ལོ)ཏུང་དབྱང་རྫོང་བགོས་ནས་ཉིང་ཏེ་རྫོང་ནས་ཁག་བགོས་ཏེ་བཅོས་སྒྲིག་བྱེད་པར་བཏང་། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་གསུམ་པར(སྤྱི་ལོ1914ལོ)རྫོང་ཙུའོ་བསྐྱར་དུ་བཙུགས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བཅོ་བརྒྱད་པར(སྤྱི་ལོ1928ལོ)ཚའེ་ཞན་རྫོང་དུ་ཉེན་རྟོག་ཁང་བཙུགས་ནས་ཁོངས་གཏོགས་ས་ཁུལ་གྱི་སྲིད་འཛིན་ལས་དོན་ཕྱོགས་བསྡུས་བྱས་པ་རེད། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བཅུ་དགུ་བར(1930ལོར་)སྤྱི་བདེ་ཡན་ལག་ཅུས་འཛུགས་རྒྱུར་བསྒྱུར། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་གཉིས་པའི་ཟླ6པར(སྤྱི་ལོ1933ལོ)ཉིང་ཏེ་རྫོང་གི་ཆུས་ལྔ་བར་བསྒྱུར། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་བཞི་བའི་ཟླ6པར(སྤྱི་ལོ1935ལོ)ཀྲོའུ་ཏུན་དམིགས་བསལ་ཁུལ་དུ་བསྒྱུར་ཏེ་ཉིང་ཏེ་རྫོང་གི་མངའ་འོག་ཏུ་བཅུག་པ་དང་། ཐད་གཏོགས་ཧྥུའུ་ཅན་ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཁུལ་དང་པོ(ཀུང་ཧྲུའུ་ཁྲང་ལེ་རུ་བཅའ་སྡོད་བྱས)ཡིན། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་ལྔ་བའི་ཟླ2པ་སྟེ་སྤྱི་ལོ1936ལོའི་ཟླ2པར་ཡང་བསྐྱར་ཉིང་ཏེ་རྫོང་གི་ཆུས་གསུམ་པར་བསྒྱུར། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་དྲུག་པའི་ཟླ་དང་པོར(སྤྱི་ལོ1937ལོ)ཟླ་དང་བོར་ཀྲོའུ་ཏུན་དམིགས་བསལ་ཁུལ་དུ་བསྐྱར་དུ་གནས་ཤིང་། སྲིད་འཛིན་ལྟ་ཞིབ་ཁུལ་ཨང་དང་པོ་ཡིན། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་གཉིས་པའི་ཟླ9བར(སྤྱི་ལོ1943ལོ)ཟླ9བར་སྲིད་འཛིན་ལྟ་ཞིབ་ཁུལ་བརྒྱད་པར་བསྒྱུར། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་བཞི་བའི་ཟླ8པའི་ཚེས1ཉིན(སྤྱི་ལོ1945ལོ)རྫོང་བཙུགས་པ་དང་། ཀྲོའུ་ཏུན་དང་ཉིང་ཏེ་ས་གནས་གཉིས་ཀྱི་ཐོག་མའི་མིང་ལ་ཀྲོའུ་ཉིང་རྫོང་ཞེས་བཏགས་ཤིང་། རྫོང་ཧྲི་ཧྲེ་གྲོང་ཁྱེར་དུ་བཅོས་སྐྱོང་བྱས་ཤིང་། དེའི་ཁོངས་གཏོགས་ས་ཆ་ལ་སྤྱི་ལེ་གྲུ་བཞི་མ639.6ཡོད་པ་དང་། ཁོངས་གཏོགས་སྲིད་འཛིན་ལྟ་ཞིབ་ཁུལ་བརྒྱད་པ(མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་དྲུག་པའི་ཟླ4བར་སྲིད་འཛིན་ལྟ་ཞིབ་ཁུལ་དང་པོར་བསྒྱུར་ཡོད) མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སོ་བདུན་པའི་ཟླ9བར(སྤྱི་ལོ1948ལོ)ཟླ9བར་ཉིང་ཏེ་རྫོང་ནས་ཞན་ཧྲན་ཡུལ་ཚོ་ལ་བགོས་ན་སྤྱི་ལེ་གྲུ་བཞི་མ127.7ཀྲོའུ་ཉིང་རྫོང་གི་ཁོངས་སུ་གཏོགས་པ་དང་། རྫོང་ཡོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ767.3འཕར་ཡོད།

