ཡུང་ཏིང་ཆུས།སྔ་མའི་པར་གཞི་དེ བསོད་ནམས་དབང་འགྲུབ།  ནས 2020-04-27 10:19ལ་འགྲུབ།

ཡུང་ཏིང་ཆུས།

ཡུང་ཏིང་ཆུས།
ཡུང་ཏིང་ཆུས(གནའ་བོའི་ཐིན་ཀྲོའུ་གཞུང་ཡུང་ཏིན་རྫོང་གི་ཁོངས་སུ་གཏོགས)ནི་གྲོང་ཁྱེར་གྱི་ཐད་སྐྱོང་ཆུས་ཡིན་ལ། ཧྥུའུ་ཅན་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་དུ་གནས་པ་དང་། ཤར་ངོས་སུ་ནན་ཅིན་རྫོང་དང་འབྲེལ་བ། ཤར་ལྷོར་ཕིན་ཧོ་རྫོང་དང་འབྲེལ་བ། ལྷོ་ནུབ་ཏུ་ཀོང་ཏུང་ཞིང་ཆེན་གྱི་ཏ་ཕུའུ་རྫོང་དང་མེ་རྫོང་དང་ས་མཚམས་འབྲེལ་བ། ནུབ་བྱང་དུ་ཧྲང་ཧང་རྫོང་དང་འབྲེལ་བ། བྱང་ཤར་ས་ཁུལ་ནི་ཞིན་ལུའོ་ཆུས་དང་ས་འབྲེལ་ཡིན་ཞིང་། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ2223ཡོད་པ་རེད། རྡོ་ཆས་གསར་པའི་དུས་རབས་ནས་བཟུང་མིའི་རིགས་འདུས་སྡོད་དང་རྒྱུད་སྤེལ་གྱི་འཚོ་གནས་ཡོད། མིང་ཁྲེང་ཧྭ་ཁྲི་ལོ་བཅུ་བཞི(སྤྱི་ལོ1478ལོ)བར་ཧྲང་ཧང་རྫོང་ལ་དབྱེ་ཞིབ་བྱས་ནས་ཡུང་ཏིང་རྫོང་དུ་བཞག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
永定区
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ2226.5
ཕྱི་ཡིག་གི་མིང་།
Yongding District
མི་གྲངས།
ཁྲ49.2(སྤྱི་ལོ2013ལོའི་ལོ་མཇུག)
སྲིད་འཛིན་ས་ཁོངས་རིགས་དབྱེ།
གྲོང་ཁྱེར་ཐད་གཏོགས་ཆུས།
ནམ་ཟླ།
ཚ་ཁུལ་དཀྱུས་མའི་དུས་རླུང་གི་ནམ་ཟླ།
ཁོངས་གཏོགས་ས་གནས།
ཧྥུའུ་ཅན་ཞིང་ཆེན་ལུང་ཡན་གྲོང་ཁྱེར།
རླངས་འཁོར་ཚབ་ཨང་།
闽F
སྦྲག་ཨང་།
364100
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
350803
1 ངོ་སྤྲོད།