2_2 ཀྲུང་གོ་གསར་བའི་དུས། 

སྤྱི་ལོ1949ལོའི་ཟླ6པའི་ཚེས28ཉིན། ཀྲོའུ་ཉིང་ཞི་བས་བཅིངས་འགྲོལ་བཏང་། ཟླ9བའི་ཚེས1ཉིན། ཀྲོའུ་ཉིང་རྫོང་མི་དམངས་དམངས་གཙོའི་སྲིད་གཞུང་བཙུགས། ཟླ11པའི་ཚེས12ལ། ཀྲོའུ་ཉིང་རྫོང་མི་དམངས་སྲིད་གཞུང་བཙུགས་པ་དང་། ལི་ཧྥུའུ་ཨན་ཀྲོན་ཡོན་ཀུང་ཧྲུའུ་བཙུགས། སྤྱི་ལོ1955ལོའི་ཟླ9བར་ཧྲོའུ་ཉིང་རྫོང་གིས་ཁུལ་དྲུག་པ(དེང་གི་ཁྲུན་ཁྲི་ཡུལ་ཚོའི་སྲིད་འཛིན་གྲོང་ཚོ11དང་སི་ཆའོ་ཡུལ་ཚོ་ཡོངས་ལ་ཟེར)ཡི་ཁོངས་གཏོགས་ས་ཆ་སྤྱི་ལེ་གྲུ་བཞི་མ278.7ཡོད་པ་དེ་ཀྲོའུ་ཉིང་རྫོང་གི་ཁོངས་སུ་གཏོགས་པ་དང་རྫོང་ཡོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1046བར་མང་དུ་ཕྱིན་ཡོད། སྤྱི་ལོ1970ལོའི་ཟླ7པ་ནས་བཟུང་ཉིང་ཏེ་ས་ཁུལ(ད་ལྟའི་ཉིང་ཏེ་གྲོང་ཁྱེར)གྱི་ཁོངས་གཏོགས་སུ་གནས།