སྤྱི་ལོ2014ལོར་ཡུང་ཏིང་རྫོང་མེད་པ་བཟོས་ནས་ལུང་ཡན་གྲོང་ཁྱེར་ཡུང་ཏིང་ཆུས་བཙུགས་ཡོད།     ཡུང་ཏིང་ནི“ལྷོ་ཕྱོགས་གཏེར་ཁུལ”དང“རྡོ་ཐའི་ཕ་ཡུལ”ཡིན་པ་དང་ས་འོག་ཚ་ནུས་ཐོན་ཁུངས་ལུང་ཡན་གྲོང་ཁྱེར་གྱི་ཨང་དང་པོར་སླེབས་ཡོད། དེའི་ཁོངས་ཀྱི་ཆོན་ཧྲུའེ་ནི་ཐིན་ཅང་དང་། ཅིའུ་ལུང་ཅང་། མེ་ཅང་བཅས་ཆུ་རྒྱུད་ཆེན་པོ་གསུམ་དུ་གཏོགས་པ་དང་། ཐིན་ཅང་དང་། ཡུང་ཏིན་ཧོ། ཅིན་ཧྥེང་ཞི། ཧོང་ཐན་ཧོ། ཧྥུའུ་ཞི། ཆི་ལིན་ཞི་སོགས་འབབ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ100ཡན་ཡོད། སྲིང་བལ་གྲམ་ཐང་ཆུ་གློག་བཟོ་གྲྭ་ནི་ཧྥུའུ་ཅན་ཞིང་ཆེན་གྱི་ཆུ་གློག་བཟོ་གྲྭ་གཉིས་པ་ཡིན། ཡུང་ཏིང་ནི་གསར་བརྗེའི་འབྱུང་གནས་དང་ཀྲུང་དབྱང་སུའུ་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ལྕགས་ཕག་ལོའི་གསར་བརྗེ་ལངས་ནས་ཧྥུ་ཅན་ནུབ་རྒྱུད་དུ་ཐོག་མར་འོས་ལངས་བྱས་པའི་དམག་དཔུང་གིས་དང་ལེན་བྱས། སྤྱི་ལོ1926ལོའི་དབྱར་ཁར། ཧུའུ་ལེ་ནས་ཧྥུའུ་ཅན་ཞིང་ཆེན་གྱི་ཀྲུང་གུང་ཞིང་སྡེ་ཀྲི་པུའུ་དང་པོ་བཙུགས། སྤྱི་ལོ1928ལོའི་ཟླ6པའི་ཚེས29ཉིན་ནས་ཟླ7པའི་ཟླ་འགོར“ཡུང་ཏིང་གྱེན་ལངས”སྤེལ་ནས་ཧྥུའུ་ཅན་གྱི་དམར་དམག་དཔུང་ཁག་སྔ་ཤོས་ཤིག་བཙུགས། ཡུང་ཏིང་ནི“ཡུལ་གཞན་གྱི་ཕ་ཡུལ”དང“མཚོ་འགག་ངོགས་གཉིས་ཀྱི་སྤེལ་རེས་རྟེན་གཞི”ཧྥུའུ་ཅན་ཞིང་ཆེན་གྱི་ཕྱིར་སྡོད་རང་མིའི་ཡུལ་ཚོ་བརྒྱད་བཅས་ཀྱི་གྲས་ཤིག་རེད།

2 ལོ་རྒྱུས་ཀྱི་འཕེལ་རིམ།
2_1 མི་སེར་རྒྱལ་ཁབ་ཀྱི་དུས།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ2པར(སྤྱི་ལོ1913)གཞུང་དོར་ལམ་ལུགས་ལག་བསྟར་བྱེད་ཡུལ་ནུབ་ལམ་གྱི་ཁོངས་སུ་གཏོགས་པ་དང་། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ3པར་ཞི་ལུའུ་ཏའོ་དེ་ཐིན་ཀྲང་ཏའོ་རུ་བསྒྱུར་ཞིང་། ཐིན་ཀྲང་ཏའོ་ཡི་ཁོངས་སུ་གཏོགས། མིན་གོའི་ལོ་ལྔ་བའི་ལམ་དེ་ཧྥུའུ་ཅན་ཞིང་ཆེན་གྱི་ཁོངས་སུ་གཏོགས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ22པའི་ཟླ12པར། “ཧྥུའུ་ཅན་དུས་འགྱུར”བྱུང་རྗེས་ལུང་ཏིང་ཞིང་ཆེན་གྱི་ཁོངས་སུ་གཏོགས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ23ལོའི་ཟླ7པར་ཧྥུའུ་ཅན་ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཁུལ་བདུན་པའི་ཁོངས་སུ་གཏོགས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ24ནས25ལོའི་ཟླ1པོའི་བར་སྲིད་འཛིན་ལྟ་ཞིབ་ཁུལ་དྲུག་པར་གཏོགས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ25བའི་ཟླ4བར། ཧྥེང་ཡུས་གྲོང་ཁྱེར་གྱིས་ཧྲང་ཧང་ལ་སྤྲད་པ་དང་། ཧོ་ཞི་དེ་ཡུང་ཏིན་གྱི་ཁོངས་སུ་བསྒྲིལ། རྟ་དོང་དང་། ཀོང་འོ།  ཆི་ཁེང་བཅས་བརྒྱུད་དེ་ཧྲང་ཧང་ལ་དབང་བ། ཁྲི་ཞི་དང་སན་པ་པ་གཉིས་ཀྱི་ས་མཚམས་ཧོང་ཐན་ཧོ་ཆུ་བོའི་ཤར་ངོས་ཡུང་ཏིན་ལ་དབང་བ་དང་། ཧོ་ཞི་ནུབ་རྒྱུད་ཧྲང་ཧང་ལ་དབང་བ་རེད། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ26ལོའི་ཟླ4བར་ཁུལ་བདུན་པའི་ཁོངས་སུ་གཏོགས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ29ཡི་ཟླ3པར། ཧྥུན་གྲོང་ཁྱེར་གྱི་དམིགས་བསལ་ཁུལ་དང་། ཧྲང་ཧང་རྫོང་གི་ཧུང་ཧྲན་ཞང་། ལུང་ཡན་རྫོང་གི་ཀྲུའུ་ཙི་ལུའུ་བཅས་ཡུང་ཏིང་ལ་སྤྲད། རྒྱལ་ནང་གསར་བརྗེའི་དམག་འཁྲུག་ཐེངས་གཉིས་པའི་སྐབས(སྤྱི་ལོ1927ལོ་ནས་སྤྱི་ལོ1937ལོའི་བར)ཏེ་སྤྱི་ལོ1929ལོར་རྫོང་སུའུ་ཝེ་ཨེད་སྲིད་གཞུང་བཙུགས་པ་དང་། སྤྱི་ལོ1930ལོར་ཧྥུའུ་ཅན་ནུབ་རྒྱུད་སུའུ་ཝེ་ཨེད་སྲིད་གཞུང་གི་མངའ་འོག་ཏུ་ཆུས12དང་། ཡུལ་ཚོ123  གྲོང་ཚོ1323བཅས་ཡོད། སྤྱི་ལོ1935ལོར་གཞུང་དོར་རྫོང་སྒྱུར་དེ་ཧྥུའུ་ཅན་ལྷོ་ནུབ་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་གཏོགས་པ་དང་། རྗེས་སུ་ཀྲུང་གུང་ཧྥུའུ་ཅན་དང་། ཀོང་ཏུང་། ཅང་ཞི་བཅས་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་གཏོགས། སྤྱི་ལོ1938ལོའི་ཟླ3པར་གསར་བརྗེའི་གཞི་གནས་གྲོང་ཚོའི་བྱེད་སྒོར་ཞུགས།

2_2 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དུས།

སྤྱི་ལོ1949ལོའི་ཟླ9བར་རྫོང་མི་དམངས་དམངས་གཙོའི་སྲིད་གཞུང་བཙུགས་པ་དང་། མི་སེར་རྒྱལ་ཁབ་ཀྱི་དུས་སྐབས་ཀྱི་སྲིད་འཛིན་སྒྲིག་གཞི་མེད་པར་བཟོས་ཤིང་། དེའི་ཁོངས་སུ་ཆུས9གཏོགས་པ་དང་། དེ་དག་ཆེད་ཁུལ་བརྒྱད་པའི་ཁོངས་སུ་གཏོགས། སྤྱི་ལོ1950ལོའི་ཟླ1པར། རྫོང་མི་དམངས་དམངས་གཙོའི་སྲིད་གཞུང་རྫོང་མི་དམངས་སྲིད་གཞུང་དུ་བསྒྱུར་ཞིང་། ཁོངས་གཏོགས་ས་ཁུལ་གྱི་གྲངས་ཀ་སོར་བཞག་བྱས། སྤྱི་ལོ1950ལོའི་ཟླ4བར། ཆེད་ལས་ཁུལ་བརྒྱད་པ་ལུང་ཡན་ཀྲོན་ཆུས་སུ་བསྒྱུར་ཞིང་། ལི་ལུང་ཡན་ཀྲོན་ཆུས་སུ་བསྒྱུར། སྤྱི་ལོ1951ལོའི་ཟླ2པར། ལུང་ཞི་ཀྲོན་ཆུས་ཕིང་ཧོ་རྫོང་ཧུའུ་ཧྲན་ཞང་དེ་ཡུང་ཏིང་དུ་བགོས་ཤིང་། ཧུའུ་ཧྲན་རི་ཁུལ་གསར་དུ་བཙུགས་པ་སྟེ་ཆུས་བཅུ་པ་ཡིན། སྤྱི་ལོ1952ལོའི་ཟླ2པར། ཆི་ཏུང་དང་ཐང་ཞི་ཁུལ2པ་ཁ་སྣོན་བྱས། སྤྱི་ལོ1956ལོའི་ཟླ6པར་ཆུས12  རྫོང་ཁོངས་ཀྱི་གྲོང་རྡལ(ཧྥེང་གྲོང་ཁྱེར་དང་གྲོང་རྡལ)1དང་ཆུས7དུ་ཟླ་སྒྲིལ་བཏང་བ་རེད། སྤྱི་ལོ1957ལོའི་ཟླ4བར་ཆུས་ཀྱི་སྒྲིག་གཞི་མེད་པ་བཟོས་ནས་གྲོང་རྡལ1དང་ཡུལ་ཚོ36བཀོད་སྒྲིག་བྱས་པ་དང་། ཟླ12པར་ཧྲང་ཧང་གི་ཁོངས་གཏོགས་ས་ཆ་ཧོ་ཞི་ཞང་གི་ཧུང་ཅའོ་དང་ཞི་ནན། ཝུའུ་པེ་བཅས་ཡུང་ཏིན་གྱི་ཁོངས་སུ་བཞག སྤྱི་ལོ1958ལོའི་ཟླ2པར་ཀའོ་ཕིའི་ཡིའུ་ཡོན(ལུང་ཤིན་དང་། ཀྲུང་ལེན། མཉམ་འབྲེལ་གྲོང་ཚོ3བཅས་ཚུད)ལུང་ཡན་རྫོང་ཧུང་ཧྥང་ཤང་གི་ཁོངས་སུ་བཅུག་པ་དང་། ཟླ9བར་རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་ཚོ37དང་གྲོང་རྡལ1  ཡུལ་ཚོ12ཡིན་པ་དང་། ཟླ10བར་མི་དམངས་ཀུང་ཧྲེའི་སྒྲིག་སྲོལ་བཙུགས་ནས་ཤང་གྲོང13དེ་མི་དམངས་ཀུང་ཧྲེ13དུ་བསྒྱུར། སྤྱི་ལོ1959ལོའི་ཟླ12པར་གདོང་ལེན་ཐ་མག་ཐང་བཙུགས། སྤྱི་ལོ1960ལོར་ཀུང་ཧྲེ13དང་སྤྱི་ལོ1961ལོར38དུ་ལེགས་སྒྲིག་བྱས་ཤིང་། དེའི་ནང་ཁྲེང་ཀོན་ཀུང་ཧྲེའི་ཁོངས་གཏོགས་ཀྱི་ཀུང་ཧྲེ6དང་ཧྥེང་གྲོང་ཁྱེར་ཀུང་ཧྲེའི་ཁོངས་གཏོགས་ཀྱི་ཀུང་ཧྲེ2ཕུད། དེ་བྱིངས་ཀུང་ཧྲེ30ལས་དོན་ཨུ་ལྷན6གི་ཁོངས་སུ་གཏོགས། སྤྱི་ལོ1963ལོར་ཞིང་ཆེན་བཙུགས་ནས་ཞི་ཞིའི་ཞིང་ར་བཙུགས། སྤྱི་ལོ1965ལོའི་ཟླ3པར་ཞི་ཞི་ཀུང་ཧྲེ་ཞི་ཞི་ཞིང་རར་ཟླ་སྒྲིལ་བཏང་བ་དང་། དེ་དང་ཆབས་ཅིག་ལས་དོན་ཨུ་ལྷན་མེད་པ་བཟོས་ནས་ཀུང་ཧྲེ38དང་འགྲན་ར2་བཅས་ཀུང་ཧྲེ25