3 སྲིད་འཛིན་བགོས་ཁོངས།
3_1 ཁོངས་བགོས་འཕེལ་རིམ། 

ཀྲོའུ་ཉིང་རྫོང་ནི་མ་གཞི་ཝུན་མ་དང་། ཁྲང་ཞི། ཉིང་ཏེ་བཅས་རྫོང་གི་ཁོངས་སུ་གཏོགས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་བཞི་བའི་ཟླ6པ་སྟེ་སྤྱི་ལོ1935ལོར་ཀྲོའུ་ཏུན་དམིགས་བསལ་ཁུལ་བཙུགས་ཏེ་ཀྲི་ལུའུ་ཞིང་ཆེན་སྲིད་གཞུང་བཙུགས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་བཞི་བའི་ཟླ8པའི་ཚེས1ཉིན(སྤྱི་ལོ1945ལོའི་ཟླ8པའི་ཚེས་1ཉིན)རྫོང་བཙུགས་ཏེ་ཀྲོའུ་ཏུན་དང་ཉིན་ཏེ་ས་གནས་གཉིས་ཀྱི་ཐོག་མའི་ཡི་གེ་དེ་རྫོང་གི་མིང་དུ་བྱས་པ་དང་། སྲིད་འཛིན་ས་ཁོངས་ཀྱི་དབྱེ་མཚམས་ནི་ཡུལ་ཚོ(གྲོང་རྡལ)ནས་བརྩམས་ཏེ་ལམ་ལུགས་ལག་ལེན་བསྟར་གྲབས་བྱས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སོ་བདུན་པའི་ཟླ9བར(སྤྱི་ལོ1948ལོའི)ཟླ9བར་ཉིང་ཏེ་རྫོང་ནས་ཞན་ཧྲན་ཞང་ལ་བགོས་ནས་སྤྱི་ལེ་གྲུ་བཞི་མ127.7ཀྲོའུ་ཉིང་རྫོང་གི་ཁོངས་སུ་བཞག་པ་དང་། རྫོང་ཡོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ767.3འཕར་ཡོད། སྤྱི་ལོ1949ལོའི་ཟླ6པའི་ཚེས28ཉིན། ཀྲོའུ་ཉིང་ཞི་བས་བཅིངས་འགྲོལ་བཏང་། ཟླ9བའི་ཚེས1ཉིན། ཀྲོའུ་ཉིང་རྫོང་མི་དམངས་དམངས་གཙོའི་སྲིད་གཞུང་བཙུགས། ཟླ11པའི་ཚེས12ལ། ཀྲོའུ་ཉིང་རྫོང་མི་དམངས་སྲིད་གཞུང་བཙུགས་པ་དང་། ལི་ཧྥུའུ་ཨན་ཀྲོན་ཡོན་ཀུང་ཧྲུའུ་བཙུགས། སྤྱི་ལོ1950ལོར་པའོ་ཅའི་ལམ་ལུགས་མེད་པར་བཟོས་པ་དང་། ཆུས་བཙུགས་ཡུལ་ཚོའི་སྒྲིག་གཞི་བཙུགས། སྤྱི་ལོ1955ལོའི་ཟླ9བར་ཧྲོའུ་ཉིང་རྫོང་གིས་ཁུལ་དྲུག་པ(དེང་གི་ཁྲུན་ཁྲི་ཡུལ་ཚོའི་སྲིད་འཛིན་གྲོང་ཚོ11དང་ཧུའེ་ཆའོ་ཡུལ་ཚོ་ཡོངས་ལ་ཟེར)ཡི་ཁོངས་གཏོགས་ས་ཆ་སྤྱི་ལེ་གྲུ་བཞི་མ278.7ཡོད་པ་དང་ཀྲོའུ་ཉིང་རྫོང་ཁོངས་སུ་གཏོགས། རྫོང་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1046བར་མང་དུ་སོང་ཡོད། སྤྱི་ལོ1958ལོའི་སྟོན་ཁར་ཆུས་དང་ཡུལ་ཚོ་ཕྱིར་འཐེན་བྱས་ཏེ་མི་དམངས་ཀུང་ཧྲེ་བཙུགས། སྤྱི་ལོ1963ལོར་ཁུལ་དང་གྲོང་རྡལ་གྱི་སྒྲིག་གཞི་སླར་གསོ་བྱས། སྤྱི་ལོ1966ལོར་ཆུས་དང་ཡུལ་ཚོ་ནས་ཕྱིར་འཐེན་བྱས་ཏེ་མི་དམངས་ཀུང་ཧྲེ་བཙུགས། སྤྱི་ལོ1970ལོའི་ཟླ7པ་ནས་བཟུང་ཉིང་ཏེ་ས་ཁུལ་གྱི་ཁོངས་སུ་གཏོགས། སྤྱི་ལོ1984ལོར་མི་དམངས་ཀུང་ཧྲེ་མེད་པར་བཟོས་པ་དང་། རྫོང་ཡོངས་སུ་གྲོང་རྡལ1དང་ཡུལ་ཚོ8  ཁོངས་གཏོགས་སྲིད་འཛིན་གྲོང་ཚོ140ཡོད། སྤྱི་ལོ1989ལོར་རྫོང་ཡོངས་སུ་གྲོང་རྡལ1དང་ཡུལ་ཚོ8བཙུགས་པ་དང་དེའི་ཁོངས་སུ་སྲིད་འཛིན་གྲོང་ཚོ140ཡོད་པ་རེད། སྤྱི་ལོ1990ལོ་ནས་སྤྱི་ལོ1995ལོའི་བར་སྔ་རྗེས་སུ་ཡུལ་ཚོ5གྲོང་རྡལ་དུ་བསྒྱུར།