དང་འགྲན་ར2ལ་ཟླ་བསྒྲིལ་བཏང་། སྤྱི་ལོ1970ལོར་ལུང་ཡན་ཀྲོན་ཆུས་དེ་ལུང་ཡན་ས་ཁུལ་དུ་བསྒྱུར་ཞིང་། ལི་ལུང་ཡན་ས་ཁུལ་དུ་བསྒྱུར། སྤྱི་ལོ1970ལོའི་ཟླ12པར་ཡང་ཀུང་ཧྲེ15དང་ར་བ1ཡོད་ལ་དེའི་ཁོངས་གཏོགས་སུ་ཐོན་སྐྱེད་རུ་ཆེན222དང་ཐོན་སྐྱེད་རུ་ཁག2435ཡོད། སྤྱི་ལོ1972ལོའི་ཟླ11པར་ཞི་ཞིའི་ཞིང་ར་སླར་གསོ་བྱས།     སྤྱི་ལོ1983ལོའི་ཟླ7པར་ཧྥེང་གྲོང་བརྡལ་བཙུགས། སྤྱི་ལོ1984ལོའི་ཟླ5བར་ཁན་གྲོང་ཁྱེར་ཀུང་ཧྲེ་དེ་ཁན་གྲོང་ཁྱེར་གྲོང་རྡལ་དུ་བསྒྱུར། ཟླ7པར་ཤང་གྲོང་གི་སྒྲིག་གཞི་སླར་གསོ་དང་ཞི་ཞི་ཞིང་ར་ ཞི་ཞི་ཡུལ་ཚོ་རུ་ཟླ་སྒྲིལ་བཏང་ནས་གྲོང་རྡལ2དང་ཡུལ་ཚོ15   འགྲན་ར1བཅས་བཀོད་སྒྲིག་བྱས་པ་དང་། ཟླ9བར་གསེར་བྱེ་གྲོང་ཁྱེར་ཉེ་འདབས་ཀྱི་ཤང་ནས་ཤང་བཙུགས་པ་རེད། སྤྱི་ལོ1987ལོའི་ཟླ6པ་དང་ཟླ7པར། ཧུའུ་ཀང་ཀའོ་ཕི་ནས་ཞང་བཙུགས་པ་དང་། ཏ་ཞི་ཧུའུ་ཁེང་ནས་ཡུལ་ཚོ་བཙུགས། ལོ་མཇུག་ཏུ་རྫོང་ཡོངས་སུ་གྲོང་རྡལ3དང་ཡུལ་ཚོ17  ར་བ1བཅས་བཙུགས་ཡོད། སྤྱི་ལོ1992ལོའི་ཟླ10བར། ཧྥུའུ་ཧྲི་དང་ཀའོ་ཕི། ཧུའུ་ལེ་བཅས་སྔ་གཞུག་ཏུ་ཞང་དང་གྲོང་རྡལ་འཛུགས་སྐྲུན་བྱས། སྤྱི་ལོ1993ལོར་ཧུའུ་ཁེང་ཞང་ནས་གྲོང་རྡལ་བཙུགས་པ་དང་། ཕེ་ཧྥེང་ཁན་གྲོང་ཁྱེར་ནས་ཡུལ་ཚོ་བཙུགས་པ་དང་། ལུང་ཐན་ཧྥུའུ་གྲོང་ཁྱེར་ནས་ཡུལ་ཚོ་བཙུགས་ལ་ཁྲེན་ཏུང་ཆི་ལིན་ནས་ཀྱང་ཡུལ་ཚོ་བཙུགས། སྤྱི་ལོ1994ལོར་ཕེ་ཧྥེང་ཡུལ་ཚོ་གྲོང་དུ་ཕྱིར་འཐེན་བྱས། སྤྱི་ལོ1996ལོའི་ཟླ11པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལུང་ཡན་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་བར་ཆོག་མཆན་བཀོད་ཅིང་། ལུང་ཡན་གྲོང་ཁྱེར་དུ་གཏོགས། སྤྱི་ལོ1997ལོར་ལུང་ཐན་ཡུལ་ཚོ་རུ་གྲོང་རྡལ་བཙུགས་པ་དང་ཀའོ་ཐོའུ་ཀུའུ་ཀྲུའུ་ནས་ཀྱང་ཡུལ་ཚོ་བཙུགས་པ་རེད། སྤྱི་ལོ1998ལོའི་ཟླ9བར། ཧྥུན་གྲོང་ཁྱེར་ཡུལ་ཚོ་ནས་གྲོང་རྡལ་བཙུགས། ད་བར་དུ། རྫོང་ཡོངས་སུ་གྲོང་རྡལ10དང་ཡུལ་ཚོ14བཙུགས་ཡོད། སྤྱི་ལོ2014ལོའི་ཟླ12པའི་ཚེས13ཉིན་ཡུང་ཏིང་རྫོང་མེད་པ་བཟོས་ནས་ལུང་ཡན་གྲོང་ཁྱེར་ཡུང་ཏིང་ཆུས་བཙུགས་ཏེ་དེ་སྔའི་ཡུང་ཏིང་རྫོང་གི་སྲིད་འཛིན་ས་ཁོངས་དེ་ཡུང་ཏིང་ཆུས་ཀྱི་སྲིད་འཛིན་ས་ཁོངས་སུ་བརྩིས་ནས་ཡུང་ཏིང་ཆུས་ཀྱི་མི་དམངས་སྲིད་གཞུང་དེ་ཧྥེང་གྲོང་ཁྱེར་དང་གྲོང་རྡལ་ཅིའུ་དབྱི་ཁྲོམ་གཞུང་ནུབ་ལམ་ཨང་2པ་རུ་བཅའ་སྡོད་བྱས།

སྤྱི་ལོ2015ལོར་ཧྥེང་ཁྲེང་གྲོང་རྡལ་ཕྱིར་འཐེན་བྱས་ནས་ཁྲོམ་གཞུང་དུ་བསྒྱུར་ཅིང་ཧུའུ་ཀང་ཡུལ་ཚོ་གྲོང་རྡལ་དུ་བསྒྱུར།

3 སྲིད་འཛིན་བགོས་ཁོངས།

སྤྱི་ལོ2015ལོར་ཡུང་ཏིང་ཆུས་ཁོངས་སུ་ཁྲོམ་གཞུང་དོན་གཅོད་ཁྲུའུ1དང་གྲོང་རྡལ་12  ཡུལ་ཚོ11བཅས་ཡོད། ཁྱོན་བསྡོམས་ཡུལ་ཚོ་རིམ་པའི་ཆབ་སྲིད་ཁུལ24དང་། སྡེ་ཁུལ་གྱི་སྡོད་དམངས་ཨུ་ཡོན་ལྷན་ཁང18  གྲོང་མིའི་ཨུ་ཡོན་ལྷན་ཁང261བཅས་ཡོད་ཅིང་། དེའི་འོག་ཏུ་སྡོད་དམངས་ཚོ་ཆུང236དང་གྲོང་དམངས་ཚོ་ཆུང3200བཙུགས་ཡོད།

4 དཔལ་འབྱོར།
4_1 རགས་བཤད།

ཞ་དབྱང་གྲོང་རྡལ་དེ་རིག་གནས་པུའུ་ཡིས་ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ་དུ་བདམས་པ་དང་། ཁན་ཧྲི་གྲོང་རྡལ་དང་། ཐང་པའོ། ཞ་དབྱང་གྲོང་རྡལ་བཅས་ཧྥུའུ་ཅན་ཞིང་ཆེན་ཚོང་ལས་ཀྱི་གཙོ་གནད་གྲོང་རྡལ་དུ་བདམས་པ་རེད། ཞ་དབྱང་གི་ཚགས་ཤ་རིལ་བུ་དང་ཀའོ་ཕིའི་ཤ་ཡོན་སོ་སོར་མཚོ་འགག་ངོགས་གཉིས་ཀྱི་མགྲོན་པོའི་ཞིམ་ཟས་ཐོན་ལས་གླེང་སྟེགས་དང་ཞིམ་ཟས་འགྲན་བསྡུར་ཆེན་མོའི་དམིགས་བསལ་རིམ་པའི་གསེར་གྱི་རྟགས་མ་དང་གསེར་གྱི་བྱ་དགའི་མཚན་སྙན་ཐོབ་པ་དང་། སྲིང་བལ་གྲམ་ཐང་གི་ཨ་རག་ཧྥུའུ་ཅན་ཞིང་ཆེན་གྱི་སྐབས་གསུམ་པའི་ཆང་དཔྱད་འདུ་ཚོགས་ཀྱི་གསེར་གྱི་བྱ་དགའི་སྤུས་ལེགས་ཨ་རག་ལ་བདམས་པ་རེད། སྤུས་རྟགས19ཡི་རོགས་སྐྱོར་རྣམ་གྲངས81གཏོད་རྒྱུའི་དམིགས་ཚད་ལས་འགན་བཏོན་པ་དང་། “ཧྥུའུ་ཅན་གྱི་ས་ཁང་གི་གྲོང་ཁྱེར་ཐོའུ་ལུའུ་ཀྲི་ཏུའུ་ཁེ་ཅ་ཡུང་ཏིང”གི་འཛམ་གླིང་རིམ་པའི་རིག་གནས་ཡུལ་སྐོར་སྤུས་རྟགས་གཙོ་གནད་ཐོག་སྐྱེད་སྲིང་བྱས་པ། རྒྱལ་ཡོངས་ཀྱི་ངོགས་གཉིས་ཀྱི་སྤེལ་རེས་དང་མཉམ་ལས་ཀྱི་གཙོ་གནད་རྫོང་དང་། ཀྲུང་གོའི་འཁོར་ཟམ་གྱི་ཕ་ཡུལ། ཀྲུང་གོའི་རྡོ་ཐའི་ཕ་ཡུལ། ཧྭ་ཏུང་ཧུང་ཀྲེ་ཡུལ་ཚོ་བཅས་རྒྱལ་ཁབ་རིམ་པའི་སྤུས་རྟགས4དང་དེ་བཞིན་ཧྥུའུ་ཅན་གྱི་གཙོ་གནད་ཕྱིར་སྡོད་རང་མིའི་ཡུལ་ཚོ་དང་། མཚོ་ནུབ་སློབ་གསོའི་སྟོབས་ཆེའི་རྫོང་། མཚོ་ནུབ་ཀྱི་གྲངས་འཛིན་གློག་བརྙན་རྟེན་གཞི། མཚོ་ནུབ་ཨར་འདམ་ཟོག་འགྲེམས་ལྟེ་གནས། མཚོ་ནུབ་རྡོ་སོལ་ཟོག་འགྲེམས་ལྟེ་གནས། ཧའེ་ཞི་རྡོ་རྒྱུ་ཐོན་སྐྱེད་རྟེན་གཞི་སོགས་མཚོ་ནུབ་ཀྱི་སྤུས་རྟགས6ཡོད།