སྤྱི་ལོ2003ལོར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་མིའི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་ཀྱི་ཁྲིམས》ལྟར་ཧྲི་ཁྲེང་གྲོང་རྡལ་དུ་སྡེ་ཁུལ5བཙུགས་ཡོད། སྤྱི་ལོ2005ལོར་རྫོང་ཡོངས་སུ་གྲོང་རྡལ6དང་ཡུལ་ཚོ3བཙུགས་པ་དང་དེའི་ཁོངས་གཏོགས་སུ་སྡེ་ཁུལ5དང་གྲོང་ལྷན2  སྲིད་འཛིན་གྲོང་ཚོ141བཅས་ཡོད་པ་དང་ཁྱོན་ཐེམ་ཐོ་ཡོད་པའི་མི་འབོར194466ཡོད། ས་ཁུལ་དབྱེ་འབྱེད་ཀྱི་གནས་ཚུལ་ཞིབ་ཕྲ། སྤྱི་ལོ2016ལོའི་བར་ཀྲོའུ་ཉིང་རྫོང་ཁོངས་གཏོགས་སུ་གྲོང་རྡལ6དང་ཡུལ་ཚོ3  སྲིད་འཛིན་གྲོང་ཚོ(སྡེ་ཁུལ)147བཅས་ཡོད་ལ།  རྫོང་མི་དམངས་སྲིད་གཞུང་ཧྲི་ཁྲེང་་གྲོང་རྡལ་བྱང་སྒོ་ལམ་ཨང32པ་རུ་བཅའ་སྡོད་བྱས།

4 ས་ཁམས་ཁོར་ཡུག
4_1 ས་བབ།

ཀྲོའུ་ཉིང་རྫོང་ནི་ཏུང་ཀུང་རི་རྒྱུད་ཀྱི་ལྷོ་སྣེ་དང་། མངའ་ཁོངས་སུ་རི་མཐོ་གཡང་གཟར་དང་། གྲོག་རོང་། ཆུ་ཕྲན་སྟུག་པོ། གྲོག་རོང་གི་རི་རྩེ་འཕྲེད་གཞུང་དུ་བསྣོལ་བ། ས་དབྱིབས་རྙོག་འཛིང་ཆེ་བ་བཅས་ཡོད། ས་བབ་མཐོ་ཚད་སྨི65ནས་སྨི1506བར་ཡིན་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི800ལ་སླེབས་ཡོད་པ་རེད།     ས་ཁོངས་ནང་གི་ས་བབ་ནུབ་དབུས་ཁུལ་མཐོ་བ་དང་ཤར་ལྷོའི་རྒྱུད་དམའ་བ། དབུས་རྒྱུད་ཀྱི་རྫོང་གྲོང་གི་ཉེ་འགྲམ་ཅུང་ཁོད་སྙོམས་པོ་ཡོད། ས་ངོས་ཀྱི་ཆུ་ཕྲན་དར་རྒྱས་ཆེ་བ་དང་། གྲོག་རོང་ལྡོག་སྒྲིག་གི་སྣང་ཚུལ་དུ་གྱུར་པ། ཆུ་སྟོད་ཀྱི་ཆུ་ལམ་ཅུང་ཁོད་སྙོམས་པོ་ཡིན་པ། ཆུ་བོ་བར་སྨད་དུ་གྲོག་རོང་མང་བ། ཆུ་བོ་དྲག་ཏུ་བཞུར་བ། འབབ་ཆུའི་ཧེ་བག་ཆེ་ལ་གཅིག་སྡུད་ཆེ་བ་བཅས་རེད།

4_2 ནམ་ཟླ།

ཀྲོའུ་ཉིང་རྫོང་ནི་ཚ་ཁུལ་དབུས་མའི་རྒྱ་མཚོའི་རང་བཞིན་གྱི་དུས་རླུང་རི་ཁུལ་གྱི་ནམ་ཟླའི་ཁོངས་ཡིན་པ་དང་། དུས་བཞིར་དབྱེ་མཚམས་གསལ་པོ་ཡོད། རྫོང་ཡོངས་སུ་ས་བབ་མཐོ་བ་དང་རི་མགོ་མང་བས་ཀྲུང་ཧྲན་ས་ཁུལ་དུ་དུས་རྒྱུན་སྨུག་སྤྲིན་འཐིབ་བཞིན་ཡོད།