5 འགྲིམ་འགྲུལ།
5_1 ལྕགས་ལམ།

ཅིང་ཅིའུ་ལྕགས་ལམ་དང་འབྲེལ་བའི་ཧྥུའུ་ཅན་ཞིང་ཆེན་གྱི་ཞིང་ཆེན་གྱི་བགྲོད་ལམ་གསུམ་པ་མེ་ཁན་ལྕགས་ལམ་དེ་རྫོང་ཡོངས་སུ་བརྒྱུད་ནས་ཀོང་ཏུང་ལ་སྦྲེལ་ཡོད།

6 སྤྱི་ཚོགས་ལས་དོན།
6_1 སྨན་བཅོས་ཞབས་ཞུ།

སྤྱི་ལོ2001ལོ་ནས་སྤྱི་ལོ2005ལོ་བར་རིམ་རྩིས་བརྒྱབ་ན་སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད2600བཏང་ནས་གྲོང་ཁྱེར་སྨན་ཁང་གི་ནད་ཁང་ཐོག་བརྩེགས་ཁང་ཆེན་དང་། སྨན་ཁང་གི་སྒོ་བསྟེན་ཐོག་བརྩེགས་ཁང་ཆེན་དང་། སྨན་ཁང་གི་སྒོ་བསྟེན་ཁང་། སྨན་ཁང་གི་སྡོད་ཁང་། སྟག་སྒང་འཕྲོད་བསྟེན་ཁང་གི་སྒོ་བསྟེན་ཁང་། རིམས་འགོག་ས་ཚིགས་བཅས་ཀྱི་ཚོད་ལྟ་ཁང་གྲབས་འཛུགས་བྱས་པ་དང་རྫོང་མ་བུ་འཕྲོད་སྦྱོར་ཁང་གི་གཞུང་ལས་ལས་སྒོའི་ཁང་བ་ཉོས། སྤྱི་ལོ2003ལོར་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་རིམས་ནད་ལྟ་ཞིབ་ཚད་ལེན་དྲ་བ་འཛུགས་འཆར་བྱས། སྤྱི་ལོ2005ལོའི་བར་སྨན་བཅོས་འཕྲོད་བསྟེན་སྡེ་ཚན28ཡོད་པ་དང་། འཕྲོད་བསྟེན་ཁང939ཡི་འཕྲོད་བསྟེན་སུའོ431གི་ནད་ཁྲི1033གྱི་སྨན་བཅོས་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཇེ་ཚང་དུ་ཕྱིན་ཏེ་སྨན་བཅོས་ཁོར་ཡུག་ཀྱང་མངོན་གསལ་དོད་པོས་ཇེ་ལེགས་སུ་སོང་ཡོད།

7 གཟི་བརྗིད་མཚན་སྙན།

སྤྱི་ལོ2019ལོའི་ཟླ5བའི་ཚེས18ཉིན་ཡུང་ཏིང་ཆུས“སྤྱི་ལོ2019ལོའི་ཀྲུང་གོའི་རྫོང་ཁོངས་ཡག་ཤོས་ཀྱི་མིང་ཐོ”འི་ནང་ཚུད་པ་རེད།


དཔྱད་གཞིའི་ཡིག་ཆ།