5 མི་གྲངས་དང་མི་རིགས།
5_1 མི་གྲངས།

སྤྱི་ལོ2018ལོའི་ལོ་མཇུག་ཏུ་རྫོང་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི12.3ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི0.1ལ་འཕར་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་མི་འབོར་ཁྲི6.27ཟིན་པ་དེས་སྤྱིའི་མི་འབོར་གྱི་བསྡུར་ཚད(རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད)51.0%ཟིན་པ་དེ་ལོ་གོང་མའི་ལོ་མཇུག་དང་བསྡུར་ན་བརྒྱ་ཆའི་གྲངས1.2ལ་འཕར་ཡོད། ལོ་ཧྲིལ་བོར་སྐྱེས་ཚད12.9%ཟིན་ནས་ཤི་ཚད7.0%ཟིན་པ་དང་རང་བྱུང་འཕར་ཚད་ཀྱིས5.9%ཟིན་ཡོད།

5_2 མི་རིགས།

ཀྲོའུ་ཉིང་གི་སྡོད་དམངས་མང་ཆེ་བ་རྒྱ་རིགས་ཡིན་པ་དང་། བཅིངས་འགྲོལ་མ་བཏང་གོང་གྲངས་ཉུང་མི་རིགས་ལ་ཧྲེ་རིགས་མ་གཏོགས་མེད། སྤྱི་ལོ1953ལོར་མི་འབོར་ཡོངས་བཤེར་བྱས་པར་གཞིགས་ན། རྫོང་ཡོངས་ཀྱི་རྒྱ་རིགས62984ཡོད་པ་དེས་སྤྱིའི་མི་འབོར་གྱི98.98%བཟུང་བ་དང་། ཧྲེ་རིགས646ཡོད་པ་དེས1.02%བཟུང་ཡོད། དེའི་རྗེས་སུ་བྱ་བ་སྒྲུབ་པ་དང་། གཉེན་སྒྲིག་པ། འཚོ་གནས་འཚོལ་བ་སོགས་ཀྱི་རྐྱེན་གྱིས། གྲངས་ཉུང་མི་རིགས་གཞན་པ་གནས་སྤོར་བ་རེད། སྤྱི་ལོ1982ལོར་མི་འབོར་ཡོངས་བཤེར་བྱེད་སྐབས་རྫོང་ཡོངས་ཀྱི་རྒྱ་རིགས143754ཡོད་པ་དེས་སྤྱིའི་མི་འབོར་གྱི99.01%བཟུང་བ་དང་། གྲངས་ཉུང་མི་རིགས7ལ་ཁྱོན་བསྡོམས་མི་གྲངས1438ཡོད་པ་དེས་བརྒྱ་ཆ0.99ཟིན་ཡོད། དེའི་ནང་ཧྲེ་རིགས1407དང་ཀྲོང་རིགས19  མིའོ་རིགས6  ཀའོ་ཧྲན་རིགས3  ད་དུང་མན་ཇུ་རིགས། ཧུའེ་རིགས། དབྱིས་རིགས་བཅས་ཡོད། སྤྱི་ལོ1964ལོའི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་དང་བསྡུར་ན། རྒྱ་རིགས་མི་འབོར45989མང་དུ་སོང་ནས47.04%ལ་འཕར་བ་དང་། གྲངས་ཉུང་མི་རིགས་ཀྱི་མི་འབོར472མང་དུ་སོང་ནས48.86%ལ་འཕར་ཡོད།

6 དཔལ་འབྱོར།
6_1 ཞིང་ལས།

སྤྱི་ལོ2018ལོའི་ལོ་ཧྲིལ་བོར་འབྲུ་རིགས་ཐོན་ཚད་ཏུན་ཁྲི2.57ཟིན་པ་དེ་ལོ་གོང་མ་ལས་ཏུན་ཁྲི0.17ལ་འཕར་ནས7.2%འཕར་ཡོད། དེའི་ནང་འབྲས་ཏུན་ཁྲི2.24ཟིན་ནས་ཏུན་ཁྲི0.13མང་དུ་ཕྱིན་ཏེ6.3%ལ་འཕར་ཡོད།

7 གཟི་བརྗིད་མཚན་སྙན།

སྤྱི་ལོ2020ལོའི་ཟླ2པར“སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི‘དུས་བདེའི་ཞིང་འཕྲུལ’”གྱི་དཔེ་སྟོན་རྫོང་གི་མཚན་སྙན་ཐོབ་པ་རེད།


དཔྱད་གཞིའི་ཡིག་ཆ།